བདག་མེད།
བོད་ཀྱི་སྤྲུལ་སྐུ་ཚོ་མཛེས་མའི་གཞང་ཁ་དང༌། ཕྱུག་པོའི་དངུལ་ཁུག་ཆེད་བྱོན་པའི་རྣམ་ཐར་འདིར་བསྒྱུར་བཅོས་ཤིག་ངེས་པར་དུ་བྱེད་དགོས་ལ། དེ་བཞིན་རང་ཉིད་བླ་ན་མེད་པའི་ལྷ་ཆེན་སུ་ཞིག་ཡིན་པའང་ཁུངས་སྐྱེལ་དང༌། ར་སྤྲོད་ཚན་རིག་དང་མཐུན་པ་ཞིག་ཧ་ཅང་གལ་ཆེན་དོན་ཆེན་ཞིག་ཏུ་ལྷག་ཡོད། ཡིན་ནའང་སྤྲུལ་སྐུ་ཚོས་སྤྲུལ་སྐུར་ཁུངས་བཅོལ་བ་དང་རྒྱབ་བརྟེན་པ་ནི། གཏན་ཚིགས་ལ་ཁ་ལོག་པར་ཕྱོགས་པ་དང་བྱིས་པ་ཆུང་ཆུང་ཞིག་གི་བྱ་སྤྱོད་རང་རེད། དེ་བས་ཀྱང་བློ་ཕམ་པ་ཞིག་ནི་བོད་ཀྱི་སྤྲུལ་སྐུ་ཚོན་པོ་དག་མཁས་བཙུན་བཟང་གསུམ་དང་ཁ་བྲལ་བ་མ་ཟད་ཤེས་རབ་ཅན་གྱི་སྐྱེས་བུ་ཚོ་ནམ་ཡང་དགྲར་འཛིན་དང་མིག་ལོག་ལྟ་བ། བྱིས་དུས་ནས་ཆེས་མཐོའི་བདག་དབང་གང་མང་ཞིག་ལྷན་སྐྱེས་དང༌། རང་བབ་ལྟ་བུར་སྒེར་འཛིན་དང་རྐུ་འཕྲོག་བྱེད་པ་སོགས་མང་གཙོའི་ལམ་སྲོལ་གྱི་བཀག་རྡོ་ཆེན་པོར་ཆགས་པ་དང། ཉམ་ཆུང་མི་སེར་ཚོར་དད་པ་ནམ་ཡང་མགོ་སྒུར་དགོས་པདམ་ཚིག་ནམ་དུ་ཡང་ཁས་ལེན་དགོས་པགི་རལ་གྲིའི་འོག་འདུ་ཤེས་དང་དངོས་པའི་སྟེང་གཉའ་གནོན་དང༌། བཤུ་བཞོག་རྒྱུན་མ་ཆད་པར་གཏོང་བཞིན་པའི་དཀའ་རྙོག་རིང་མོ་དེ་ཡིན། དེ་བས་ཀྱང་ཆེས་འཇིགས་སུ་རུང་བ་དང་ཡ་ང་བ་ནི་ཆེད་དུ་བླུན་རྨོངས་ཀྱི་སྤྱི་ཚོགས་ཤིག་གསོ་སྐྱོང་བྱེད་བཞིན་པའི་ཐབས་བྱུས་དེ་རེད།
སྤྲུལ་སྐུ་ཞེས་པ་དེ་སངས་རྒྱས་དང་བྱང་སེམས་ཀྱི་མཛད་པ་སྟོན་སྟངས་ཤིག་ཡིན་པར་བརྗོད་ཀྱིན ཡོད་རེད། ཨ་ཧ་ཧ། ཁྱོད་དེ་ལ་ཚོད་འཛིན་དང་དབང་བསྒྱུར་བྱེད་ཐུབ་མཁན་ཞིག་ཡིན་ནམ། ཁྱོད་སྣང་བ་སྐྱིད་པ་ལ།
གཟབ་གཟབ་གྱིས་མ་གཏོགས་ཁྱོད་ཀྱིས་སྤྲུལ་སྐུའི་ལམ་ལུགས་བསྒྱུར་བཅོས་མ་བཏང་གོང་ནས་སྤྲུལ་སྐུ་དང་དེ་ཚོའི་རྗེས་འབྲངས་ཚོས་ཁྱེད་རང་ཏག་ཏག་བཟོས་ཡོང༌།
ཁ་བརྡའི་གླེང་སྟེགས་སླེབས་པ་དང་ལས་མེད་མང་པོ་ཞིག་བྲེལ་བ་ཆགས་འདུག
པ་སངས་ལགས། དེ་ལེགས་པོ་མ་རེད་དམ།