Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་ལོ་1938ནས་1989ལོའི་བར་གྱི་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་པར།

Posted on 2016-09-132016-09-15 By ཁ་བརྡ 26 Comments on སྤྱི་ལོ་1938ནས་1989ལོའི་བར་གྱི་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་པར།

ཡོང་ཁུངས།  བཙན་པོའི་རིག་གནས།

༧པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན།(1938.2.29-1989.1.28)


བོད་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོའི་ཧོར་ཟླ་དང་པོའི་ཚེས་གསུམ་སྟེ།སྤྱི་ལོ1938.2.29ཉིན་མདོ་སྨད་ཀ་རིང་བིས་མདོ་ཁུལ་གྱི་མ་རུ་(དེང་གི་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་རྫོང་བིས་མདོ་ཞང་ངོ་མཚར་གྲོང་ཚོ)ཞེས་པར་ཡབ་བིས་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ།



པར་གོང་མ་དེ1943ལོའི་སྟོན་ཁར་སྐུ་འབུམ་གྱི་གཟིམ་ཁང་ར་བའི་ནང་རྩེད་མོར་གཡེང་སྐབས་བསྐྱོན་ཞིང་ཁོང་གི་སྐུ་པར་སྔ་ཤོས་སུ་གྲགས། གཡས་མགོན་པོ་ཚེ་བརྟན། གཡོན་དཀར་མཛེས་ཁང་གསར་དཔོན་གྱི་བུ་ཆེ་བ།


1947ལོར།   དགུང་ལོ9 སྐུ་འབུམ་བླ་མ་བློ་བཟང་རྒྱལ་མཚན་དང་ལྷན་དུ།


1949.6.3ཉིན།   རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་ནས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ།


1949.8.10 ཉིན་སྐུ་འབུམ་བྱམས་པ་གླིང་དགོན་དུ་ཁྲི་གསོལ་གཟབ་རྒྱས་ཞུས།


1951.4.28 པེ་ཅིན་ལ་ཕེབས་ལམ་ནས་ཞི་ཨན་དུ་ནུབ་བྱང་དམག་སྲིད་ཀྱི་མགོ་ཁྲིད་ཞི་ཀྲུང་ཞོན་དང་ལྷན་དུ། སྐབས་དེར་དགུང་ལོ13བཞུགས།


1952.4.28ཉིན་ ཕོ་བྲང་པོ་ཏ་ལར་རྒྱལ་བ་ཡབ་སྲས་གཉིས་ཐོག་མར་ཞལ་འཛོམས་པ།



1954.9.4ཉིན་རྒྱལ་བ་ཡབ་སྲས་གཉིས་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་པར་པེ་ཅིན་དུ་འབྱོར་ཞིང་།ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཏི་དང་ཙུང་ལི་ཀྲུའུ་ཨེན་ལི་གཉིས་ཀྱིས་བསུ་བ་བྱས།


1954.9 པར་པེ་ཅིན་གྱི་ཀྲུང་ནན་ཧེ་རུ་རྒྱལ་བ་ཡབ་སྲས་གཉིས་མའོ་ཙེ་ཏུང་དང་ལྷན་དུ།


1955ལོར་རྒྱལ་བ་ཡབ་སྲས་གཉིས་དང་མའོ་ཙེ་ཏུང་། ལོའུ་ཧྲའོ་ཆི། ཀྲུའུ་ཨེན་ལི་བཅས་ལྷན་དུ་བོད་ཤིང་ལུག་ལོའི་ལོ་སར་རོལ་བ།


1956.11རྒྱ་གར་སྲིད་གཞུང་གི་གདན་ཞུས་ལྟར་རྒྱལ་བ་ཡབ་སྲས་གཉིས་རྒྱ་གར་དུ་ཕེབས་བསྒྱུར་གནང་ནས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་2500འཁོར་བའི་དྲན་གསོའི་མཛད་སྒོར་ཞུགས།


1959.4.14 ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་གཉིས་པའི་ཚོགས་ཆེན་དང་པོར་ཞུགས་པ། ཏུན་ཞའོ་ཕིན་དང་ལྷན་དུ།


1961.1 ཀྲུའུ་ཨིན་ལེ་དང་ལྷན་དུ།


1962.5 པར་པེ་ཅིན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ«བོད་ཀྱི་སྤྱི་དང་བྱེ་བྲག་གི་གནས་ཚུལ་དང་དེ་བཞིན་བོད་ཀྱིས་གཙོས་པའི་བོད་རིགས་ས་ཁུལ་གྱི་བདེ་སྡུག་དང་སླད་ཕྱིན་གྱི་རེ་སྒུག་དང་སྙན་ཞུ»(ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།)ཞེས་པའི་ཕྱག་བྲིས་ཕུལ་བ་དང་དེའི་ནང་སྦ་གསང་མེད་པའི་ཐོག་ནས་བོད་དང་དེ་བཞིན་བོད་རིགས་ས་ཁུལ་གཞན་དག་གི་ལས་དོན་སྐོར་ལ་སྐྱོན་བརྗོད་དང་གྲོས་འགོ་བཏོན་ཡོད།


1964 ལོར་ཡིག་འབྲུ་ཁྲི་བདུན་མའི་རྐྱེན་བྱས་ཏེ་འཐབ་རྩོད་དྲག་པོ་མྱོང་དགོས་བྱུང་ཞིང་ལོ་དགུ་དང་ཟླ་བརྒྱད་ཀྱི་རིང་བཙོན་དུ་བཞུགས།


1977.10.10 ཉིན་བཙོན་གྲོལ་ཐོབ། དགུང་གྲངས་38


1981 ལོར་ཏུན་ཞའོ་ཕིན་དང་ལྷན་དུ།


1982 ལོར་འབྲས་སྤུངས་སུ་ཕེབས་པ། ལོ18རྗེས་ནས་སླར་ཕེབས་པ།


1983 ལོར་སྲས་མོ་རིག་འཛིན་དབང་མོ་འཁྲུངས་ནས་ཉིན་བརྒྱ་སོང་མཚམས།ཞི་ཀྲུང་ཞོན་བཟའ་ཟླ་དང་ལྷན་དུ།


1987 ལོའི་སྲས་མོ་རིག་འཛིན་དབང་མོ་ལོ་བཞིའི་འཁྲུངས་སྐར་ཉིན།ཡབ་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ། སྐུ་ཟླ་བདེ་ཆེན་དབང་མོའམ་ལི་ཅེ།སྲས་མོ་རིག་འཛིན་དབང་མོ། ཡོངས་འཛིན་རྒྱ་ཡག་སྤྲུལ་སྐུ་བཅས་དང་ལྷན་དུ།


ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་གུང་ཐང་རིན་པོ་ཆེ་ཡབ་སྲས་དང་ལྷན་དུ།བླ་བྲང་།


དུས་འཁོར་མཁྱེན་བརྩེ་ཚང་དང་ལྷན་དུ།


མཁན་པོ་འཇིགས་མེད་ཕུན་ཚོགས་དང་ལྷན་དུ།པེ་ཅིན་གྱི་ཚེམས་གདུང་མཆོད་རྟེན་མདུན།





1980ལོ་ནས་1989ལོའི་བར་སྔ་ཕྱིར་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་རེ་རེ་བཞིན་ཞབས་ཀྱིས་བཅགས་ནས་འཚམས་གཟིགས་ཀྱིས་བོད་ཁུལ་གྱི་འཛུགས་སྐྲུན་བྱ་གཞག་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་ཟབ་མོ་གནང་ཞིང་།ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་།བོད་རིགས་ས་ཁུལ་ཁག་གི་རིག་གནས་སློབ་གསོ་ཡར་རྒྱས་ཡོང་བར་སྟོབས་ཤུགས་ཡོད་རྒུ་ཕུལ།


རི་བོ་ཀམ་པ་ལ་ནས་ཡར་འབྲོག་གཡུ་མཚོ་ཕྱོགས་སུ་འཁོར་ཏེ་ལྷ་བསང་ཀི་བསྭོ་འཐེན་བཞིན་པ།


ཕྱག་ལས་གནང་བཞིན་པ།


1989.1སྐབས་དེའི་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཧའོ་ཅིན་ཐའོ་སོགས་དང་ལྷན་དུ།


1989.1པར་ལྷ་ལྡན་གཙུག་ལག་ཁང་གི་ཡང་སྟེང་དུ།


1989.1.9ཉིན་གདན་ས་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་གཙོ་སྐྱོང་གནང་བར་ཕེབས་ཤིང་།1989.1.27ཉིན་གྱི་དགོང་མོར་མཚན་རྒྱབ་ནས་མཇལ་ཁ་གནང་བཞིན་པ།པར་འདི་ནི་ཁོང་གི་ཆེས་མཐའ་མའི་སྐུ་པར་དུ་གྲགས།


1989.1.28ཉིན་གྱི་སྔ་དྲོའི་ཆ་ལ་གློ་བུར་དུ་སྐུ་སྙིང་ལ་སྙུན་གཞི་ཕོག་ཏེ་ཕྱོགས་གང་ཐད་ནས་མྱུར་སྐྱོབ་བྱས་ཀྱང་ཕན་པ་མ་བྱུང་བར་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་གཞན་དུ་གཤེགས།



ཁོང་གི་གསུང་རྩོམ་ལ་《སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་བ》དང《སྐྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེད》སོགས་པོད་གསུམ་བཞུགས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2011ལོའི་ཟླ་5པར་པར་སྐྲུན་འགྲེམ་སྤེལ་ཞུས།

 

པར།

Post navigation

Previous Post: ཟླ་བརྒྱད་པའི་ཉིན་ཐོ་དམར་ནག་མ།—-མི་བཤད་ཐུ་མེད་ཀྱི་གནད་དོན་ཞིག
Next Post: བོད་ནང་གི་མཁས་པའི་བགྲོ་གླེང་སྐོར་གྱི་གནས་ཚུལ།

Comments (26) on “སྤྱི་ལོ་1938ནས་1989ལོའི་བར་གྱི་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་པར།”

  1. Rinchen Dhondup says:
    2016-09-13 at 7:01 am

    ཧ་ཅང་བཟང་ངོ་། བཀའ་དྲིན་ཆེ།

  2. ཀརྡོ་རབ་འབྱམས་པ་ says:
    2016-09-13 at 8:34 am

    ༧པཎ་ཆེན་སྐུ་ཕྲེང་བཅུ་བ་ནི། བཅུ་པ།
    ་
    ་བོད་ཤིང་ལུག་ལོའི་ལོ་སར་རོལ་བ། ནི། ལོ་གསར་རོལ་བ།
    ་
    ཁོང་གི་གསུང་རྩོམ་ལ་《སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་བ》 འགྲེལ་པ།》
    ་
    ཞེས་མི་དགོས་སམ། ལགས།

  3. དཔའ་ཆེན་དོན་གྲུབ་ says:
    2016-09-13 at 1:09 pm

    ཀརྡོ་ལགས། ཁྱོད་ང་ཏག་ག་རང་གིས་འགྲིག་གི་འདུག ཁྱོད་ལ་འགྲིག་གི་མེད་པ་འདྲ། ག་རེ་བྱས་ན་དགའ་་་་ཧ་ཧཧཧཧཧ

  4. རྟ་བདུན་དབང་བོ says:
    2016-09-13 at 4:37 pm

    སྐུ་པར་གཅིག་ཀྱང་མཇལ་མི་ཐུབ་པ་ཅི་ཡིན་ནམ། ངའི་གློག་ཀླད་ཀྱི་སྐྱོན་ཡིན་ནམ་གང་ཡིན། ཁྱེད་ཚོས་སྐུ་པར་མཇལ་ཐུབ་ཀྱི་འདུག་གམ། །

  5. ཀློང་ཆུང་ says:
    2016-09-13 at 6:39 pm

    སྔོན་མ་པན་ཆེན་ཡོད་དུས། ནོར་ཉམས་མ་ཆོད། ད་ལྟོས་དང་། བོད་ནང་ལ་རྒྱ་དམར་པོ་གདོང་ལེན་བྱེད་ཐུབ་མཁན་བོད་པ་འདུག་གམ། པན་ཆེན་ད་ལྟ་ཡོད་ན། བོད་ཡིག་བེད་སྤྱོད་གཏོང་བ་དང་། མི་རིགས་སྲིད་བྱུས་དེ་ཚོ་ལག་ལེན་བསྟར་ནས། མཐའ་ན་རྒྱལ་དབང་ཀརྨ་པ་ཡང་བོད་ནས་བྲོས་དགོས་དོན་མེད། ད་ལྟ་རྒྱལ་བ་རིན་པོར་ཆེར་གཅིག་འགྲིགས་ཀྱི་མིན་འདུག་ཟེར་མཁན་ཚོ་བསམ་བློ་ཡག་པོ་ཐོངས། ཆོས་ལུགས་ཀྱི་ཞེན་ཁོག་དེ་བཞག་ནས། ཁོང་གི་གསུང་ལག་ལེན་ཐོངས།

  6. ཨ་འབར་འཇིགས་དབང། says:
    2016-09-13 at 11:28 pm

    ༅༅། སྐུ་པར་གཅིག་ཀྱང་མཇལ་རྒྱུ་མེད་པ་ཅི་ཡིན་ནམ། སྐུ་པར་སྒྲིག་སའི་ས་ཆ་ཡོད་བཞིན་དུ་
    སྟོང་པ་བཞག་དགོས་དོན་གང་ཡིན། ཡང་རྒྱ་དམར་པོས་གནོན་ཤུགས་ལ་སྐྲག་ནས་སྐུ་པར་མ་
    བཏོན་པ་ཡིན་ནམ།
    མ་འཇིགས་མ་འཇིགས་རྒྱ་དམར་གནོན་ཤུགས་མ་འཇིགས།
    མ་སྐྲག་མ་སྐྲག་བདེན་པ་རྗུན་བཟོར་མ་སྐྲག།
    འཛིན་ནོ་འཛིན་ནོ་དྲང་བདེན་བློ་ལ་འཛིན་ནོ།
    རང་གི་རང་དབང་རང་གི་འཛིན་དགོས་མ་བརྗེད།

  7. ཀརྡོ་རབ་འབྱམས་པ་ says:
    2016-09-14 at 1:26 am

    སྔོན་མ་པན་ཆེན་ཡོད་དུས།
    འདི།
    སྔོན་མ་པཎ་ཆེན་ཡོད་དུས།

  8. རྟ་བདུན་དབང་བོ says:
    2016-09-14 at 2:33 am

    ཨ་འབར་མ་གཏོགས་གཅིག་གིས་ཀྱང་སྐུ་པར་མི་འདུག་ཟེར་མ་སོང་། ངས་གོང་གི་མཆན་ཉོག་དེ་ཚོར་དཔག་ན་སྐུ་པར་མཐོང་གི་ཡོད་པ་འདྲ་བོ་རེད་འདུག ངེད་ཀྱི་གློག་ཀླད་ལ་སྐྱོན་ཡོད་པར་རེད་སྙམ་ནས་གློག་ཀླད་ལ་ཞིབ་འཇུག་གང་འཚམས་བྱས། ད་གཞི་ནས་ཨ་འབར་ལགས་ཀྱིས་སྐུ་པར་མཇལ་གྱི་མི་འདུག་ཟེར་ནས་མཆན་གཅིག་རྒྱབ་སོང་། གོང་གི་མཆན་ཉོག་རྒྱག་མཁན་དེ་ཚོས་ཅི་ཕྱིར་མཆན་རྒྱབ་པ་རེད། སྐུ་པར་མ་མཐོང་ན་སྙིང་བོ་ཅི་ཞིག་ཡོད། ངའི་སེམས་པ་སྐྱོ་ལྷང་ངེ་འདུག བསམ་མེད་ཀྱི་མཆན་པ་འདི་ཚོ་དང་མཉམ་དུ་ཁ་བརྡ་བྱས་ན་སྙིང་བོ་ཅི་ཞིག་ཡོད། །

  9. ཀརྡོ་རབ་འབྱམས་པ་ says:
    2016-09-14 at 3:29 am

    འོད་དཔག་མེད་ཀྱི་ཞིང་མགོན། །
    སྤྱན་རས་གཟིགས་ཀྱི་དབུ་རྒྱན། །
    པཎ་ཆེན་༸སྐུ་ཡི་ཕྲེང་བ། །
    ཡང་སྤྲུལ་ཡང་སྲིད་བྱོན་ཤོག །
    ་
    ༧པཎ་ཆེན་སྐུ་ཕྲེང་བཅུ་པ། །
    བློ་བཟང་འཕྲིན་ལས་ལྷུན་གྲུབ། །
    ཆོས་ཀྱི་རྒྱལ་མཚན་མཚན་ཅན། །
    ཡང་སྲིད་བསྟན་འཛིན་དགེ་འདུན། །
    ་
    ར་ཧུལ་རྒྱལ་མཚན་ནོར་བུ། །
    རྒྱ་གཞུང་ཀླ་ཀློ་མུན་ནག །
    པཎ་ཆེན་ཆུང་སྲིད་བསྟན་དགེ །
    ད་ལྟ་གང་དུ་སྦས་ཡོད། །
    ་
    གཞིས་བྱེས་བོད་མིའི་མངོན་འདོད། །
    ༸གོང་ས་ཡིད་བཞིན་ནོར་བུ། །
    བོད་ལ་གདན་འདྲེན་བྱ་རྒྱུ། །
    ༸པཎ་ཆེན་བསྟན་དགེ་མཇལ་རྒྱུ། །

  10. གཡག་རྒོད says:
    2016-09-14 at 5:01 am

    སྐུ་པར་མཐོང་རྒྱུ་མི་འདུག རང་རང་གི་དྲ་ལམ་གྱི་སྐྱོན་ཡིན་སྲིད། གང་ལྟར་པཎ་ཆེན་སྣང་བ་མཐའ་ཡས་བོད་མི་རིགས་ཀྱི་བཀའ་དྲིན་མཚུངས་ཟླ་བྲལ་བའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པ་ནམ་ཡང་བརྗེད་དུ་མེད་དོ། འབྲལ་དུ་མེད་དོ། ཚེ་ཚེ་རབས་རབས་ལ་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་ལྷམ་མེར་ལྷིང་ངེར་གསལ་བ་ལ་རྗེས་དྲན་དང་གུས་འདུད་ཞུ།

  11. ཀརྡོ་རབ་འབྱམས་པ་ says:
    2016-09-14 at 8:23 am

    དམར་པོས་བརྙས་བཅོས་ལ་ཅིག་གཟིགས་དང་།
    https://www.facebook.com/photo.php?fbid=10202202165732457&set=pcb.10202202166652480&type=3&theater

  12. གཡག་རྒོད says:
    2016-09-14 at 8:54 am

    ཀརྡོ་རབ་འབྱམས་པ་ཁྱོད་རབ་འབྱམས་པ་ཞིག་གཏན་ནས་མ་རེད། བྱེད་འབྲེལ་གྱི་ཕྲད་སྦྱོར་ཚུལ་སློབ་ཆུང་ལོ་རིམ་གསུམ་པའི་བྱིས་པ་ཚོས་ཀྱང་མ་ནོར་མ་འཁྲུལ་བར་འབྲི་ཤེས་ཙ་ན། རབ་འབྱམས་པ་ལགས་ག་རེ་མ་འགྲིག་པ་རེད། ང་རང་དགེ་རྒན་ཞིག་ཡིན། གལ་ཏེ་ལེགས་བཤད་ལྗོན་དབང་འདྲ་ཁྲིད་དགོས་ཚེ་ང་ལ་འབྲེལ་བ་བྱོས་དང་ངས་རོགས་པ་བྱ་ཆོག དངོས་གནས་ཡིན།

  13. ཀརྡོ་རབ་འབྱམས་པ་ says:
    2016-09-14 at 9:23 am

    #12 གཡག་རྒོད ་ལགས་ཀྱིས་སྤེལ་དོན།:
    September 14th, 2016 at 8:54 ཀརྡོ་རབ་འབྱམས་པ་ཁྱོད་རབ་འབྱམས་པ་ཞིག་གཏན་ནས་མ་རེད། ་་་་་་་་་་་་་་ ཟེར། ཝཝཝཝཝ། ཧཧཧཧཧཧཧ།། །།

  14. ཀརྡོ་རབ་འབྱམས་པ་ says:
    2016-09-14 at 9:23 am

    ་་་་་་་་ བ་འབྱམས་པ་ལགས་ག་རེ་མ་འགྲིག་པ་རེད། ང་རང་དགེ་རྒན་ཞིག་ཡིན། གལ་ཏེ་ལེགས་བཤད་ལྗོན་དབང་འདྲ་ཁྲིད་དགོས་ཚེ་ང་ལ་འབྲེལ་བ་བྱོས་དང་ངས་རོགས་པ་བྱ་ཆོག དངོས་གནས་ཡིན། ་་་་་་ ཡ་ཡ། ལགས་སོ།། །།

  15. ཀརྡོ་རབ་འབྱམས་པ་ says:
    2016-09-14 at 9:44 am

    གཡག་རྒོད་རང་། མཁས་པ་ལ། ལེགས་བཤད་ལྗོན་དབང་འཁྲིད་ཤེས་བགྱིད་ཡོད་པ་འདྲ། ངས་ནི་ཁ་བརྡའི་ནང་ལ་ཐོས་པ་ཐང་མ་དང་པོ་ཙམ་ཡིན། ཧ་ཧ།། །།

  16. གཡག་རྒོད says:
    2016-09-14 at 11:57 am

    བློ་ལ་མ་འཐད་པ་འདྲ། གློ་བ་མ་ཉེ་བ་འདྲ། བྱེད་འགྲེལ་ཙམ་ལའང་རྨོངས་ཡོད་ན་ངས་དེ་ལ་རབ་འབྱམས་པ་དང་དགེ་བཤེས་སོགས་ཡག་ཡག་རྒྱན་རྒྱན་དེ་འདྲ་འདོགས་ཤེས་མ་སོང་། དགོངས་དག མཁས་པ་མིན་ཏེ་བྱེད་འབྲེལ་གྱི་ཁྱད་པར་བྱིས་དུས་ནས་ཨེན་ཙམ་ཤེས་ཡོད་ལགས། རབ་འབྱམས་པ།

  17. དྲང་སྲོང says:
    2016-09-14 at 2:01 pm

    པཎ་ཆེན་མཆོག་གི་སྐུ་པར་ཤར་མི་ཐུབ་ཡ་དེ་དྲ་ལམ་སྐྱོན་རེད་མི་འདུག་ངས་ཐབས་ཤེས་མང་པོ་བྱས་ཡིན་ཏེ་ཤར་ཐུབ་མ་སོང་།

  18. ཀརྡོ་རབ་འབྱམས་པ་ says:
    2016-09-14 at 2:21 pm

    #16 གཡག་རྒོད ་ལགས་ཀྱིས་སྤེལ་དོན།:
    September 14th, 2016 at 11:57 am
    བློ་ལ་མ་འཐད་པ་འདྲ། གློ་བ་མ་ཉེ་བ་འདྲ། བྱེད་འགྲེལ་ཙམ་ལའང་རྨོངས་ཡོད་ན་ངས་དེ་ལ་རབ་འབྱམས་པ་དང་དགེ་བཤེས་སོགས་ཡག་ཡག་རྒྱན་རྒྱན་དེ་འདྲ་འདོགས་ཤེས་མ་སོང་། དགོངས་དག མཁས་པ་མིན་ཏེ་བྱེད་འབྲེལ་གྱི་ཁྱད་པར་བྱིས་དུས་ནས་ཨེན་ཙམ་ཤེས་ཡོད་ལགས། རབ་འབྱམས་པ། ་་་་་་ ཟེར།
    ་
    ད་དེ་རིང་མ་ཉལ་གོང་ལ་བྱེད་འབྲེལ་སྐོར་ལ་སྦྱངས་ནས་ཉལ་ན་མ་གཏོགས་གཡག་སྨྱོན་གྱིས་སྡོད་བཅུག་ས་མ་རེད་དོ། །སང་ཉིན་ཁ་བརྡའི་ནང་ལ་མཆན་འདེབས་བཅུག་ས་མ་རེད་དོ།།

  19. གཡག་རྒོད says:
    2016-09-14 at 2:36 pm

    ཀརྡོ་ལགས། ད་གཟིམ་ས་བདེ། སྐད་ཆ་སྐོར་ལོག་དེ་འདྲ་བཤད་ཤོར་ཡོད་ན་དགོངས་དག ཁ་རྒྱག་པ་རང་ཡིན། སེམས་ལ་མ་འཛིན།

  20. ཀརྡོ་རབ་འབྱམས་པ་ says:
    2016-09-14 at 2:49 pm

    ཡ་ཡ། ད་ཁྱོད་རང་ཡང་། གཟིམ་འཇམ་གནང་དགོས།

  21. དཔའ་ཆེན་དོན་གྲུབ་ says:
    2016-09-14 at 11:47 pm

    ང་ལ་ནི་སྐུ་པར་ཚང་མ་གསལ་གསལ་ཐང་ཐང་འཆར་གྱི་འདུག་གོ

  22. བསམ་ཤེས། says:
    2016-09-16 at 5:19 pm

    པཎ་ཆེན་བླ་མ་དེ་ངོ་མ་ངོ་མཚར་རེད། ཁ་སྔོན་སྐད་འཕྲིན་ཞིག་གི་ནང་ལ་པཎ་ཆེན་གྱི་གསུང་འདུག དེའི་ནང་ལ་ཁོང་གི་གསུངས་པར། ངས་བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པས། ལྷ་སའི་སྨོན་ལམ་ཆེན་པོའི་སྐབས་ལ་དངོས་སུ་སྨོན་ལམ་འཚོག་ཡུལ་ལ་ཕེབས་ནས། རྒྱབ་སྐྱོར་བྱེད་པ། སྐུ་འགྱེད་རྒྱག་པ་སོགས་བྱས་ནས་མི་རིགས་ཀྱི་སྲིད་བྱུས་མངོན་པར་བསྟོད་དགོས་ལབ་པ་ཡིན་ལ། ཁོང་ཚོས་ཀྱང་དེ་ལྟར་བགྱིས་སོང་གསུངས། ངོ་མ་ཕོ་རྒོད་པོ་ཞིག་རེད།

    ད་ལྟོས་དང་། སུས་དེ་འདྲ་འཇོན་གྱི་འདུག

  23. བསམ་མེད། says:
    2016-09-18 at 7:05 am

    སྐུ་པར་གཅིག་ཀྱང་མཇལ་ཐུབ་ཀྱི་མི་འདུག

  24. ཀརྡོ་རབ་འབྱམས་པ་ says:
    2016-09-19 at 6:53 am

    Life story of 10th Penchen Lama ཀུན་གཟིགས་༧པན་ཆེན་བཅུ་པ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་་་་
    ་
    https://www.youtube.com/watch?v=VXKi8hfiAEY

  25. ཀརྡོ་རབ་འབྱམསཔ་ says:
    2016-09-19 at 12:44 pm

    པཎ་ཆེན་རིན་པོ་ཆེ་མཆོག་ལ་བསྟོད་གླུ་ཞིག
    https://www.facebook.com/panchen.lama.7?hc_ref=NEWSFEED

  26. ཀརྡོ་རབ་འབྱམསཔ་ says:
    2016-09-19 at 2:09 pm

    པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བསྟན་འཛིན་དགེ་འདུན་མཆོག་གི་ངོ་དེབ།
    https://www.facebook.com/panchen.lama.7?hc_ref=NEWSFEED

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (65)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (53)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (36)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme