རྫོགས་ཆེན་སྤྲུལ་སྐུ་པད་མ་སྐལ་བཟང་།
གཤིས་བཟང་སྤྱོད་པས་ཡ་རབས་མགྲོན་དུ་འགུགས། །
ཕུན་ཚོགས་གྲགས་སྙན་དབྱར་གྱི་རྔ་ལ་འགྲན། །
མེས་པོའི་སྲོལ་བཟང་དྲ་མའི་ཕྱག་རྗེས་ཀྱིས ། །
གངས་རི་དཀར་པོའི་དབུ་རྣ་དགུང་དུ་བསྟོད། །
སྣ་ཚོགས་ཤེས་བྱའི་རྒྱུ་སྐར་བགྲང་ཡས་ཀྱང་། །
རྣམ་དཔྱོད་ཉིན་མོར་བྱེད་པས་དབང་བྱས་ཏེ། །
ཇི་སྙེད་ལེགས་པའི་དཔལ་ཀུན་སྡུད་གྱུར་ན། །
དེ་ཚེ་འདོད་དགུའི་བསམ་དོན་ངང་གིས་འགྲུབ། །
ཧ་ཅང་དོག་པོའི་བློ་མིག་འཇུར་བུའི་འཕྲང་། །
ངལ་བའི་རྐང་རྗེས་དང་འགྲོག་འཁུན་པའི་སྒྲས། །
སུན་པ་སྤངས་ལ་གུ་ཡངས་བློ་རྒྱའི་ཐང་། །
རིང་པོའི་གཟིགས་རྒྱང་བསྟེན་ན་ལྷག་པར་བདེ། །
སྟོང་གཏམ་ལ་རྒྱའི་ཁ་ཕོ་མི་ཆེ་ཞིང་། །
གཞན་མཚང་བཟློ་བའི་བཞད་གད་མི་སློང་ཡང་། །
ལྷག་བསམ་རང་མདངས་དཀར་པོའི་དྲི་བྲལ་གཤིས། །
མ་བཅོས་གངས་རིའི་གྲོགས་ལ་འཕྲིན་དུ་ཕུལ། །
ཚིག་ཉུང་དོན་ཟབ་སྙན་ཚིག་མགྲིན་དབྱངས་འདི།།
མིག་ཡིད་རྣ་བའི་མགྲོན་དུ་བྱོན་པའི་གྱུར་པས།།
གང་གི་མཁྱེན་པའི་གྲོགས་དང་མགོན་སྐྱབས་སུ།།
ངག་གི་ལྷ་མོ་བྱོན་པ་ཡིན་ནམ་ཅི།།
ངས་ནི་ཅི་ཡང་གོ་མ་ཐལ།
ཚང་མ་འགོད་ན་ཡག་པོ་རེད། མགོ་མཇུག་མེད་པའི་བར་བཅད་བྱས་ནས་འགོད་དགོས་པ་གང་ཡིན་ནམ། ཞུ་འདོད་པ་དེ་རྫོགས་ཆེན་སྐལ་བཟང་ཟེར་བའི་ཧོབ་རྐྱལ་དེས་ཁོ་རང་གི་ཚ་བོ་རྫོགས་ཆེན་རིན་པོ་ཆེའི་སྤྲུལ་སྐུ་ལ་བཟོས་པ་དེ་ངོ་ཚ་མེད་པའི་གས་ཀ་རེད། དེ་ནས་ལ་རྒྱ་ཡོད་འདོགས་དང་ཆོས་པ་ཡིན་ཁུལ་བྱས་ཙང་རྣམ་པ་གང་སྟོན་ཡང་སྐྱུར་ཁ་བ་ཞིག་མི་འདུག་གམ།
སྐལ་བཟང་སྐལ་བ་ངན་སོང་།
ཚ་བོ་དགྲ་རུ་ལང་སོང་།
བྱ་ལག་བྱིས་རྐང་ཆག་སོང་།
མཛད་འཕྲིན་མགོ་གཏིང་ལོགས་སོང་།
དང་པོ་ཚ་བོ་ཀོང་སྤྲུལ་ཉིད་དུ་བསྒྲགས།།
གཉིས་པ་ཨ་འཛོམས་རྒྱལ་སྲའི་ཁྲི་ལ་བཀོད།།
གསུམ་པ་མ་ཎི་བླ་མའི་མིང་བྱང་བླང་།།
དེ་རྗེས་རྫོགས་སྤྲུལ་བདུན་པའི་མིང་ཐོབ་བརྩད།།
ཀྱེ་མ་དུས་ཀྱིབསྟན་པའི་དགྲ།
ར་ཅོ་མེད་པའི་བདུད་རྒན་གྱིས།
རྒྱལ་བསྟན་མཐའ་རུ་གཏོར་བ་ཡིས།
ད་དུང་བསྟན་སྲིད་སྒྲོགས་ལ་ངོ་རེ་ཚ།
ཚ་བོ་གཉིས་པ་གཉིས་པ་གཡོ་ཐབས་ཀྱིས།
དགེ་མང་སྐུ་ཞོགས་མིང་བཏགས་ཀྱང་།
ཉེན་བརྡ་ངར་མར་ལག་མ་ཁེལ།
འོན་ཏང་མུ་རའི་སྡེ་བ་ཚོ་གཏོར།
མངོན་པར་བསྟོད་དོ།
བོད་མི་སྤྱི་ཡོངས་ལ་ཕན་ཐོག་ནུས་པའི་བསྟན་འཛིན་ཉུང་ཤས་ལས་ལྷག་མེད་པའི་དུས་འདིར།
ཕྱི་ནང་སྐྱེ་བོ་ཁྲི་འབུམ་མང་པོས་བླ་མ་རུ་བཀུར་བའི་སྐྱེས་ཆེན་དམ་པ་ཁོང་ལྟ་བུ་ལ།
གངས་སྤྲེལ་ཁྱེད་ཀྱིས་བསྟན་འཛིན་དུ་ཁས་འཆེ་བཞིན།
རང་འདོད་མ་འགྲུབ་པའི་བྱས་ཡུས་དང་ཡིན་རློམ་ཕྲག་དོག་གིས།
གཞི་མེད་སྒྲོ་བསྐུར་ཚབ་ཆེན་འདེབས་པ་ནི་ཆོས་སྲིད་དམ་པའི་ལུགས་དང་ཡོངས་སུ་འགལ་འདུག་པས། གལ་ཏེ་ཁྱོད་ལ་དཔྱོད་ཤེས་ཡོད་ན་མྱུར་དུ་མཐོལ་བཤགས་ལེགས་པར་མཛོད་ཅིག