དོལ་སྨྱོན།
དམར་པོ་རས་ཀྱི་སྟངས་ཀའི་འོག་ན་འདོད་པའི་ན་ཟུག་རླབས་ལྟར་གཡོ། །
ལུས་ཟུངས་བདུན་གྱི་འཁོར་སྐྱོད་ཁྲོད་ན་འཆར་གཞི་སྣ་དགུ་རླུང་ལྟར་འཚུབ། །
རིགས་མཐུན་འགྲོ་བའི་སྤྱི་ཚོགས་དཀྱིལ་ན་ཚུལ་འཆོས་བང་སོ་རྡོ་ལྟར་སྲ། །
གཤོག་པ་མེད་ཀྱང་འཕུར་ལ་གོམས་པའི་དེང་རབས་སྤྲུལ་པའི་སྐུ་ལོ་མཁྱེན། །
སྤྱི་ཚོགས་རྙིང་པའི་ཁུག་སོ་ཞིག་ནས་མིང་གི་ཆོ་ལོ་ཁྱོད་ལ་ཐོབ། །
ལོ་དང་ཟླ་བའི་ཀྱོག་མཚམས་ཁྲོད་ནས་ཁྱོད་ཀྱི་ཡན་ལག་སྙིང་ལག་རྒྱས། །
ད་ལྟ་སྤྱི་ཚོགས་གསར་བའི་ནང་ན་ཁྱོད་ཀྱི་མཛད་འཕྲིན་ཇེ་ཆེ་རེད། །
མ་འོངས་དུས་རབས་སོ་གཅིག་ནང་ན་ཡོད་ཚད་སྤྲུལ་སྐུར་འགྱུར་ངེས་རེད། །
སྔ་མ་སྔ་མའི་རྣམ་པར་ཤེས་པ་སྐད་ཅིག་མི་སྡོད་འཕོས་པའི་རྒྱུན། །
ཕྱི་མ་ཕྱི་མར་སྲིད་གསུམ་འདི་ན་ངེས་མེད་སྐྱེ་བ་ལེན་པའི་ཚུལ། །
སྦྲང་མ་གྲོག་མ་འབུ་སྲིན་སོགས་ལའང་ཁྱད་པར་མེད་པར་སྣང་གྱུར་ན། །
འཁོར་བའི་སེམས་ཅན་ཡོད་དགུ་ཐམས་ཅད་སྤྲུལ་པའི་སྐུ་རུ་ཅིས་མ་ངེས། །
ཉེར་གཅིག་དུས་རབས་གསར་བའི་ནང་ན་སྤྲུལ་སྐུའི་གྲངས་ཀ་ཇེ་མང་རེད། །
ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་ན་སྤྲུལ་སྐུའི་འདུར་རྒྱུག་ཇེ་བྲེལ་རེད། །
མ་གི་གཤིན་རྗེའི་འཇིག་རྟེན་ཁམས་ན་སྤྲུལ་སྐུ་འཚང་ག་ཤིག་ཤིག་རེད། །
རྒྱུ་ནོར་སྒོར་མོའི་ཡོ་ལང་ཁྲོད་ན་སྤྲུལ་སྐུའི་འཛུམ་མདངས་ཇེ་ཡག་རེད། །
སྤྲུལ་པའི་སྐུ་ཡི་མཛད་པ་མཐོང་བས་དམར་པོའི་སེམས་ལ་སྨུག་པ་འཐིབས། །
སྤྲུལ་པའི་སྐུ་ཡི་རྣམ་ཐར་ཐོས་པས་ཡ་ཆུང་སེམས་པ་རྨང་ནས་འགུལ། །
སྤྲུལ་པའི་སྐུ་ཡི་སེམས་ཁམས་བསྔོགས་པས་མི་ཕྱེད་དད་པ་གཏིང་ནས་འགྱེལ། །
སྤྲུལ་པའི་སྐུ་ཡི་རྐང་རྗེས་མཐོང་བས་གངས་དཀར་སེམས་པ་དུམ་བུར་འཐོར། །
བོད་མི་རིགས་ཀྱི་གཉའ་བར་བཞོན་པའི་སྤྲུལ་གོག ཉམ་ཆུང་དད་ལྡན་ཚོའི་དགེ་རྩ་ཆུད་ཟོས་སུ་གཏོང་མཁན་སྤྲུལ་གོག མཁས་པའི་གོ་བཀག་ཅིང་བླུན་པོ་དབུ་འཕང་བསྟོད་མཁན་སྤྲུལ་གོག གཅིག་སྡུད་རིང་ལུགས་ཀྱི་སྲོག་ཤིང་ཏུ་གྱུར་ཅིང་མང་གཙོའི་སྐེད་པ་གཅོག་མཁན་སྤྲུལ་གོག ཤཀྱ་ཐུབ་པའི་བསྟན་པའི་བབས་དང་འགལ་ཞིང་པདྨ་འབྱུང་གནས་ཀྱི་བཀའ་ལས་འཆལ་བའི་སྤྲུལ་གོག
སྐྱག་པ་བཏང་ནས་རྐུབ་ཕྱིས་མི་ཤེས་མཁན་བྱིས་པས་མཁས་པ་བརྒྱ་ཡི་གྲལ་མགོ་མནོན་པའི་སྤྲུལ་གོག
ཟ་དུས་ཁ་ལག་རྐང་གསུམ་རྒྱས་ལ་ལས་དུས་ཁ་ལག་རྐང་གསུམ་གོབ་པའི་སྤྲུལ་གོག
སྤྲུལ་གོག་འཛམ་གླིང་མཐར་སྤྲོད་མ་བྱུང་བར་བོད་མི་རིགས་དོན་གྱིས་གཉའ་གནོན་ཡོད་ཡོད་ཁ་རེད།
དེས་ན་ཚང་མས་དངོས་ཤུགས་རྒྱུད་གསུམ་ནས་སྤྲུལ་གོག་ལ་ངོ་རྒོལ་བྱོས།
ནོར། བཅོས།
ཡན་ལག་སྙིང་ལག ཡན་ལག་ཉིང་ལག
དུས་རབས་གསར་བའི་ དུས་རབས་གསར་པའི། སྤྱི་ཚོགས་རྙིང་པའི། བཞིནནོ།
མ་གི མ་ཀི
སྤྲུལ་སྐུ་ལ་དམའ་འབེབས་པའི་སྨྲ་ཚིག་རྣམས་ཀྱི་ཡིག་ནོར་ཐམས་ཅད་སྤྲུལ་སྐུ་གཅིག་གིས་བཅོས་པར་ཤོག །
ནང་དོན་ལ་འབྲེལ་བ་མེད། བརྗོད་ཚིག་སྙིང་རྗེ་མོ་འདྲ་ཞིག་བསྒྲིག་འདུག་པས་ཡག་པོ་འདུག་ཟེར་བ་ཡིན།
སྙན་ངག་ཡག་པོ་བྲིས་འདུག
བོད་པའི་སྤྲུལ་སྐུ་བརྒྱ་ཆའི་ལྔ་བཅུ་དེ་ལྟར་རེད་བསམ་ནས་ཡིད་ཆེད་བྱེད་ཀྱིན་ཡོད།
སྦྱིན་བདག་ཚོས་དཀའ་ལས་བརྒྱབ་པའི་དངུལ་ཆུ་དེ་སྤྲུལ་རྫུན་ཚོས་ཟ་མ་ཚར་འཐུང་མ་ཚར་བར་སྐྱིད་ཉལ་བྱས་ནས་བསྡད་ཡོད་པ་རེད།
བོད་པའི་གནས་སྟངས་འདི་འདྲ་ཞིག་ཡིན་ཀྱང་།
ཁོང་ཚོ་ལས་འགུལ་སྤེལ་སར་ནི་མི་ཡོང་།
སློབ་སྦྱོང་ནི་དེ་ཚོས་མི་བྱེད།
ད་དུང་ཁོ་ཚོར་ཕྱག་མཛོད་ཟེར་བ་དང་། ཁ་ལག་བཟོ་མཁན་སོགས་གཡོག་ལས་བྱེད་མཁན་ཁ་ཤས་ཅིག་ཉར་ཡོད་པ་རེད།
སྤྲུལ་སྐུས་སློབ་སྦྱོང་མི་བྱེད་པའི་སྒང་ལ་གཡོག་པོ་དེ་ཚོའི་སྦྱོང་སྦྱོང་གི་གོ་སྐབས་ཡང་ཕྲོགས་ཡོད་རེད།
དངོས་ནས་ཐབས་སྐྱོ་བོ་རེད།
དངོས་འབྲེལ་གནད་ལ་འཁེལ་བའི་རྩོམ་ཞིག་བྲིས་འདུག། དགའ་བསུ་ཡོད། ལྟས་ངན་སྤྲུལ་ལོག་བན་ལོག་མི་དམངས་ཀྱི་ཤ་ཁྲག་འཇིབས་མཁན་དེ་ཚོ། ལས་ཀ་བྱེད་དུས་འུ་ཟུག། ཟ་རན་དུས་ནམ་ལངས། གཡོ་སྒྱུ་ཁྲམ་གསུམ་ལ་གོམས་པའི་ཝ་མོ་རང་རེད། ཤི་བར་ཤོག་ཅིག། ནུབ་པར་ཤོག་ཅིག། དུས་གཏན་དུ་བོད་མི་དམངས་དང་བྲལ་བར་ཤོག་ཅིག།
ང་ཚོ་དུས་རབས་ཉེར་གཅིག་པའི་དུས་དང་འགྲོས་ནས་ངེས་པར་དུ་སྤྲུལ་སྐུ་ལམ་ལུགས་ལ་བསྒྱུར་བཅོས་བྱེད་དགོས། སྐུ་ཞབས་ཞོགས་དུང་གིས་གསུངས་པ། བོད་འདི་རང་དབང་ཐོབ་དགོས་ན་རྒྱ་དང་སྤྲུལ་སྐུ་འོག་ལས་ཐར་དགོས་ཅེས་གསུངས་པ་བཞིན་རེད། ལྷག་པར་དེང་སང་དཔེར་ན་དགའ་ཨ་དབྱངས་སྤྲུལ་སྐུ་སྲས་དཔལ་ཆེན་རྒ་ལོའི་སྤྲུལ་སྐུ་དང་ཁོང་གི་ཚ་བརྒྱུད་ལོ་རས་པའི་སྤྲུལ་སྐུ་ངོས་འཛིན་གནང་འདུག་པ། དེ་དག་ནི་མི་ལོ་བརྒྱད་བརྒྱ་དང་དགུ་བརྒྱའི་ཡར་སྔོན་བྱོན་ནས་ལོ་བརྒྱད་བརྒྱ་དགུ་བརྒྱའི་བར་སྤྲུལ་སྐུ་ངོས་འཛིན་བྱེད་མྱོང་མེད་པ་རྣམས། དེང་སང་ངོས་འཛིན་དང་ཁྲི་འདོན་བྱེད་བཞིན་པ་འདི་འདྲའི་རིགས་ཉིན་རེ་ཉིན་རེ་ལས་ཇེ་མང་དང་ཇེ་དར་འགྲོ་བཞིན་པ་ལ་གཞིགས་དགོས་འདུག།
སྔོན་མ་ཡིན་ན་(སྤྲུལ་སྐུ་)ཟེར་བ་འདི་(ལྷ་རྗེ)ཞིག་གི་མིང་ཚབ་ཡིན་མོད། དེང་སང་(གདོན་འདྲེ)ཞིག་གིས་བདག་བཟུང་བྱས་འདུག
སྤུལ་སྐུ་དང་བླ་མ་ཁོང་རྣམ་པའི་བུ་རྒྱུད་སྤུལ་སྐུར་ངོས་འཛིན་བྱས་པའི་ཐོ་ཞིག་འདིར་བཀོད་ན་ཕན་པ་ཆེ་སྙམས།
ངའི་གོ་ཐོས་ན། དྲུང་པ་རིན་པོ་ཆེའི་བུ་དེ་འཇུ་མི་ཕམ་རིན་པོ་ཆེའི་ཡང་སྲིད་ལ་ངོས་འཛིན་བྱས་འདུག། ཤེས་རྟོག་བྱུང་བར་མི་ཕམ་རིན་པོ་ཆེའི་སྤུལ་སྐུ་ངོས་འཛིན་བྱེད་སྲོལ་མེད་ཟེར། བདེན་པ་རེད་དམ།
ལ་ཕྱི་གངས་ཀྱི་རྭ་བར་རྣལ་འབྱོར་པ་རྡོ་རྗེ་རྒྱལ་མཚན་འཁོར་སླལབ་དང་འདུ་བ་རྒྱས་པའི་སྐབས་ཞིག་ན་དད་ལྡན་གྱི་སློབ་མ་རས་པ་རྣམས་ཀྱིས་བླ་མ་ཁྱོད་ཀྱི་མཛད་པ་དང་ཕྲིན་ལས་དཔག་ན་ཉིད་དང་པོ་ནས་རྡོ་རྗེ་འཆང་ངམ་སངས་རྒྱས་ཡིན་པ་ཞིག་འདིར་སྤྲུལ་ནས་བྱོན་པ་འདྲ་བ་དེ་ལྟར་ལགས་སམ་ཞུས་པས་མི་ལས། དེ་ཁྱོད་རྣམས་ཀྱིས་དག་སྣང་ཡིན་མཆིས་ཏེ་དོན་ལ་ཆོས་ལ་ལོག་ལྟ་དེ་བས་ཆེ་བ་མེད། ལས་རྒྱུ་འབྲས་ལ་ཡིད་ཆེས་གཏིང་ཚུགས་པ་ཞིག་བྱུང་ན་ང་ལྟ་བུ་འབྱུང་བ་མི་དཀའ་གསུངས་ཏེ། སྤྲུལ་གིག་གི་མིང་མ་བཞེས་པ་དང་། མཁས་གྲུབ་ཆེན་པོ་༧འཇིགས་མེད་ཕུན་ཚོགས་ཀྱིས་ཁོང་འདའ་རྗེས་ཡང་སྲིད་ཟེར་བ་འཚོལ་ན་ཁོང་དང་དམ་ཚིག་འགལ་བ་ཡིན་ཞེས་ཐ་ཚིག་བསྒྲགས་པ་འདི་དག་གིས་སངས་རྒྱས་ཀྱི་བསྟན་པ་དག་པར་བྱས་སོ། །ཐེར་བར་བྱས་སོ།། གནས་པར་བྱས་སོ། བསྟན་པ་ལ་བྱ་བ་བྱས་སོ།། ཞེས་འདོད།
ཕ་བླ་མ་བུ་སྤྲུལ་སྐུ་བཀའ་རྙིང་གཉིས་ཀྱི་ནང་ན་མང་ནི་རེད། བལ་ཡུལ་དུ་ཕ་བླ་མ་ར་ལོ། བུ་ཁྱུང་སྤྲུལ། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱས་དང་ཨོ་རྒྱན་སྤྲུལ་སྐུ་ཁོང་ཚོའི་ཁུ་ཕྲག་ཚང་མ་སྤྲུལ་སྐུ་བཟོ་བྱེད་ཀྱི་ས་བོན་རེད།
ཁུ་ཁྲག་དུ་བཅོས་སོ།།
སྤྲུལ་པའི་སྐུས་འཇིག་རྟེན་འདིར་ཕན་བདེ་འབྱུང་བའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་གདུལ་བྱའི་མོས་ཁམས་དང་མཐུན་པའི་ཆོས་བསྟན་ཞིང་གང་འདུལ་གྱི་མཛད་པ་ནི་བོད་ཀྱི་གནའ་གཏམ་དུ་བླ་མའི་མཛད་པ་མྱིས་མི་ཤེས་་་སེང་གེ་ཉལ་སྟང་ཁྱིས་མི་ཤེས་ཞེས་པའི་དཔེ་ལྟར་ལགས་ན་སྤྲུལ་པའི་སྐུའི་མཛད་སྤྱོད་དང་གོ་ཐོབ་ལ་སྡང་བར་མི་བྱེད་པར་རང་ཉིད་ནང་པ་ཞིག་ཡིན་ན་ནང་ཆོས་ཀྱི་སྙིང་པོ་སྐྱབས་འགྲོའི་བསླབ་བྱ་དང་མི་འགལ་བའི་བསམ་སྦྱོར་གྱི་ཆ་ལ་གནས་ཤིང་ལས་འབྲས་ལ་ཡིད་ཆེས་དང་དཀོན་མཆོག་ལ་སྐྱབས་སུ་འགྲོ་དགོས། དེ་མིན་སྤྲུལ་སྐུ་ལ་ཡིད་ཆེས་སོགས་མེད་ན་རང་ཉིད་སྤྲུལ་སྐུ་དང་རྒྱང་ཐག་རིང་ཙམ་དུ་བཞུགས་ན་ཁྱོད་ཀྱི་འཇིག་རྟེན་ཆོས་བརྒྱད་ལ་སྤྲུལ་པའི་སྐུས་འགོག་རྐྱེན་བཟོ་མི་སྲིད། དེངས་རབས་ཀྱི་ཆབ་དཔལ་རིག་གསུམ་གྱིས་ཕྱུག་པའི་ནུབ་ཕྱོགས་པས་ཀྱང་ཆེས་བཀུར་བའི་ནང་ཆོས་འདི་ཁྱོད་ཀྱིས་ཁས་ལེན་ན་འདི་ནི་སྤྲུལ་པའི་སྐུས་སྲོལ་ཕྱེས་པའི་རིག་གནས་གལ་ཆེན་ཞིག་རེད། མ་གཞི་ཁྱོད་ཚོ་དང་འཇིག་རྟེན་འདི་ལ་སྤྲུལ་པའི་སྐུས་གནོད་ན་འཇིག་རྟེན་འདིར་ཕན་བདེ་འབྱུང་བའི་ཐབས་སྤྲུལ་སྐུ་ལས་ལྷག་པ་ཞིག་གནང་དང་རང་བཞིན་གྱིས་སྤྲུལ་སྐུའི་རིང་ལུགས་ནི་དམངས་གཙོའི་དུས་རབས་ཀྱིས་གཅིག་བསྡུད་རིང་ལུགས་གཙང་ཕྱག་གཏོང་བཞིན་པ་ལྟ་བུ་འབྱུང་ངེས་པ་རེད། ངས་ཀྱང་ཆབ་སྲིད་དང་ཆོས་བརྒྱད་ཀྱིས་བྱས་པའི་སྤྲུལ་རྫུན་ལ་ནམ་ཡང་གུས་པ་མི་ཞུ། འོན་ཀྱང་རང་རེས་དངོས་རྫུན་གྱི་ཁ་ཚོན་ཇི་ལྟར་ཆོད། དེས་ན་རང་ཉིད་བློ་གཏད་འོས་པའི་སྤྲུལ་སྐུའི་མཚན་འཛིན་མཁན་འདུག་ན་ཡིད་ཆེས་བྱོས། མི་འདུག་ན་དེ་ག་རང་ཞོགས་དང་འགྲིག་ག
སྤྲུལ་གོག་ཚོས་མི་རབས་ནས་མི་རབས་བར་ང་ཚོའི་གཉའ་ནས་བཞོན་ནས་བཤུ་ཞོག་བཏང་དང་གཏོང་བཞིན་པ་ལ་ཐག་རིང་ཙམ་སྡོད་ཐབས་ག་ལ་ཡོད། དག་སྣང་ཟེར་བ་ནི་སྐྱག་པ་གསེར་དུ་སྒོམ་ཟེར་བ་འདྲ་པོ་རེད། འདི་ནི་བླ་སྤྲུལ་ཁ་ཤས་ཀྱིས་ཁོ་རང་ཚོའི་སྤྱོད་ངན་ས་འོག་ཏུ་སྦས་པའི་ཐབས་ལམ་བླ་ན་མ་མཆིས་པ་རེད། དམ་ཚིག་དང་འགལ་ན་དམྱལ་བ་ཡིན་ན་ཅིག་ལ་སྐྱེས་གི་རེད་ཟེར་དེ་དམྱལ་བ་དེ་མི་ཉམ་ཆུང་ཚོ་ཁོ་ནའི་ཆེད་དུ་ཡིན་ན་དེར་ཟད། གཞན་དམྱལ་བ་ཟེར་བའི་གནས་ཞིག་ཡོད་སྤྲུལ་གོག་ཚོ་འགྲོ་ས་དེ་རེད། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་དད་མོས་ཡོད་པ་དེ་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་གཏན་ནས་མིན། ༧ཁོང་གི་མཛད་ཕྲིན་ལ་བསམ་ནས་སོ།།
་་་་་ ངས་ཀྱང་ཆབ་སྲིད་དང་ཆོས་བརྒྱད་ཀྱིས་བྱས་པའི་སྤྲུལ་རྫུན་ལ་ནམ་ཡང་གུས་པ་མི་ཞུ། འོན་ཀྱང་རང་རེས་དངོས་རྫུན་གྱི་ཁ་ཚོན་ཇི་ལྟར་ཆོད། དེས་ན་རང་ཉིད་བློ་གཏད་འོས་པའི་སྤྲུལ་སྐུའི་མཚན་འཛིན་མཁན་འདུག་ན་ཡིད་ཆེས་བྱོས། མི་འདུག་ན་དེ་ག་རང་ཞོགས་དང་འགྲིག་ག ཟེར།
༧༽ སྨུ་ཐག་གི་བུ་རྒྱུད་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༥ གི་ཆུ་ཚོད་ ༢༢ སྐར་མ་ ༤༩
སྔོན་མ་ཡིན་ན་(སྤྲུལ་སྐུ་)ཟེར་བ་འདི་(ལྷ་རྗེ)ཞིག་གི་མིང་ཚབ་ཡིན་མོད། དེང་སང་(གདོན་འདྲེ)ཞིག་གིས་བདག་བཟུང་བྱས་འདུག ཟེར།
བོད་ཀྱི་ནང་ཆོས་བློ་སྦྱོང་ནང་ལ། ལྷན་པ་མར་སེར་ཡན་ཆད་ལ་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བཞག་དགོས་མ་གསུངས་སམ། དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་ཤོག །
བལ་ཡུལ་ན་སྤྲུལ་སྐུའི་བཟོ་གྲ་འགས་སྤྲུལ་སྐུ་རྫུན་མ་མང་པོ་ཐོན་སྐྱེད་བྱེད་བཞིན་འདུག་སྐད། ཐོག་མར་དེ་དག་སྒོ་རྒྱག་ཏུ་འཇུག་ཐུབ་ན་བཟང་། དེ་ནས
བོད་ཕུང་བའི་རྒྱུ་རྐྱེན་ཆེ་ཤོས། གླང་དར་དུས་མིན་འདས་པ་དང་སྤྲུལ་སྐུའི་ལམ་ལུགས་འགོ་བཙུག་པ་གཉིས་རེད་འདོད།
ད་དེང་སང་བལ་ཡུལ་ཚད་མི་ཡོངས་དགེ་བཤེས་རེ་རེ་ཤི་འགྲོ་ཤུལ་དུ་སྤྲུལ་སྐུ་ཟེར་བའི་བུ་ཆུང་སྣབས་ལུད་རེ་རེ་ཁྲི་ལ་བཞག་གི་འདུག་ག
བོད་ཕུང་བའི་རྒྱུ་རྐྱེན་ཆེ་ཤོས། གླང་དར་དུས་མིན་འདས་པ་དང་སྤྲུལ་སྐུའི་ལམ་ལུགས་འགོ་བཙུག་པ་གཉིས་མིན་པར། ཆོས་རྒྱལ་ཁྲི་རལ་པ་ཅན་དུས་མིན་དུ་ལྟག་བཅུས་ནས་བཀྲོངས་པ་དེ་ཡི་ལས་ངན་འབྲས་དུས་ཐོག་ཏུ་བབ་པ་རེད་དོ། །ལགས་མ་རེད་དཔེ། ལགས།
ད་དེང་སང་བལ་ཡུལ་ཚད་མི་ཡོངས་དགེ་བཤེས་རེ་རེ་ཤི་འགྲོ་ཤུལ་དུ་སྤྲུལ་སྐུ་ཟེར་བའི་བུ་ཆུང་སྣབས་ལུད་རེ་རེ་ཁྲི་ལ་བཞག་གི་འདུག་ག ཟེར།
སྤྲུལ་གོག སྤྲུལ་གོག སྤྲུལ་གོག
མཆོ་གི་སྤྲུལ་སྐུ་ཤྰཀྱ་ཐུབ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །
མཆོག་གི་སྤྲུལ་སྐུ་ཡོད་ན། མཐོ་ས་ས་བཅུ་པའི་སྤྲུལ་སྐུ་ནས་བྱང་སེམས་ས་མ་ཐོབ་པ་སོ་སྐྱེ་བྱང་སེམས་ཚོགས་པས་ཀྱང་། སྤྲུལ་སྐུ་ཡང་སྲིད་ཀྱང་ཕེབས་མི་ཆོག་པ་ཡིན་ནམ། ལགས། ཅིག་གསུངས་དང་།
ཡང་སྲིད་ཕེབས་ཆོག་མ་ཆོག་གང་ཤེས་ཏེ། སྤྲུལ་སྐུས་མི་རབས་ནས་མི་རབས་ང་ཚོའི་རང་བཙན་འཕྲོག་པ་བསམ་དུས་སྙིང་ན་གི་ཡ།
སྤྲུལ་སྐུ་ཟེར་བའི་སེམས་ཅན་ལ་ཕན་བཏགས་པའི་ཆེད་ཡིན་ན་སྤྲུལ་སྐུ་ཚོས་སེམས་ཅན་ལ་ཕན་པའི་དོན་ག་རེ་བྱས་འདུག
ཐ་ན་ཟ་སྟངས་འཐུང་སྟངས་ཡན་ཆད་ཡི་གར་མི་འོངས་བ་ཞིག་རེད་ཨང་། ལྟར་སྣང་ལ་ཕན་བཏགས་པ་ལྟར་སྣང་བ་ཁ་ཤས་ཡོད་དུ་ཆུག་མོད། དེ་ནི་ཉ་བསད་ནས་ཁྱི་ལ་སྦྱིན་པའི་ཚུལ་ལས་མ་འདས་ཤིང་། ཁྱད་པར་དངོས་ཤུགས་བརྒྱུད་གསུམ་ནས་རང་གི་ཉེ་འབྲེལ་ཁ་ཤས་ལ་ཕན་ཐོགས་ཆེད་ཙམ་རེད། དེས་ན་ངེས་པར་སྤྲུལ་གོག་རྩ་མེད་གཏོང་དགོས་ཡ།
བོད་ཀྱི་ཆོས་བརྒྱུད་བཞི་ནས་ཡག་ཤོས་དང་དགའ་འོས་པ་དེ་དགེ་ལུགས་པ་རེད། དེ་ནི་མི་ལོ་མང་པོའི་རིང་དཀའ་ལས་རྒྱབ་མཁན་དེ་ཁྲི་ཁ་ལ་བཞག་པ་དེ་རེད། དེ་ལ་དངོས་གནས་ཡི་རངས་ཡོད།
སྤྲུལ་སྐུ་འདི་ཚོ་ལོ་རབས་སྟོང་ཕྲག་རིང་བོད་ལ་བསྐྱར་འཁོར་ཡང་འཁོར་དང་། ཕལ་ཆེ་བ་ལུང་པ་གཅིག་རང་དུ་ཡང་ཡང་འཁོར་བ་འདི་ནི་འགྲོ་དོན་ལ་རྗེས་སུ་ཆགས་པ་ཡིན་ནམ། རྒྱལ་ཁབ་གཞན་དང་མི་རིགས་གཞན་པར་ལས་འབྲེལ་ཟབ་མོ་མ་བྱུང་བས་ཡིན་ནམ། འདི་ཚོས་ཀ་ཁ་ངོ་མི་ཤེས་པར་ལག་རྟེན་དང་ཕྲེང་བ་ངོ་ཤེས་ཟེར་བའི་རྒྱུ་མཚན་གང་ཡིན་ནམ། འདི་ཚོ་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡང་མེད་པའི་རྒྱུ་མཚན་གང་ཡིན་ནམ། འདི་ཚོ་ཕལ་ཆེ་བ་ཕྱུག་པོའི་ཁྱིམ་དུ་ཡང་ཡང་འཁྲུངས་པ་འདིའི་རྒྱུ་མཚན་གང་ཡིན་ནམ། འདི་ཚོ་ལ་ང་ཚོས་མི་མཐོང་བའི་ནང་དུ་ཡོན་ཏན་ཁྱད་པར་བ་ཞིག་ཡོད་དམ། དེང་སྐབས་གྲྭ་ས་ཁག་ན་སློབ་གཉེར་བྱེེད་བཞིན་པའི་སྤྲུལ་སྐུ་འདི་ཚོར་དམིགས་བསལ་གྱི་རིག་པ་ཁྱད་པར་བ་གང་ཡང་མེད་པའི་རྒྱུ་མཚན་གང་ཡིན་ནམ། སྤྲུལ་སྐུ་མང་པོ་ཡར་བཞག་ཀྱང་མར་ལ་རིལ་འགྲོ་བའི་རྒྱུ་མཚན་གང་ཡིན་ནམ། བླ་མ་རེ་ལ་སྤྲུལ་སྐུ་གཉིས་རེ་གསུམ་རེ་དུས་གཅིག་ཏུ་ངོས་འཛིན་བྱེད་བཞིན་པ་འདི་དངོས་གནས་བདེན་པ་ཡིན་ནམ། སྔོན་དུས་སུ་སྤྲུལ་སྐུ་འགའ་རེར་ཀ་ཁ་བསླབ་མི་དགོས་པར་རང་བརྡོལ་དུ་མཁྱེན་འདུག་ཀྱང་དེང་གི་སྤྲུལ་ལོ་རྣམ་པས་ཚང་མ་བརྗེད་འགྲོ་བ་འདི་ནི་དུས་སྙིགས་མར་གྱུར་པའི་ལན་པ་ཡིན་ནམ།
མི་དཀར་གྱིས། སྤྲུལ་སྐུ་མང་པོ་ཡར་བཞག་ཀྱང་མར་ལ་རིལ་འགྲོ་བའི་རྒྱུ་མཚན་གང་ཡིན་ནམ། ཞེས་པ་ལ་མེ་དཀར་གྱིས་རྒྱབ་སྐྱོར་བྱ།
ངས་བལྟས་ན། སྤྲུལ་སྐུ་རྫུན་མ་ལས་ སྤྲུལ་རྫུན་རྣམས་སྤྲུལ་སྐུ་ཡིན་ཅེས་ངོས་འཛིན་གནང་མཁན་རྣམས་ཉེས་ཆེ་བར་སེམས་ཏེ། སྤྲུལ་སྐུ་རྫུན་མ་ཡིན་ན། རྫུན་མ་བཟོ་མཁན། དེ་སྤྲུལ་སྐུ་ཡིནཅེས་ཐུགས་ཐག་གཅོད་མཁན་དེ་མ་ཡིན་ནམ། ཡིན་ན་ སྤྲུལ་སྐུར་རྒོལ་བ་ལས། དེ་རྫུན་བཟོ་བྱེད་མཁན་རྣམས་ཐེར་འདོན་བྱས་ན་འོས་ཆེ་བ་མིན་ནམ། དངོས་གནས་བསམ་ཚུལ་ཡིན།
བྱང་སེམས་འཕགས་པ་གཞན་དོན་སྐྱེ་བ་བཞེས་པའི་རྒྱུ་ནི། མ་རིག་བག་ཆགས་ཀྱི་རྐྱེན་དང་། སེམས་བསྐྱེད་སྨོན་ལམ་གྱི་མཐུ་དང་། ཟག་མེད་ཐུགས་རྗེའི་ལས་དང་གསུམ་མོ། མཆོག་གི་སྤྲུལ་སྐུ་གཞན་དོན་དུ་སྐྱེ་བ་བཞེས་པའི་རྒྱུ་ནི། སེམས་བསྐྱེད་སྨོན་ལམ་གྱི་མཐུ་དང་། ཟག་མེད་ཐུགས་རྗེའི་ལས་གཉིས་སོ། ཇི་ལྟར་སྐྱེ་བ་བཞེས་ཚུལ་ནི། གང་ལ་གང་འདུལ་དུ་ཡ་མཐའ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དང་། མ་མཐའ་བྱ་གཅན་རི་དྭགས་ལ་སོགས་ཀྱི་སྐྱེ་བ་བཞེས་ནས་སེམས་ཅན་གྱི་དོན་མཛད་པར་གསུང་རབས་ལས་གསུངས་སོ། དེས་ན་ཕ་སྤྲུལ་བུ་སྤྲུལ་ཡོང་མི་ཆོག་པ་མེད་ལ་མཛད་སྤྱོད་ཀྱང་ཚངས་པར་སྤྱོད་པའི་དགེ་སློང་ལྟ་བུ་ཁོ་ན་ཡིན་དགོས་པའི་རྒྱུ་མཚན་ཡང་མེད། འོན་ཀྱང་ཕ་སྤྲུལ་སྐུ་ཡིན་ན་བུ་སྤྲུལ་སྐུ་ཡིན་དགོས་པ་ཡང་མེད། མདོ་དོན་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་མཁན་ཞིག་བྱུང་ན་ཕ་སྤྲུལ་བུ་སྤྲུལ་དུ་སོང་ཡང་ཁྱད་པར་མེད་པར་མངོན། གལ་སྲིད་སྤྲུལ་མིན་སྤྲུལ་རྫུན་འགའ་ཡོད་པའི་དབང་དུ་བཏང་ཡང་དངོས་རྫུན་ནི་ལས་འབྲས་ཀྱིས་ཁ་ཚོན་གཅོད་པ་ལས་རང་རེས་ཇི་ལྟར་རྟོགས། དེས་ན་སྤྲུལ་སྐུ་ལ་བཀུར་པ་བཏབ་ན་སྤྲུལ་སྐུ་དངོས་ལ་བཀུར་འདེབས་འགྲོ་བ་ལས་སྤྲུལ་རྫུན་ལ་བཀུར་འདེབས་མི་འགྲོ་བས་སྤྲུལ་སྐུས་མ་འགྲིགས་པ་བརྗོད་ན་བོད་མི་ཚངས་མ་ཞབས་འདྲེན་རེད་ཅེས་བརྗོད་པ་དང་གཅིག་མཚུངས་ལ་སོང་ཉ་ཉུང་མ་བསྲེས་ན་ཅུང་ལེགས་པར་སྣང་། འོན་ཀྱང་དེངས་སྐབས་བསམ་བརྗོད་རང་དབང་ལ་སོང་་་་་་
མ་རིག་བག་ཆགས་་་་་ལས་དང་སྨོན་ལམ་སོགས་གནས་སྐབས་བཞག་རོགས། གང་ལྟར་སྤྲུལ་སྐུ་ཟེར་མཁན་དེ་གཞན་ལ་ཕན་བཏགས་མཁན་དང་ཡག་པོ་ཞིག་དགོས་རྒྱུའི་སྐད་ཆ་མ་རེད་དམ། ད་ལྟོས། ་མིག་བགྲད་ནས་ལྟོས་དང་། སྤྲུལ་སྐུ་ཚོའི་བྱ་སྟངས་དང་བྱེད་སྟངས་ཡག་པོ་དང་ལེགས་པོ་གཞན་ལ་ཕན་བཏགས་གི་འདུག་གམ། དེ་མེད་ཚར་དུས་འདི་ཚོ་ལ་དམིགས་བསལ་གྱི་ཐོབ་ཐང་ཐོ་གང་སྤྲོད་རྒྱུ་མེད་ཨང་། ཤོག སྤྲུལ་གོག་གད་སྙིགས་སྣོད་དུ་བླུགས།
བྱི་ལས་བཤད་པ་དེ་མ་རེད་ཟེར་རྒྱུ་མིན་འདུག
སྤྲུལ་པའི་སྐྱ་ལ་ཁག་ཅི་ཡོད། བཤད་དགོས་ན། ཁྱེད་ཅག་ཡོངས་ཀྱིས་སྤྲུལ་སྐུ་བཟོ་རུ་འཇུག་མཁན་ལ་ཅི་བཤད་ན་ཡང་ཆོག ཆུ་གཡུར་མགོ་ནས་བསྒྱུར་དགོས་པ་ལས་མ་བསྒྱུར་པ། ཞུ་ཞིང་ལ་བབས་ཚར་ན་བྱེད་ཐབས་མེད་པའི་དཔེ་ལྟར་སྤྲུལ་སྐུ་ཆགས་་ཚར་ནས། བླ་མ་ལ་བསྐུར་བ་འདེབས་པ་ལས། ཕན་ཐོགས་ཆེར་མེད། སྔོན་མ་ངས་སློབ་སྦྱོང་དམན་པའི་བྱིས་པ་ཆུང་ངུ་ཞིག་ལས་སློབ་སྦྱོང་ཡོད་པའི་གྲྭ་པ་ཞིག་ལ་མི་མངས་ཀྱི་གུས་བཀུར་འགྲོ་དགོས་པ་འདུག་འཆད་སྐབས་ལ་དྭགས་བླ་མ་བློ་བཟང་གིས་གོང་གི་བླ་མ་ཆེན་པོས་གླགས་ཁེལ་མ་སོང་། ད་ཁྱོད་ཀྱིས་གླགས་ཁེལ་ལམ། ཞེས་བཤད་པ་དེ་བདེན་པར་འདུག་སྙམ་མོ།།
འདི་ནི་སྤྲུལ་ལོགས་ཨོ་ཉི་ཟེར་མཁན་དེ་ལ་གོ་རྒྱུ་རང་རེད་འདུག ཁ་རྡ་ནང་དུ་བླ་སྤྲུལ་ཡོང་ལ་སྨ་འབེབས་རང་བྱེད་གི་འདུག ཨོ་ཉི་མ་ཤི་བར་དུ་སྤྲུལ་ལོག་གི་བསྟན་པ་ནུབ་པ་མི་འདུག
སྤྲུལ་སྐུའི་ལམ་ལུགས་དེ་མེད་པ་བཟོས་ན་ཡག་པོ་རེད་དགའ་བསུ་ཞུ། ཡིན་ནའང་གལ་ཏེ་ལམ་ལུགས་དེ་མེད་པ་བཟོ་དགོས་ཚེ་དང་པོ་རྒྱལ་བ་ཀརྨ་པ་དང་རྒྱལ་པཎ་གསུམ་ནས་མགོ་བཙུག་ཏེ་མེད་པར་གཏོང་དགོས་རེད། གོང་གི་སྤྲུལ་རྒན་ཐོབ་ཐང་ཅན་ཚོ་མེད་པ་་ཆག་ཚེ་མར་ཞབས་ཀྱི་སྤྲུལ་ཙི་མ་དེ་ཚོ་ནི་རང་བཞིན་ཤུགས་ཀྱིས་མེད་པ་ཆག་འགྲོ་རེད། དེང་སང་ཕྱི་རྒྱལ་ལ་ཕེབས་མཁན་བླ་དགེ་མང་པོ་ཞིག་གིས་ཡང་རིན་པོ་ཆེ་ཟེར་བས་མིང་གསར་བ་ཞིག་བཟོས་ཡོང་གི་འདུག་ཨ། དབྱིན་ཇི་དང་རྒྱ་མི་ཚོས་དབྱེ་བ་འབྱེད་སྟངས་ཤིག་ལ་རིན་པོ་ཆེ་ཨང་དང་པོ། སྤྲུལ་སྐུ་གཉིས་པ། མཁན་པོ་དང་དགེ་བཤེས་གསུམ་པ། བླ་མ་དང་སློབ་དཔོན་བཞི་པ་བྱས་ནས་གོ་ས་ཤིག་སྤྲད་ཀྱི་འདུག །དེའི་འབྱུང་ཁུངས་བོད་བླ་ཚོའི་རྩ་ནས་རེད། ད་གཅིག་མེད་པར་བཟོས་ན་ཡང་གཅིག་སླེབས་ཡོང་ཚོད་འདུག་བོད་མིའི་ལས་འདི་ག་རེ་ཡིན་ནམ། །
བོད་སྟོད་སྨད་བར་གསུམ་ནང་ཁུལ་རྒྱག་རེས་ཡག་ཐག་ཆོད་མ་བྱས་པར་སྤྲུལ་སྐུའི་ལམ་ལུགས་འདི་རྫོགས་མི་སྲིད་པ།
རིན་པོ་ཆེ་ཨང་དང་པོ། སྤྲུལ་སྐུ་གཉིས་པ། མཁན་པོ་དང་དགེ་བཤེས་གསུམ་པ། བླ་མ་དང་སློབ་དཔོན་བཞི་པ་སོགས་ཇི་ལྟར་ཡིན་ཀྱང་གཉིས་པ་སྤྲུལ་སྐུ་ཟེར་བ་དེ་བྱིས་པ་སྣབས་ལུད་ཀ་ཁ་མི་ཤེས་མཁན་དེ་འདྲ་ཡང་ཡོད་ཆོག དེ་ལས་གཞན་རིན་པོ་ཆེ་སོགས་ལ་བཟང་ངན་གཉིས་ཀ་ཡོད་ཆོག་མོད་སྤྱི་ལྡོག་ནས་དེ་དག་གིས་མི་ལོ་མང་ཙམ་རིང་སྤྱི་ཚོགས་ནང་དཀའ་ལས་རྒྱབ་ནས་མི་དེ་ཐོབ་ཡོད། དེས་ན་སྤྲུལ་སྐུ་ཟེར་བ་ཡར་ལ་བཞག་དུས་མར་ལ་རིལ་འགྲོ་མཁན་བསྟན་པའི་གཤེད་མ་དེ་ཚོ་དང་ག་ལ་འདྲ།
ཀརྨ་པ་དང་རྒྱལ་པཎ་སོགས་ནས་འགོ་བརྩམས་ཏེ་ལམ་ལུགས་དེ་མེད་པ་བཟོ་དགོས་ཟེར། ད་འགོ་ག་ནས་བཙུག་ནའང་བཙུག་སྤྲུལ་སྐུའི་རིང་ལུགས་ཡོད་ཀྱི་རིང་བོད་མི་རྣམས་ལ་ཆོས་འཇིག་རྟེན་གཉིས་ཀའི་ཕྱོགས་ན་མི་བཟད་པའི་གཉའ་ནོན་མྱོང་རྒྱུ་ཡོན་ཡིན་པ་རེད། ལར་ནས་ ༧རྒྱལ་པཎ་གྱི་གོང་ན་ཀརྨའི་མིང་འདྲེན་སྟངས་ལ་ལྟོས་དང་། སྤྲུལ་གོག་གི་ཁྱད་ཆོས་ཞིག་ཝ་ལེར་མངོན་འདུག་ག
མེ་ཏོག་དཀར་པོ་ཡིན་ན་འདིའི་མགོ་ལ་ཅིག་རྒྱོབས་་་་་རྒྱལ་པན་གྱི་གོང་ལ་ཀརྨའི་མིང་ཙམ་བཞག་མི་ཆོག་པ་ཅི་ཡོད་དམ་་་དེ་འདྲའི་སྐུ་དོགས་པོ་ཅི་བྱས་སོང་་་གྲོགས་པོ་ལགས།
འདྲེ་ལགས། འདྲེའི་ལུགས་ལ་ག་རེ་ཡོད་མི་ཤེས་ཏེ། མིའི་ལུགས་ལ་སྤྲང་པའི་བེར་རྒྱུགས་ལའང་མགོ་མཇུག་ཡོད་རེད་ལགས།
སྤྲུལ་བའི་སྐུ་ལོའི་མིག་ཟུང་དཀྱིལ་ནས་བྱམས་བརྩེའི་མིག་ཆུ་ངང་གིས་བཞུར། །
སྙན་མོའི་གསུང་གི་བསླབ་བྱ་རེ་རེར་ཀུན་ཕན་ནོར་བུའི་རོལ་དབྱངས་འཁྲོལ། །
ཞི་ཞིང་མཛེས་པའི་གོམ་ཁ་རེ་ལ་མ་བཅོས་དད་པའི་ཡིད་དབང་འཕྲོག །
ལས་དབང་བཙོག་པའི་ཁ་བའི་དོན་དུ་སྐུ་ལོའི་དབང་ཐང་དར་བར་ཤོག །
ཁྱོད་ཚོའི་མིའི་ལུགས་ལ་ཅི་འདྲའི་དབྱེ་བ་ཆེ་ཨང་་་་འདྲེ་ང་ཚོའི་ནང་ལ་བེར་རྒྱུགས་ཡིན་ན་འདི་ལ་དབུལ་ཕྱུག་སུས་ཁུར་ཡང་་མགོ་དང་འཇུག་ཟེར་ནས་ཡག་བཙོག་ཡོད་ནི་མ་རེད་དོ།
སྤྲུལ་གོག་རེ་རེ་ཡོད་པའི་ས་ན་ཁང་པ་སྣུམ་འཁོར་གོང་ཆེན་ཞིག །
སྤྲུལ་གོག་ཉལ་བའི་ཉལ་ཁྲིའི་ཟུར་ནས་གྱིག་ཤུབས་ཆང་དང་བཟི་སྨན་མཛེས། །
སྤྲུལ་གོག་དམྱལ་ཁམས་བཅོ་བརྒྱད་འདྲི་དུས་ཁ་ནང་མཛུབ་བཅུག་བྱིས་པའི་ཚུལ། །
སྤྲུལ་གོག་འདི་ཚོ་མཐར་སྤྲོད་མ་གཏོང་དེ་སྲིད་བོད་མི་མི་ཙམ་ཡིན། །
ཀརྨ་པ་དང་པོ་བཞག་ཡ་ལ་རྒྱུ་མཚན་ཡོད་རེད། དེ་ནི་བོད་ལ་སྤྲུལ་སྐུའི་སྲོལ་དར་འགོ་བཙུགས་མཁན་ཐོག་མ་དེ་ཀརྨ་པ་ཡིན་པས་རེད། དེའི་འཕྲོ་ན་རྒྱལ་པཎ་གཉིས་ལ་བོད་མིས་གོ་ས་དང་ཐོབ་ཐང་ཆེན་པོ་ཡོད་ཙང་རིམ་པ་བཞིན་བསྒྲིག་ནས་ཡོང་དགོས། དེང་སང་རྒྱ་མི་དང་དབྱིན་ཇི་ཁ་ཤས་ལ་བོད་བླ་དེ་ཚོས་རྡོ་རྗེ་འཆང་དང་ཆོས་རྒྱལ་ག་གེ་མོ་དང་འཕགས་མ་སྒྲོལ་མ་དཀར་ལྗང་སོགས་འདྲེའི་ཡིད་མ་དྲན་པ་དེ་འདྲ་ནད་པས་སེམས་ལ་དྲན་ཡོང་བས་དཔེ་ལྟར་བཟོ་བཞིན་འདུག །དེ་ནི་དངོས་གནས་སངས་རྒྱས་བསྟན་པའི་གཤེད་མ་ལག་དམར་བ་ཞིག་ལ་ངོས་འཛིན་བྱས་ན་མ་ཆོག་པ་མི་འདུག་དྲན། དེ་མིན་དེང་རྒྱལ་པཎ་དང་ཀརྨ་པའི་གོ་ས་མཐོ་དམན་ཙམ་ལ་གོང་རིམ་བསྒྲིག་མེད།
དེ་ཤེས་གི་ཡོད། སྲོལ་ངན་བཏོད་ནས་བོད་ཕུང་དུ་འཇུག་པ་ཤེས་གི་ཡོད། བོད་མིའི་སེམས་ནང་གོ་རིམ་ཞིག་ཡོད་པ་དེ་སྤྲུལ་གོག་ལམ་ལུགས་སྲོལ་གཏོད་དང་མ་གཏོད་པའི་སྒོ་ནས་འཇོག་གི་མེད་པ་ཡང་ཤེས་གི་ཡོད།
དེ་ཡང་མི་ཁ་ཤས་ཀྱིས་སྤྲུལ་སྐུ་ལ་མི་དགའ་བས་རྒྱུ་མཚན་དེ་ནོར་ལོངས་སྤྱོད་འཛོམས་པ་དང་འཁོར་གཡོག་མང་བ་ཙམ་ལ་བྱས་པ་ནི། བསོད་ནམས་དམན་པས་སྤྲང་བོས་བསོད་ནམས་ཅན་གྱི་རྒྱལ་པོའི་བང་མཛོད་ལ་མ་དགའ་བས་ཕྲག་དོགས་བྱས་པ་ཙམ་ལས་གཞན་མེད་དོ།
བསམ་བཞིན་དུ་༧གོང་ས་མཆོག་གི་གོང་ན་རྡོག་རྡོག་ཅིག་བཞག་ཐབས་བྱེད་གི་ཡོད་པ་ཤེས་གི་ཡོད།
རེད། དེ་འདྲ་ལབ་ནས་ད་བར་མི་མང་མགོ་བོ་བསྐོར་བ་རེད། མི་མགོ་སྐོར་གཏོང་དགོས་ན་ཁྱོད་ཚོ་ལས་འཇོན་པ་དང་མཁས་པ་ག་ལ་ཡོད་དེ། རྒྱུ་ཅ་ལག་དེ་ཚོ་ཚེ་རབས་ནས་ཚེ་རབས་བར་དུ་དྲན། དགོས་པའི་ཀ་ཁ་ག་ང་དེ་ཚོ་སྦྱང་ནས་ཀྱང་ཤེས་ལ་མི་ཤེས་ལ་རེད། ད་དུང་ཁ་མཁས་པོ་འདྲ་བཤད་ནས་མགོ་སྐོར་གཏོང་ཨ།
བཙན་པོའི་སྟོབས་ཀྱིས་འཕྲོག་པ་མིན་ལ་སྣུམ་འཁོར་ཡོད་ན་ཅི་ལ་སྐྱོན། །
ཉལ་ཁྲིའི་ཟུར་ན་ཆང་དང་བཟི་སྨན་སྐུ་ལོ་སུ་ཡིས་བཤམས་ནས་འདུག །
དམྱལ་ཁམས་བཅོ་བརྒྱད་གང་ཞིག་དྲིས་ཀྱང་ལེན་ཞིག་མེད་པའི་སྐུ་ལོ་སུ། །
སྐུ་ལོ་འདི་ཚོའི་མཛད་རྗེས་རེ་རེར་ལོག་པར་མ་བལྟ་དྲིན་ཆེན་པོ། །
མཛད་རྗེས་ཟེར་བ་གཞན་ཕན་ལས་ལ་གོ་བ་མིན་ནམ་འདྲེ་རྐང་ཐོ། །
དེ་འདྲའི་ལས་བཟང་བྱས་རང་ཡོད་ན་ལོག་པར་ལྟ་དགོས་གཏན་ནས་མེད། །
འོན་ཀྱང་དད་ལྡན་ཤེས་རབ་འཆལ་བའི་ལས་ཀར་དག་སྣང་སྒོམ་ཟེར་ན། །
གསོན་འདྲེ་ཁྱོད་འདྲས་ལས་རྒྱུ་ཞིག་ལས་ངེད་ཅག་རྣམས་ཀྱིས་མི་ནུས་སོ། །
བཙན་པོའི་སྟོབས་ཀྱིས་འཕྲོག་པ་མིན་ཀྱང་ལོག་ཚོའི་སྙེད་པ་སྟོན་པས་སྨད། །
འདོད་ཆུང་ཆོག་ཤེས་གཞན་ལ་སྟོན་བཞིན་ཁ་དང་ལག་ལེན་འཛོལ་འདི་སྨད། །
བལ་པོར་འཁྲུངས་པའི་སྐུ་ལོ་འཇམ་དབྱངས་ལྷོ་ཕྱོགས་བེང་ལོར་གྲོང་ཁྱེར་དུ། །
ཉལ་ཁྲིའི་ཟུར་ན་ཆང་དང་བཟི་སྨན་བཅལ་དུ་བཤམས་ནས་ཚེ་ལས་འདས། །
དམྱལ་ཁམས་བཅོ་བརྒྱད་གང་ཞིག་དྲིས་དུས་ལན་མེད་ན་ཡང་ཨའུ་ཙམ་ཡིན། །
སྟོན་པའི་མཛད་པའི་གྲངས་ཙམ་མི་ཤེས་ཆོས་འབྱོར་༡བཟང་པོ་༢ལ་སོགས་མང་། །
སྐུ་ལོ་འདི་ཚོའི་མཛད་རྗེས་དེ་འདྲ་རེ་་་་རེར་མཐོང་དུས་དད་པ་དག་སྣང་རྐུབ་ནས་ཡལ། །
ྋརྒྱལ་བ་སྐུ་ཕྲེང་ལྔ་པས་མཛད་པའི་ཕྱག་དཔེ་ཞིག་ནང་མི་ཚོས་ང་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པའི་ཡང་སྲིད་ཡིན་ཚུལ་ཤོད་ཀྱི་ཡོད་པ་དང༌། ཡིན་ལུགས་ཡིན་སྟངས་ཀྱི་རྒྱུ་མཚན་ནི་ང་སྐྱེས་པའི་སྐབས་སུ་ཁྱིམ་གྱི་ཀ་བའི་སྒང་ནས་འོ་མ་བབ་པ་རེད་ཟེར་བ་དང༌། གནམ་ལ་འཇའ་ཟུག་པ་རེད་ཟེར་བ། སྐུ་ཕྲེང་བཞི་པའི་སྐུ་ཆས་རྣམས་ངས་ངོས་འཛིན་བྱས་པ་རེད་ཟེར་བ་སོགས་བཤད་ཀྱི་ཡོད་ནའང་དེ་འདྲ་བྱས་པ་ང་རང་གིས་དྲན་གསོས་ཀྱི་མི་འདུག །ངས་སྐྱེ་བ་སྔོན་མའི་མི་ངོ་ཤེས་རྒྱུ་དང་སྐྱེ་བ་སྔོན་མའི་ཅ་ལག་ཤེས་རྒྱུ་ལྟ་ཅི། ལོ་བཅུ་དྲུག་ཙམ་ལ་མ་སླེབས་བར་ཡོན་ཏན་ཡང་དགེ་རྒན་གྱི་ཉེས་རྡུང་དང་གཤེ་གཤེས་འོག་ཏུ་བསླབས་པར་བརྟེན་མ་བསླབས་པར་ཤེས་རྒྱུ་ཕར་བཞག་བསླབས་པ་དེའང་ཡག་པོ་ཤེས་ཀྱི་མི་འདུག་པས་ཐམས་ཅད་མཁྱེན་པའི་ཡང་སྲིད་དེ་བས་ཀྱང་གང་ནས་ཡིན། སྐྱེ་བ་སྔོན་མའི་མི་དང་ཅ་ལག་ངོ་ཤེས་པ་ལ་བསླབས་པའི་ཡོན་ཏན་དེ་མ་ཤེས་པ་རྩ་བ་ནས་ཡོང་མི་སྲིད་ཅིང༌། མ་བསླབས་པ་དེ་ཤེས་རྒྱུ་ཡོད་དུས་བསླབས་པ་དེ་དེ་བས་ཀྱང་ཤེས་པ་དགོས་ཀྱི་རེད། འོན་ཀྱང་བསླབས་པ་དེ་དཀའ་ལས་ག་ཚོད་བརྒྱབ་ནའང་ཤེས་ཀྱི་མི་འདུག་ལ་སང་ཉིན་མི་ལ་ཆོས་ཤོད་དགོས་བྱུང་ན་དེ་རིང་དགེ་རྒན་གྱིས་སང་ཉིན་དེ་ལྟར་ཤོད་ཨང་ཞེས་བསླབ་དགོས་ཀྱི་ཡོད། ཡིན་ནའང་ང་དགོས་པའི་དབང་གིས་ཁྲིའི་སྒང་དུ་བསྐྱལ་བ་རེད་ལ་ངས་ཀྱང་མ་ཡིན་ཡིན་མདོག་མ་བྱས་ཀ་མེད་རེད་ཅེས་དང༌། ང་སྐྱེས་པའི་སྐབས་སུ་ཆར་པ་བབ་པ་དང༌། མེ་ཏོག་ཤར་བ། འཇའ་ཟུག་པ་སོགས་ཀྱི་ཤོད་ཚུལ་དེ་དག་རྒྱུ་མཚན་དུ་བྱས་ནས་ྋརྒྱལ་བ་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཚེ་གཏན་ནས་འགྲིག་ཐབས་མེད། དེ་གང་ཡིན་ཞེ་ན་ང་དང་དུས་མཚུངས་སུ་སྐྱེས་པའི་འབུ་གྲོག་མ་དང་སྦྲང་བུ་དེ་ཚོ་ཡང་ཚང་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེད་པོ་དེ་འདྲས་ཀྱི་སྐུ་སྐྱེ་ཡིན་ཤས་ཆེ་བས་དེ་ལྟར་རྩ་བ་ནས་ཡོང་སྲིད་ཀྱི་མ་རེད་ཅེས་འཁོད་ཡོད།
དེང་དུས་ཀླད་གསར་ཡིན་མདོག་ཅིག་ལ་ཀླད་པའི་བུ་ག་འདྲེ་ངའི་རྣ་ཁུང་ལས་ཀྱང་ཆུང་། །
དེང་དུས་མི་རབས་ཡིན་མདོག་ཅིག་ལ་སེམས་རྒྱ་དོགས་མོ་འདྲེ་ངའི་ཕ་རྒན་ལས་ཀྱང་སྡིག །
དེང་དུས་མི་སྐད་ཤོད་མདོག་ཅིག་ལ་མི་སྐད་གསོན་པོའི་རུས་པ་ཅན་ཚོར་ཁ་ལོག་གཏོང་། །
དེང་དུས་མིག་ཟུང་ཡོད་མདོག་ཅིག་ལ་སྐུ་ལོ་དག་གི་མཛད་རྗེས་ནོར་བུར་མ་རིག་ཟིག །
ངས་ཐག་གཅོད་ནས་བཤད་ཐུབ་པ་ཞིག་ལ་སྤྲུལ་སྐུ་ཚོས་རང་གི་གོང་མ་དྲན་གི་མེད་པ་ཐག་གཅོད་ཐུབ། དེ་ཡིན་དང་མིན་སྐུ་ལོ་དབང་ཆེན་གྱིས་གཅིག་གསུངས་དང་། ཧཧཧཧཧ
ཅི་གང་དྲན་གྱི་མི་འདུག་ལ་གོ་ཡ་མི་འདུག །ད་ལྟ་ཁྱེད་ཚོས་ང་ལ་རང་སྐུ་གོང་མས་སྤྲུལ་སྐུ་ཡིན་པས་ཞེས་དྲིས་ན། ངས་ང་མིན་མིང་ཙམ་འཛིན་པ་ཡིན་ཟེར་བ་ལས་ལན་གཞན་མེད། སུ་དགའ་རུང་སྡུག་རུང་དྲང་གཏམ་ཡིན།
ཁ་བ་རི་བའི་ཁ་ལས་བཙོག་དུས་ཁ་རྗེ་དབང་ཐང་ཁྱོད་ལས་བྱུང་། །
ཁ་བ་རི་བའི་དཔའ་རྩལ་ཉམས་དུས་སྟག་གི་དཔའ་ངར་ཁྱོད་ཀྱིས་དྲངས། །
ཁ་བ་རི་བའི་སྐད་ཡིག་བོར་དུས་སྐད་ཡིག་སླར་གསོ་ཁྱོད་ཀྱིས་བསླངས། །
ཁ་བའི་རི་བའི་གྲོད་ཁོག་རྒྱག་དུས་ཁྱོད་ཀྱི་བཀའ་དྲིན་ཚོར་མཁན་ཉུང་། །
ཅིག་ཅིག་མིག་མིག་སུ་རེད་ཟེར་བའི་ལན་འདི་འདི་རེད་ཟེར་ལན་སྤྲད་དུས་དེང་དུས་ཀླད་གསར་ཡིན་ན་ཅིག་རེད་ཟེར། གང་ཤེས་མགོ་ཚོས་མ་སོང་།
ཡང་༧ལྔ་པ་ཆེན་པོའི་ལུང་དྲངས་ནས་སྤྲུལ་སྐུ་སྐོར་ཞིག་བྲིས་མོད། ངས་སྤྲུལ་སྐུ་གཏན་མེད་ཡིན་པ་ག་ལ་འདོད། མཆོག་གི་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། བཟོ་སྤྲུལ་སྐུ་སོགས་མང་དུ་གསུངས། ངའི་འདོད་པ་ནི་ཡང་སྲིད་འཚོལ་བའི་ལམ་ལུགས་གཏན་མེད་གཏོང་དགོས་པ་དེ་ཡིན། སྤྲུལ་སྐུའི་དོན་བྱེད་པ་ལ་ཆ་རྐྱེན་ཚང་མ་མི་མང་གིས་ཁྲག་དང་ཆུ་སེར་བཏང་ནས་བསགས་པའི་དཔལ་འབྱོར་དངོས་ཤུགས་བརྒྱུད་གསུམ་ནས་བསྡུ་བ་ལ་དགོས་པ་གང་འདུག
པདྨའི་མཚོ་རུ་ངང་པ་ལྟར། །
མནར་མེད་པ་ཡང་འཇུག་པར་འགྱུར། ། སྤྲུལ་ལོ་འདི་ཚོ་གཞན་དོན་དུ་མནར་མེད་འགྲོ་ས་རེད་པས།
སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་ནས། །
འབྱ྄ོར་བའི་དུས་དང་རྒུད་པའི་དུས་ན་འང་འདི། །
ཉོན་མོངས་སྡུག་བསྔལ་དག་གིས་གོས་པ་མེད། །སྐུ་ལོ་འདི་ཚོ་དེ་འདྲ་རེད་པས།
ཉ་པ་གདོལ་པ་ཞིང་པ་སྨད་ཚོང་མ། །
ཀུན་ཏུ་རྒྱ་དང་་་་སོགས་སུ་སྐུ་ལོ་བྱོན་ཆོག་པ་ལ་བོད་དུ་ཕོ་རང་ལ། དེ་ཡང་ངོས་འཛིན་མཁན་དེའི་ཤ་ཉེ་ངོ་ཤེས་སོགས་སུ་བྱོན་དགོས་པ་ཅི་རེད།
ད་ཁྱོད་མ་དག་པས་ལན། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་གང་དུ་བྱོན་ངེས་པ་མེད་ཟེར་ན་ངེས་པ་ཡོད་པ་གོང་བཤད་ཟིན། མཛད་པ་ལ་ངེས་པ་མེད་པས་དག་སྣང་སྒོམས་ཟེར་ན་འོ་ན་བྱི་ལའི་རྟུག་པ་གསེར་དུ་སྒོམས་ཤིག་དང་ཤེས་འོང་།
ག་གེ་མོ་སྐྱེས་དུས་འཇའ་ཤར་བ་དང་ཆར་བབས་པས་སོ་ཟེར་ན་དེ་སྐབས་སྲོག་ཆགས་འབུམ་ཕྲག་མང་པོ་སྐྱེས་པ་ཐག་གཅོད་པས་འཇའ་དེ་དེ་ལ་བལྟས་པ་ག་ལ་ཁྱབ། ཡང་ན་ཚང་མ་སྐུ་ལོ་ཡིན་རྒྱུ་རེད།
སྔར་ངའི་ངོ་ཤེས་ཞིག་ན་རེ། ཁོའི་གྲོགས་པོ་སྔགས་རྙིང་མ་བ་ཡིན་པ་ཞིག་གིས་སློབ་མ་རྣམས་ལ་རྒྱུད་འཆད། དེ་གྲོལ་བའི་ཉིན་མོ་འཇའ་ཟུག་ཟེར། དེ་ཁོ་ལ་ཡང་དང་ཡང་དུ་བསྐྱར་བས་ཁོ་བསུན་པར་གྱུར་ནས་ཉིན་ཞིག་ཁོས་དེ་བསྐྱར་བ་ན། ངའི་གྲོགས་པོ་དེ་ན་རེ། དེ་ཉིན་ངའི་གསང་སྤྱོད་ནང་སྐྱག་པ་བཏང་སྐབས་འཇའ་དེ་ཏག་ཏག་ཟུག་སོང་བས་འཇའ་དེ་ངའི་རྟགས་མཚན་ཡིན་སྲིད་བརྗོད་པ་ན་ཁོ་ལན་སྨྲ་བའི་ནུས་པ་ཡལ་སོང་ཟེར། དཔེ་དེ་དང་འདྲ་བ་མིན་ནམ།
སྙིང་རྗེ། དབང་ཆེན་གྱིས་སྐད་ཆ་དྲང་པོ་བཤད་སོང་། ངས་ཀྱང་ཁྱོད་སྒེར་ལ་གཟས་པ་གཏན་ནས་མིན་ཀྱང་སྤྲུལ་སྐུའི་ལམ་ལུགས་ལ་གཏན་ནས་མི་དགའ་མཁན་ཞིག་ཡིན། དེ་ལེགས་སམ་ཉེས་སམ་ངའི་ལྟ་བ་རེད།
སྤྲུལ་བའི་སྐུ་ལོ་བཙོག་རོགས་གླེང་ན་ཀླད་མེད་ཆ་བོ་རྒྱུགས་ནས་ཡོང་། །
སྤྲུལ་བའི་སྐུ་ལོའི་བྱུང་རབས་དྲིས་ན་ཀརྨ་པ་ལ་ཐུག་པ་ཟེར། །
སྤྲུལ་སྐུར་ཉེས་པ་ཅི་ཡོད་དྲིས་ན་གད་མོ་ཤོར་བའི་ལེན་ལས་ཅི། །
སྤྲུལ་བའི་སྐུ་ལོ་སྡིག་ལ་མ་གཏོད་ཁ་བ་རི་བའི་སྤུན་ཟླ་ཚོ། །
སྤྲུལ་སྐུ་ཤྰཀྱ་ཐུབ་པ། སྤྲུལ་སྐུ་པདྨ་འབྱུང་གནས། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སྤྲུལ་པའི་ཉན་ཐོས། སྤྲུལ་བའི་ལོ་ཙྰ་བ། སྤྲུལ་བའི་གཏེར་སྟོན་སོགས་སྤྲུལ་སྐུའི་འགྲོ་དོན་བསམ་ཡས་མཛད་ཅེས་སྤྲུལ་སྐུའི་ལམ་ལུགས་དེ་བྱུང་བ་རེད། མདོ་སྔགས་ཀྱི་སྐབས་སུ་ཆོས་ལོངས་སྤྲུལ་སྐུ་ཞེས་བྱུང་ཡོད། དེ་མིན་དེས་དུས་སྐྱག་རྫུན་གྱིས་མི་ནག་ཚོས་བཟོས་པ་ལ་དགག་པ་རྒྱབ་ན་ལེགས། དེ་མིན་བཟང་ངན་ཚང་མ་འདྲ་མཉམ་བྱས་ན་རྣམ་དཔྱོད་མེད་པའི་སྐད་རང་རེད།
ངས། ང་རང་གི སྔར་གྱི་ སྐྱེ་བ་གསུམ་ ཕྲ་ལམ་མེར་ དྲན་ཐུབ་བགྱིད་ ཡོད་དོ། མེ་དཀར་ལགས། ཨེ་མ་ཧོ། ངོ་མཚར་ མི་ཆེའམ། འདིས་ ཀརྡོས་ཀྱང་ རྫུན་ བཤད་བགྱིད་ འདུག བསམས་ ཆོག་ཀྱང་ རྩེད་མོ་ མིན་ནོ། ཧ་ཧོ།
སྔ་མའི་སྐྱེ་བ་དྲན་མཁན་ཁ་ཤས་ཡོད་ཆོག དེ་མངལ་གྲིབ་ཆུང་བས་རེད། ཡིན་ནའང་ཀ་རྡོ་བ་ཁྱོད་རང་སྤྲུལ་སྐུ་ཡིན་མ་དྲན་ཨ།
མེ་དཀར་ལགས།
ཡར་ལངས་ན་མགོ་རྡབ། མར་བསྡད་ན་རྐུབ་རྡབ་མཁན་ང་འདྲ་པོ་ཉུང་ཉུང་མ་རེད་དོ། ང་ང་རང་སྤྲུལ་སྐུ་ཡིན་བསམས་ན་ཡང་སྤྱི་ཚོགས་ནང་ལ་ང་ལ་གྱོང་ཕོག་ཚར་འདུག ང་ང་རང་སྤྲུལ་སྐུ་མིན་བསམས་ན་ཡང་ནང་སེམས་ནང་ལ་གྱོང་ཕོག་འདུག་དྲན་བགྱིད།
དེ་ཡིན་ཙང་ཁ་བརྡའི་དྲྭ་བའི་དྲྭ་འབུ་ཙམ་མ་ཡིན་པར་གདོན་འདྲེར་སྐྱེས་ཟིནད་པ་མིན་ནམ། རེས་འགའ་དེ་འདྲ་ཡང་དྲན། རེས་འགའ་དགའ་བས་ཀྱང་བརྟས།
ད་མེ་དཀར་ལགས་ཀྱི་སྤུལ་སྐུ་རྩ་མེད་བཟོ་འཆར་གྱི་སྨན་འདི་ཡང་ང་ལ་ཕན་པར་དཀའ་བས་་་ད་རང་ཤི་བརྒྱབ་ན་ནི། ལྐུགས་རྟགས་མ་རེད་པེ་་་ཧཧཧཧཧ། མེ་དཀར་ལགས། །
རྒྱུ་ནོར་ཡོང་སྒོའི་ཡོ་ལངས་ཁྲོད་ན་སྤྲུལ་སྐུའི་འཛུམ་མདངས་ཇེ་ཡག་རེད།།
ཇ་ཤ་ཉ་ཤ་ཕག་ཤའི་དཀྱིལ་ན་སྤྲུལ་སྐུའི་ཞལ་ངོ་ཇེ་དཀར་རེད།།
མི་རིགས་རིག་གཞུང་ལ་རྒྱ་བསམ་དུས་སྤྲུལ་སྐུའི་ངོ་མདངས་ཇེ་ནག་རེད།།
བུ་མོ་སྒོར་མོ་ནག་མོའི་ཁོངས་ན་སྤྲུལ་སྐུའི་འདུར་རྒྱུགས་ཇེ་བྲེལ་རེད།།
མཚམས་འདིར་སྐུ་ལོ་ཨོ་རྒྱན་ཉི་མའི་བསམ་ཚུལ་ཉན་འདོད།
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདི་རྒྱབ་རྒྱོང་ལ་ཆབ་སྲིད་འདྲེས་ཡོད་པ་ལས་སྤྲུལ་བའི་སྐུ་འམ་ཡང་ན་སྐྱེ་བ་སྔོན་མའི་ནམ་ཤེས་ཞིག་ངོས་འཛིན་གི་མེད་པ་དངོས་ཡོད་རེད། སྤྲུལ་སྐུའི་ལམ་ལུགས་འདི་ནམ་ཞིག་ལ་དར་བ་རེད་རྒྱུ་མཆན་ཅིའི་ཕྱིར་རེད་ལོ་རྒྱུས་ལ་ཕྱིར་རྟོག་བྱོས། ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན་ཞིང་ལམ་ལུགས་འདི་ང་ཚོ་ལ་ཕན་ཐོགས་བྱུང་ཡོད་པ་ལས་གནོད་ཡོད་པ་འདུག། ལམ་ལུགས་འདི་ནི་རྒྱན་འཇོག་པ་ཞིག་དང་འདྲ་བཟང་ངན་གང་བྱུང་ན་བྱིས་པ་ཞིག་ལ་མིང་བཏགས་ནས་དེ་ལ་དབང་ཆ་དང་ཐོབ་ཐང་སོགས་སྤྲད་པ་དེ་རེད། འདི་ནི་བཀས་བཀོད་རྒྱུད་འཛིན་འམ་སྲིད་དབང་སྒེར་གཅོད་པའི་ལམ་ལུགས་ཞིག་མིན་པའི་ངེས་པ་མེད། ཚིག་ལ་མི་ལྟོས་དོན་ལ་ལྟོས། ཅི་བཤད་མི་ལྟོས་ཅི་བྱེད་ལྟོས། བྱ་བ་ཅི་ཞིག་ཡིན་ན་ལོ་རྒྱུས་ལ་ཕྱིེར་རྟོག་བྱས་ནས་བླང་དོར་ངེས་པར་དུ་བྱེད་དགོས་མ་རྟོགས་ཕན་ཐོགས་ཅི་ཞིག་ཡོད། རྨོངས་དད་བྱེད་པ་ལས་གསར་གཏོད་དང་དངོས་ཡོད་ལ་ཞིབ་འཇུག་མི་དགོས་པའི་མི་རིགས་ཞིག། ངའི་གྲོགས་པོ་ནང་ཚགས་ལ་བོད་ལ་ཆོས་ཀྱི་རྒྱལ་ཁབ་ཞེས་འབོད་གི་ཡོད། religion country.
རྒྱ་མཚན་ནི་ཆོས་མ་རྟོགས་གཞན་་་་་་་ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ འོ་འོ་འོ་འོ་འོ་ ད་དཀའ་ཡོང་གི།
སྤྲུལ་སྐུ་ནི་གང་ཟག་ཕལ་པ་ལྟ་བུ་ལས་ཉོན་དབང་གིས་སྐྱེ་སྲིད་བཟུང་བ་མ་ཡིན་པར་གཞན་གྱི་དོན་ཁོ་ནའི་ཆེད་གང་འདུལ་དུ་སྲིད་པའི་ཚུལ་བཟུང་ཞིང་མ་ངེས་ལྔ་ལྡན་གྱི་སྒོ་ནས་འགྲོ་བའི་མཛད་པར་སྡང་བར་མི་བྱ་བ། སྤྲུལ་སྐུ་སྤྲུལ་སྐུའི་ས་ལ་བཞག་ན་འགྲིགས་ཀྱང་བོད་མའི་རྣམས་ཀྱིས་དུས་རྣམ་པ་ཀུན་ཏུ་སྤྲུལ་པའི་སྐུུ་ལ་ཆོས་སྲིད་གཉིས་ཐད་ནས་གོ་ཐོབ་ཁྱད་པར་བ་ཕུལ་ཞིང་ཆོས་བརྒྱད་ཀྱི་ལག་ཆ་རུ་བེད་སྤྱོད་བྱས་དང་བྱེད་བཞིན་པ་ནི་ད་ལྟ་འཚོ་བཞིན་བཞུགས་པའི་གོང་ས་མཆོག་སྤྲུལ་ས་ལ་འཇོག་གི་འདུག་གམ་གཅིག་ལྟོས་དང་གསལ་པོ་རེད། ཆབ་སྲིད་ཀྱི་འགན་ཆ་ཚང་ཁོང་ལ་སྤྲད་པ་མ་ཡིན་ནམ། ད་དུང་བཤད་རྒྱུ་ལ་སྤྲུལ་སྐུས་གཅིག་བྱས་སོང་གཉིས་བྱས་སོང་ཟེར་ཡང་སྤྲུལ་སྐུ་ཆོས་དང་མི་མཐུན་པ་ཡར་ཡར་བསྐྱག་མཁན་མི་མང་ལས་སྤྲུལ་སྐུ་ཚོ་་གང་ལ་ཡིན། མ་ཟད་སྤྲུལ་སྐུ་ལ་ཟ་གོས་གནས་མལ་བཟང་པོ་ཡོད་པ་ནི་སྔོན་བསགས་ཀྱི་བསོད་ནམས་ལས་ཁྱེད་ཅག་ཚོའི་ལོངས་སྤྱོད་འཕྲོག་པ་གང་ལ་ཡིན། མ་གཞི་སྤྲུལ་སྐུས་མ་གཟིགས་ན་ཆོས་དང་འཇིག་རྟེན་གང་ལ་ཡང་མགོ་ཐོན་པའི་མི་ཞིག་བོད་པའི་སྤྱི་ཚོགས་ནང་བྱུང་མེད་ལ་འབྱུང་ཡང་མི་སྲིད་པ་རེད། གང་ཡིན་ཞེ་ན་བོད་ཀྱི་སྤྱི་ཚོགས་ནི་དངོས་ཁམས་རིག་པ་དང་སེམས་ཁམས་རིག་པ་གཉིས་ལས་ཆེས་འགྲོ་བའི་བདེ་སྐྱིད་ལ་སྨན་པའི་སེམས་ཁམས་རིག་པ་གཙོ་རུ་འཛིན་པའི་ཡུལ་སྲོལ་གོམས་གཤིས་དང་ཡ་རབ་སྤྱོད་བཟང་གིས་ཕྱུག་པའི་ཡུལ་གྲུ་ཞིག་ཡིན་་པས་རེད། གནམ་མི་བོད་ཀྱི་གཏམ་དཔེའི་ནང་[སེང་གེ་རང་ལ་ཡོད་ན་གཡུ་རལ་ཁྱི་ལས་ལོད་]ཅེས་པའི་དཔེ་བཞིན་མ་ཡིན་ནམ། འོན་ཀྱང་aKTྈKTTTྈྈྈྈ
༧གོང་ས་མཆོག་ལག་པ་བཞི་ཡོད་མཁན་གྱི་སྤྲུལ་སྐུ་ཡིན་པའི་ཆ་ནས་དད་འདུན་བྱེད་ཐབས་མེད། ང་ཚོ་ལ་བཀའ་དྲིན་ཆེ་བས་ཆ་ནས་གོང་དུ་བཀུར་རོ།།
མེ་ཏོག་དཀར་ཆུང་ལགས། ཁྱེད་སྤྲུལ་སྐུ་ལ་མི་མོས་པ་མིན་ན། ཁྱེད་ལ་མཁོ་བའི་སྤྲུལ་སྐུ་དེ་ག་འདྲ་ཞིག་རེད། དེང་དུས་ང་ཚོའི་སྤྱི་ཚོགས་སུ་དེ་འདྲ་འདུག་གམ།
བྱི་ལས་ཙིག་ཙིག་ངང་ང་ལ་མཁོ་བའི་སྤྲུལ་སྐུ་ཞིག་སྤྲོད་ཐུབ་ན། སྤྲུལ་སྐུའི་མིང་མེད་ཀྱང་གཞན་དོན་ལ་བརྩོན་ཞིང་དད་ལྡན་མཐོ་རིས་དང་ཐར་པར་ཁྲིད་ཐུབ་མཁན་དེ་འདྲ་དགོས། དཔེར་ན་༧འཇིགས་མེད་ཕུན་ཚོགས། ཡེ་ཤུའི་ཨ་མ་ཊེ་རེ་ས། དེ་བཞིན་དུ་མིང་དུ་མ་སྨོས་པ་དུ་མ་ཞིག་ཡོད། འོ་དེ་འདྲ་རེད།
ང་ཚོ་ལ་མི་མཁོ་བ་ནི་སྤྲུལ་གོག་ཚོ་ཡིན་པ་ལས་སྤྲུལ་སྐུ་ཐམས་ཅད་མིན་པས་སྐུར་པ་འདེབས་པའི་ཉེས་པ་མེད་དོ། །
ཡ་་་་་་་་་་་་་ད་ཡང་ཁྱོད་ཚོས་སྤྲུལ་སྐུས་མ་བྱས་མ་འགྲིག་ཤ་སྟག་བརྗོད་འདུག་་་་་་་་་་་་་དེ་འདྲ་རང་ད་ཨེ་ཡིན་ན་་་་་་་་་་་་་་་ཡག་པོ་བསམ་བློ་ཐོང་་་་་་་་་་་སྤྲུལ་སྐུ་རྒྱུ་ཡོད་ན་ཁྱོད་ཚོ་མི་དགའ་་་་་་་་་་་་་་་སྤྲུལ་སྐུ་སྐྱེ་བ་མཐོ་ན་ནི་ཁྱོད་ཚོས་ཕྲག་དོག་བྱས་་་་་་་་་་་་་་་་་སྤྲུལ་སྐུ་ལ་འཇོན་ཐང་ཡོད་ན་ཁྱོད་ཚོས་་་་་་་་་་་་་་་་རྫུན་མ་ཟེར་་་་་་་་་་་་་་་ད་ཡིན་ན་ངས་བལྟས་ན་་་་་་་་་་་་་སྤྲུལ་སྐུ་ནི་རིགས་ལ་གཟིགས་ནས་ཕྱུག་པོའི་རིགས་དང་།་་་་་་་་་་་་་་་་འཁོར་ལ་གཟིགས་ནས་འབྱོར་ལྡན་གྱི་འཁོར་སོགས་བསམ་བཞིན་དུ་སྐྱེ་བ་བླངས་པ་ལས་་་་་་་་་་་་་་་་་ཁྱོད་ཚོས་བཤད་པ་ལྟར་ག་ལ་བདེན།
སྤྲུལ་པའི་སྐུ།
སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །
སྤྲུལ་པའི་སྐུ་ཡིས་བྱིན་གྱིས་རློབས། །
སྤྲུལ་པའི་སྐུ་ཡིས་དམ་ཆོས་སྩོལད། །
སྤྲུལ་པའི་སྐུ་ཡིས་དངོས་གྲུབ་སྩོལད། །
སྤྲུལ་པའི་སྐུ་ཡིས་བར་ཆད་སོལད། །
༦༢ ངའི་དྲྭ་གྲོགས་ཀྱིས་ཚིགས་བཅད་ཚིག་དོན་གཉིས་ཀ་ལེགས་པ་ཞིག་བྲིས་པ་སྣང་བ་སྤྲོ།
ཤོག སྤྲུག་གོག་དང་སྐྱག་སྤྲུལ་མཐར་སྐྲོད་གཏོང་།
སྤྲུལ་གོག་མིན་ཏེ། ལོ་ཆུང་ཟིལད་པ་འཕྲུལ་འཕྲུལ་ཡོད་པའི་ཕྱིར། སྐྱག་སྤྲུལ་མེད་དེ། སྤྲུལ་སྐུ་དངོས་གནས་ཡིན་ན། ཚུལ་ཁྲིམས་ཀྱི་དྲི་མ་དངར་སིང་ངེ་ཡོད་པས་ཁྱབ་པའི་ཕྱིར། མེ་དཀར་ལགས་ཀྱི་ཆེད་དུ་བྲིས་པའོ། །
ཀ་དག་འོག་མིའི་རྒྱལ་སར་ཟིན་གྱུར་ཀྱང་། །
ཁ་བའི་བསྟན་འགྲོའི་དོན་དུ་མ་བཟོད་པར། །
ག་ལེར་མི་ཡི་ཟོལ་གྱིས་ལེགས་བྱོན་པའི། །
ང་ཡི་སྐུ་ལོ་རྣམས་ལ་ཕྱག་འཚལ་ལོ། །
ཀ་དག་འོག་མིན་རྒྱལ་ས་མ་ཟིནད་ཀྱང་། །
ཁ་ཙམ་མིན་པའི་བསྟན་འགྲོའི་དོན་ཆེན་དུ། །
ག་ཝ་ག་སར་མི་ཡི་ཟོལ་བྱོན་པའི། །
ང་ཡི་སྤྲུལ་སྐུ་རྣམས་ལ་གུ་ཕྱག་འཚལ། །
ཅ་དག་བྱེད་པའི་ལྷ་སྲུང་ཁྱེད་ཅག་གིས། །
ཆ་བྱད་ལྕགས་ཀྱི་གློག་རྒྱུགས་ཐོགས་བྱས་ཏེ། །
ཇ་མ་འདྲ་བའི་གློའུ་རྒན་འདི་དག་མགོ། །
ཉ་མགོ་འདྲ་བའི་དུམ་བུར་ཐོངས་ལ་ཤོག །
ཅ་ཅོ་མེད་པའི་ལྷ་སྲུང་ཁྱེད་ཅག་གིས། །
ཆ་བྱད་ལྕགས་ཐོ་གློག་རྒྱུགས་གང་ཐོགས་ཀྱང་། །
ཇ་ཐང་ཚམ་གྱིས་ཚིམས་པའི་ལྷ་སྲུང་ཁྱེད། །
ཉ་མར་བརྟེན་པའི་སྤྲུལ་སྐུ་སྲུང་མཛོད་ཅིག །
ཏ་ཟིག་ཧོར་སོག་ཡུལ་གྲུ་དུ་མ་ཞིག །
ཐ་ཆད་དམག་གི་དཔུང་སྡེ་མ་དྲངས་ཀྱང་། །
ད་དུང་དུ་ཡང་བོད་ལ་སྙིང་ཉེ་བ། །
ན་རོ་བ་སོགས་སྐུ་ལོའི་བཀའ་དྲིན་རེད། །
ཏ་ཐྰ་ག་ཏའི་ཆོས་བཟང་མི་ཤེས་པའི། །
ཐ་ཆདཧོར་སོག་ཡུལ་གྲུ་དུ་མ་ལ། །
ད་ལྟའི་བར་དུ་ཕན་ཐོགས་ཡོད་ཚད་འདི། །
ན་ཚ་ཀུན་ཕན་དམ་ཆོས་སྤྲུལ་སྐུའི་དྲིན། །
མེ་དཀར་ལགས། གསུང་དེ་ཤིན་ཏུ་སྙན། འོ་ན་འཇིགས་མེད་ཕུན་ཚོགས་དང་ཡེ་ཤུའི་ཨ་མ་ཊེེ་རེ་ས་རྣམ་གཉིས་ཀྱིས་དད་ལྡན་རྣམས་མཐོ་རིས་དང་ཐར་པར་ཁྲིད་པའི་ཤེས་བྱེད་ཡོད་དམ། དེ་འདྲ་ཁྱེད་ལ་ཡོད་ན། ཁྱེད་ལ་མཁོ་བའི་སྤྲུལ་སྐུ་དེ་ཡང་འཚོལ་འདོད་ཡོད་དོ།
མེ་དཀར་ལགས་ལ། མཁན་པོ་འཇིགས་མེད་དང་། མོ་དར་ཊེ་་རེ་ས་སྟེ་སྤྲུལ་སྐུ་གཉིས་ཙམ་རྙེད་འདུག་ཀྱང་། བྱིས་ལ་ལགས་ལ་ད་དུང་སྤྲུལ་སྐུ་གཅིག་ཀྱང་རྙེད་མེད་པ་འདྲ། ཧཧཧ།
པ་ར་མི་ཏ་ལ་སོགས་གཞུང་ལུགས་དང་། །
ཕ་བོང་རྡོག་པོ་མཉམ་གཟིགས་སྐུ་ལོ་ཚོས། །
བ་སྤུ་བུད་བུད་བསགས་པའི་རྒྱུ་དངོས་པོ། །
མ་ལུས་དལ་བུས་འཕྲོག་ལ་གསོལ་བ་འདེབས། ། སྤྲོས་པས་ཆོག ལས་ཀར་འགྲོ་རན།
པ་མགོ་ཟེར་ནས་ཉེས་བཅོས་མི་གནང་ལ། །
ཕ་རྒན་ཡིན་ཡང་ལྷག་ཏུ་མི་དགྱེས་ཤིང་། །
ཝ་མོ་ལ་སོགས་མ་གྱུར་སེམས་ཅན་ལ། །
མ་ལྟར་བརྩེ་བའི་སྐུ་ལོར་ཕྱག་འཚལ་ལོ། །
པ་ར་མི་ཏ་ལ་སོགས་གཞུང་ལུགས་དང་། །
ཕ་བོང་ལྟ་བུའི་སྲ་འཁྲེགས་ངར་འཛིན་ཡང་། །
བ་སྤུའི་སྤུ་ལྟར་འཇམ་མཁས་སྤྲུལ་སྐུའི་ཚོགས། །
མ་ལུས་མ་ཆད་དད་དང་གུས་པས་བསྟོད། །
མེ་དཀར་ལགས། མཆནབརྒྱད་ཅུ་པར་གཟིགས་སམ། གྲོགས་བྱི་ལས་ཉན་ནས་བསྡད་ཡོད།
བྱི་ལ་ལགས།
མེ་དཀར་ལགས་ཀྱི་ཁ་ལྕེ་བདེ་ན་ཡང་། །
ག་ལ་ཐུག་དུས་ཁ་ཆུ་ཤོར་ཞོར་དང་། །
མགོ་བོར་ལག་པས་འཕྲུག་བཞིན་ཚིག་གཉིས་རེ། །
འེ་ཤོད་བལྟ་བར་རྒྱུགས་ནས་ཡོང་གི་རེད། །
ཙ་ཀོ་རྭ་ལྟར་གཤིས་ཀ་མི་རྩུབ་ཅིང་། །
ཚ་གི་ཚ་གི་གཏམ་ཡང་མི་སྨྲ་ལ། །
ཛ་རེ་ཛོ་རེ་བྱས་ཏེ་མི་ཞུགས་པར། །
ཝ་ལེར་འགྲོ་ལ་ཕན་མཛད་སྐུ་ལོ་རྒྱལ། །
༧འཇིགས་མེད་ཕུན་ཚོགས་ཀྱིས་སྙིང་གཏམ་སྤྲིན་གྱི་རོལ་མོས་ངའི་རྒྱུད་ལ་དད་པ་དང་སྙིང་རྗེ་ཏོག་ཙམ་སྐྱེད་བཅུག་སོང་། ཡེ་ཤུའི་ཨ་མ་དེས་གཞན་ཕན་གྱི་ལས་དངོས་སུ་ལག་བསྟར་བྱེད་པའི་མིག་ལྟོས་ཡིད་མགུལ་ཐེབས། སྤྱོད་འཇུག་ལས། སེམས་གསལ་གཅིག་བསྐྱེད་འབྲས་བུས་ཀྱང་། །ཚངས་ལ་སོགས་པ་ཡིན་པ་ལྟར། ། ཞེས་སོ།།
ངའི་ཚོད་དཔག་ལ་གཞན་ལའང་དེ་ལྟར་འབྱུང་ངེས་སྙམ། བྱི་ལའི་ལན་དུ་མདོར་ཙམ་མོ།།
ཞྭ་ལྟར་གོང་དུ་བཀུར་ཀྱང་ཕན་པ་མེད། །
ཟ་མ་རྒྱུ་དངོས་ཕུལ་ཡང་མགུ་དུས་མེད། །
འ་ཆད་བྱུང་དུས་ཁོང་ཅག་མཐོང་རྒྱུ་མེད། །
ཡ་མེད་སྤྲུལ་གོག་ཚོ་ལས་སྡུག་པ་མེད། །
ཁར་སྔོན་ཉིན་ཁ་ཤེས་ཤིག་གི་རིང་ལ། ལས་ཀའི་འབྲེལ་བའི་ཁ྄་ད་དྲ྄་བ་ཀློག་མ་ཐུབ་པས། དེ་རིང་ཀློག་སྐབས་སུ་དོམ་སྨྱོན་ཁྱེད་ཀྱི་རྩོམ་་ཡག་པོ་ཞིག་དྲིས་འདུག་པས་ཤིན་ཏུ་སྙན། འོནད་ཀྱང་ཟབ་གལ་ཆེ་ཨ་ཁུས་ཁྲིད་ན་ཁྱེད་རང་བཞག་ས་སྐྱིད་པོ་ཞིག་མི་བཞག་ཐག་གཅོད་རེད། སྤྱིར་གཏང་ཨ་ཁུ་དེ་སྡུག་ཅག་ཀྱང་རེད་ལ། ཡིན་ན་ཡང་ལབ་མ་ཤེས་པ་གཅིག་ཡིན་སྐད་རེད། ཁོ་མི་མིན་ཡང་དྲང་པོ་ཞིག་ཡོདསྐད་་གདའ།
ར་ཕག་བྱ་ཤའི་མདུན་ན་མཛུམ་མུལ་ལེ། །
ལ་རྒྱ་དམ་ཚིག་མདུན་ན་ནག་མཐིང་ངེ་། །
ཤ་ཚ་སྙིང་རྗེ་ཟེར་དུས་སྐྱ་ཕལ་ལེ། །
ས་སྟེང་ངན་དགུའི་འབྱུང་གནས་སྤྲུལ་གོག་གེ །
སྤྲུལ་གོག་ཟེར་བཞིན་གོག་པོའི་སྐུ་ལ་སྒུར་སྒུར་ལུས་ཀྱིས་ཕྱག་གསུམ་འཚོལ། །
དད་པ་མེད་ཀྱང་དང་བའི་སྒོ་ནས་ཅི་བསྒོས་བཀའ་གསུང་དང་དུ་ལོངས།།
རིན་ཐང་ཆུང་ཡང་རིན་པོ་ཆེ་ཞེས་དུས་ནམ་ཡིན་ཡང་་གཙུག་ཏུ་བཀུར།།
མི་འདོད་ནའང་མི་ཚེ་འདི་ལ་མགོ་ཐོག་བབས་པའི་ཚེ་ཁྲལ་རེད།།
ཀ་ཁ་ག་ང་སྦྱོང་དུས་རྔུལ་ནག་དོན། །
ཁ་ལ་ཟ་བཏུང་རག་དུས་མཛུམ་མདངས་ཕྱུར། །
ག་ལེར་བལྟ་དུས་སྤྲུལ་གོག་དེ་ཚོ་ལས། །
ང་ནི་ཁྱད་ཆོས་གསུམ་གྱིས་ཁྱད་པར་འཕགས། །
ཡེ་ཤུའི་ཨ་མ་ལ་དད་པའི་གྲོགས་མཆོག་མེ་དཀར་ཁྱེད། ཡེ་ཤུའི་ཨ་མས་ཐར་པར་དྲང་རྒྱུའིཡིད་ཆེས་ཡོད་དམ། མེ་དཀར་ལགས།
ཀ་ཁ་ག་ང་ངོ་མི་ཤེས།།
བཀའ་འགྱུར་བསྟན་འགྱུར་ཤ་ར་ཤ་ར།།
རྒྱུད་ལུང་མན་ངག་དོན་མ་རྟོགས།།
བུམ་ཆུ་ཁྲུས་ཆུ་ན་ར་ར།།
ཨོམ་ཨོམ་འུམ་འུམ། བྱི་ལའི་མི་ཡ་གཅིག་དེ་མྱུར་དྲག་ཏེ་”མཐོ་རིས་”ཞེས་པའི་ཡིག་འབྲུ་གཉིས་པོ་གསལ་པོར་མཐོང་བར་གྱུར་ཅིག
ཡང་ཕྱོགས་གཅིག་ནས་ཁྱོད་ཚོའི་དག་སྣང་ཟེར་བའི་རྟུག་པ་གསེར་དུ་བསྒོམ་པའི་རིམ་པ་དེ་ཡང་ཝལ་ཝལ་དུ་དྲན་པར་གྱུར་ཅིག
ཅ་ལག་མཐོང་ཚད་ཡོད་ཚད་རང་ལ་དགོས། །
ཆ་མེད་གཞན་ལ་ཆོག་ཤེས་དགོས་སོ་ཟེར། །
ཇ་ཞིག་བཏུང་བར་མི་ཁོམས་བྲེལ་བྲེལ་ངང་། །
ཉ་པ་རྒན་པོའི་ལམ་ཞུགས་སྤྲུལ་པའི་སྐུ། །
ཏཱ་མིང་འོག་ནས་མིང་རྟགས་བླངས་པ་སོགས། །
ཐ་ཆད་ལས་ངན་མང་པོ་བྱས་བྱས་ནས། །
ད་ལྟའི་བོད་པའི་གནས་སྟངས་འདི་བསྐྱལ་བས། །
ན་ཚོད་རྒས་ཀྱང་སྤྲུལ་སྐུར་འཐབ་ངེས་ཡིན། །
ཧ་ཅང་ཐལ་བའི་སྤྲུལ་རྫུན་སྤེལ་བ་འདིས། །
ཨ་ཕ་ཨ་མ་ཚང་མ་སྤྲུལ་སྐུར་བཟོས། །
ཨ་ཙི་ལས་འབྲས་མེད་པའི་བླ་གཟུགས་ཚོ། །
ཨ་ཕྱི་རྒན་མོ་ང་ཡང་ཞེན་པ་ལོག །
པ་གོ་འདྲེ་ཡི་མིང་ཅན་ཟ་འདྲེ་དང་། །
ཕ་རོལ་སྡོད་མ་བཅུག་པའི་བྱི་ལ་གཉིས། །
བ་སྤུ་ཟིང་ཞིང་ཡལ་འདི་ངའི་གཟི་བརྗིད། །
མ་བཟོད་ཐག་རིང་བྲོས་པ་ལ་ཐང་མེད། །ཀུ་རེ་དང་བཅས།
ཧ་ལོའི་དུག་བཞིན་འཛེམས་འོས་ཀླད་མེད་འགས། །
ཨ་ཁུ་སྐུ་ལོའི་བཀའ་དྲིན་མ་ཚོར་བར། །
ཧ་གོ་ཡོད་མདོག་བྱས་ཏེ་སྡིག་པ་ལ། །
ཨ་བ་རྒད་པོས་སྙིང་ནས་དགོངས་དག་ཞུ། །
ཉེ་རིང་གང་དུ་ཞུགས་ཀྱང་མི་སྐྱོན་པར། །
སྐད་དང་ཡི་གེ་རིན་ཆེན་གསེར་ཐག་གིས། །
རང་རིགས་གཅིག་ཏུ་བསྡམས་པའི་བཀའ་དྲིན་ལས། །
ཁྱེད་ཚོར་མཇལ་བས་འདྲེ་ང་དགའ་བས་མྱོས། །
སུས་ཀྱང་མ་མཐོང་འདྲེ་རྒན་རྐང་ཐོ་ངའི། །
བདག་མེད་ཁ་དང་ལྕེ་ཡི་བར་གསེང་ནས། །
དོན་མེད་ཚིག་བཙོག་རེ་ཟུང་ཤོར་རིགས་ལ། །
མ་བཅོས་སེམས་ཀྱི་གཏིང་ནས་དགོངས་དག་ཞུ། །
དེང་སང་བླ་སྤྲུལ་རྫུན་མ་མང་དྲག་པས། །
བླ་སྤྲུལ་དག་མའི་རིན་ཐང་ཉམས་བཞིན་པར། །
བདེན་པའི་ལུང་རིག་ཟུང་གིས་འགོག་པ་ལ། །
བློ་དང་སྤོབས་པ་མཛོད་ཅིག་སྤུན་ཟླ་ཚོ། །
ཙ་ར་དཔྱད་ན་རྫུན་རྐུབ་རྡོལ་ངེས་དང་། །
ཚ་འདྲི་བྱེད་ན་རྔུལ་ངག་དོན་ངེས་ཞིང་། །
ཛ་ཡའི་བསྟན་པར་གནོད་པ་སྐྱེལ་ངེས་པའི། །
ཝ་སྐྱེས་སེང་པགས་ཅན་ཚོར་ཅི་ལ་དད། །
ཞྭ་མོའི་ཁ་མདོག་གང་ཡིན་ཁྱད་མེད་ཅིང་། །
ཟ་བྱེད་ཧམ་པ་དེ་བས་མི་མངའ་བའི། །
འ་ཅག་ཁ་བའི་སྐུ་ལོ་དག་མ་ཚོའི། །
ཡ་མཚན་བྱུང་རབས་མཛད་རྗེས་ངོ་མཚར་ཆེ། །
ར་ལོའི་ཡང་སྲིད་སྤྲུལ་སྐུ་མེད་དོན་ཅི། །
ལ་བ་དམར་པོས་སྤྲུལ་སྐུར་བཟོ་དོན་ཅི། །
ཤ་ཟ་ཆང་འཐུང་སྤྲུལ་སྐུར་འོས་དོན་ཅི། །
ས་མཐའི་མེ་དཀར་སྤྲུལ་སྐུར་བསྐུར་དོན་ཅི། །
ཧ་ཧ་ཀུ་རེ་ཡིན་ནོ་མེ་དཀར་ལགས། །
ཨ་ཛི་ཚིག་སྐྱག་ཐལ་སོང་དྲྭ་གྲོགས་ཚོར། །
མཁྱེན་ལྡན་ལྷ་རྫས་དཀར་པོ་ལགས་ཀྱི་སྙན་དབང་དུ། གྲོགས་བྱི་ལས་ཞུ་སྙིང་། ངས་མཐོ་རིས་ཞེས་པའི་ཡིག་འབྲུ་གཉིས་པོ་མ་མཐོང་བ་མིན་མོད་ཀྱང་། ཁྱེད་རྒྱུ་མཚན་ཤེས་ནས་དད་པ་བྱེད་མཁན་ལས། རྨོངས་དད་ཀྱིས་ རྟུག་པ་གསེར་དུ་སྒོམ་མཁན་ཞིག་མིན་ཚོད་ཁས་ཆེས་པའི་སྒོ་ནས། ཁྱེད་ལ་མཁོ་བའི་སྤྲུལ་སྐུ་ཞིག་སྤྲོད་ཐུབ་ཀྱི་ཡོང་ན། དད་ལྡན་མཐོ་རིས་དང་ཐར་པར་ཁྲིད་ཐུབ་མཁན་དེ་འདྲ་དགོས། དཔེར་ན་ཞེས་ ཡེ་ཤུའི་ཨ་མ་ཡང་དད་ལྡན་མཐོ་རིས་དང་ཐར་པར་འཁྲིད་ཐུབ་མཁན་གྱི་དཔེར་བཀོད་འདུགསྟབས། ཡེ་ཤུའི་ཨ་མར་དད་པའི་མེ་དཀར་ཁྱེད་ཡེ་ཤུའི་ཨ་མས་ཐར་པར་དྲང་རྒྱུའི་ཡིད་ཆེས་དམ་ཞེས་འདྲི་དོན་དེ་ལྟར་ཡིན་ལ། གལ་སྲིད་ཡེ་ཤུའི་ཨ་མས་ཁྱེད་ཐར་པར་འདྲེན་ཐུབ་ཀྱི་ཡོད་ན། མཐོ་རིས་སུ་སྨོས་མེད་ཡིན་སྟབས། མཐོ་རིས་སུ་འདྲེན་ཐུབ་མིན་དྲི་མི་དགོས་པས། མཐོ་རིས་སུ་ཞེས་པའི་ཡིག་འབྲུ་གཉིས་པོ་མ་བཀོད་པ་ཡིན་པས། དེར་མ་འགྲིགས་པ་འདུག་གམ། འདུག་ན་སྐྱོན་སྟོན་ཅིག དེེ་འདྲ་མི་འདུག་ན། རྩ་བའི་དྲི་བ་ ཡེ་ཤུའི་ཨ་མར་དད་པའི་ མེ་དཀར་ཁྱེད་ ཡེ་ཤུའི་ཨ་མས་ཐར་པར་དྲང་རྒྱུའི་ཡིད་ཆེས་ཡོད་མེད་ལན་གནང་ཆེ་ཞུའོ།
གང་ཤེས། བྱི་ལའི་སྐད་བྱི་ལའི་སྐད་རང་རེད། བརྡ་འཕྲོད་ཐུབ་མ་སོང་།
མེ་ཏོག་ནི་མེ་ཏོག་རང་རེད་་་མི་སྐད་གོ་གི་མེད་པ་འདྲ་་་་ཨ་ཁུ་བྱི་ལི་ཚང་གི་སྐད་ཆ་རྡོག་རྡོག་པོ་དེ་་་་མཐོ་རིས་ཞེས་ངོས་སུ་མ་བཀོད་ཀྱང་ཐར་བ་ཟེར་ནས་བྲིས་ཡོད་པས་འདིས་མ་འགྲིག་པ་ག་རེ་འདུག་ཟེར་བ་རེད་་་་གཞན་ཡང་འོག་ན་་་མེ་དཀར་ཁྱེད་ལ་ཡེ་ཤུའི་ཨ་མ་ལོ་ལོན་དེས་ཐར་བའམ་མཐོ་རིས་སུ་འདྲེན་པའི་ཡིད་ཆེས་ཡོད་མེད་ཀྱི་ལན་ཁུར་ཤོག་གསུངས་འདུག་ག
མཐོ་རིས་འདྲེན་ཐུབ་མཁན་ཀྱིས་ཐར་པར་འདྲེན་ནུས་པའི་ཁྱབ་པ་དངོས་ཤུགས་བརྒྱུད་གསུམ་ནས་མ་བཤད་ལ་ཁས་ཀྱང་མི་ལེན། ལར་བྱི་ལའི་ལུགས་ཀྱི་ལི་ལིའི་རྟུག་པ་གསེར་དུ་བསྒོམ་པའི་མན་ངག་ལྟར་བྱས་ན་ཨི་ཤུ་ཨ་མས་ཐར་པར་འདྲེན་མི་ནུས་པ་བཤད་དཀའ་སྙམ།
སྤྱིར་བཏང་འདྲེ་སྐད་དང་བྱི་སྐད་གོ་ཁག་ཙམ་སྣང་། དེས་ན་འདྲེས་ཐར་བ་ཟེར་བ་དེ་ཐར་པ་ཡིན་ཤག་བྱས་ཏེ་ལན་བྲིས་པ་ཡིན།
ཕཊ། འདྲེ་ལོངས་ཤོག
འདྲེ་རྒན་ང་ནི་རྐང་ཐོ་ཡིན་ཡང་གློག་གི་འཕྲུལ་ལས་མྱུལ་བ་ཡིན། །
འདྲེ་རྐང་ང་ཡང་ཤ་ཁྲག་རུས་གསུམ་བཀྲུས་ན་མ་དག་བོད་མིའི་ཡིན། །
འདྲེ་ཡི་ལུས་ལ་བོད་མི་ཞིག་གི་རྣམ་ཤེས་འཁོར་བའི་དཔའ་རྒོད་ཡིན། །
འདྲེ་མི་གང་ཡིན་ཤོད་ཚོད་དཀའ་བའི་མེ་དཀར་ཕཊ་ལ་སྐྲག་དོན་ཅི། །
མེ་དཀ་ལགས། བྱི་ལ་ངས་ཐར་པར་འདྲེན་ནུས་ན། མཐོ་རིས་སུ་སྨོས་མེད་ཡིན་སྟབས་ཞེས། ཐར་པར་འདྲེན་ནུས་ན། མཐོ་རིས་སུ་འདྲེན་ནུས་པའི་ཁྱབ་པ་བཀོད་པ་ལས། མཐོ་་རིས་སུ་འདྲེན་ནུས་ན། ཐར་པར་འདྲེན་ནུས་ཀྱི་ཁྱབ་པ་རང་གིས་ཀྱང་ཁས་མ་བླངས་ལ། ཁྱེད་ལའང་ཁྱབ་བམ་ཅེས་མ་དྲིས་པས། ཁྱེད་ཀྱིས་མཐོ་རིས་སུ་འདྲེནནུས་ན། ཐར་པར་འདྲེན་ནུས་པས་མ་ཁྱབ་ཅེས་སུ་ལ་ལན་འདེབས་ཀྱི་ཡོད། ཧཧཧ དངོས་གནས་སྟོན་མཇུག་གི་མེ་ཏོག་རང་རེད།
མེ་དཀར་ལགས། ཁྱེད་ལ་རིག་ལམ་གྱི་འགྲོས་དེ་འདྲཙམ་ལས་མེད་པ་ཡིན་ན། རྟགས་དང་ཐལ་འགྱུར་
གྱི་རྣོ་མཚོན་ལ་ལོངས་སྤྱོད་པའི་ན་ཚོད་སྨིན་མི་འདུག་པས། གནས་སྐབས་བྱིས་སརབསྡད་ན་འཚམས་པར་སེམས།
སྐྱེ་བ་ཕྱི་མ་ལེན་ན། ཡང་སྲིད་ཡིན་པའི་ཁྱབ་བམ། ཡང་སྲིད་ལེན་ན་སྤྲུལ་སྐུ་ཡིན་པའི་ཁྱབ་བམ། ཡང་ན། སྤྲུལ་མེད་ཅེས་པའི་སྤྲུལ་སྐུའི་དོན་ནམ་ངོབའམ། སྤྲུལ་མཚན་ཉིད་སུས་གསུངས་ཐུབ་བམ། ལགས།
རིག་ལམ་གྱི་བགྲོས་མེད་པ་བདེན་མོད། རིགས་ལམ་གྱི་བགྲོས་ལ་སེངྒེ་མཇིང་བསྣོལ་ཡིན། ཨ་སྡུག་བྱི་ལ་ལ་སྟ་གྲི་འཕྱར་བས་ཅི་བྱ།
ཡ་འདྲེ་ལགས། ད་ནམ་ཟླའི་བབ་ལ་བལྟས་ན། མེ་ཏོག་དཀར་པོ་སདཚར་བ་མིན་ནམ།
འདྲེ་དང་བྱི་ལ་ཁ་ཡ་བྱས་པས་དུས་ཚོད་ཆུད་ཟོས་སུ་འགྲོ་བཞིན་འདུག་པས་ད་ཁ་ཡ་མི་བྱེད་ཨ།
འོ་གྲོགས་པོ་མེ་དཀར་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་རིག་པ་སྨྲ་བ་པོ་ཞིག་ཡིནབཟང་གི་ཡ། འོ་ན་ཡེ་ཤུའི་ཨ་མ་ཆོས་ཅན། ཁྱོད་ལ་ཤིན་ཏུ་དད་པའི་མེ་དཀར་ཁྱོད་ཀྱིས་མཐོ་རིས་དང་ཐར་པར་འདྲེན་ནུས་པར་ཐལ། ཁྱོད་དད་ལྡན་རྣམས་མཐོ་རིས་དངཐར་པར་འདྲེན་ནུས་ཅན་གྱི་མུ་ཡིན་པའི་ཕྱིར། རྟགས་མཆན་ཨང་དྲུག་ཅུས་ཁས། ཁྱབ་པ་ཁྱོད་ཀྱིས་དད་ལྡན་རྣམས་མཐོ་རིས་དང་ཐར་པར་འདྲེན་ནུས་ན། ཁྱོད་ལ་དད་པ་ཆེ་བའི་མེ་དཀརཡང་ཁྱོད་ཀྱིས་མཐོ་རིས་དང་ཐར་པར་འདྲེན་ནུས་པས་ཁྱབ་པའི་ཕྱིར། མེ་དཀར་ལན་རྒྱོབ།ཅིག
ཁྱོད་ཀྱི་རིགས་པའི་བགྲོས་དེ་དངོས་གནས་ཁྱད་མཚར་འདུག ལན་རྒྱབ་ཐུབ་པ་མིན་འདུག ས་པཎ་ངུ་དགོས་པའི་རིགས་པ་རེད་འདུག
ཡ་མེ་ཏོག་དཀར་པོ། ཁྱོད་འཇིག་རྟེན་འདིར་གསོན་པོར་བསྡད་ཡོད་ན། གཏམ་ལན་པོ་མེད་ན་ལྐུག་པ་ཡིན། ཟས་ལན་པོ་མེད་ན་གཤིན་པོ་ཡི། ་ཟེར་བའི་གནའ་གཏམ་ཐོས;་མྱངས་སམ།
བྱི་ལའི་མནོག་ཆུང་གི་སྐད་་ཆ་ལ་ང་མེ་ཏོག་དཀར་པོས་ཡ་ལན་བྱེད་རྒྱུ་ཉོབ་ཡོང་གི ཁྱོད་རང་རང་གིས་བྲིས་པ་དག་ལ་ག་ལེར་ཞུ་དག་གཏོང་ཨེ་ཐུབ་ལྟོས།
བདག་པོ་མེད་པའི་ཁ་ཆུང་གྲུ་བཞི་ནས།། འགན་འཁུར་མེད་པའི་ཀླག་ཅོར་སྨྲས་པ་ལ།། ཟློག་ཏུ་མེད་པའི་ཐལ་བ་འཕངས་པ་དེས།། ངོ་ཚ་མེད་པའི་མེ་དཀར་་རྨས་མིན་ནམ།།
ཐལ་བ་འཕང་ཞེས་རྫིག་མདོག་བསྟན་ནའང་། །
ཐལ་བ་ཁོ་རའི་ཁ་ཞིག་མ་གྲགས་པར། །
ཐལ་བ་གང་ཡིན་གསལ་ཁ་མེད་པ་ཡི། །
ཐལ་འགམ་བྱི་ལར་ཡ་ལན་ངལ་བའི་རྒྱུ། །
ཐལ་བའི་རིག་པ་རྫིག་པོ་འཕངས་པའི་ཚེ། , ཐལ་དོན་་མགོ་བོ་འཁོར་བའི་མེ་དཀར་གྱི། ཐལ་མདོག་གདོང་ལ་ངུ་རིས་དོད་ཚོད་ཕྱིར། ཐལ་དོན་སླར་ཡང་བརྩད་བྱའི་གནས་མ་མཐོང་།
ཀ་ཁའི་ང་རོར་རྨོངས་པའི་བྱིས་པ་ཁྱེད། ཁ་འདོན་བརྗེད་ཀྱང་ཁ་ཕོར་མ་བརྗེད་པས། ག་ས་གང་ནས་ཁྱེད་ལ་བསྟོད་པའི་དབྱངས། ང་ཚོའི་མི་རིགས་འདི་ལས་གཞན་གྱིས་མིན། ཅ་ཀའི་ནོར་འགར་ལག་གིས་རེག་པ་དང་། ཆ་མེད་མི་ལ་ངོ་འཛུམ་སྟོན་ཙམ་གྱིས། ཇ་སྐབས་ཙམ་རིང་སྦྱོང་པ་མ་སོང་ཡང་། ཉ་ཟླ་བཞིན་ཏུ་འཕགས་འདི་ངོ་མཚར་གནས། ཏ་ཐའི་གསུང་རབ་ཀློག་ལ་ཆེས་རྨོངས་ཡང་། ཐ་མལ་འགྲོ་བའི་འདྲེན་པ་ཁྱེད་ཉིད་ཅེས། ད་ལྟ་ཙམ་མིན་སྔ་མོའི་དུས་ཉིད་ནས། ན་རོ་བཞིན་ཏུ་གོང་ན་ཀུན་གྱིས་བཀུར། པ་ལོའི་ར་རྩ་དཀར་བའི་རྒས་འཁོག་འགའི། ཕ་མྱེས་མེས་པོའི་ཕ་ནོར་ཡུལ་ཞིང་དང་། བ་ཕྱུག་ཙམ་ཡང་ལྷག་མེད་བསགས་པའི་ནོར། མ་ལུས་ཁྱེད་ཀྱི་ལོངས་སྤྱོད་ཅི་ཕྱིར་ཡིན། ཙ་ཙིག་ལས་ལ་མགོ་བོ་མི་འཁོར་ཞིང་། ཚ་གྲང་བཀྲེས་ལྟོགས་དཀའ་ངལ་མི་སེམས་པར། ཛ་ཡི་རྒྱལ་བསྟན་སྙིང་པོ་ལུང་རྟོགས་བསྟན། ཝ་ལེར་གསལ་བའི་སྦྱོང་པ་མི་དགོས་གང་། ཞྭ་ཞྭ་གོས་གནས་མལ་འཚོལ་བསྒྲུབ་མི་དགོས་པར། ཟ་གོས་གང་བཟང་བག་མེད་ལོངས་སྤྱདཀྱང་། འ་ཅག་འགྲོ་བ་འདི་ཚང་སྣང་ངོ་རུ། ཡ་མཚན་མེད་འདི་ཁྱེད་ཀྱིས་རྟོགས་ལགས་སམ། རྭ་ཅན་དུད་འགྲོའི་བླ་ཡིད་སེམས་གསུམ་དག ལ་བཟླས་དག་ཞིང་སྤར་བའི་ངང་ཚུལ་གྱིས། ཤ་ཁྲག་རུས་གསུམ་ཟས་ལ་དད་པ་འདིས ས་ཐོབ་སེམས་དཔའི་རྣམ་པ་ཇི་ལྟར་མཚོན། ཧ་ཀྱང་ཐལ་བའི་ཚིག་གི་མཚོན་སོང་ན། ཨ་རོགས་ཁམས་པས་ཨ་མའི་བུ་ཁྱེད་ལ། ཧ་ཧ་ཧེ་ཧེའི་རྣམ་འགྱུར་མ་ཡིན་པར། ཨ་ཁ་ཁ་ཞེས་ཨ་ཕོས་དགོངས་གསོལ་ཞུ།
ཀ་ཁའི་ང་རོར་རྨོངས་པའི་བྱིས་པ་ཁྱེད། ཁ་འདོན་བརྗེད་ཀྱང་ཁ་ཕོར་མ་བརྗེད་པས། ག་ས་གང་ནས་ཁྱེད་ལ་བསྟོད་པའི་དབྱངས། ང་ཚོའི་མི་རིགས་འདི་ལས་གཞན་གྱིས་མིན། ཅ་ཀའི་ནོར་འགར་ལག་གིས་རེག་པ་དང་། ཆ་མེད་མི་ལ་ངོ་འཛུམ་སྟོན་ཙམ་གྱིས། ཇ་སྐབས་ཙམ་རིང་སྦྱོང་པ་མ་སོང་ཡང་། ཉ་ཟླ་བཞིན་ཏུ་འཕགས་འདི་ངོ་མཚར་གནས། ཏ་ཐའི་གསུང་རབ་ཀློག་ལ་ཆེས་རྨོངས་ཡང་། ཐ་མལ་འགྲོ་བའི་འདྲེན་པ་ཁྱེད་ཉིད་ཅེས། ད་ལྟ་ཙམ་མིན་སྔ་མོའི་དུས་ཉིད་ནས། ན་རོ་བཞིན་ཏུ་གོང་ན་ཀུན་གྱིས་བཀུར། པ་ལོའི་ར་རྩ་དཀར་བའི་རྒས་འཁོག་འགའི། ཕ་མྱེས་མེས་པོའི་ཕ་ནོར་ཡུལ་ཞིང་དང་། བ་ཕྱུག་ཙམ་ཡང་ལྷག་མེད་བསགས་པའི་ནོར། མ་ལུས་ཁྱེད་ཀྱི་ལོངས་སྤྱོད་ཅི་ཕྱིར་ཡིན། ཙ་ཙིག་ལས་ལ་མགོ་བོ་མི་འཁོར་ཞིང་། ཚ་གྲང་བཀྲེས་ལྟོགས་དཀའ་ངལ་མི་སེམས་པར། ཛ་ཡི་རྒྱལ་བསྟན་སྙིང་པོ་ལུང་རྟོགས་བསྟན། ཝ་ལེར་གསལ་བའི་སྦྱོང་པ་མི་དགོས་གང་། ཞྭ་་གོས་གནས་མལ་འཚོལ་བསྒྲུབ་མི་དགོས་པར། ཟ་གོས་གང་བཟང་བག་མེད་ལོངས་སྤྱདཀྱང་། འ་ཅག་འགྲོ་བ་འདི་ཚང་སྣང་ངོ་རུ། ཡ་མཚན་མེད་འདི་ཁྱེད་ཀྱིས་རྟོགས་ལགས་སམ། རྭ་ཅན་དུད་འགྲོའི་བླ་ཡིད་སེམས་གསུམ་དག ལ་བཟླས་དག་ཞིང་སྤར་བའི་ངང་ཚུལ་གྱིས། ཤ་ཁྲག་རུས་གསུམ་ཟས་ལ་དད་པ་འདིས ས་ཐོབ་སེམས་དཔའི་རྣམ་པ་ཇི་ལྟར་མཚོན། ཧ་ཀྱང་ཐལ་བའི་ཚིག་གི་མཚོན་སོང་ན། ཨ་རོགས་ཁམས་པས་ཨ་མའི་བུ་ཁྱེད་ལ། ཧ་ཧ་ཧེ་ཧེའི་རྣམ་འགྱུར་མ་ཡིན་པར། ཨ་ཁ་ཁ་ཞེས་ཨ་ཕོས་དགོངས་གསོལ་ཞུ།
དྲྭ་བདག་ལགས། གོང་གི་ཀ་རྩོམ་དེའི་ཁ་བྱང་ལ། སྤྲུལ་སྐུའི་ཁྱད་ཆོས་དངོས་གླེང་མ། ཞེས་འགོད་ནས་སྙན་ངག་གྲས་སུ་དགོད་གནང་ཡོང་བ་ཞུ།
ཨ་རོགས་ཁམས་པས་ལེགས་པར་བྲིས་འདུག
སྒྱུར་བཅོས་དང་ཞུ་དག་ཅུང་གནང་གལ་མཐོང་།
དོལ་པོ་ལགས་བྱ་བ་དེ་ཁྱེད་ཀྱིས་སྒྲུབ་དང་འགྲིག་ག ག་རེ་བསྒྱུར་འདུག་དང་ག་རེ་བཅོས་འདུག་ལྟ་ཆོག
དོལ་སྨྱོན་ལགས། དང་པོ་རང་རྩོམ་དེ་བཅོས། དེ་ནས་གཞན་རྩོམ་ལ་གཟིག་དང་།
ཨ་རོགས་ཁམས་པའི་གཤིས་ཀ་དེ་ལྷང་ལ་བུད་འདུག ཚིག་མཐོ་དམན་ཞིག་གྲི་མགོ་འཕུར་འཕུར། ཀུ་རེ ཡིན། དོན་ནི་དོལ་སྨྱོན་གྱིས་ཁྱོད་ལ་བསྟིང་ཚིག་མིན་པར་ངོ་མ་དག་ཆ་སོགས་བཅོས་ན་ལེགས་པའི་བསམ་འཆར་ཙམ་བཤད་པར་འདོད། གཟིག་གཟིགས་ལ་བཅོས་དགོས་པ་སོགས་དངོས་གནས་ཞུ་དག་ཅིག་དགོས་པར་སྣང་།
མེ་དཀར་ང་རྒྱལ་སྐྱག་ཁུང་ནས་འབར་ཞིང་། །
བླུན་གཏམ་རླིག་པ་ཀེག་སེ་ལངས་ན་ཡང་། །
རིག་པས་ཕྱོགས་མཐར་སྐོར་བའི་འདྲེ་རྒན་ངའི། །
རྐང་སོར་མཛེས་མའི་སྟུག་ཙམ་ཅི་ལ་མཐོང་། །
བྱི་ལའི་མཚན་ལ་རྣམ་དཔྱོད་གདོང་ལྔ་པ། །
འདྲེ་ཡི་ལུས་ལ་ལྷ་ཡི་རྣམ་ཤེས་ཅན། །
ཁྱེད་གཉིས་ཐུགས་དང་འགལ་བ་ཅི་མཆིས་པ། །
མེ་ཏོག་དཀར་པོས་དགོངས་དག་ཐུགས་བདེན་ཞུ། །
མེ་དཀར་གྱི་མཆན་བུ་༡༣༤པ་ལ་རྗེས་སུ་ཡི་རང་ཡོད་ལགས།