ཨེ་མ་ཧོ།
ན་མོ་གུ་རུ་ནིརྨ་ཀ་ཡ་ཡེ།།
ཆོས་དབྱིངས་དགོངས་པའི་རྒྱལ་ས་ཕྱིན།།
ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་མཇལ།།
སྣ་ཚོགས་འགྲོ་འདུལ་སྤྲུལ་སྐུ་ལ།།
མི་ཕྱེད་དད་པས་གུས་ཕྱག་འཚལ།།
རྫོགས་སངས་རྒྱས་ཀྱིས་སྔོན་ལུང་བསྟན།།
བླ་མ་དམ་པས་དངོས་ཉམས་གཟིགས།།
ལྷན་སྐྱེས་ཐབས་ཤེས་མཉམ་དུ་འཁྲུངས།།
བཤད་སྒྲུབ་མཛད་པའི་སྤྲུལ་པའི་སྐུ།།
ཕ་མ་རྨོངས་པའི་གཞན་དབང་སོང་།།
རྫུན་མས་ཐོབ་དང་གོ་སའི་ཆེད།།
མི་ལུས་རིན་ཆེན་ཚོང་དུ་བཙོང་།།
དཀོར་ནག་གཉེར་བའི་འཁྲུལ་པའི་སྐུ།།
ཐོས་བསམ་སྒོམ་པའི་དོན་ལ་བརྩོན།།
གཞན་ཕན་སྙིང་རྗེས་འགྲོ་དོན་མཛད།།
འདོད་ཆུང་ཆོག་ཤེས་འཕགས་པའི་རིགས།།
ཡང་དག་ཕན་བདེའི་སྤྲུལ་པའི་སྐུ།།
གཞན་ནོར་རྐུ་འཕྲོག་ཐབས་ཀྱིས་ལན།།
རང་དོན་ཆོས་བརྒྱད་ཞགས་པས་འཆིངས།།
བསྟན་འགྲོ་དོན་ལ་མི་སེམས་པར།།
རང་ཕྱོགས་སྒྲོག་པའི་འཇིག་རྟེན་པ།།
དད་གུས་དག་སྣང་ངེས་འབྱུང་ཅན།།
ཆོས་པ་ཡང་དག་ཚུལ་བཞིན་མཛད།།
ལྷག་བསམ་བྱང་ཆུབ་སེམས་དང་ལྡན།།
ཕྱིན་དྲུག་སྤྱོད་པའི་སྤྲུལ་པའི་སྐུ།།
རང་ཕྱོགས་འདོད་པས་ཞེན་ཅིང་ཆགས།།
རྒྱུ་ནོར་དཀོར་གཉེར་ཚོང་དཔོན་བཞིན།།
དམ་པའི་ཆོས་དང་རྒྱབ་འགལ་འཁན།།
སྐུ་གསུང་བཙོང་པའི་མི་ནག་འཁྲུལ།།
ཕུན་ཚོགས་སྡེ་བཞིའི་མངའ་ཐང་ཅན།།
ལོག་འཚོ་འདོད་པས་སྐྱོན་མ་གོས།།
གཞན་དོན་སྒྲུབ་མཛད་སྡེ་གཉིས་ཀྱི།།
བསྟན་པ་འཛིན་པའི་སྤྲུལ་པའི་སྐུ།།
སྦྱིན་བདག་མིང་གིས་སྤྲུལ་མིང་ཐོབ།།
ལོག་འཚོ་རྣམ་ལྔས་ལུས་ཤ་རྒྱག།
རླངས་འཁོར་སྒོར་མོའི་རྫོང་བ་ཅན།།
ཏང་དང་སྲིད་ཀྱི་དམག་དཔོན་འཁྲུལ།།
ཐོས་བསམ་སྒོམ་པས་དུས་ཀྱིས་འཚོ།།
འཆད་རྩོད་རྩོམ་པས་འགྲོ་དོན་ཅན།།
བསྙེན་སྒྲུབ་འཕྲིན་ལས་རྒྱུད་དུ་བརྩོན།།
དམ་པའི་ཚུལ་དགུའི་སྤྲུལ་པའི་སྐུ།།
རང་རྒྱུད་བུ་ཚའི་ཕྱོགས་ལ་བསྟོད།།
ལོ་རྒྱུས་གཙང་མ་རྫུན་དུ་བསྒྱུར།།
ས་རྡོའི་དཔལ་འབྱོར་ཁོ་ནས་འཚོ།།
ཆོས་བརྒྱུད་བརླག་པའི་འཁྲུལ་པའི་སྐུ།།
བདེན་པའི་ཆོས་ལ་བློ་ཕུག་གཏད།།
དྲང་པོའི་ལམ་ལ་མདུན་ལམ་བཅོལ།།
བསྟན་དང་འགྲོ་དོན་ཁོ་ན་མཛད།།
ཡང་དག་བདེན་པའི་སྤྲུལ་པའི་སྐུ།།
ཕ་མགོ་ནག་པོ་རྫུན་གྱིས་གཡོགས།།
བུ་མགོ་འཁྱོག་པའི་ལམ་དུ་བཙུད།།
རང་འདོད་ངན་པ་ཕུག་སུ་གཉེར།།
གཞན་མགོ་སྐོར་བའི་འཁྲུལ་པའི་སྐུ།།
མཐོ་སྒང་ཁ་བ་གངས་ཅན་གྱི།།
མི་རིགས་གཙང་མའི་མདུན་ལམ་ལ།།
ཉིན་མཚན་མེད་པར་ལྷག་བསམ་ཅན།།
རུས་པ་ཅན་གྱི་སྤྲུལ་པའི་སྐུ།།
ཕ་མ་ཉེ་འབྲེལ་རྩ་ལག་ཕྱིར།།
དྲང་བདེན་མདུན་ལམ་རྫུན་དུ་བསྒྱུར།།
རང་དོན་ཁོ་ནའི་ལས་ལ་བྲེལ།།
རུས་མེད་ཤིག་གི་འཁྲུལ་བའི་སྐུ།།
མདོར་ན་རྡོ་རྗེ་འཆང་སྤྲུལ་ནས།།
སི་ཏིའི་ཀརྨའི་བར་དག་ཏུ།།
བོད་སྤྲུལ་བརྒྱ་སྟོང་ཁྲི་མ་འབུམ།།
ཐོབ་དང་གོ་སའི་ཆེད་དུ་བཟོས།།
ད་ནས་བོད་བརྒྱུད་ནང་བསྟན་པའི།།
བླ་ཆེན་མིང་འཛིན་རྣམ་པ་ཚོས།།
བདེན་པའི་ཕུག་སོ་མ་འཇལ་ན།།
སྤྲུལ་མིང་བཏགས་པར་མཚམས་འཇོག་ཞུ།།
གཅིག་ན་རྫུན་མ་མང་དང་གཅིག།
གཉིས་སུ་དོན་དག་མི་ཆེ་ཕྱིར།།
གསུམ་དུ་དྲང་བདེན་དགའ་བ་ཚོས།།
འདྲ་མཉམ་འཚོ་བར་མི་མཛེས་སམ།།
བཤད་སྒྲུབ་མེད་པའི་སྤྲུལ་མིང་དང་།།
རྒྱ་བོད་ཚོང་པའི་འཁོར་འདས་ལ།།
ཁྱད་པར་ཆེན་པོ་མ་མཐོང་བས།།
ཉམ་ཆུང་གྲྭ་བཙུན་མངོན་པར་བསྟོད།།
མཐུན་སྒྲིལ་གཏོར་པའི་བདུད་སྤྲུལ་དང་།།
གཡོ་སྒྱུ་མེད་པའི་བདེན་སྤྲུལ་གཉིས།།
གཟུར་གནས་ངོ་ན་གནམ་ས་བཞིན།།
ཁྱད་པར་མཐོང་བར་སྨོས་ཅི་དགོས།།
དྲང་བདེན་ཉི་མ་ཤར་བ་ཤོག།
གཡོ་རྫུན་མུན་པ་སངས་བར་ཤོག།
འཛམ་གླིང་བདེན་པའི་ཞི་བདེ་འོད།།
གོ་ལ་ཟླུམ་པོར་ཁྱབ་པར་ཤོག།
བདག་ལ་དགྲ་དང་གྲོགས་ལྟ་བའི།།
ཁྱུང་སེ་པདྨའི་ཚོགས་ལ་འབུལ།།
བླང་དོར་ཤེས་པའི་མིག་ཐོབ་ནས།།
མཁྱེན་བརྩེ་ནམ་མཁའ་མཉམ་པར་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་རྫོགས་པ་དང་པོར་ཁ་བརྡ་དྲ་བར་བོན་ཁྱུང་སེའི་སྒྲོ་བཀུར་ཀྱི་སྨད་པ་དང་བན་པདྨའི་ཞབས་བརྟན་གྱིས་བསྟོད་པ་སོགས་མཐོང་བའི་ཚེ་གང་དྲན་དུ་བདེན་པའི་གླུ་དབྱངས་ལེན་པར་མཁས་པའི་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་དཔལ་རིན་རྒྱལ་མཁར་གྱི་ཚིག་ཇ་ཁང་ནས་ཚིག་ཇ་ཕུར་གང་འཐུང་ཤོར་དུ་དྲ་གྲོགས་ཡོངས་དང་གངས་ཅན་བོད་མིའི་སྤྲུལ་སྐུའི་བདེན་རྫུན་མི་ཤེས་པ་ཚོ་ལ་ཕན་ཐོག་གི་ཆེད་དུ་དེ་ཉིད་ལ་བྲིས་པར་དགེའོ།། །།
ཨེ་མ་ཧོ་ལ་ངོ་མཚར་ཆེ།
དྲང་པོའི་གཏམ་དེ་ངོ་མཚར་ཆེ།
ད་ནས་བོད་བརྒྱུད་ནང་བསྟན་པའི་།
བླ་ཆེན་མིང་འཛིན་རྣམ་པ་ཚོ་ས་།
བདེན་པའི་ཕུག་སོ་མ་མཇལ་ན་།
སྤྲུལ་མིང་བཏགས་པར་མཚམས་འཇོག་ཞུ་།
རྒྱལ་པོའི་ལམ་ལུགས་རྫོགས་པའི་དུས་།
དཔོན་ངན་ལམ་ལུགས་རྫོགས་པའི་དུས་།
གཉའ་གནོན་ཤུ་ཤོག་རྫོགས་པའི་དུས་།
མང་་གཙོའི་ལམ་བཟང་དར་བའི་དུས་།
རྙིང་གཏོར་བཅུད་ལེན་བྱེད་པའི་དུས་།
སྤྲུལ་སྐུའི་ལམ་ལུགས་བཀག་ན་དགའ་།
ཨེ་མ་ཧོ་ལ་རྒྱབ་བསྐྱོར་ཡོད་།
ཨེ་མ་ཧོ་ལ་བདེན་ངོ་ཆེ་།
ཨེ་མ་ཧོ་ཡི་གཏམ་དེ་བདེན་་།
ཧ་ཧ་ཧང་ཧ་ཧང་ཧ་ཧོ་ཁྱོ་ཧང་ཧ་།
ཕུན་ཚོགས་སྡེ་བཞིའི་མངའ་ཐང་ཅན།།
ལོག་འཚོ་འདོད་པས་སྐྱོན་མ་གོས།།
གཞན་དོན་སྒྲུབ་མཛད་སྡེ་གཉིས་ཀྱི།།
བསྟན་པ་འཛིན་པའི་སྤྲུལ་པའི་སྐུ།།
ཞེས་པའི་ཕུན་ཚོགས་སྡེ་བཞི་དེ་གང་དང་གང་ཡིན་པ་དང༌། ཐ་སྙད་དེ་མདོ་རྒྱུད་གང་དུ་ཡོད་མེད་ཀྱི་ལུང་ཁུངས་གསུང་རྒྱུ་ཡོད་ཚེ། ཁོ་བོ་ལ་དགོས་མཁོ་ཤིན་ཏུ་ཆེ་བར་འདུག་པས། དྲ་གྲོགས་ལྷག་ཅན་རྣམས་ནས་གསུང་བའི་རེ་བ་ཡོད།
གློག་ཀླད་ལགས་བོད་རྒྱ་ཚིག་མཛོད་དུ་གཟིགས་ན་དེར་འདུག
ཨེ་མ་ཧོ་ལགས་དང་པད་མ་ལགས་གཉིས་མི་གཅིག་ཡིན་པ་ལ། སྤྲུལ་པ་ཁག་ཁག་ཡིན་མདོག་འདུག འདི་ཕྱོགས་ལྷུང་སྐད་ཆ་མིན། ཚན་རིག་གིས་དྲ་བའི་རྟགས་དང་ཡུལ། ལག་ཆའི་རྟགས་སོགས་ནས་ར་སྤྲོད་པའོ།
དེ་བཞིན་ཨེ་མ་ཧོ་མཆོག་གིས་རང་གི་རྟོགས་པ་དང་མྱོང་བ་ངོ་མཚར་ཅན་རྣམས། ཀུན་ནས་ཡིད་དབང་འཕྲོག་པའི་གངས་ཅན་པའི་ཕ་སྐད་ལ་བརྟེན་ནས་ཕབ་པ་འདི་ལ། ཁ་བརྡ་འདིར་ངོ་མཚར་བས་ཀྱང་ངོ་མཚར་ཡིན་པས། གུས་ཕྱག་ཞུ།
སྤྲུལ་པའི་སྐུ་མི་ལུས་ལ་བརྟེན་ནས་བཞུགས་དུས། དགེ་སྐྱོན་གཉིས་ཀ་འདུག་པས། རྒྱ་ཁ་གཅིག་ཆོད་གཏོང་བར་དཀའ། དཔེར་ན། ཁྱེད་ལྟ་བུའི་སྤྲུལ་པའི་སྐུ་ཞིག་གིས། དབྱིན་ཇིའི་ལུང་ཁྱོག་ཞིག་ལ། རང་གི་ལྟོ་གོས་ཙམ་མ་ཡིན་པར། སྔ་འགྱུར་གསང་སྔགས་དར་སྤེལ་གྱི་ལས་ལ་གཞོལ་བ་འདི་ཁོ་ན་ཡང་། ཁྱེད་ལ་སྤྲུལ་པའི་མཚན་ཞིག་མེད་ན། ངེད་ཚོ་ལྟར་ཟ་ཁང་དང་བཟོ་གྲྭར་ཕེབས་ནས་རང་གི་ལྟོ་ཕྱིད་ཙམ་ལས་འདི་ལྟར་འགན་བསྣམ་མདོག་མེད་པས། སྤྲུལ་སྐུའི་བྱིན་ཅན་མཚན་གྱིས་ཁྱེད་ལ་སངས་རྒྱས་བསྟན་པར་ཞབས་འདེགས་སྒྲུབ་པའི་སྐུལ་ལྕག་སྤྲད་པས། སྤྲུལ་སྐུའི་མིང་གིས་བྱ་བ་བྱས་པ་ལྟ་བུར་སྣང་།
ལྷག་པར་དུ་སི་ཏུ་རིན་པོ་ཆེ་ནི། སངས་རྒྱས་མི་ལུས་ལ་ཕེབས་པའི་ཚད་ལྡན་བླ་མ་ཡིན་པ། གཙོ་བོ་གསང་སྔགས་རྙིང་མའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཞལ་གྱིས་བཞེས་ནས། མཆོག་འགྱུར་གླིང་པ་གཙོས་པའི་གསང་སྔགས་རྙིང་མའི་བླ་ཆེན་རྣམས་ཀྱིས་ལྕི་བོར་བཀུར་བའི་སྐྱེས་ཆེན་དམ་པ་ཞིག་ལ། ཁོང་ལ་འདི་ལྟར་ཁྱད་སོད་དང་། སི་ཏུ་ཁོང་གིས་ངོས་འཛིན་གནང་བའི་བོད་རྒྱུད་ནང་བསྟན་གྱི་བླ་ཆེན་ཐོག་མ་དང་། ད་ལྟ་བཞུགས་པའི་བོད་རྒྱུད་ནང་བསྟན་གྱི་བླ་ཆེན་གཙོ་བོའི་བདག་ཉིད་ཅན་ཁོང་ལ་ཀརྨ་པ་རྫུན་མ་ཟེར་བ་འདིས་རང་ཉིད་དམྱལ་བར་འགྲོ་བའི་ལས་ཁོ་ན་གསོག་པས།
ད་ཆ་རྒྱལ་བའི་དབང་པོ་ཀརྨ་པ་མཆོག་གི་མཛད་པ་འཕྲིན་ལས་ནི་ཡར་ངོའི་ཟླ་ལས་ཆེས་རྒྱས་པར་སྣང་ལ། ཁོང་ནི་སངས་རྒྱས་ཤཀྱ་ཐུབ་པའི་རྒྱལ་ཚབ་ཁོ་ནར་སྣང་བས། ཁོང་ལ་བར་ཆད་མེད་པའི་སྨོན་ལམ་འདེབས་རོགས་ཞུ།
ཕུན་ཚོགས་སྡེ་བཞི་ཞེས་པའི་ཐ་སྙད་དེ་མདོ་རྒྱུད་གང་དུ་ཡོད་མེད་ཀྱི་ལུང་ཁུངས་གསུང་རྒྱུ་ཡོད་ཚེ། ཁོ་བོ་ལ་དགོས་མཁོ་ཤིན་ཏུ་ཆེ་བར་འདུག་པས། དྲ་གྲོགས་ལྷག་ཅན་རྣམས་ནས་གསུང་བའི་རེ་བ་ཡོད།
ཧ ཧ སི་ཏུ་ཚང་གིས་ཚན་རིག་འདོད་པ་ཤིན་ཏུ་དགའ་ཡོད། འདི་ནི་ཚན་རིག་ལམ་ནས་ཤེས་པ་ཞིག་ཅི་ཡང་མ་རེད་ལ། ཨོ་ཉི་དམ་ཉམས་ཀྱིས་སྐད་ཆ་ཞིག་རེད། ན་ནངས་ཞིག་ནས་པདྨ་དང་དཔལ་དགྱེས་གཅིག་རེད་བཤད་མྱོང་ཡོད། ཧ ཧ བློ་བཟང་གི་ངོ་དེབ་དུ་འདི་འདྲ་ཞིག་འདུག བཀྲིས་སམ་ཨོ་ཉི་ཁྱོད་ད་ནངས་ཞོགས་པར་ཨོ་ཉི་དམ་ཉམས་ཀྱིས་ཁོ་རང་གི་ཁ་ནས་ཁྲག་སྐྱུག་ཚུལ་ཞིག་བྲིས་ འདུག་ཀྱང་ད་ལྟ་བསུབ་འདུག ལོ་སྔོན་མར་མཁན་ཆེན་པདྨ་ཤེས་རབ་ལ་སྡོམ་པ་མེད་ཚུལ་ཞིག་ལབ་སོང་བ་ཁ་པར་ནང་དུ་ཉར་ཡོད་ཀྱང་བརླག་སོང་ཟིན། ཁོ་རང་གི་ངོ་དེབ་ནས་ད་ལྟ་ཁོ་རང་གིས་བསུབ་འདུག དེར་བརྟེན་ད་ནངས་ཁྲག་སྐྱུག་ཚུལ་བྲིས་འདུག་པ་མཐོང་སྐབས་སྟབས་ཡག་ནས་ཡང་བསུབ་འཇོག་གི་རེད་བསམ་ནས་ཉར་བཞག་པ་ཡིན། གཟིགས་དང་འདི་རེད། ཉིན་ཤས་སྔོན་ཁོ་རང་ཁྲིམས་ལ་ཐུག་ན་དཔང་རྟགས་མེད་ཚུལ་ཞིག་བྲིས་འདུག་ཀྱང་། ཡང་ཉར་ཚགས་མ་བྱས་གོང་ནས་བསུབ་སོང་འདུག ད་ཆ་པར་འདི་ངས་ཉར་ཡོད་པས་ངས་ཁོ་རང་གི་ངོ་དེབ་ཐོག་ལ་ཕྱིར་བཞག་པར་བརྟེན་ང་མི་མཐོང་བ་བཟོས་འདུག མི་འདིས་ཐོག་མར་བསམ་བློ་མ་བཏང་བས་གཅིག་བྱས། དེ་ནས་དེ་སྐུང་དགོས་རྒྱུ་ཞིག་ཡིན་པ་ཧ་གོ་རྗེས་བསུབ་འཇོག་གི་ཡོད་རེད། འོན་ཀྱང་སྐབས་རེ་གཞན་གྱི་ལག་ཏུ་ཤོར་གི་ཡོད་པ་འདི་འདྲ་ཞིག་རེད། དྲང་བདེན་ལ་དགའ་མཁན་ཚོས་པར་འདི་ཁོ་རང་གི་ངོ་དེབ་ཐོག་ལ་བསྐྱར་དུ་བཞག་ནས། ཁོ་རང་གི་སྤྱོད་པ་ངོ་མ་དེ་ག་འདྲ་ཡིན་མིན་དང་བཀྲིས་ཁོ་རང་ལ་རྟོགས་སུ་འཇུག་རོགས། ངོས་ནས་ཨེ་མ་ཧོ་ལ་མཆན་ཞབས་གཉེར་བ་དེ་ཙམ་སྐྱོན་བརྗོད་ན།ཁྱེད་ཚོས་སྔ་འགྱུར་པའི་ཞེ་ཆེན་རབ་འབྱམས་དང་སྨིན་གླིང་མཁན་ཆེན་རྡོ་རྗེ་འཆང་།ཀ་ཐོག་དགེ་རྩེ་མ་ཧྰ་པན་ཆེན་སོགས་ལ་སྒྲོ་བཀུར་ངན་སྨད་རེ་འདེབས་བཞིན་ཡོད་པར་ངེས་པར་ཤེས་དགོས། སི་ཀར་ནག་རིལ་སངས་རྒྱས་རེད་ཟེར་མཁན་ཨོ་ཉི་དང་སི་ཏུ་རེད། ཁྱོད་ཚོས་བསམ་བློ་ཡག་པོ་ཐོངས། རང་ངོ་ནས་སྐྱོན་རྫུན་གཡག་མི་མཐོང་ནས་གཞན་ངོའི་ཤིག་ལ་མཛུབ་མོ་འཛུགས་པ་ངོ་ཡང་མི་ཚ་འམ། ད་དུང་ཨོ་ཉི་ཁྱོད་ཀྱིས་ཚུལ་ཁྲིམས་བློ་གྲོས་དང་རྫོང་སར་མཁྱེན་བརྩེ་ལ་ཟུར་ཟའི་མིག་ཚ་ལུགས་ལ་བལྟས་ན་དགོན་ཞབས་དགོན་པའི་བླ་རྒན་དང་ཨ་ཀོང་གྲི་ཤིའི་བླ་མ་རྡུང་ན་མི་བཟང་ངམ།
ཨ་ལེ་་་དེ་འདྲ་ཡིན་པ་རེད། ཁ་སང་བཀྲ་ཤིས་དང་པདྨ་གཉིས་ཀྱིས་དཔུང་སྒྲིག་ནས་ཅོ་རི་དབྱུག་པས་རྡུང་གི་ཟེར་གྱི་ཡོད་པ། དེ་རིང་ཁྱོད་རང་གཉིས་དབྱིག་འཛིང་བྱེད་བཞིན་ཡོད་པེ་་་་་ཧཧཧ མྱི་ཁྱོད་ཚོ་ལ་ཆོས་པའི་དྲི་མ་ཙམ་ཡང་མེད་པའི་གད་སྙིགས་རེད་ཤག
ཕུན་ཚོགས་སྡ་བཞི་འདི།
་
ཆོས་དང་ནོར་དང་ཐར་པ་དང་། །
འདོད་པ་བཞི་ལ་སྡེ་བཞི་ཟེར། །
་
གློག་ཀླད་ནང་དུ་ཆུགས། །
པད་མར་བསྟོད་པ་གྲགས་འདོ་ད་རྟགས། །
ཁྱུང་སེར་དམོད་པ་སྡད་འདོད་རྟགས། །
བཀའ་བརྒྱུད་སྨད་པ་ཕྱོགས་ལྷུང་རྟགས། །
སི་ཏུར་སྒྲོ་བཏགས་རྙིང་རྨོངས་རྟགས། །
འབྲི་མཁན་རང་ཉིད་མཁན་རྫུན་རྟགས། །
ཨེ་མ་ཧོ་ལ་ངོ་མཚར་ཆེ། རང་གིས་མིང་དངོས་ནས་[མདོར་ན་རྡོ་རྗེ་འཆང་སྤྲུལ་ནས།།སི་ཏིའི་ཀརྨའི་བར་དག་ཏུ།།ཐོབ་དང་གོ་སའི་ཆེད་དུ་བཟོས།།]སི་ཀར་རྫུན་མ་རེད་བཤད་ནུས་པ་དགའ་སོང་། བདེན་པ་རེད།སི་ཏུས་ལྷག་བསམ་ཁ་ལ་ཁྱེར་རང་འདོད་ཕུགས་སུ་གཉེར་ནས་བཟོས་པ་ཡིན་པ་རྒྱ་བོད་ཡོངས་གྲགས། ཨོ་ཉི་དང་ཅོ་རི་སོགས་ལ་བདེན་རྫུན་ཤེས་པའི་ཤེས་རབ་དང་། ངོ་ཚ་དང་ཁྲེལ་ཟེར་བ་ཏིལ་ཙམ་ཡོད་མ་རེད། ཀརྡོ་ཁྱོད་རང་གིས་ཨེ་མ་ཧོ་མཁན་རྫུན་བཤད་པ་ཁྱོད་རང་གིས་ཡག་པོ་གསུངས་སོང་། ནམ་རྒྱུན་ཁྲ་འགུ་མཁན་ཆེན་དང་སི་ཏུས་ཀརྨ་པ་མཐའ་ཡས་རྡོ་རྗེ་དང་ཞྭ་དམར་རྫུན་མ་རེད། བདུད་ཡིན་པ་བཤད་བཤད་པ་དང་གཅིག་མཚུངས་རེད། ལབ་ཟློས་ཡང་ཟློས་རེད། ངོས་ནས་གལ་ཏེ་སི་ཀར་བདེན་སྤྲུལ་ཡིན་ན་རྒྱ་ནག་གི་པན་ཆེན་ཡང་བདེན་སྤྲུལ་ངོ་མ་དེ་རེད། གང་ཡིན་ན་དགེ་འདུན་བརྒྱ་སྟོང་ཕྲག་མང་པོས་ལྷ་སའི་ཇོ་བོའི་སྐུ་མདུན་ནས་གསེར་བུམ་སྒྲུབ་ནས་བྱུང་བ་ཞིག་རེད།སི་ཏུ་སྒེར་མིའི་སྐྱག་རྫུན་གྱི་གའུ་སྐེ་འགགས་གང་ན་འདྲ་སྟེ་མི་འདྲའོ། །
་་་་་་་་་ ཀརྡོ་ཁྱོད་རང་གིས་ཨེ་མ་ཧོ་མཁན་རྫུན་བཤད་པ་ཁྱོད་རང་གིས་ཡག་པོ་གསུངས་སོང་། ནམ་རྒྱུན་ཁྲ་འགུ་མཁན་ཆེན་དང་སི་ཏུས་ཀརྨ་པ་མཐའ་ཡས་རྡོ་རྗེ་དང་ཞྭ་དམར་རྫུན་མ་རེད། བདུད་ཡིན་པ་བཤད་བཤད་པ་དང་གཅིག་མཚུངས་རེད། ་་་་་་་་་་ ཟེར།
གསར་འགྱུར་ཡག་མོ་ཞིགhttp://www.tibettimes.net/news.php?showfooter=1&id=9721
ཀློག་ཀླད་ལ་ལན་ཞིག་ཡོད། ཕུན་ཚོགས་སྡེ་བཞི་ནི་ཆོས་ནོར་འདོད་ཐར་བཞི་རེད། འདིས་ཁུངས་ནི་བྱེ་མཛོད་དང་། མངོན་པ་མཛོད་དུ་གསལ། ཕྱིས་སུ་ས་པན་དང་འཇུ་མི་ཕམ་གྱི་མཁས་འཇུག་ཏུ་གསལ་བོ་ཡོད་པར་དྲན། དཔེར་ན་ང་ཚོ་གཉེན་སྟོན་སྐབས་འདབ་བཞིའི་དབུས་སུ་ནོར་བུ་དགའ་འཁྱིལ་ཡོད་པ་འབྲི་སྲོལ་དེ་ཡང་འདབ་མ་བཞི། ཆོས། ནོར། འདོད། ཐར་ཏེ་ཕུན་ཚོགས་སྡེ་བཞི་མཚོན་པ་དང་། དབུས་སུ་ནོར་བུ་གསུམ། བོད་མི་རིགས་ཀྱིས་རྣམ་ཀུན་གཙུག་ཏུ་བཀུར་བའི་མཆོག་གསུམ་མཚོན། ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་བཀོད་པ་ནི། རང་ཉིད་མཆོག་གསུམ་དང་ལས་འབྲས་ལས་ཡ་མ་བྲལ་ན་འཕྲལ་ཡུན་གཏན་གྱི་བདེ་བ་འཐོབ་པར་མཚོན།
ལོ་རྒྱུས་ལྡན་པའི་མི་རིགས་ལ། ཁྱད་ཆོས་ལྡན་པའི་སྒྱུ་རྩལ་དགོས། སྤྱིར་བོད་ལྟ་བུར་མཚོན་ན། སྐད་དང་། ཡི་གེའི་སྒྱུ་རྩལ་སོགས་རིག་གཞུང་ཕུན་སུམ་ཚོགས་པའི་མི་རིགས་ཞིག་ལ་སྤོབས་པ་བྱེད་ཆོག
འོན་ཀྱང་ད་དུང་གོང་འཕེལ་གཏོང་མི་དགོས་སྙམས་པའི་ང་རྒྱལ་དོར་དགོས། དེར་བརྟེན་བོད་རང་གི་གཉེན་སྟོན་མཚོན་རྟགས་ཞིག་དགོས་ངེས་ལ་བརྟེན། འདི་ལྟར་གསར་གཏོད་བགྱིས་པར་དགེ་མཚན་མཐོང་ན་ཀུན་གྱིས་བེད་སྤྱོད་ཐོངས་ཤིག།