འདུས་བྱུང་ཕུན་ཚོགས་ཚེ་རིང་ནས་མཚམས་སྦྱོར་ཞུས།
བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་དང་ལྷན་དུ་གླེང་མོལ།
རྗར་མེ་ནི་བོད་ཀྱི་ཁང་པའི་བརྙན་པར་མུ་འབྲེལ་ “གླེང་མོལ” ལེ་ཚན་ནང་བྲག་གཡབ་༧སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་གདན་འདྲེན་ཞུས་པ་དང་། རིན་པོ་ཆེ་མཆོག་ལ་བརྗོད་དོན་གཉིས་ཀྱི་སྐོར་བཀའ་འདྲི་ཞུས་ཡོད།
ལེའུ་དང་པོའི་ནང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་སྲོལ་དང་། ལམ་སྲོལ་དེར་དུས་བསྟུན་གྱིས་བསྒྱུར་བཅོས་དགོས་མིན་སྐོར།
ལེའུ་གཉིས་པའི་ནང་༡༩༥༩ ནང་ལྷ་སར་བྱུང་བའི་ཡོངས་གྲགས་སུ་མེད་པའི་གནས་ཚུལ་ཁག་ཅིག་སྐོར་ལ་བཀའ་འདྲི་ཞུས་ཡོད།
བོད་བརྒྱུད་ནང་བསྟན་ལ་དམིགས་བསལ་དུ་ཡོད་པའི་སྤྲུལ་སྐུའི་ལམ་སྲོལ་དེར་དགེ་དང་སྐྱོན་གྱི་མཚན་མ་དུ་མ་བྱུང་དང་། འབྱུང་བཞིན་ཡོད་ན། ལམ་སྲོལ་དེའི་ཁོངས་སུ་གཏོགས་པའི་རྒྱལ་སྤྲུལ་གྱི་གནས་རིམ་ཡོད་པའི་བྲག་གཡབ་༧ སྐྱབས་མགོན་ཧོ་ཐོ་ཐོ་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུའི་ལམ་སྲོལ་ལ་བསྒྱུར་བཅོས་དགོས་པའི་དགོངས་ཚུལ་ཁག་གསུངས་ཡོད། རིན་པོ་ཆེ་མཆོག་བོད་ཀྱི་དུས་འགྱུར་སྐབས་དང་། ལྷག་པར་དུ་ང་དགུ་ལོའི་ཛ་དྲག་གི་དུས་ཚོད་རྣོ་ངར་ཆེན་པོ་དེའི་ཁྲོད་རྒྱ་བོད་གཉིས་ཀྱི་གནད་ཡོད་མི་སྣ་དང་འབྲེལ་འདྲིས་ཡོད་པ། སྐབས་དེའི་བརྒྱུད་རིམ་ཁག་གཅིག་དངོས་སུ་འགྲིམས་མྱོང་མཁན་མང་པོའི་ནང་ནས་གཅིག་རེད། རྩ་ཆེ་བའི་གནས་ཚུལ་དང་། གནད་དོན་ཁག་གཅིག་ལ་སྤྱན་མཐོང་སྐུ་མྱོང་བྱུང་བ་ཁག་རིན་པོ་ཆེ་མཆོག་གིས་རྒྱ་ཆེའི་ལེ་ཚན་གསན་གཟིགས་གནང་མཁན་ཚོར་བཀའ་མོལ་གྱི་རྣམ་པའི་ཐོག་ནས་ལྗགས་ལན་གནང་ཡོད་པས་ཐུགས་སྣང་ཅན་རྣམ་པས་གསན་གཟིགས་ཡོད་པར་ཞུའོ།
ད་རེས་ཀྱི་བཅའ་འདྲི་འདི་ཉན་རྗེས་གནམ་ས་མགོ་རྟིང་ལོག་པའི་འདུ་ཤེས་སྐྱེས། བྲག་གཡབ་རིན་པོ་ཆེ་སྤྱིར་ཁམས་ཀྱི་སྐྱབས་མགོན་ཞིག་གི་མཚན་སྙན་ཅན་དང་། དགེ་ལུགས་པའི་ནང་ལ་གདན་ཐོབ་ཡོད་པའི་སྤྲུལ་སྐུ་མཐོན་པོ་ཞིག། སྐུ་ཡོན་ལ་སྐད་གྲགས་ཡོད་པ་ཡོངས་གྲགས་ལ། ཁོང་མི་གཤིས་དྲང་པོ་དང་རང་ཚུགས་ཅན་པོ་འདི་ལྟ་བུ་ཡོད་པ་ད་རེབ་མ་གཏོགས་མ་ཤེས། ངོ་མ་མི་དྲང་པོ་དང་ཀུན་ནས་ཕྱི་གསལ་ནང་གསལ་ཞིག་འདུག
ཁོང་གིས་སྤྲུལ་སྐུ་དང་བླ་བྲང་གི་སྐྱོན་བཏོན་ཡོང་དུས། རང་ཉིད་ཀྱི་བླ་བྲང་ནས་མགོ་བཙུགས་ནས་དཔེ་དྲངས་དུས། ངོ་མ་སྤྲུལ་སྐུའི་ལམ་ལུགས་སྲུང་དགོས་ཟེར་མཁན་ཚོའི་ཞལ་ནང་ལ། སྨྲ་བསམ་བརྗོད་མེད་ཀྱི་དངོས་པོ། ཀ་ལ་ས་མགོ་ལྕི་མོ་དང་ཡ་བཏགས་ཀྱོག་ཀྱོག་གིས་བརྒྱན། དེ་ལ་རྗེས་འཇུག་མ་ནིང་ག་པས་གྲུབ་པའི་དངོས་པོ་འདི་ཚ་འུར་རེར་ཐེངས་རེ་དྲངས་པའི་ཚོར་སྣང་འདུག
སྔོན་མ་དགུ་བཅུའི་ནང་ལ། ཡང་བྲག་གཡབ་རིན་པོ་ཆེས་བསམ་འཆར་ཞིག་བཏོན་གནང་ནས། བོད་བརྒྱུད་ཀྱི་བླ་ཆེན་མི་ཆེན་ཚང་མ་དྲོགས་ནས། ཉིན་གཉིས་པ་དེ་ལ་གདན་ས་གསུམ་དང་། དེ་བཞིན་དགེ་ལུགས་ཀྱི་བླ་བྲང་ཆེ་ཆུང་ཚང་མས་སྐུ་སྒེར་ཡིག་ཚང་ལ་ཁ་པར་མང་པོ་བཏང་བས། རྒྱ་གར་གསང་བའི་ལས་ཁུངས་ཀྱང་དྲོགས་ནས་གནས་ཚུལ་ཆེན་པོ་ཞིག་བྱུང་ཡོད་དམ་ཞེས་རྩད་གཅོད་བཏང་དགོས་བྱུང་། རྗེས་མ་བྲག་གཡབ་རིན་པོ་ཆེའི་བསམ་འཆར་འདི་སྐུ་སྒེར་ལ་གསང་བའི་ཐོག་སྙན་གསེང་ཞུ་མཁན་ཚང་མས་ཉིན་གཅིག་ལ་ཁ་པར་བརྒྱབ་པ་ཤེས།
འདི་ནི། དགེ་ལུགས་པའི་ཚོགས་འདུ་ཞིག་ལ། བྲག་གཡབ་རིན་པ་ཆེས། དགེ་ལུགས་པའི་བླ་མ་དང་སྤྲུལ་སྐུ་ངོས་འཛིན་བྱེད་དགོས་ན། འདི་དགའ་ལྡན་ཁྲི་པས་ཐག་གཅོད་བྱས་ན་ལེགས། གོང་ས་མཆོག་ད་ཆ་འཛམ་གླིང་གི་ཞི་བདེ་དང་། བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་དབུ་འཛིན་ལྟ་བུ་ཡིན་པས། དགེ་ལུགས་པའི་ནང་གི་དོན་ཆུང་དེ་ཚོར་ཐེ་བྱུས་གནང་དགོས་བྱུང་ན་དུས་ཚོད་འཕྲོ་བརླག་རེད་ཞུས་སྐད།
ཁོང་གི་གསུང་བྱོན་རྗེས། བླ་མ་ཚང་མ་ཁོང་ལ་སྐད་ཆ་ཤོད་མི་ནུས་པ་དང་། སང་ཉིན་ལ། བླ་མ་མང་པོ་ཁོང་གི་ཞུགས་སར་མི་འགྲོ་མི་ནུས་པ་བྱུང་འདུག་ཞེས་ཐོས།
འོན་ཀྱང་ཐུགས་རྒྱང་ཆེ་ཞིང་། དཀྱེལ་ཡངས་ཀྱི་གོང་ས་ཆེན་པོས། བྲག་གཡབ་རིན་པོ་ཆེ་ཀུན་ནས་ཕྱི་གསལ་ནང་གསལ། ཀུན་སློང་ཡག་པོ། མི་ངོ་ལྐོག་བྱེད་མ་ཤེས་མཁན་ཞིག་ལ་སོང་། གང་བསམ་པ་འདི་བཤད་པས། བྱེད་སྟངས་འདི་ཡག་པོ་རེད། ཁོང་ལ་ད་དུང་དོན་ཆེན་གཞན་བཀའ་དྲི་ཞུ་དགོས། བླ་མ་འདི་ངོ་ལྐོག་མ་ཤེས་མཁན་རྟོགས་པ་མཐོན་པོ་རེད་གསུངས་པ་ཐོས།
ཁོང་ད་བར་བོད་པ་ཚོས་བསད་པར་ལུས་པ་འདི་ངོ་མཚར་ཆེ།
ད་རེས་དངོས་གནས་སྙན་པོ་བྱུང་
ད་རེས་རེན་པོ་ཆེ་གློག་འཕྲིན་ནང་ནས་ཞལ་མཇལ་བ་ཤིན་ཏུ་དགའ་་ སྐུ་ཚེ་བརྟན་ རེན་པོ་ཆེའི་མཛད་རྣམ་བོད་ཡིག་ཐོག་་ཡོད་ན་མཇལ་རྒྱུའི་རེ་བ་ཤིན་ཏུ་ཆེ་ སྔོན་མ་ང་རང་ལྷ་སར་སྡོད་དུས་རེན་པོ་ཆེའི་སྐུ་མཆེད་ཆོས་ཀྱི་རྒྱན་མཚན་རེན་པོ་ཆེ་ཞལ་ཚོར་ཀྱི་ཡོད་ ཁོང་ཡང་གཞན་དང་མི་འདྲ་བ་ཞིག་ཡོད་
ད་རེབ། ཅེས་པའི་དོན་ཅི་ཡིན་ནམ།
སྤྲུལ་སྐུ་བོད་མི་མངས་ཀྱིས་ངོས་འཛིན་པ་ལ་དགེ་མཚན་ཆེ། ལ་དྭགས་ལྷ་རྗེ་བཀྲ་ཤིས་གཡང་འཕེལ་ལོ་ངོ་ཉི་ཤུ་ལྷག་སྔོན་དུ་བོད་དུ་གནས་མཇལ་དུ་མངོན་སུམ་གྱི་མཐོང་སྣང་དུ། བོད་ཀྱི་དགོན་པ་གང་ལ་སྤྲུལ་སྐུ་ཡོད། དགོན་པ་དེ་གང་ས་ཅི་ཐོག་ནས་ལེགས་པ་དང་། དགོན་པ་གང་ལ་སྤྲུལ་སྐུ་མེད། དགོན་པ་དེ་ཉམས་རྒུད་ཡོད་པ་འདུག་ཅེས་བཤད་པ་སྔོན་དུ་བྲིས་པ་ཡིན་ཀྱང་། སླར་ཡང་འབྲི་འདོད་བྱུང་ངོ་།
གོང་གི་དྲི་བ་དྲིས་ལན་དེ་དག་བོད་ཡིག་ཐོག་ཕབ་ཐུབ་ན་ཧ་ཅང་ཡག་པོ་འདུག དྲྭ་ཤུགས་ཆུང་སའི་ས་ཁུལ་ལ་གནས་མཁན་ཚོས་ཉན་པའི་རེ་བ་བྲལ་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྤྲུལ་སྐུའི་ལམ་ལུག་འདི་ད་ནི་འཇུག་སྒྲིལ་བའི་དུས་ལ་སླེབས་འདུག འདས་པའི་དུས་སུ་སྤྲུལ་སྐུའི་ལམ་ལུག་འདིས་ཕན་གནོད་གཉིས་ཀ་བྱུང་ཡོད་ཀྱང་། ད་ལྟའི་དུས་ཀྱི་སྤྲུལ་སྐུ་ཕལ་མོ་ཆེ་ནི་རྒྱུ་སྤྲུལ་སྐུ་དང་དབང་སྤྲུལ་སྐུ་གཡོ་སྒྱུའི་སྤྲུལ་སྐུ་ཡིན་པས། སྤྲུལ་སྐུ་ཇེ་མང་སོང་བ་དང་མཉམ་དུ་རྒྱུ་སྤུས་ཀྱང་ཇེ་སྡུག་ལ་འགྲོ་བཞིན་ཡོད་པ་མངོན་སུམ་ཡིན་དུས་གོང་ས་མཆོག་གིས་དབུ་ཁྲིད་ནས་ལམ་ལུག་འདི་འཇུག་སྒྲིལ་བའི་རེ་སྐུལ་ཞུ་རྒྱུ་ཡིན།
སྤྲུལ་སྐུའི་ལམ་ལུགས་དགོས་དང་མི་དགོས་བོད་མི་དམངས་ཀྱི་ལག་པར་ཡོད་རེད། མི་དམངས་ཀྱིས་སྤྲུལ་སྐུའི་ལམ་ལུགས་ལ་མོས་མཐུན་མི་བྱེད་པའི་ཉིན་མོ་དེ་ནས་བཟུང་སྤྲུལ་སྐུའི་ལམ་ལུགས་མཇུག་སྒྲིལ་ཚར་བ་རེད། གཞན་སུ་ཞིག་གིས་ཀྱང་སྐད་ཅོར་རྒྱག་དགོས་དོན་མེད།
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལམ་ལུགས་ཚང་མ་མཇུག་སྒྲིལ་དགོས་ན་རྒྱ་པན་གཉིས་ལ་དམིགས་གསལ་གང་རེད། དགེ་ལྡན་པའི་སྤྲུལ་སྐུ་ཡིན་པའི་ཆ་ནས་རེད་དམ་ཡང་ན་དམིགས་གསལ་གང་ཡོད་དམ།
བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེའི་གསུང་འདི་དངོས་གནས་དུས་དང་མཐུན་པ། རྒྱུ་མཚན་གསལ་བ་རང་རེད། སྐུ་ཚེ་བརྟན།་
གོང་དུ་དྲ་ཁ་ཤས་ཀྱིས་གསུངས་པ་བཞིན་སུ་གང་ལ་ཡང་དམིགས་བསལ་མེད་པའི་ཐོག་ནས་སྤྲུལ་སྐུའི་ལམ་ལུག་འདི་ད་ནི་འཇུག་སྒྲིལ་བའི་དུས་ལ་སླེབས་འདུག ད་ལྟའི་དུས་ཀྱི་སྤྲུལ་སྐུ་ཕལ་མོ་ཆེ་ནི་རྒྱུ་སྤྲུལ་སྐུ་དང་དབང་སྤྲུལ་སྐུ་གཡོ་སྒྱུའི་སྤྲུལ་སྐུ་ཡིན་པས། སྤྲུལ་སྐུ་ཇེ་མང་སོང་བ་དང་མཉམ་དུ་རྒྱུ་སྤུས་ཀྱང་ཇེ་སྡུག་ལ་འགྲོ་བཞིན་ཡོད་པ་མངོན་སུམ་ཡིན་དུས་གོང་ས་མཆོག་གིས་དབུ་ཁྲིད་ནས་ལམ་ལུག་འདི་འཇུག་སྒྲིལ་བའི་རེ་སྐུལ་ཞུ་རྒྱུ་ཡིན།
དྲ་གྲོགས་་་་་བཅོས་རོགས།
གསེར་ས་ལེར་མིང་ཅན། སྤྱི་ཚོགས་ཞེས་པ་ནི་མི་རེ་ངོ་རེ་ནས་གྲུབ་པའི་ཚོགས་པ་གཅིག་ལ་གོ་དགོས་པ་ཨེ་ཤེས། ཤེས་ན་མི་ངོ་རེ་ནས་བསམ་འཆར་བཤད་མི་ཆོག་པའི་སྒེར་གཅོད་རིང་ལུགས་པའི་ལྟ་སྤྱོད་དེ་འདོར་ན་མི་ལེགས་སམ། ཁྱོད་ལ་གནས་སྟངས་དེའི་སྐོར་ལ་བསམ་འཆར་ཅི་ཡོད་ཅེས་དྲི་བ་བྱུང་དུས་ངའི་བསམ་ཚུལ་འདི་ཡིན་ཅེས་བཤད་མི་ཆོག་པའི་ཁྲིམས་ལུགས་དེ་བཞིན་ཁྱོད་རང་རྒྱུད་ཀྱི་རྨོངས་ཞེན་དེས་བཟོས་པ་ཡིན་ནམ་་་་སྤྱིར་ཏང་སྤྲུལ་སྐུ་ལམ་ལུགས་ལ་ད་བར་སྐྱོན་བརྗོད་བྱེད་མཁན་བོད་གཞིས་བྱེས་གཉིས་ཀ་ནས་དྲྭ་འབུ་ཚོ་གཙོ་བོ་འདྲ་བྱས་ནས་ཛ་རེ་ཛོ་རེ་མང་པོ་ཡོང་བཞིན་པ་རེད་མོད། དོན་ངོ་མའི་དགེ་སྐྱོན་གླེང་མཁན་ནི་བྲག་གཡབ་བླ་རྒན་འདི་རེད་སོང་།
རུལ་མ་ཅིག་གིས་ནར་ནར་ལ་ཡོད་ཟེར་བ་རེད། སྤྲུལ་སྐུ་མི་དགོས་བའི་དུས་ཤིག་ཤར་ཡོད་ན། གྲྭ་བ་མི་དགོས་བའི་དུས་ཤིག་ཡང་ཤར་ཡོད་ཡོད་པ་རེད། སྤྲུལ་གྲྭ་མི་དགོས་བའི་ཡུལ་ལོང་ལ་སྟོན་པའི་བཀའ་ཆོས་དེ་ཡང་ནུབ་རྒྱུ་ཡིན་པ་ཞུ་མ་དགོས་བ་རེད།
བླ་སྤྲུལ་དང་གྲྭ་བ་སྤྱོད་ངན་འགའ་རྒྱུ་མཚན་དུ་བྱས་ནས་ཡོད་ཚད་མེད་བརླག་དུ་གཏོང་དགོས་ཟེར་ན། ཁྱེད་ཚོ་མགོ་ནས་མར་ལ་སྨྱོས་ཚར་བ་རེད།
ཡོད་པ་ཇེ་ལེགས་དུ་གཏོང་བ་ལ་ཡར་རྒྱས་ཟེར།
ཡོད་པ་མེད་པར་གཏོད་བ་ནི་གཏོར་བཅོམ་ཟེར།
སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེ་ན།
སྤྲུལ་སྐུ་ལ་རིམ་བྱོན་མི་དགོས་ཟེར་ན། ཅི་ཟེར་ལེ་ཡོད་པ་རེད། རྣ་བར་མི་འགྲོ་བའི་སྐད་ཆ་རེད།
བསྐལ་བ་བརྒྱ་ཕྲག་བསགས་པའི་དགེ་བ་ཡིས།
སྤྲུལ་བའི་སྐུ་དང་དམ་པའི་སྐྱེས་བུ་ཚོ།
ས་སྟེངས་འདི་ལ་ཇེ་མང་ཇེ་མང་ལས།
ལྟ་ལོག་ངན་པས་སྨོན་ལམ་མི་ཐོབའོ།
གོང་གི་བྲག་གཡབ་སྐྱབས་མགོན་ཟེར་བས་ད་ནས་བཟུང་བྲག་གཡབ་སྐྱབས་མགོན་ཟེར་བ་ཞིག་བྱོན་རྒྱུ་མེད་པའི་རྒྱུ་མཚན་ཁུངས་ལུང་ཡང་དག་པའི་བཀའ་བརྒྱ་འདྲ་ཡོད་ན་དད་ལྡན་གྱི་མིག་གི་རིག་ས་དང་རྣ་བས་གོ་ས་ནས་བཤད་ན་ཁོང་གི་ལྟ་སྤྱོད་དང་མཐུན་པས་ཡག་པོ་ཡོད་རྒྱུ་རེད། དེ་མིན་གཞན་དག་ལ་ཁྱོད་ཀྱིས་ཚོད་བཟུང་མི་ཐུབའོ།
མྱིག་གིས་རིག་ས་དང་རྣ་བས་གོ་ས་ནས་ལ་བཅོས་སོ།
དང་པོ་སྤྲུལ་སྐུའི་མཚན་ཅན་ཁྲོད་ནས་རང་གཞན་ལ་ཕན་གནོད་གཉིས་ཀ་ཡོང་བཞིན་པ་མིག་མཐོང་ལག་ཟིན་རེད། འོན་ཀྱང་ཕན་གནོད་ཁོ་ནར་བསམ་ན་སྤྲུལ་སྐུའི་ལམ་ལུགས་འདི་མེད་ཀྱང་རུང་། ཐབས་གཞན་དེ་ལས་སླ་ཞིང་ནོར་འཁྲུལ་ཉུང་བ་དེ་འདྲ་བྲག་གཡབ་པས་གསུངས་པ་ལྟར་རེད།
གཉིས་པ་དེ། སྤྲུལ་སྐུ་འཁྲུལ་མེད་ངོས་འཛིན་ཐུབ་པའི་མངོན་ཤེས་དང་མཁྱེན་པ་ཡོད་མཁན་ཡོད་དམ་མེད། དེ་མེད་ན་སྤྲུལ་སྐུའི་ལམ་ལུགས་འདི་ཕན་གནོད་གང་ལྟར་ཡང་། དོན་ལ་གཡོ་རྒྱུ་དང་རྫུན་ཁོ་ནས་གྲུབ་ཟིན་པ་རེད། དེ་ལྟར་མཁྱེན་ཐུབ་མཁན་ཡོད་ན་ཁོ་རང་ཚོ་ནམ་ཤི་དང་། ནམ་སྙུན། བདེ་སྡུག་ཅི་བྱུང་ཙམ་ཡང་མི་ཤེས་པར་ང་ཚོ་ལྟར་ལྷག་དོན་གང་ཡིན་ནམ། མི་གཞན་གྱི་སྐྱེ་བ་སྔ་ཕྱི་དཔོག་ཐུབ་པའི་མངོན་ཤེས་ཡོད་མཁན་དེ་ཚོས། སོ་སོར་ནད་གཞི་གང་ཡོད་མེད་དང་། སྨན་གང་འདྲ་ཞིག་བསྟེན་དགོས་མིན་ཙམ་ཡང་གཞན་ལ་རེ་བཅོལ་ནས་འདུག་དགོས་པ་འདིས་ཅི་ཞིག་མཚོན་ཡོད་དམ།
བྲག་ཡག་རིན་པོ་ཆེ་ནི་ནང་ཆོས་གཙོས་པའི་ཤེས་ཡོན་གྱི་ཕྱུག་པའི་སྐྱེས་ཆེན་ཞིག་ཏུ་སྔ་ས་ནས་ངེས་འཛིན་ཡོད། དེ་བཞིན་དྲང་ཚུབ་ཀྱིས་བོད་རྒྱུད་ནང་བསྟན་ཆོས་ལུགས་གྲུབ་མཐའ་ཁག་སྲོལ་གཏོད་མཛད་པོ་སུ་ལ་ཡང་སྤྲུལ་སྐུ་ལམ་ལུགས་དར་མེད་ཀྱང་ནང་བསྟན་བོད་ལ་ཉི་མ་ཤར་ཤར་དར་ནི་ཡོད་པའི་དཔེར་མཚོན་དེ་ཉིད་ཀྱིས་མཚོན་ཕྱི་གསལ་ནང་གསལ་འདི་འདྲ་གནང་མཁན་ཞིག་ཡིན་པས་ཁོང་ལ་གུས་སྐུལ་ལྷག་ཏུ་འགྲོ་སོང་། མ་གཞི་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་འདིར་རིན་མཐང་ཆུང་ནས་ཆུང་དུ་ཕྱིན་ནས་ད་ཆར་མིང་སྟོང་ཙམ་གྱིས་སྤྱི་ཚོགས་གང་སར་ལོག་སྤྱོད་པའི་གྲལ་དུ་འཇོག་མཁན་མང་ནས་མངས་དུ་འགྲོ་བཞིན་ཡོད། རིན་པོ་ཆེ་སྐུ་ཚེ་རིང་དུ་གཞུགས་པའི་སྨོན་འདུན་ཞུ།།
སྤྲུལ་སྐུ་མ་རེད་འཁྲུལ་སྐུ་རེད།།
སྤྱི་ཚོགས་འཁྲུལ་དུ་འཇུག་མཁན་རེད།།
བྱམས་པ་འཆི་མེད་ལགས། སྤྲུལ་སྐུའི་ལམ་ལུགས་མི་དགོས་ཟེར་དུས་འགོ་རྒྱལ་བ་པན་ཆེན་ནས་བཟུང་སྟེ་ཆོས་བརྒྱུད་ཁག་གི་བླ་ཆེན་གྱི་མིང་འཛིན་པ་ཡོད་དོ་ཅོག་མི་དགོས་ལབ་ཀྱི་ཡོད་པ་རེད། ཁྱེད་འདི་ལ་འཐད་པ་ཡིན་ནམ། གལ་སྲིད་ཁྱེད་དང་འུ་གཉིས་འཐད་པའི་དབང་དུ་བཏང་རུང་བོད་རྒྱ་ཆེའི་དམངས་ཚོགས་འཐད་ཀྱི་རེད་དམ་མ་རེད། དོན་མེད་སྟོང་ལབ་ཅིག་གིས་དད་ལྡན་དམངས་ཚོགས་ཀྱི་སེམས་ལ་ཕོག་ཐུག་བཟོས་པ་ལས་ཅི་ཡང་མེད་པས་རྙོག་གཏམ་འདི་འདྲ་བཤད་པར་དགོས་ཕན་ག་རེ་འདུག བོད་ནང་ལོག་ཏུ་བླ་མ་སྤྲུལ་སྐུ་རེ་ཟུང་གི་ཆེད་དུ་རང་ལུས་མེར་བསྲེག་གཏོང་མཁན་ག་ཚོད་བྱུང་སོང་། ཁྱེད་ཀྱིས་མིག་གིས་མཐོང་མེད་ཀྱང་རྣ་བས་གོ་ཡོད་ཀྱི་རེད་པ། འདི་དག་ཚང་མར་ཐུགས་བསམ་ཞིག་བཞེས་དང་མི་སྒེར་གྱི་བསམ་ཚུལ་བཤད་ཆོག་མིན་གྱི་གནད་དོན་ཙམ་རེད་འདུག་གམ།
མ་བརྟགས་མཉམ་འུར་གྱི་སྐད་ཆ་བཤད་མཁན་དག་ལ་ཁོ་བོ་སུན་སྣང་སྐྱེས་ཀྱིན་ཡོད། བོད་ལ་སྤྲུལ་སྐུའི་ལམ་ལུགས་དགོས་མི་དགོས་ཟེར་མཁན་དག་གིས་དོན་དངོས་སུ་བསམ་བློ་ག་འདྲ་ཞིག་གཏོང་གི་ཡོད་མེད་ཀྱང་མགོ་ཚོས་ཀྱི་མི་འདུག ཁོ་ཚོས་ལོ་ངོ་བརྒྱ་ཕྲག་མང་བོའི་རིང་བརྒྱུད་ནས་འོང་བའི་སྤྱི་ཚོགས་ཀྱི་ཤ་དང་རུས་ལ་ཟུག་པའི་ལམ་དང་ལུགས་སྲོལ་ཡོངས་རྫོགས་བསྒྱུར་ཆོག་ཆོག་ཅིག་ཡིན་པའི་སྣང་བ་སྐྱིད་པོ་ཞིག་དྲན་གྱི་ཡོད་པ་འདྲ། སྤྲུལ་སྐུའི་ལམ་ལུགས་ཀྱི་བསྟན་པ་དར་དང་མི་དར་ནི་བོད་སྤྱི་ཚོགས་ནང་བྲིན་རྒྱུགས་ཆེ་མིན་ལ་རག་ལས་ཤིང་། དེ་ཡང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་མིན་ལ་རག་ལས་ཡོད། དེའི་ཕྱིར། སྤྲུལ་སྐུའི་ལམ་ལུགས་དགོས་དང་མི་དགོས་སྤྱི་ཚོགས་ཀྱི་གནས་བབ་ཀྱིས་ཐག་གཅོད་བྱེད་རྒྱུ་ལས་རང་ཉིད་ཀྱི་འདོད་པ་དབང་བཙན་པོར་བྱེད་པ་ནི་ལྐུགས་རྟགས་རང་ཡིན། བོད་ཀྱི་སྤྱི་ཚོགས་ནང་སྤྲུལ་སྐུ་རྫུན་མ་མང་བས་རྐྱེན་གྱིས་སྤྲུལ་སྐུ་མི་དགོས་ལབ་ཀྱི་ཡོད་ན་ཆོས་ལུགས་པ་རྫུན་མ་མང་བས་ཆོས་ལུགས་པའང་མི་དགོས་ཟེར་དགོས་པར་ཅི་ལ་མི་འགྱུར། དེ་ལྟ་ན་ལྷ་མེད་འདྲེ་མེད་ཟེར་མཁན་གྱི་གུང་ཁྲན་རང་ལུགས་ལས་ལག་པ་འཇུ་ས་གཞན་ཅི་ཡང་ལྷག་མི་འདུག་ལ། ད་དུང་དངུལ་ལོར་རྫུན་མ་མང་བས་རྐྱེན་གྱིས་དེང་ཕྱིན་ཆད་དངུལ་ལོར་མི་དགོས་ཟེར་མཁན་དག་ནི་བླུན་རྨོངས་པའི་བརྟུལ་ཞུགས་ལ་གནས་པ་དག་ཁོ་ནའོ།
ངས་བལྟས་ན་ཆོས་བརྒྱུད་སོ་སོའི་འགོ་པ་གཙོ་བོ་རེའི་སྤྲུ་སྐུ་དེ་དག་བཞག། དེ་བྱིངས་ཚོ་དགུ་རྫོགས་གནམ་གང་བཏང་ཇི་འདྲ་རེད།
བྲག་གཡབ་རིན་པོ་ཆེས་དངོས་གནས་གནད་ལ་ཁེལ་བ། རྒྱུ་མཚན་ལྡན་པ་གསུངས་འདུག་མོད། ང་ཚོ་བོས་པའི་བོང་རྒན་ཚོས་ཨ་མཆོག་ནང་དུ་འགྲོ་ཁག་པོ་རེད་ལ། ད་དུང་དུས་རབས་ཀྱི་ཁ་ཕྱོགས་ཙམ་ཡང་མི་ཤེས་པའི་བླུན་པོ་ཚོ་ནི་དབང་ཆ་ཁོ་ན་ལས་སྤྱི་ཚོགས་ཀྱི་གནས་སྟངས་སོགས་གང་ཡང་མ་ཤེས་པ་འུར་རྒྱག་རྒྱུ་དགའ་ཆེ་བས་དུས་ནམ་ཡང་མི་ཐོག་རབས་འདིའི་རིང་འཛུག་བསྡུར་རྒྱུ་ཁག་པོ་རེད།
ང་ཚོ་བོད་པའི་བོང་རྒན་དག་ལ་ཆོས་་་་
བོང་རྒན་ཟེར་ས་དེ་སུ་རེད། བོང་རྒན་ཟེར་ནོ་འདི་སུ་རེད། ཧ་ཧ་ཧ།
རྒྱུ་མ་མྱི་ལ་མེད་ནི། རྒྱུ་ཁུ་ཁྱི་ལ་མེད་ནི་བྱས་ན་ཐོབ་བྱ་ག་རེ་ཡིན་ནམ། གཡམ་རྒྱུག་མ་བྱེད་དྲ་ཉེ་ཚོ། མགོ་ཆག་རྣ་རལ་ལ་ཆགས་འོང་དུས། ངུ་འདོད་བྱུང་ཡང་ཚར་ནི་རེད། མགོ་སྟོང་སྙིང་རྗེ་མོ་མ་ཚོ།
བོང་རྒན་ཟེར་བའི་ཚིག་དེ་མཐོང་མ་ཉིད་དུ་སྙིང་ལ་ཟུག་ངུ་རྒྱག་མཁན་སུ་ཡིན་ན་དེ་ཚོ་བོང་རྒན་པའི་རྟགས་གསལ་པོ་ཡིན་ས་དམིགའ་བསལ་འགྲེལ་བ་རྒྱག་དགོས་མ་མཐོང་་་་་་
སྤྲུལ་སྐུ་མི་དགོས་ཐག་གཅོད་ཡིན་ བྲག་གཡབ་སྐྱབས་མགོན་གྱིས་གསུང་པར་མངོན་པར་བསྟོད་དོ་ ཡིན་ཀྱང་ད་ལྟ་དུས་ཚོད་མིན་ ནམ་ཞིག་བོད་ལ་བདེ་སྐྱིད་ཉི་མ་ཤར་དུས་མེད་པར་བཟོས་ཀྱང་ཕྱི་མི་དྲག་བསམ་ གང་ཟེར་ན་དོལ་ཚོགས་ནང་བཞིན་གཉིས་པ་ཞིག་ཡོང་མི་སྲིད་པ་མིན་ རྒྱུ་མཚན་ནི་སྤྲུལ་སྐུ་བཟོ་མཁན་གྱིས་མི་དང་སྤྲུལ་སྐུ་བཟོ་སྟངས་ལས་གསལ་བར་ཤེས་ཐུབ་
བོད་རྒྱུད་ནང་བསྟན་ལ་སྤྲུལ་སྐུའི་ལམ་ལུགས་མེད། ད་ལྟ་ཡོད་བཞིན་པ་འདི་ནི་འགྲེམས་སྟོན་ཁང་ལ་བསྐྱེལ་རན། མཇུག་ངེས་པར་དུ་རྫོགས་དགོས། བྱ་བ་དེ་ནག་ཉེས་ཅན་ཞིག་དང་སྤྱི་ཚོགས་རུལ་སོང་གི་གཞི་མ་ཡིན་ན། དེ་ཐོག་མར་འགོ་འཛུག་མཁན་དང་སྲོལ་གཏོད་མཁན། བར་དུ་དེར་ཞུགས་ནས་དེའི་རྒྱུད་ལམ་འཕེལ་རྒྱས་གཏོང་མཁན། མཐའ་མར་རང་ཉིད་ཀྱང་དེའི་འཁོར་ཡུག་ནང་ཡོད་མཁན་ཚང་མར་ནག་ཉེས་ཅན་ཤ་སྟག་ཡིན་པས་དེར་ཕོ་རོག་དཀར་ནག་གི་དབྱེ་བ་འཕྱེ་བ་ནི་རྒོད་རྒྱུ་ཞིག་ལས་ཅང་མེད་ནི་རེད།
གལ་སྲིད་སྐུལ་སྤྲུའི་ལམ་ལུགས་འདི་དགུ་རྫོགས་བརྒྱག་རྒྱུ་ཞིག་ཡིན། ལམ་ལུགས་འདི་ལ་ཕྱག་འཆང་མཁན་དེ་ཚོ་ནག་ཉེས་ཅན་ཤ་སྟག་ཡིན་ཚེ་༧གོང་ས་མཆོག་གཙོ་བོར་བྱས་པའི་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་དེ་ཚོ་ནག་ཉེས་ཆེ་བ་ཞིག་ས་སྟེང་འདིར་དཀོན་སོང་ངོ་།།
Point to be noted.
ཡག་པོ་གསུངས་འདུག
ད་ཆ་བོད་མི་དམངས་རྣམས་གཞི་ནས་རྨོངས་གཉིད་ལས་སད་ཀྱིན་པའི་མངོན་རྟགས་རེད། ད་དུང་ཁ་ཚ་དགོས་གཏུགས་ནི་ངར་ལྕགས་ཀྱི་གོང་བུ་ལྟ་བུའི་རྡ་སའི་ཁེ་ཕན་རིང་ལུགས་པའི་ཤོག་ཁག་དང་། དེ་ལས་འཕྲོས་པའི་ལྐོག་ཟའི་གནད་དོན་དེར་གདོང་ལེན་བྱེད་རྒྱུར་རྟགས་མཚན་གང་ཡང་མི་མངོན་པ་དེས། མུ་མཐུད་སྤྱི་ཚོགས་ཡར་རྒྱས་ལ་འཕུར་བསྐྱོད་བྱེད་ཐུབ་ཀྱི་མེད།
ལུང་རྟོགས།་ལགས་ཀྱིས་མཆན་བཏབ་པ།:
July 18th, 2014 at 11:49 PM
སྤྲུལ་སྐུའི་ལམ་ལུག་འདི་ད་ནི་འཇུག་སྒྲིལ་བའི་དུས་ལ་སླེབས་འདུག འདས་པའི་དུས་སུ་སྤྲུལ་སྐུའི་ལམ་ལུག་འདིས་ཕན་གནོད་གཉིས་ཀ་བྱུང་ཡོད་ཀྱང་། ད་ལྟའི་དུས་ཀྱི་སྤྲུལ་སྐུ་ཕལ་མོ་ཆེ་ནི་རྒྱུ་སྤྲུལ་སྐུ་དང་དབང་སྤྲུལ་སྐུ་གཡོ་སྒྱུའི་སྤྲུལ་སྐུ་ཡིན་པས། སྤྲུལ་སྐུ་ཇེ་མང་སོང་བ་དང་མཉམ་དུ་རྒྱུ་སྤུས་ཀྱང་ཇེ་སྡུག་ལ་འགྲོ་བཞིན་ཡོད་པ་མངོན་སུམ་ཡིན་དུས་གོང་ས་མཆོག་གིས་དབུ་ཁྲིད་ནས་ལམ་ལུག་འདི་འཇུག་སྒྲིལ་བའི་རེ་སྐུལ་ཞུ་རྒྱུ་ཡིན།
༄༅། །སྤྲུལ་སྐུའི་ལམ་ལུགས་ལ་དཔྱད་པ་དམུས་ལོང་མིག་འབྱེད་ཞེས་བྱ་བ།
༡༽སྤྲུལ་སྐུའི་ལམ་ལུགས་ཀྱི་བྱུང་བ། ནང་པའི་ཆོས་ལུགས་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་པས་སྐྱེ་སྲིད་ལ་དགག་པ་ཡོད་ཚེ་ནང་ཆོས་ཀྱི་ཀ་བ་ཆག་ནས་གདུང་མ་འཐོར་ཚར་བ་རེད། སྟོན་པ་ཞལ་བཞུགས་པའི་དུས་ནས་སྐྱེ་སྲིད་ངོས་འཛིན་མི་ཉུང་བ་བྱུང་ཡོད་ཀྱང་དེ་ལ་སྤྲུལ་བའི་སྐུའི་ཐ་སྙད་སྦྱར་ཡོད་པ་མ་མཐོང་། ཕྱིས་སུ་བོད་ཀྱི་བླ་ཆེན་ཁག་སངས་རྒྱས་བྱང་འཕགས་ཀྱི་སྤྲུལ་བར་ངོས་བཟུང་སྟེ་སྤྲུལ་སྐུ་ཞེས་པའི་མཚན་གསོལ་བ་ཡིན་ཀྱང་དོན་དུ་མིང་ཙམ་ལས་སྐྱེ་སྲིད་ངོས་འཛིན་དང་ཁྱད་པར་མེད་དོ། ། སངས་རྒྱས་ཀྱི་གཞུང་དང་མཐུན་མིན་སྐྱེས་རབས་དཔག་བསམ་འཁྲི་ཤིང་། མདོ་སྡེ་ལས་བརྒྱ་པ། མཛང་བླུན་སོགས་ལ་གཟིགས་ཤིག ། བོད་དུ་ཇོ་བོ་རྗེའི་བཀའ་ཆེམས་ཀ་ཁོལ་མ་ལྟར་ན། སྲོང་བཙན་སྒམ་པོ་རང་བྱུང་གི་སྤྲུལ་སྐུ་དང་། རྒྱ་བཟའ་དང་བལ་བཟའ་ཡང་སྤྲུལ་བར་ངོས་བཟུང་བ་ཐོག་མ་སྟེ། རིམ་པར་དུས་རབས་བརྒྱད་པར་གུ་རུ་པདྨས་ལོ་ཙཱ་བ་གསུམ་ལུང་བསྟན་ཏེ་ངོས་བཟུང་བ་དང་། རྩང་བན་ལེགས་གྲུབ་ཀྱི་སྐྱེ་བ་རྒྱལ་མོ་གཡུ་སྒྲར་ངོས་བཟུང་པ་ནི་བོད་ཀྱི་བླ་མ་གཤེགས་པའི་སྐྱེ་སྲིད་བོད་དུ་ངོས་འཛིན་ཐོབ་པ་ཐོག་མའོ། །རྙིང་མའི་ནང་དུ་། ཉང་ཉི་མ་འོད་ཟེར། གུ་རུ་ཆོས་དབང་། རིག་འཛིན་རྒོད་ལྡེམ་པ་ལ་མཆོག་གི་སྤྲུལ་སྐུ་རྣམ་གསུམ་ཞེས་ཉི་ཟླ་ལྟར་གྲགས་ཤིང་ངོས་འཛིན་ཚུལ་གུ་རུ་པདྨ་སོགས་དམ་པ་རྣམས་ཀྱི་ལུང་བསྟན་ལ་བརྟེན་ནས་བྱུང་བ་ཤ་སྟག་གོ །ཀུན་ཀྱིས་ཤེས་གསལ་ལྟར་ཀརྨ་པ་སྐུ་ཕྲེང་གཉིས་པ་ངོས་འཛིན་བྱུང་བ་ནས་བོད་དུ་སྐྱེ་སྲིད་བཙལ་བའི་ལུགས་ལ་རྩ་བ་ཚུགས་ཤིང་ལོ་འདབས་རྒྱས། སྒྲིགས་ལམ་སོགས་རིམ་བཞིན་འཐུས་ཚང་དུ་གྱུར་པ་དང་། ཆོས་རྒྱུན་ཡོངས་ལ་སྤྲུལ་སྐུས་མ་ཁྱབ་པ་ལྟ་བུར་མེད་མོད། ས་སྐྱ་དང་། འབྲི་གུང་། ཉང་གི་གདན་ས་སོགས་ལ་སྐྱེ་སྲིད་རང་ཁྱིམ་དུ་འཁྲུངས་པའི་སྲོལ་ཡོད་པས་གཞན་དུ་བཙལ་བའི་ལུགས་ཡུན་རིང་པོར་ཆགས་མ་ཐུབ་པར་མངོན། དང་པོ་ཆོས་ཕྱོགས་ཀྱི་མཛད་ཕྲིན་འཕྲོ་མཐུད་དེ་སྐྱོང་བའི་དགོས་པ་ཡིན་ཀྱང་། སོག་པོ། ཏཱ་མིང་། མཉྫུ་སོགས་ཀྱི་འདྲེ་ལག་བོད་དུ་བསྐྱང་པ་ནས་བཟུང་སྲིད་ཕྱོགས་ཀྱི་གདན་ཐོབ་ཟེར་བའི་གཡོ་འཕྲུལ་ཀྱིས་སྤྲུལ་སྐུའི་ལམ་ལུགས་ཀྱང་ནག་པོར་བསྒྱུར་པ་རེད། ༢༽རྩོད་པ་བྱུང་དོན། འཇིག་རྟེན་གྱི་ཁེ་ཕན་གྱི་ཆེད་དང་། དད་པ་བྱེད་ཡུལ་ནོར་ཡོད་མེད་ཀྱི་སྟེང་ནས་རྩོད་པ་བྱུང་བ་ཡིན་ལ། ལོ་༣༠༠་ཙམ་གྱི་ནང་རྩོད་པ་མུ་མཐུད་དེ་བྱུང་ཡོད། དཔེར་ན། རྒྱལ་དབང་ལྔ་བའི་ཡང་སྲིད་ཐད། ཚངས་དབྱངས་རྒྱ་མཚོ། པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ་གསུམ་དུས་མཉམ་དུ་བྱུང་ཞིང་ཆོས་ལུགས་པའི་འཐེན་ཁྱེར་སྐབས་སྲིད་དོན་པར་གོ་སྐབས་ཐོབ་ཏེ་བོད་ཀྱི་རྒྱལ་ཁབ་རྒས་པའི་སྟེང་ལ་འཆི་ནད་ཐེབས་པ་ལྟ་བུ་བྱུང་བ་རེད། དེ་བཞིན་འཇམ་བཞད་གཉིས་པའི་ཡང་སྲིད་ཀུན་མཁྱེན་འཇིགས་མེད་དབང་པོ། གཙོས་གསེར་ཁྲི་གཉིས་བྱུང་བ་སོགས་དགེ་ལྡན་པའི་ནང་དོན་རྐྱེན་མུ་མཐུད་དེ་བྱུང་ཡོད། དེ་བཞིན་ཀརྨ་པ་བཅུ་པ། བཅུ་གསུམ་པ། བཅུ་དྲུག་པ། བཅུ་བདུན་པ། ཞྭ་དམར་དགུ་པ། བཅུ་པ། འབྲུག་ཆེན་དྲུག་པ། བདུན་པ། བཅུ་པ་སོགས་ལའང་རྩོད་པ་བྱུང་ཡོད་པའི་ལོ་རྒྱུས་ཡོངས་གྲགས་སོ། །རྙིང་མའི་ནང་དུ་སྤྲུལ་སྐུ་གཉིས་གསུམ་རེ་བྱུང་ཡང་རང་ས་ནས་བཀུར་བ་ལས་རྩོད་པ་ཆེར་བྱུང་མེད། གཙོ་བོ་རྙིང་མ་ལ་གདན་ཐོབ་ཡོད་པའི་སྤྲུལ་སྐུ། ཉང་གི་གདུང་རྒྱུད། སྨིན་གླིང་གདུང་རྒྱུད་དང་། རྡོ་བྲག་སྤྲུལ་རྒྱུད་སོགས་དབུས་ཕྱོགས་ལ་ཡོངས་གྲགས་རེད། ཁམས་ཕྱོགས་སུ་ཀཿཐོག་རིག་འཛིན་ཆེན་པོ། དགེ་རྩེ་ཕཎ་ཆེན། རྫོགས་ཆེན་སྐུ་ཕྲེང་དྲུག་པ་ཙམ་ལས་གཞུང་འབྲེལ་གྱི་གདན་ཐོབ་ཡོད་པ་མེད་ལ། དེ་བཞིན་རང་བྱུང་གི་གཏེར་སྟོན་མང་པོས་བསྟན་པ་བསྐྱངས་པས་བླ་བྲང་སོགས་རྩོད་གཞི་ཆེན་པོ་རང་མེད་པས་ཡིན་ནམ་སྙམ། ས་སྐྱ་ལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྤྲུལ་སྐུ་ཐོག་མར་གྲགས་ཤིང་དེ་ལ་སྤྲུལ་སྐུ་ལྔ་བྱུང་བའང་སོ་སོའི་ས་ནས་བཀུར་བ་ལས་རྩོད་པ་བྱུང་མེད། མདོར་ན་སྤྲུལ་སྐུའི་རྩོད་པ་ཆེ་ཤོས་བཀའ་བརྒྱུད་ལས་ཀརྨ་བཀའ་བརྒྱུད་དང་། དགེ་ལྡན་པའི་ཕྱོགས་ནས་མང་པོ་བྱུང་འདུག རྙིང་མ། ས་སྐྱ་ཇོ་ནང་བཅས་ལ་རྩོད་པ་ཆེར་བྱུང་པའི་ལོ་རྒྱུས་མ་མཇལ་ལོ། ། ད་ལྟའི་ཆར་ཡང་མཁྱེན་བརྩེའི་སྤྲུལ་སྐུ་དུ་མ། དགེ་རྩེའི་སྤྲུལ་སྐུ་བཞི། ཀཿཐོག་སི་ཏུ་གསུམ། རྫོགས་ཆེན་རིན་པོ་ཆེ་གཉིས། བདུད་འཇོམས་གཉིས་བྱུང་ཡོད་མོད། མངོན་གསལ་གྱི་རྩོད་པ་མེད་པ་ཀུན་གྱིས་དགོངས་བཞིན་པ་ལགས་སོ། །འོག་ནས་ཡིན་མིན་གྱི་ཤན་འབྱེད་ཀྱི་གཏམ་འཆལ་རེ་བྱུང་ཡང་བླ་བྲང་དང་སྤྲུལ་སྐུ་སོ་སོའི་ངོས་ནས་ཕན་ཚུན་རྩོད་གླེང་མེད་པར་གནས་སོ། །འདི་ལྟར་དཔྱད་ཚེ་སྤྲུལ་སྐུ་ལ་རྩོད་པ་མིན་པར། རྙེད་བཀུར་དང་མངའ་རིས་ལ་རྩོད་པ་ཡིན་པར་ངེས་ཤེས་སྐྱེ་ཐུབ་པར་འགྱུར་རོ། །སོ་སོའི་ངོས་ནས་དད་པའི་ཡུལ་ཞིག་ལ་གུས་པ་བྱེད་པར་གཞན་གྱིས་ཀྱང་དེའི་ཆོས་དད་རང་མོས་ལ་བརྩི་བཀུར་བྱས་ན་རྩོད་པ་ཡོང་དོན་མེད་དེ་རང་ཁྱིམ་ལྷ་ཁང་དུ་སྐུ་འདྲ་ཞིག་གདན་དྲངས་པ་ལྟ་བུར་སྣང་ངོ། །
ད་རེས་བྲག་གཡབ་སྐྱབས་མགོན་གྱིས་སྤྲུལ་སྐུའི་ལམ་ལུགས་མེད་ན་ལེགས་ཚུལ་གསུངས་པ་འདི་ཤིན་ཏུ་ནས་ངོ་མཚར་ཆེ་བའི་གཏམ་དུ་སྣང་ངོ་།།
བྱས་ན་དགེ་འདུན་ཆོས་འཕེལ་གྱི་ཡང་སྲིད་བཅོ་ལྔ་དང་། གྲོ་མོ་དགེ་ཤེས་ཀྱི་ཡང་སྲིད་གཉིས། རྭ་སྒྲེང་གཉིས། རག་སྡིག་༼མ་འདས་སྤྲུལ་སྐུ་སྟེ་བྱམས་པ་ཕུན་ཚོགས་དང་པད་མ་འཕྲིན་ལས་༽གཉིས་སོགས་གང་གི་ཁོངས་སུ་འཇོག་དགོས་སམ།
མཆན་ ༣༡ པར་འདྲི་གི་ཡོད།
དེ་རིང་འདིར་བྲག་གཡབ་རིན་པོ་ཆེ་ནས་ངའི་བསམ་ཚུལ་དང་མཐུན་པའི་གསུངས་བཤད་འདི་ལ་གུས་བརྩི་ཞུ་བཞིན་ཡོད།སྤྲུལ་སྐུ་ཞིག་གི་མིང་ཐོག་ནས་དྲང་གཏམ་གསུངས་པ་ལ་དེ་བས་ཀྱང་དགའ། སྔོན་མ་ཕྲན་གྱིས་སྤྲུལ་སྐུའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རན་འདུག་ཞེས་རྩོམ་ཐུང་ཞིག་བྲིས་སྐབས་གླེང་སློང་གང་མང་བྱུང་སོང་། ཡིན་ན་ཡང་ད་རུང་མུ་མཐུད་ནས་སྤྲུལ་སྐུའི་ལམ་ལུགས་དེ་དགོས་ཚེ།ངེས་བར་དུ་བསྒྱུར་བཅོས་ཆེན་པོ་ཞིག་གཏོང་དགོས་ཀྱི་འདུག
དྲི་མེད་ལྷག་བསམ་གྱི་མཚན་ཅན་དེས་ཡག་པོ་ཞིག་བཀོད་འདུག ཐུགས་རྗེ་ཆེ་ཞུ། བོད་ཀྱི་སྤྲུལ་སྐུའི་ཐོག་མ་ཀརྨ་པ་ནས་དབུ་བཙུགས་པ་རེད་ཅེས་པ་དང་པོ་མཁས་པ་སུས་བཤད་དམ། སྐད་ཆ་འདིའི་ཁུངས་གང་ལ་ཐུག་ཡོད། ང་ཚོས་ཕྱོགས་རིས་འཐེན་རྩོད་ཆེད་མིན་པར་བདེན་དོན་དེ་འཚོལ་དགོས་པར་འདུག
༄༅། །སྤྲུལ་སྐུའི་ལམ་ལུགས་ལ་དཔྱད་པ་དམུས་ལོང་མིག་འབྱེད་ཞེས་བྱ་བ།གཉིས་པ། མུ་འགོད།
༣༽སྤྲུལ་སྐུ་ལ་དགག་པ་དང་དེའི་ལན། སྤྲུལ་སྐུའི་རིང་ལུགས་ལ་དགག་པ་བྱེད་མཁན་རྣམས་ཀྱིས་ད་བར་གནད་དུ་ཁེལ་བ་ཞིག་བཤད་ཐུབ་མེད། ནང་པའི་རྒྱལ་ཁབ་གཞན་ལ་མེད་པས་བོད་པར་མེད་ཀྱང་ཆོག་ཞུ་ན་བདེན་པ་རེད། བླ་མས་ཆོས་སྲིད་ཟུང་འབྲེལ་གནང་བར་སྐྱོན་ཡོད་པས་སོ་ཟེར་ན་བདེན་པ་རེད། སྤྲུལ་སྐུ་བདེན་རྫུན་བརྟགས་དཀའ་བས་སོ་ཟེར་ན་དེ་ཡང་བདེན་པ་རེད། འོན་ཀྱང་བོད་ཀྱི་ཆོས་དད་ལ་དཔག་པའི་བསམ་གཞིག་དང་། ཕན་གནོད་ལ་བརྟགས་པའི་བགྲོ་གླེང་། མང་མོས་དང་མཐུན་པའི་ཐག་གཅོད་ཅིག་དགོས་པ་ལས། འུར་འགྲོགས་ཀྱིས་བླ་ཆེན་གཅིག་གཉིས་ཞིག་དང་ཚོགས་པ་ཁོལ་བུ་ཞིག། ཁ་མང་ལོག་ལྟ་ཅན་རེ་གཉིས་ཀྱི་དགག་པ་བྱུང་བ་ཙམ་གྱིས་ཐག་གཅོད་བྱ་ག་ལ་ཐུབ། ད་བར་དགག་པ་ཕྱོགས་ག་འདྲ་ཞིག་ནས་ཡོང་བསྡུས་ཏེ་བཤད་ན། གཅིག རྒྱ་ནག་གཞུང་། རྒྱ་གཞུང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྣེ་ཁྲིད་སྤྲུལ་སྐུ་ཡིན་པ་དང་། བོད་ཀྱི་རིག་གནས་ཀྱི་སྐྱར་གསོ་གནང་མཁན། ༧པཎ་ཆེན་རིན་པོ་ཆེ། གུང་ཐང་ཚང་། ཚེ་ཏན་ཞབས་དྲུང་། འཇིགས་མེད་ཕུན་ཚོགས། ཤར་གདོང་ཚང་། གཟན་དཀར་ཚང་་སོགས་ཐམས་ཅད་སྤྲུལ་སྐུ་ཡིན་པ་དང་། དེ་དག་གིས་ལོ་ཉི་ཤུ་ཙམ་གྱི་རིང་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་མཛད་པ་མཐོང་སྟེ། གཞུང་ནས་ཐབས་སྣ་ཚོགས་ཀྱིས་སྤྲུལ་སྐུ་མེད་པའི་ཐབས་འཇུས་གཏོང་པ་དང་དགག་པ་རྒྱག་པ། གཞུང་གིས་སྤྲུལ་སྐུའི་ལམ་ལུགས་གསར་པས་རྙིང་པའི་ཚབ་བྱེད་བཅུག་ཏེ་རིམ་བཞིན་སྤྱི་ཚོགས་ལ་སྤྲུལ་སྐུ་མཐོང་རྒྱ་ཆུང་དུ་གཏོང་པ་དང་། དེའི་བརྩི་མཐོང་དང་མཛད་པ་ཉམས་དམས་པར་བྱེད་པ་མིག་མཐོང་ལག་ཟིན་ནོ། །ལན། ཆོས་མེད་སྲིད་གཞུང་ཞིག་གིས་བསྟན་པ་ལ་རྨ་འབྱིན་པའི་སྲིད་འཇུས་ལག་ལེན་ཏུ་བསྟར་བར་ད་དུང་རྒྱབ་སྐྱོར་བྱེད་ན་བསྟན་པ་གཅེས་པའི་ཐུགས་སྟོབས་བོར་ཞིང་། ནག་པོའི་ཕྱོགས་ལ་འཛུམ་བསྟན་པ་ཁོ་ནའོ། ། གཉིས། བོད་གཞུང་། བོད་གཞུང་གི་རྐུབ་སྟེགས་སྟེང་དུ་སྡོད་མཁན་བླ་མ་གྲྭ་བ་རྣམས་སུ་ཡིན་ཡང་རྒྱབ་རྩ་ངེས་ཅན་རེ་ཡོད་ཅིང་། ཆོས་རྒྱུན་གྱི་སྤྱི་མཐུས་རྣམས་ཀྱི་༧སྐྱབས་མགོན་རྣམས་དང་དགོན་སྡེ་སོ་སོ་རྒྱབ་རྩ་ལ་ཁུར་ནས་སྤོབས་པ་ཤྭ་བོའི་རྭ་ལྟར་གཟེངས་པ་མངོན་གྱུར་ལགས་ཤིང་། གྲོས་བསྡུར་དང་ཐག་གཅོད་མང་པོ་ཞིག་དམངས་གཙོ་དང་། འདྲ་མཉམ་གྱི་ལམ་དུ་འགྲོ་མི་འཇུག་པ་དང་། ཁྲིམས་ལུགས་སུ་མེད་ཀྱང་སྲོལ་ཆོས་ཀྱིས་གཞུང་ཞབས་སྐྱ་བོའི་ཚོགས་ཀྱིས་གྲྭ་བ་ལ་གུས་ཞབས་ཞིག་བྱེད་དགོས་པ་རང་བཞིན་དུ་གྱུར་པས། རྩ་བ་སྤྲུལ་སྐུ་ལ་བརྟེན་པ་ཤེས་ཏེ་དགག་པ་ཡོང་བཞིན་པའོ། ། ལན། ཆོས་སྲིད་སོ་སོ་བྱས་ཏེ་གྲྭ་བ་དང་བླ་སྤྲུལ་སོ་སོར་རང་གི་འཁོར་ཡུག་བསྐྲུན། སྲིད་དོན་ལ་ཐེ་གཏོགས་མེད་པར་བྱས། ཆོས་ལུགས་ཡན་ལག་ལས་ཁུངས་ཞིག་ཟུར་ཏུ་བཙུགས་ན་སྤྱི་མཐུས་ནང་གི་སྤྲུལ་སྐུ་དང་གྲྭ་བའི་དོན་རྐྱེན་མང་པོ་ཞིག་རང་བཞིན་གྱིས་ཞི་བར་འགྱུར་བ་ལས། ཆོས་རྒྱུན་རེའི་མགོ་ན་བླ་ཆེན་རེ། སྤྱི་མཐུས་ནང་ན་དེའི་སྐུ་ཚབ་རེ། དེ་ལ་དམིགས་བསལ་མང་པོ་སྤྲད་ན་རྩོད་པ་ཞི་བའི་དུས་མེད་དོ། ། གསུམ། ཤེས་ཡོན་ཅན་གྱིས་ངོ་རྒོལ། ཤེས་ཡོན་པའི་སྡེ་ཚན་གྱིས་ངོ་རྒོལ་ལ་རིགས་གཉིས་ཡོད། ༡་ཆོས་དད་ཅན་གྱིས་དགག་པ། མཁན་པོ། དགེ་བཤེས། སློབ་དཔོན་སོགས་ནང་ཆོས་ཀྱི་ཤེས་ཡོན་རང་སའི་སྤྲུལ་སྐུ་ཚོ་ལས་འཕགས་པའམ། མཉམ་པར་གྱུར་ཀྱང་། སྤྱི་ཚོགས་དང་དགོན་སྡེའི་ངོས་ནས་༧སྐྱབས་མགོན་ག་གེ་མོ་དང་། སྤྲུལ་སྐུ་ཆེ་གེ་མོའི་གདན་ཐོབ་དང་བརྩི་བཀུར་ལྟ་བུ་མི་ཡོང་པས་རྩོད་པ་བྱུང་བ་སྟེ། མེ་ལྕེ་འདི་འབར་མགོ་བརྩམ་ཙམ་ཡིན། ལན། དོན་དུ་དེའང་རྙེད་བཀུར་སྙན་གྲགས་ལ་རྩོད་པའི་ཁོངས་སུ་འདུ་བ་དང་། ཤེས་ཡོན་གྱི་མི་གཤིས་མཚོན་མི་ཐུབ་པ་དང། སྤྲུལ་སྐུ་ལ་རྫུན་མ་འབྱུང་བ་བཞིན་མཁན་པོ་དང་དགེ་བཤེས་ལའང་འབྱུང་བས་གཉིས་ཀ་མཉམ་པར་སེམ་མོ། ། ༢་ཆོས་དད་མེད་པས་དགག་པ། སྤྲུལ་སྐུ་རྫུན་མ་དང་། དེའི་སྤྱོད་པ། ནང་ཆོས་མཁན་པོ་འགའ་ཞིག་རྒྱུ་མཚན་དུ་བཀོད་ནས་དགག་པ་བྱེད་པ་མཐོང་། ལན། ཆོས་ལུགས་ལ་དད་པ་མེད་ན་རང་དབང་ཡིན་མོད། དེ་བཞིན་དད་པ་ཅན་གྱི་སྐྱབས་གནས་སུ་ཞིག་འཚོལ་རང་དབང་ཡིན་ལ། རང་གིས་འབད་པའི་ནོར་རྫས་སུ་ལ་འབུལ་ཡང་རང་དབང་ཡིན་པས་ཆོས་དད་མཁན་ལ་རྒོལ་བ་ནི་འགྲོ་བ་མིའི་ཐོབ་ཐངལ་རྡོག་བརྫི་བྱས་པ་དང་། ཐེ་གཏོགས་ཆེ་བའི་སྐྱོན་མཚང་ཕྱིར་བཏོན་པ་ཁོ་ནའོ། ། བཞི། སྤྱི་ཚོགས་ཀྱི་རྒོལ་བ། སྤྱི་ཚོགས་ཀྱིས་དགག་པ་བྱུང་དོན་རེ་བ་ཆེ་ནས་དགག་པ་བྱེད་པ་དང་། ཕྲག་དོག་དབང་གིས་རྩོད་པ་བྱེད་པ་གཉིས་སུ་འདུ། ༡་རེ་བ་བཅང་སྟེ་རྩོད་པ་བྱུང་བ་འདི་ལ་རིགས་མང་ཡང་། གཙོ་བོ་སྐུ་གོང་མ་ཡིན་མིན་གྱིས་དོགས་པ།གཙོ་བོ་རྣམས་ཀྱི་ཐོབ་དང་དཔལ་འབྱོར་གྱི་རྩོད་པ། སྤྲུལ་སྐུ་མང་ཆེ་བ། ཤེས་ཡོན་དང་ཀུན་སྤྱོད་སྐུ་སྔ་མ་ལྟར་མ་བྱུང་པ། ཉེ་གནས་ལ་གཟིགས་སྐྱོང་ཆུང་བ་སོགས་ལྟོས་བཅས་ཀྱི་ངོས་ནས་རྩོད་པ་བྱུང་བ་དང་། ཞབས་དྲུང་སོགས་ཀྱིས་མི་ལ་བཙན་གནོན། བཤུ་གཞོག གཏོང་རྒྱ་དང་སྡུད་རྒྱ་སོགས་བྲེ་སྲང་ལ་གཡོ་རྒྱུ་བྱས་པ། ཐུན་མིན་གྱི་རྙེད་བཀུར་གཉེར་བ། སྡེ་རིས་རྩོད་པ། འཁྲུགས་རྩོད་ཀྱི་་ཁ་ལོ་པ་བྱས་པ་སོགས་འཁོར་སློབ་ཀུན་སྤྱོད་ངན་པའི་ཉེས་པ་བླ་མ་ལ་ཕོག་པའང་མི་ཉུང་པ་ཡོད། ལན། དེ་ལ་སྐྱོན་ཡོན་དབྱེ་འབྱེད་བྱས། སྒྲིགས་སྲོལ་ནན་མོ་བཙུག་ནས་སེལ་ཐུབ་པ་ཡིན་པས། དངུལ་ལོ་རྫུན་མ་བྱུང་བ་ཙམ་ཙམ་ཀྱིས་བདེན་རྫུན་མི་འབྱེད་པར་ཚང་མིའི་འགྲོ་བ་ཡིན་ཕྱིན་སྐྱོན་རེ་ཡོང་བ་ཆོས་ཉིད་ཡིན་པས་དེ་བསྒྱུར་བཅོས་གཏོང་རྩ་མེད་གཏོང་་དགོས་པ་མེད་སྙམ། ༢་ཕྲག་དོག་དབང་གིས་རྩོད་པ་བྱུང་བ་ནི། བླ་མ་ལ་སློབ་སྦྱོང་དང་། འབུལ་བ། སྐུ་འགྱེད། སྐུ་འཁོར་དམིགས་བསལ་ཡོད་པ་དང་། དེའི་ཞབས་དྲུང་རྣམས་ལ། ཐོབ་དང་དབང་ཆ། བརྩི་བཀུར་ཞབས་འདེགས་སོགས་གཞན་ལས་ཁྱད་པར་ཡོད་པ་དང་། དེ་བཞིན་དཔལ་འབྱོར་ཡང་གཞན་ལས་ལྷག་པ་ཡོད་པར་ཕྲག་དོག་གིས་སྤྲུལ་སྐུའི་ལམ་ལུགས་ལ་དགག་པ་བྱུང་བ་རེད། ལན། ལས་འབྲས་ལ་ཡིད་ཆེས་མཁན་ཞིག་ཡིན་ཚེ་དེ་ཁོ་རང་གི་སྔོན་བསག་ལས་བྱུང་པ་དང་། དེ་ལྟ་བུའི་དབང་ཆ་དེ་མི་མང་གིས་སྤྲད་པ་ལས། སྤྱི་ཚོགས་ལ་བརྩི་བཀུར་མེད་ན་བླ་མ་ལ་དེ་ལྟར་ཡོང་དོན་ཡང་མེད་པར་སྣང་ངོ།། ལྔ་བ། ལོ་རྒྱུས་ལ་བསམ་ཞིང་དགག་པ། ལོ་རྒྱུས་ཁྲོད་སྤྲུལ་སྐུའི་དོན་རྐྱེན་མི་ཉུང་པ་བྱུང་མྱོང་ཞིང་། སྤྱིར་སྤྱི་ཚོགས་ལ་ཕན་བདེ་སྒྲུབས་མཁན་གྱི་བླ་སྤྲུལ་རྣམས་དཀྲུགས་ཤིང་གི་རྩ་བ་ལྟ་བུར་གྱུར་ནས་རྒྱལ་ཁབ་བཙོང་། མི་རིགས་བརླག ཆེན་པོ་རྣམས་ལ་རྒྱབ་བཅོལ་ནས་རྒྱ་ཐོབ་ཀྱིས་བོད་མགོ་གནོན་མཁན་མི་ཉུང་པ་བྱུང་བ་དང་། ཁྱད་པར་ཀརྨ་པའི་སྤྲུལ་སྐུའི་གནད་དོན་ལྟ་བུ་སྤྱི་ལ་ཚོགས་གཏོར་བཤིག་བསམ་ཡུལ་ལས་འདས་པ་ཕོག་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེ་བླ་སྤྲུལ་ཆེན་པོའི་རིགས་འགའ་ཞིག་ལས། ཆུང་ངུ་རང་ཁ་གསོ་བར་དཀའ་ལས་ཡོད་མཁན་གྲས་ལ་ནུས་པ་དེ་ཙམ་མེད། ལན། ལོ་རྒྱུས་ཀྱི་སློབ་གསོ་ལ་གཞིག་པའི་བསྒྱུར་བཅོས་དང་། བོད་མི་མང་གི་དགོས་མཁོ་དང་བསྟུན་ནས་ཐག་གཅོད་དགོས་པ་ལས། འདས་པའི་སྐྱོན་རྣམས་ད་ལྟའི་སྤྱི་ཚོགས་སུ་ཁྲིད་ནས་ཆད་པ་གཅོད་རྒྱུ་མེད་དོ། །
དྲི་མེད་ལྷག་བསམ་ལགས་ཐུགས་རྗེ། རྒྱུ་མཚན་དང་ལྡན་པར་བཀོད་འདུག ཡིན་ནའང་། གཙོ་བོ་སྐུ་གོང་མ་ཡིན་མིན་རྩོད་པ། ཞེས་པ་དེ་ལ་ལན་ཇི་ལྟར་གནང་ཁ་གསལ་གནང་རོགས། ངོས་གནས་སྐུ་གོང་མ་ངོས་བཟུང་ཐུབ་མཁན་ཞིག་ང་ཚོས་སྤྱི་ཚོགས་ཁྲོད་དུ་ཡོད་དམ།
མཁས་དབང་དྲི་མེད་ལྷག་བསམ་མཆོག་གིས་གསུངས་པ་ལེགས་བཤད་རང་དུ་མཐོང་།
དྲང་པོ་གསུང་འདུག་དངོས་དང་མཐུན་པོ་འདུག་དགའ་བྱུང་སོང་།།
བཅོས། དངུལ་ལོ་རྫུན་མ་བྱུང་བ་ཙམ་ཀྱིས་བདེན་རྫུན་མི་འབྱེད་པར་ཚང་མ་གཏན་མེད་བྱེད་མི་དགོས་པ་བཞིན། མིའི་འགྲོ་བ་ཡིན་ཕྱིན་སྐྱོན་རེ་ཡོང་བ་ཆོས་ཉིད་ཡིན་པས་དེ་བསྒྱུར་བཅོས་གཏོང་དགོས་པ་ལས་རྩ་མེད་བྱེད་དགོས་པ་མེད་སྙམ། ༼བྲེལ་བ་ཆེ་སྒང་དུ་ཁེལ་ཞུ་དག་ཡག་པོ་མ་བྱུང་བར་དགོངས་འགལ་མེད་པར་ཞུ།༽
༄༅། །སྤྲུལ་སྐུའི་ལམ་ལུགས་ལ་དཔྱད་པ་དམུས་ལོང་མིག་འབྱེད་ཞེས་བྱ་བ།གསུམ་པ། མུ་འགོད།
༣༽སྐྱོན་གྱིས་ངོས་ནས་དཔྱད་པ། སྤྲུལ་སྐུ་བདེན་རྫུན་དང་གདན་ཐོབ། རྒྱུ་ནོར་རྩོད་པ་དེ་དགེ་ལུགས་དང་བཀའ་བརྒྱུད་ཀཾ་ཚང་གཉིས་ལ་རྒྱུན་དུ་བྱུང་བསྡད་ཡོད་པ་ཞིག་དང་ཆོས་རྒྱུན་གཞན་ལ་དེ་ཙམ་མེད། འོན་ཀྱང་སྤྲུལ་སྐུའི་མཛད་སྤྱོད་ཀྱི་ངོས་ནས་སྤྱི་ཚོགས་ལ་ཞབས་འདྲེན་ཞུས་མཁན་ཆོས་རྒྱུན་ཚང་མར་ཡོད་ལ། ལྷག་པར་དུ་ཆང་དང་། བུད་མེད། ལྷ་མཐོང་འདྲེ་འདུལ་གྱི་མགོ་སྐོར་གཏོང་མཁན་རྙིང་མ་དང་བཀའ་བརྒྱུད་པར་མང་། ཕྱིས་སུ་དགེ་ལྡན་པའི་བླ་མ་ཆེ་ཁག་ནས་ཆུང་བའི་བར་བྱུང་ཡོད།
༡་། རིན་པོ་ཆེའི་རྣམ་གྲངས། ད་ལྟ་རིན་པོ་ཆེ་ཟེར་བའི་ཁོངས་སུ་སྤྲུལ་སྐུ་གཅིག་པོའི་མི་ཚད། དགེ་བཤེས། མཁན་པོ། གདུང་སྲས་ཕོ་མོ། གསང་ཡུམ། རྡོ་རྗེ་སློབ་དཔོན་བཅས་འདུས་ཡོད། དགེ་བཤེས་བགྲེས་པ་འགའ་ཞིག་མ་གཏོགས་སྐུ་ཕྲེང་རེ་བསྒྲང་རྒྱུ་མེད་པ་དང་། སྐྱེ་རྟགས་འཁྲུངས་རྟགས་གླེང་རྒྱུ་མེད་པ་ཞིག་མེད་ཚོད་རེད། དེས་ན་ཡོན་ཏན་སྣ་རེ་ཡོད་ཙམ་གྱིས་རང་ཉིད་དམ་འཁོར་སློབ་ཀྱིས་ངོས་འཛིན་བྱས་ཏེ་རང་བྱུང་གི་སྤྲུལ་སྐུར་དོན་གྱིས་གྲུབ་འདུག་པས། འདི་དག་ཐམས་ཅད་མེད་པ་གཏོང་དགོས་སམ།
༢། རིན་པོ་ཆེའི་གྲངས། བོད་ཀྱི་མི་གྲངས་ཀྱི་དབང་དུ་བྱས་ན། མི་སྐྱ་རྙིང་མ་དང་པོ་དང་། གྲྭ་བ་དགེ་ལུགས་དང་པོ་ཡིན། གསུམ་པ་བཀའ་བརྒྱུད། བཞི་བ་ས་སྐྱ། ཇོ་ནང་ལ་དགོན་པ་བརྒྱ་ལྷག དེ་བཞིན་བོ་དོང་། ཤངས་པ་སོགས་ལ་དགོན་སྡེ་ལྔ་དྲུག་རེ་ཡོད། སྐྱོན་ཆ་ཡོད་པའི་སྤྲུལ་སྐུ་ཡང་ཆོས་རྒྱུན་གྱི་མི་གྲངས་བཞིན་མང་ཉུང་གི་ཁྱད་པར་ཡོད། སྤྱི་སྡོམ་བོད་ཀྱི་སྤྲུལ་སྐུའི་གྲངས་སུམ་སྟོང་དུ་སླེབས་པ་དང་། ལོ་རེར་ཡང་སྲིད་གཤེགས་རྗེས་བཙལ་བ་བཅུ་ཙམ། ལོ་ཉི་ཤུ་ཙམ་རེར་སྔོན་གྱི་སྤྲུལ་རྒྱུད་ཆད་ནས་ཉམས་གསོ་བྱས་པ་གཅིག་རེ་ཡོང་སྲིད་ཙམ་མོ། བོད་ཕྱི་ནང་གཉིས་ནས་ལོ་རེར་མཁན་པོ་༥༠་རེ། དགེ་བཤེས་༥༠་ལྷག རྡོ་རྗེ་སློབ་དཔོན་༡༠༠ལྷག་ཡོང་གི་ཡོད། དཔེར་ན། རྒྱ་བླ་ཟེར་བའི་ཀུན་ཀྱིས་སྨོད་པའི་ནང་དུ། མཁན་པོ་གྲངས་མང་ཤོས། གཉིས་པ་དགེ་བཤེས། གསུམ་པ་སྤྲུལ་སྐུ། བཞི་བ་རྡོ་རྗེ་སློབ་དཔོན། ལྔ་བ་གདུང་བརྒྱུད། དྲུག་པ་གསང་ཡུམ་དང་མཁའ་འགྲོ་མ་ཟེར་བ་ཉུང་ཤོས་ཞིག་ཡོད། སྐྱོན་གྱིས་ངོས་ནས་བཤད་ན། མང་ཆེ་བ་བཤད་གྲྭ་སོགས་འཛུག་བསྐྲུན་གསོ་སྐྱོང་གི་པར་དངམཁན་ཐོབ་ཕྱག་ཁྱེར་སྟོན་རྒྱུ་ཡོད། དགེ་བཤེས་ཡང་གཅིག་མཚུངས་ཡིན་པ་ལ་རྒྱ་གར་ཕྱོགས་ནས་ཡོང་བ་ཡིན་ན་༧གོང་ས་མཆོག་གིས་བཏང་པའམ སྐུ་སྒེར་འམ།ཆོས་དོན་ལས་ཁུངས་ཀྱི་ངོས་སྦྱོར་ཡོད། སྤྲུལ་སྐུ་ཆེ་ཆུང་ཀུན་ལ་བླ་ཆེན་རེའི་ཡི་གེའམ།རང་དགོན་གྱི་ངོས་སྦྱོར་གྱི་ཡིག་ཆ་ཞིག་མེད་མི་སྲིད། དེ་བཞིན་དགེ་བཤེས་དང་མཁན་པོས་སློབ་སྦྱོང་བྱས་རབས། སྤྲུལ་སྐུའི་སྐྱེ་རྟགས་འཁྲུངས་རབས། སློབ་དཔོན་གྱིས་བསྙེན་སྒྲུབ་བྱས་རབས། གདུང་རྒྱུད་དང་མཁའ་འགྲོ་ཚོའི་གྲུབ་པའི་ཆེ་བ་སོགས་གང་ཆེ་གང་གཉན་རེ་བཤད་རྒྱུ་ཡོད།
༣། རིན་པོ་ཆེའི་འབྱུང་ཁུངས། གདུང་བརྒྱུད་རེའི་རྒྱབ་ན་ཁྱིམས་རྒྱུད་རེ། མཁའ་འགྲོ་རྣམས་ལ་དཔའ་བོའི་འཁོར། སྔགས་པ་རྣམས་ལ་དཔའ་མོའི་འཁོར། སློབ་དཔོན་རྒྱབ་ན་སྒྲུབ་སྡེ་རེ། མཁན་པོའི་རྒྱབ་ན་བཤད་གྲྭ་རེ། སྤྲུལ་སྐུའི་རྒྱབ་ན་དགོན་པ་རེ། དགེ་བཤེས་རྒྱབ་ན་སློབ་ཕྲུག་རེ། དེ་དག་རྒྱབ་རྟེན་བླ་ཆེན་རེ། ཚང་མའི་རྒྱབ་རྩ་ཆོས་རྒྱུན་ཚོའི་དབུ་ཁྲིད་པར་ཐུག་ཡོད། འབྱུང་ཁུངས་དངོས་དེ་མི་དམངས་རིན་པོ་ཆེ་ཟེར་བར་ཡིད་ཆེས་ཆེ་དྲག་པ་དང་། སྤྱི་ཚོགས། དགོན་པ། བླ་བྲང་། བླ་ཆེན་ཁག ཆོས་ལུགས་ཀྱི་དབུ་ཁྲིད་པ་རྣམས་སྤྲུལ་སྐུ་རིན་པོ་ཆེའི་འབྱུང་ཁུངས་དངོས་ཡིན་པ་ཤེས་དགོས། དེས་ན་དམའ་ས་དང་གཉོམ་སའི་བླ་སྤྲུལ་འགའ་ཞིག་གིས་སྤྱོད་པ་རྒྱུ་མཚན་དུ་བྱས་ནས་ཁ་སྨོད་དང་བརྙས་བཅོས་སྣ་ཚོགས་བྱེད་པ་ནི། སྤྲང་པོའི་སློང་མོ་ཁྲིམས་འགལ་དང་། མཐོན་པོའི་བཙན་འཔྲོག་འོས་བབ་ཏུ་བརྩི་བ་དང་གཅིག་མཚུངས་རེད།
༤། དོ་མི་མཉམ་པའི་སྐྱོན། མཁན་པོ་དགེ་བཤེས་སོགས་རང་སྟོབས་ལ་བརྟེན་ནས་མཐའ་མར་རིན་པོ་ཆེར་གྱུར་པ་དང་། སྐྱེ་སྲིད་འཚོལ་བའི་ལམ་ལུགས་ཀྱིས་ཐག་བཅད་པའི་སྤྲུལ་སྐུ་གཉིས་ཀྱི་ཁྱད་པར་ཆེ་བས་སྤྱི་ཚོགས་ཀྱི་རྒོལ་བ་མང་པོ་ཞིག་འདི་ལས་བྱུང་བར་མངོན། སྐྱེ་སྲིད་ངོས་བཟུང་ཙམ་ནས་ཡོངས་འཛིན། ཞབས་ཞུ། བཞུགས་གནས། འཁོར་སློབ་སོགས་ཤུགས་ཀྱིས་འབྱུང་བ་དང་། གཞན་དག་ལ་དེ་རིགས་མེད་པས་ཕྱོགས་གཏོགས་རྣམས་ཀྱིས་ཡིད་མི་མགུ་བའི་སྐྱོན། ཡོན་ཏན་ཡོད་མེད་ལ་མ་ལྟོས་པར་ཆེན་པོའི་ཁྲི་ལ་བཞུག་ཆོག་ཡིན་པའི་སྐྱོན། གཡོ་རྒྱུ་དང་མི་གསོད་ཁྲག་སྦྱོར་ཀྱི་བརྒྱུད་ལམ་ནས་གོང་མའི་དབང་དང་ཐོབ་ཐང་བླང་བ་ཡིན་ཀྱང་ཐོབ་པའི་ཉིན་ནས་ཆེ་འདོད་དང་དྲེགས་པས་ཉམས་ཆུང་རྣམས་སྤ་ཀོང་བར་བྱེད་པའི་སྐྱོན། སྤྱོད་ལམ་ཅི་བྱས་ཀྱང་ཆེན་པོ་གོང་ཤོར་ཡིན་པས་རང་ཉིད་ཀྱིས་འགན་ཁུར་མི་དགོས་པའི་སྐྱོན། བྱིས་པའི་དུས་ཡོན་ཏན་གྱིས་ཆེ་བ་དང་བཀའ་དྲིན་གྱིས་ཆེ་བ། བྱས་པ་ཅན་གྱིས་མི་ཀུན་འོག་ཏུ་བཞག་ནས་བཀའ་ལུང’འབེབ་ཆོག་ཡིན་པའི་སྐྱོན། རྙེད་པ་དང་བཀུར་སྟི་མཉམ་པ་ཀུན་ལས་ལྷག་པོ་དགོས་པའི་སྐྱོན་སོགས་ཡོད་དོ། །
༥། ངོས་འཛིན་གྱི་སྐྱོན། སྤྱིར་དཀོན་མཆོག་ལ་བདེན་པ་བརྡར་ནས་ལེགས་ཉེས་ཀྱི་ཤན་འབྱེད་པ་རྒྱལ་བའི་བཀའ་མདོ་རྒྱུད་ཀུན་ནས་གསུངས་པས་སྐྱོན་མེད་ཀྱང་། དེ་ཚུལ་བཞིན་མ་བྱས་པས་རྩོད་རྙོག་ཆུ་བོའི་རྒྱུན་བཞིན་བྱུང་བ་ཡིན། ལོ་རྒྱུས་ནང་དུ་སྙོག་དྲ་ཆེས་ཆེ་བ་ནི། ཏཱ་ལེ་དྲུག་པ་པད་དཀར་འཛིན་པ་དང་། ད་ལྟའི་ཀརྨ་པ་བཅུ་བདུན་པའི་གནད་དོན་རེད། དེ་གཉིས་བཀྲུཐབས་མེད་པའི་ནག་ཐིག་ཆེན་པོ་ཞིག་དང་། གསུབ་ཐབས་མེད་པའི་ལོ་རྒྱུས་གསོན་པོ་ཞིག་ཡིན་ནོ། །དེ་དག་རྣམ་གྲངས་བསྡུ་ན། ཆབ་སྲིད་ཀྱི་དགོས་མཁོར་དམིགས་ནས་ངོས་འཛིན་བྱས་པ་པཎ་ཆེན་བཅུ་གཅིག་པ་ལྟ་བུ། དཔལའབྱོར་གྱི་རྩོད་གླེང་བྱུང་བ་གཙོས་གསེར་ཁྲི་གཉིས་པ་ལྟ་བུ། དབང་ཤེད་ལས་བྱུང་བ་ཏཱ་ལེ་པད་དཀར་འཆང་བ་ཡེ་ཤེས་རྒྱ་མཚོ་ལྟ་བུ། ། ཐོབ་ཐང་གིས་རྩོད་པ་བྱུང་བ་ཀརྨ་བཅུ་བདུན་པ་ལྟ་བུ། ཕྱོགས་ཞེན་གྱིས་རྩོད་པ་བྱུང་བ་ཀོང་སྤྲུལ་གཉིས་པ་ལྟ་བུ་སྟེ། ཛི་སྒར་གོང་སྤྲུལ་ཁྲི་འདོན་ཚར་རྗེས་དགོན་པ་དང་ཐོབ་ཐང་ཕྱིར་འཐེན་བྱས་ཏེ་གནས་དབྱུང་བཏང་། ཀརྨཔའི་སྲས་ཀར་སྲས་ཀོང་སྤྲུལ་གདན་ས་ལ་བཀོད་པའི་བྱུང་བ་བཞིན་ནོ། །གཞན་ཟན་རིལ་ལ་ཆེ་ཆུང་། འཁྲུངས་རྟགས་བཟོས་མ། སྐྱེ་ལོ་བཙན་སྦྱོར། ཞལ་ཆེམས་རྫུན་མ། ལྷ་བའི་རྫུན་ལུང་། ཆེན་པོའི་ངོ་འཛིན། བཙན་པོའི་འཇིགས་བསྐུལ། ཕྱུག་པོའི་ལྐོག་དངུལ། བདེན་རྫུན་གོ་ལྡོག རྫུན་མས་རྫུན་རྒྱབ་བཀབ་པ་སོགས་གོ་ལོ་ཐོས་ལོ་ཙམ་མིན་པར། རང་ལ་ཤིན་ཏུ་རྒྱུས་ཡོད་པའི་ཡིད་སྐྱོ་བའི་བྱ་བ་གྲངས་མང་པོ་རེ་རེ་བཞིན་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱེད་རྒྱུ་ཡོད་ཀྱང་སྡིག་པའི་སྣོད་མར་འགྱུར་བས་མི་སྨྲ་བའི་བརྟུལ་ཞུགས་དྭངས་སུ་ལེན་པ་ལ་སྤྲོའོ། །
བླ་མ་འདི་ངོ་ལྐོག་དང་གཡོ་རྒྱུས མ་སླད་པ་ཞིག་རེད་འདུག་ བདེན་པ་ནི་བདེན་པར་གོ
དྲི་མེད་ལྷག་བསམ་ལགས།
པད་ནོར་རིན་པོ་ཆེས་ཨ་རིའི་དུག་ཚོང་རྒྱག་མཁན་སི་ཊིན་ཝེན་སི་ཀར་གྱི་དངུལ་འབུམ་འགའ་ཤས་བླངས་ནས་ཁོ་གཏེར་འདོན་ཞིག་གི་ཡང་སྲིད་ངོས་འཛིན་པ་འདི་ལ་འགྲེལ་བཤད་ཅིག་གནང་རོགས། ད་དུང་དྲུང་པའི་ཆོས་ཚོགས་ཀྱི་ཞལ་འདེབས་ཨ་སྒོར་ས་ཡ་ཕྱེད་ཀ་བླངས་ནས་དྲུང་པའི་བུ་འཇུ་མི་ཕམ་གྱི་ཡང་སྲིད་ངོས་འཛིན་བྱས་པ་འདི་ལ་གསལ་བཤད་ཞིག་གནང་རོགས། གཉིས་ཀ་བདག་ཅག་གསང་སྔགས་རྙིང་མའི་རྡོ་རྗེ་སྤུན་གྲོགས་རེད། གསང་ཐབས་མིན་འདུག ཨ་རིའི་བཅའ་ཁྲལ་ཡིག་ཆའི་ནང་གསལ་པོ་འདུག ཁྱེད་http://www.irs.gov/irm/part4/irm_04-061-010.html ལ་གཟིགས་དང་།
འདི་ལ་ངེས་པ་དོན་གྱི་རྣལ་འབྱོར་བྱ་བྲལ་རིན་པོ་ཆེས་པད་ནོར་རིན་པོ་ཆེར་བཀའ་ཤོག་གནད་ལ་འཁེལ་བ་གནང་བའི་འདྲ་བཤུས་བདུད་འཇོམས་རིན་པོ་ཆེའི་སྲས་ཀྱི་ཕྱག་ལ་འདུག ད་དུང་ཐེ་ཝན་གྱི་ཨ་ནི་ཞིག་ནས་སྒོར་ཁྲི་འགའ་བླངས་ནས་ཡང་སྲིད་ངོས་འཛིན་གནང་བ་ཚང་མས་ཤེས་ཀྱི་ཡོད། དྲང་པོ་བྱེད་རོགས།
གོང་ལ་དྲི་མེད་ལགས་ཀྱིས་བཀའ་བརྒྱུད་པས་དངུལ་ལ་བརྔམས་ནས་ཡང་སྲིད་བཀོལ་སྟངས་ལོག་འགྲེལ་བྱས་ཙང་དྲི་མེད་ལགས་ལ་དྲན་གསོ་ཞིག་བཏང་བ་ཡིན།
དུས་རབས་ཉེ་ཤུའི་ནང་དངུལ་ལ་བརྔམས་ནས་སྤྲུལ་སྐུ་བཙོང་མཁན་བཀའ་བརྒྱུད་པ་དང་ས་སྐྱ་མརེད། གཞན་པ་མི་ཤེས།
དེང་སང་རྙིང་མའི་དྲི་མེད་ལགས་ལྟ་བུ་བཀའ་བརྒྱུད་པ་སྤྱི་དང་། ལྷག་པར་ཀམ་ཚང་ལ་སྡང་པོ་བྱེད་མཁན་མང་ནེ་རེད། ངོ་དེབ་ཐོག་ལ་ཕྱི་གསལ་ནང་གསལ་དང་། ཁོའི་ངན་གྲོགས་མང་པོ་འདི་ལ་ཡོང་ནས་ཀམ་ཚང་ལ་རྙོག་ཁྲ་ཤོད་པ་ཉུང་ཉུང་མིན།
བོད་མི་ས་ཡ་དྲུག་ཙམ་ནས། གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཏ་ལེ་ཞེས་འབྲི་མཁན་ངོ་དེབ་ཐོག་ཕྱི་གསལ་ནང་གསལ་ཟེར་བ་དང་། འདིར་ཕེབས་པའི་དྲི་མེད་ལྷག་བསམ་ཟེར་མཁན་མ་གཏོགས་མིན་འདུག ཚང་མ་ཐུགས་བསམ་བཞེས་རོགས།
ཕྲན་གྱིས་ཀཾ་ཚང་ལ་སྡང་པོ་བྱས་པ་མི་དྲན། མ་ཟད་དད་མོས་དང་ཞེན་པ་ཞིག་ཀྱང་ཡོད། དཔྱད་པ་ཞིག་བྱེད་དུས་ཀུན་གྱིས་དགའ་བསུ་ཞུ་བ་ཞིག་ཡོང་དཀའ་བར་འདུག པད་ནོར་རིན་པོ་ཆེའི་ཨ་རིའི་བུ་དང་བུ་མོ་ངོས་འཛིན་ཐད་ཕྲན་རང་ལ་རྒྱུས་མེད། དངུལ་གྱི་ཆེད་དུ་རྩོད་པ་བྱེད་པ་དེ་ལས་ཀྱང་མ་གོ། བོད་ལ་འདི་རིགས་མང་པས་གནད་ཡོད་འགའ་ཞིག་ལས་རེ་རེ་བཞིན་བརྗོད་པར་རྔོ་མ་ཐོགས་ལགས།
དངུལ་གྱི་ཆེད་དུ་མིག་སྔོན་པོ་ཆགས་པ་ང་ཚོ་བཀའ་བརྒྱུད་པ་ལ་ཉུང་ཉུང་མིན་ཡ། ཁོ་ཚོ་ལ་ཀློང་ཆེན་པ་ཡོད། ང་ཚོ་ལས་ཀློང་ཆུང་ལས་མེད་པ་ཕྱོགས་རིས་སུ་སོང་བ་རེད། ཏ་ལེའི་བདག་པོ། ཏ་ལེ་དབུ་སྐོར་ཚར་བ་དེ་ཡང་དངུལ་ཆེད་ཡིན་པར་ཤེས་དགོས།
སྤྲུལ་སྐུའི་ལམ་ལུགས་མེད་པར་དགོས་ན་ཀརྨ་ནག་རིལ་ནས་ཏ་ལེ་བར་ཚང་མ་ལ་གོ་དགོས་རེད། དེ་མིན་གྲྭ་ལོག་གྲྭ་བའི་བཏགས་བདུད་ཟེར་བ་ནང་བཞིན་གོང་གི་སྤྲུལ་ལོག་དེས་བཤད་པ་རྒྱག་གཏམ་ལས་ཅི་མི་འདུག དེ་བས་དྲི་མེད་ལྷག་བསམ་འདི་གཟུར་གནས་བློ་གྲོས་ཡངས་པ་མདོ་རྒྱུད་ཆོས་འབྱུང་ལ་བྱང་ཆ་ཐོབ་ཞིག་མཐོང་སོང་བཀའ་དྲིན་ཞུ་ཡ་ཡིན།
བྲག་གཡབ་སྐྱབས་མགོན་མཆོག་ལ་གུས་འདུད་ཡོད།
ད་རེས་བྲག་གཡབ་སྐྱབས་མགོན་གྱིས་གནད་ལ་འཁེལ་བའི་བཀའ་མོལ་རྒྱུ་མཚན་ལྡན་པ་ཞིག་གསུངས་འདུག གསུང་ཚིག་འདིས་ཁེ་ཕན་རིང་ལུགས་པ་མི་ཉུང་བ་ཞིག་གི་སྙིང་ལ་ན་ཟུག་ཞིག་ཀྱང་བསླངས་ཡོད་ཤས་ཆེ། གང་ལྟར། རྒྱུ་མཚན་ཡོད་པའི་གསུང་ལ་གུས་བརྩི་ཡོད། བོད་པའི་སྤྱི་ཚོགས་ནང་སྤྲུལ་སྐུའི་ལམ་ལུགས་རྩ་མེད་བཟོ་མ་ཐུབ་ཀྱང་། དེའི་འཕེལ་རྒྱས་ལ་སྟངས་འཛིན་དང་། སྤུས་ཚད་དོ་སྣང་བྱ་རྒྱུ་དེ་ང་ཚོ་ཚང་མའི་འོས་འགན་ཡིན། དེ་མིན་འཛམ་གླིང་ཤར་ནུབ་གང་སར་གྲ་ཆས་གྱོན་པའི་ཚོང་པ་མི་ཉུང་བ་ཞིག་གིས་སྤྲུལ་སྐུ་ཡིན་ལུགས་བརྗོད་དེ། དང་པོ་རང་ཉིད་བཙོངས། དེ་ནས་ཆོས་རྫུན་བཙོངས། མཐར་མི་རིགས་བཙོངས་མཁན་ཉུང་ཉུང་ཞིག་གཏན་ནས་མ་རེད། ལྷག་པར་དུ། མི་དེ་རིགས་འགའ་ཤས་ཀྱིས་དགོས་པའི་དབང་གིས་མགོ་གསེར་གྱི་བུ་མོ་བག་མར་བསུས། རང་ཉིད་ཀྱིས་གྲ་ཆས་གྱོན་པ་མ་ཟད་མགོ་གསེར་བག་མར་ཡང་གྲ་ཆས་གཡོགས་ནས་འཁྲབ་སྟོན་འཁྲབ་མཁན་མང་པོ་ཡོད། དེ་བཞིན་དུ་མི་མང་ཁྲོད་སྐྱ་ཆས་གྱོན། དགའ་རོགས་འཁྲིད། ཆོས་རར་གྲ་ཆས་གྱོན་ནས་ལྷ་སྒྲུང་ཤོད་མཁན་ཡང་ཉུང་ཉུང་ཞིག་མ་རེད། དེ་ཚོ་ཚང་མ་སྐྱོན་རེད་མ་གཏོགས་དགེ་མཚན་ཡེ་ནས་མ་རེད།
སྐྱ་མིན་སེར་མིན་གྱིས་ཆོས་འབག་བྱོན་ནས་དངུལ་ལོ་དང་མིང་གྲགས་ཀྱི་ཆེད་དུ་མིར་མགོ་སྐོར་ནས་ཤར་ནུབ་གང་སར་ཁྱི་འཆམས་ལྟར་སྤྱོད་མཁན་ཕལ་མོ་ཆེ་ནི་སྤྲུལ་རྫུན་དང་བླ་རྫུན་སྔགས་རྫུན་དེ་དག་རེད། བོད་ཀྱི་བླ་མའི་ཆོས་ལུགས་ཞེས་པ་ལས་སངས་རྒྱས་པའི་ཆོས་དག་མ་ཞིག་བོད་ལ་མེད་ཚུལ་བཤད་དོན་ཡང་དེ་ནས་རེད། དེས་ན་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་དེ་རྩ་བ་ནས་མེད་པར་བཟོ་དགོས། རྟོགས་སེད་ཀྱི་མི་བུ་མང་ནས་མང་དུ་འགྲོ་བཞིན་པ་དེས་སྤྲུལ་ལམ་དེ་རིན་མིན་འགྱུར་རྒྱུ་ཡིན་པར་བདེན་མི་ཟའོ།
ཆོས་ཟབ་སར་བདུད་ཟབ་ཞེས་པ་ལྟར་དུ། བླ་མ་དང་སྤྲུལ་སྐུ་ལ་ཡང་བཟང་ངན་དང། བདེན་རྫུན་བྱུང་བཞིན་པ་ནི་ཚང་མས་མཁྱེན་གསལ་རེད། ཡིན་ནའང་ཆོས་དང་བདུད། བླ་སྤྲུལ་བདེན་རྫུན་གྱི་དབྱེ་འབྱེད་ཤེས་དགོས་པ་ཡང་གལ་ཆེན་པོ་རེད། རྒྱལ་བ་པཎ་ཆེན་གཉིས་མ་གཏོགས་སྤྲུལ་སྐུའི་ལམ་སྲོལ་མེད་པ་བཟོ་དགོས་འདུག་ཅེས་པ་དེ་ཡང་ཧམ་བཤད་རང་དུ་ཟད། བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་སྤྲུལ་སྐུ་རབས་དང་རིམ་པར་བྱུང་བའི་ལོ་རྒྱུས་རྣམས་མཁྱེན་གིས་མེད་པ་འདྲ། དེས་ན་སྐྱབས་མགོན་དང་རིན་པོ་ཆེའི་མིང་ཡོད་མཁན་ཞིག་གིས་བསྟན་པ་ལ་ཕན་རྒྱུ་མེད་པར་གནོད་པའི་ལས་ཡང་འགྱུར་སྲིད་པས་གཟབ་ཙམ་གནང་རོགས་ཞུ་རྒྱུ།
བྲག་གཡབ་རིན་པོ་ཆེས་གསུངས་པ་ལ་མངོན་པར་བསྟོད་དོ། བདེན་པ་རེད་།་དངོས་ཡོད་རེད། བསྟན་པ་ལ་དག་ཐེར་རེད་འདུག་དྲན།
༄༅། །སྤྲུལ་སྐུའི་ལམ་ལུགས་ལ་དཔྱད་པ་དམུས་ལོང་མིག་འབྱེད་ཞེས་བྱ་བ། །བཞི་བ། མུ་འགོད།
༤༽སྤྲུལ་སྐུ་དགག་དུས་ཡིན་མིན་དཔྱད་པ། སྤྱི་ཚོགས་དང་ཆོས་རྒྱུན་ལ་སྤྲུལ་སྐུ་དགོས་པ་མེད་ཚེ་རང་བཞིན་གྱིས་རྩིས་མེད་དུ་འགྱུར་སྟེ། མི་སེར་ལ་ཆོས་དད་མེད་པའི་ས་ཕྱོགས་སུ་ཆོས་ལུགས་དར་མི་ཐུབ་པ་བཞིན་ནོ། ། སྤྱིར་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་མེད་པར་བྱས་ཏེ་མཁན་པོའམ་དགེ་བཤེས་ཀྱིས་སྐྱོང་པའི་ལམ་དུ་ཞུགས་ན་མི་རུང་བ་མེད་མོད། བོད་ཀྱི་གནས་སྟངས་དང་བོད་ཀྱི་ཆོས་དད་ལ་གཞིག་པས་རེ་ཞིག་སྤྲུལ་སྐུའི་ལུགས་སྲོལ་དེ་བསྒྱུར་ན་སྐྱོན་ཡོན་གཉིས་ལས་སྐྱོན་ཆ་ཆེ་ཚུལ་རིམ་པར་བརྗོད་ན། ༡ཿ དགག་པ་བྱེད་མཁན་གྱི་གྲངས་ཉུང་བ། སྤྲུལ་སྐུ་མི་དགོས་པར་འདོད་མཁན་བོད་ཀྱི་གྲྭ་བའི་བརྒྱ་ཆའི་༣་མ་ཟིན་ཙམ་དང་། མི་སེར་གྱི་བརྒྱ་ཆའི་༢་ཙམ་ལས་ཟིན་མེད། བཙན་བྱོལ་སྤྱི་ཚོགས་དང་། གུང་ཁྲན་རིང་ལུགས་ཀྱི་ཆོས་མེད་སྨྲ་བ་རེ་གཉིས་ལས་བོད་སྤྱི་ལ་ཁྱབ་པ་ཞིག་མིན། ཕྲན་༢༠༡༠་ལོར་དགེ་ལྡན་པའི་དགོན་པ་གྲྭ་༧༠༠་ཡོད་མཁན་ཞིག་གི་ནང་དུ་འགྲོ་མྱོང་། དགོན་པའི་དོ་དམ་པ་ཕྲན་གྱི་གཉེན་འབྲེལ་ལ་འགྲོ། ཁོས་བཤད་དོན་དགོན་བདག་སྤྲུལ་སྐུ་རྒྱ་གར་ལ་ཡོད་པ་དང་། གཅིག་ནར་མ་སོན་པས། དགེ་བཤེས་ཆུང་ངུ་ཁ་ཅིག་ཡོད་ཀྱང་གཅིག་ཞབས་ལ་གཅིག་མི་འདུ་བས་དཀའ་ངལ་ཆེ་ཟེར། དགོན་པ་འདིར་ཡོན་ཏན་དང་འཇོན་ཐང་ལྡན་པའང་ཡོད་ཀྱང་གནས་སྐབས་དཔོན་མེད་དཔའ་བོ་ཁྱུ་གཅིག་ཡིན། ཐ་ན་དགོན་པའི་རྟེན་གཙོ་ཉམས་གསོ་ལའང་གྲོས་ཐག་གཅོད་མི་ཐུབ་པས། དགོན་བདག་རྒྱ་གར་ནས་ཕེབས་རྒྱུར་རེ་སྒུག་བྱས་ཡོད་ཟེར། ༢༠༠༡༢་ལོར་དུད་ཁྱིམ་༡༠༠༠་ཡོད་པའི་འབྲོག་སྡེ་ཞིག་གིས་་བླ་མའི་ཡང་སྲིད་ཆེད་གྲོས་མོལ་བྱེད་སར་འགྲོ་མྱོང་། དེའི་ནང་སྐྱ་བོའི་སྐུ་ཚབས་༥༠། སེར་མོའི་སྐུ་ཚབས་༦། བླ་བྲང་སྐུ་ཚབས་༢་འདུག ཚང་མ་མོས་པ་གཅིག་མཐུན་གྱིས་སྤྲུལ་སྐུ་དགོས་པ་ཐག་བཅད་འདུག ཕྲན་གྱིས་སྐྱ་བོའི་སྐུ་ཚབས་རྣམས་ལ་རང་རང་སོ་སོའི་མངའ་ཁོང་གི་མི་སེར་རྣམས་ལ་གྲོས་བྱས་སམ་དྲིས་པས། ཕོ་ལོ་བཅོ་བརྒྱད་ཟིན་མཚམས་ཀྱི་སྐྱེས་པ་ཀུན་ལ་གྲོས་བྱས་པས་ཐམས་ཅད་བློ་གཅིག་སེམས་གཅིག་རེད་ཟེར། བོད་ཀྱི་མདོ་དབུས་ཁམས་གསུམ་ལ་གཞིག་ན། དབུས་གཙང་རྣམས་ཐུགས་སྒམ་པས་གྲྭ་བས་སྤྲུལ་སྐུ་དགག་པ་རྒྱག་མཁན་ཉུང་། སྐྱ་བོ་ཀྱང་མངོན་གྱུར་པར་དཀོན། ཁམས་ཕྱོགས་ནས་རྫོང་གསར་བཤད་གྲྭའི་མཁན་པོ་ཁ་ཅིག་དང་། བླ་རུང་གིས་མཁན་པོ་ཁ་ཤས་རེད། གཙོ་བོ་དཀར་མཛེས་ཁུལ་གཅིག་པོའི་གྲྭ་བའི་བརྒྱ་ཆའི་༡༠་དང་། སྐྱ་བོའི་བརྒྱ་ཆའི་༢་ལ་སླེབས་ཙམ་ཡིན། འདི་ཕྱོགས་སྤྲུལ་སྐུ་དགག་མཁན་ཆེས་མང་པའི་ས་ཁུལ་ཞིག་རེད། ཨ་མདོའི་ཕྱོགས་ན་འུར་སྒྲ་ཆེ་ཡང་གལ་ལ་གཏུག་ན་མང་ཆེ་བ་ཆོས་དད་མེད་པའི་སློབ་མའི་སྡེ་ཚན་ལས་བྱུང་བ་ཞིག་ཡིན། གྲྭ་བ་སོ་སོའི་སྤྲུལ་སྐུ་་མི་དགོས་ཟེར་མཁན་བརྒྱ་ཆའི་༡་ལ་སླེབས་ཡོད་མེད་ཡིན། གཞན་གྱི་སྤྲུལ་སྐུར་སྐྱོན་བརྗོད་ནི་ཆར་བ་འབབ་འབབ་རེད། གཞན་ལ་དག་མི་སྟེར་བ་རྩོད་གྲྭ་རྣམས་ཀྱི་གཤིས་ཀ་ཞིག་ཡིན་པས་ཐུགས་དམ་སྙིང་པོ་མིན་པའི་ཡིད་ཆེས་ཡོད། ༢ཿ གཞན་ཟེར་གྱིས་ཐག་གཅོད་མི་ནུས་པ། བོད་དུ་ལྟ་ལོག་པའི་ཁྱུ་ཚོགས་རྡོལ་ནས་ཡོད། མང་ཆེ་བ་ཨ་མདོ་དང་། དེའང་དམར་པོའི་ལྟ་བའི་སློབ་གསོའི་འོག་མཚར་ལོང་བྱུང་བ་དག་རེད། འགའ་ཞིག་གི་རྒྱབ་རྩ་ལ་སྲིད་དོན་པ་རྣམས་ཡོད་པ་དང་། འགའ་ཞིག་ཆོས་མེད་ཀྱི་ལྟ་བར་ཡིད་ཆེས་དྲག་པ། འགའ་ཞིག་མི་རྗེས་ཁྱི་འབྲངས་ལྟ་བུ་རེད། དེ་དག་གིས་སྤྲུལ་སྐུ་ཕར་ཞོག་ནང་ཆོས་ཀྱང་དུག་རྫས་སུ་ངོས་འཛིན་གནང་གི་ཡོད། ཆོས་མེད་སྨྲ་བར་ཆོས་དད་བྱེད་ཚུལ་ཀྱི་སློབ་གསོ་གཏོང་བའི་དབང་ཆ་མེད་ལ། གཞན་གྱི་ཆོས་ལུགས་ལ་བརྩི་བཀུར་མེད་པར་མ་ཟད་སྨོད་པ་བྱེད་པ་ནི་བཟང་སྤྱོད་ལས་ཉམས་ཤིང་ཁྲིམས་འགལ་ཡང་ཡིན། ནང་པ་མིན་བཞིན་ནང་པའི་ཆོས་ལུགས་ལ་ཐེ་གཏོགས་བྱེད་པ་ནི། ཁ་ཆེའི་སློབ་དཔོན་གྱིས་ནང་པ་ལ་སློབ་སྟོན་བྱེད་པ་དང་གཉིས་སུ་མེད་པས། དེའི་ཅི་བཤད་ཀྱི་ཁ་ལ་ཉན་ན་ནམ་ཞིག་རིག་གནས་གསར་བརྗེའི་ལས་འགུལ་ཞིག་ཀྱང་མི་ཡོང་པའི་ངེས་པ་མེད། འདི་རིགས་ཀྱི་དཔྱད་བརྗོད་ལས་འགུལ་བོད་ཀྱི་ཆོས་སྲིད་མཐུན་སྒྲིལ་བཅས་པར་ཡོངས་སུ་གནོད་པའི་བྱ་བ་ཡིན་པས་གཟབ་པར་འཚལ། ༣ཿ ཆོས་ལུགས་ལ་གཏོར་བཤིག་གཏོང་པ། དོལ་རྒྱལ་ལྟ་བུའི་དུས་ཡུན་ཐུང་ཞིང་། ཆོས་རྒྱུན་སྤྱི་ལ་མ་ཁྱབ་པའི་ཚོགས་པ་ཞིག་གིས་འདི་ལྟར་འཁྲུགས་རྩོད་སློང་ཐུབ་ན། ལོ་རྒྱུས་རིང་ཞིང་མི་མང་ལ་ཤ་དང་ཁྲག་བཞིན་གོམས་གཤིས་བརྟན་པའི་དད་མོས་ཞིག་བསྒྱུར་བཅོས་འཔྲལ་དུ་གཏོང་དགོས་ན་འཁྲུགས་རྩོད་གནམ་ས་འཐབ་པ་ལྟ་བུ་ཞིག་འབྱུང་དགོས་པ་ནི་སྨྲོས་མ་དགོས། སྤྲུལ་སྐུ་ལ་ཡིད་ཆེས་མཁན་གྱི་སྡེ་ཚན་གཅིག་དང་། སྤྲུལ་སྐུ་མི་དགོས་མཁན་སྡེ་ཚན་གཅིག་ཆགས་ནས་དགོན་པ་རྣམས་དུམ་བུར་འགྲོ་བ་ལ་ཚེགས་མེད་དེ། ཉེ་བའི་ལོ་༣༠་རིང་དགོན་པ་གསུམ་ལ་འདི་འདྲའི་གནད་དོན་བྱུང་མྱོང་པའོ། །རེ་ཞིག་སྤྲུལ་སྐུའི་དོན་རྐྱེན་རང་སར་མ་བཞག་ན་བསྟན་པ་དཀྲུགས་པའི་བདུད་ལས་བསམ་བཞིན་བྱས་པ་དང་ཁྱད་པར་མེད་དོ། ། ༤ཿ དམ་ཉམས་ཀྱིས་ས་སྟེང་གང་བར་འགྱུར་པ། སྤྲུལ་སྐུར་གྲགས་པ་ཕལ་མོ་ཆེས་དབང་ལུང་ཁྲིད་གསུམ་གནང་གིས་ཡོད། སློབ་མ་མང་ས་ན་འབུམ་ཕྲག་ཁ་ཤས་ནས་ཆུང་ས་ན་སྟོང་པྲག་ཁ་ཤས་ཡོད་པར་ངེས། དེ་དག་གི་བར་ཏུ་དམ་ཚིག་ཡོད། ཁས་ལེན་ཡོད། དཔོན་སློབ་ཀྱི་འབྲེལ་བ་ཡོད། ངོ་ཤེས་དང་གྲོགས་པོའི་བཟང་འབྲེལ་ཡོད། རྙེད་བཀུར་དང་གནང་བསྤྱིན་གྱི་བཀའ་དྲིན་བརྩི་རྒྱུ་ཡོད། མི་རབས་བར་གྱི་འབྲེལ་བ་ཡོད། འདི་འདྲའི་འབྲེལ་བ་ཟབ་མོ་ཞིག་མཆིལ་མ་བོར་བ་བཞིན་དུ་འཕེན་ཐུབ་པ་ཞིག་གཏན་ནས་མིན་ལ། གལ་ཏེ་གནས་ཚུལ་འདི་བྱུང་བ་ཡིན་ན་ཆོས་ཕྱོགས་ནས་དམ་ཉམས་ཀྱིས་ལུང་པ་གང་བ་དང་། འཇིག་རྟེན་གྱིས་བྱས་པ་ལ་དྲིན་དུ་བཟོ་བའི་མི་ཆོས་ལས་འདས་པའོ། ། ༥ཿ བོད་ཀྱི་སྤྱི་ཚོགས་སིལ་བུར་འཐོར་བ། སྤྲུལ་སྐུ་རྣམས་རང་ས་ན་མི་སེར་ཚོར་དྲིན་བརྩི་རྒྱུ་ཡོད་ལ། བླ་སློབ་ཀྱི་དམ་ཚིག་ཀྱང་ཡོད། དེའི་ཆེད་དུ་སྲོག་བློས་གཏོང་ཐུབ་མཁན་ཡང་མི་ཉུང་པ་ཡོད། སོ་སོའི་ས་ན་ངའི་བླ་མ་ལས་ལྷག་མེད་སྙམ་པའི་ང་རྒྱལ་དེ་བོད་ཀྱི་སྤྱི་ཚོགས་མཐའ་དབུས་ཀུན་ལ་ཁྱབ། བོད་ཀྱི་སྤྱི་དོན་སྒྲུབ་མ་ནུས་ཀྱང་རང་སའི་བླ་མ་བརྩི་རྒྱུ་དང་རང་སྡེ་ཕུ་ནུ་སྐྱོང་རྒྱུ་ངའི་ལས་འགན་ཡིན་སྙམ་པའི་སློབ་གསོ་དང་ཆོད་སེམས་བོ་མི་མང་པོ་ཞིག་ལ་ཡོད་པས། སྤྲུལ་སྐུ་གཏན་མེད་ཀྱི་ལས་འགུལ་སྤེལ་བ་ཡིན་ན། བོད་ཆིག་སྒྲིལ་ཕར་ཞོག་རང་ས་ནས་ཆེན་པོ་ལ་རྒྱབ་སྐྱོར་ཅི་ཐུབ་ཀྱིས། ཁྱོད་ཀྱིས་དེ་ཀྱིས་དང་ངས་འདི་བྱེད་ཅེས་སོ་སོའི་ས་ནས་རང་མགོ་འདོན་ཐག་ཡོད་ཡིན་པས། ད་དུང་སྤྲུལ་སྐུ་དགག་པའི་དུས་ལ་སླེབས་མེད་པར་མ་ཟད། ཆོས་ལུགས་དང་སྤྱི་ཚོགས་སིལ་བུར་གཏོར་བས་རྐྱེན་དུ་འགྲོ་ངེས་རེད་སྙམ། ད་ལྟ་རང་རེ་ལ་དགོས་པ་ཆིག་སྒྲིལ་རེད། ནམ་ཞིག་སྲིད་གཞུང་བརྟན་པོ་ཆགས། མི་སེར་གྱི་གོ་རྟོགས་མཐོན་པོར་སླེབས་དུས་སྤྲུལ་སྐུ་རྣམས་རང་བཞིན་གྱིས་མེད་པར་འགྱུར་སྲིད་ལ། གལ་ཏེ་ལས་འགུལ་སྤེལ་ཀྱང་ཆག་སྒོ། རྩོད་གླེང་། འཁྲུགས་པ། དཀའ་ལས། ཕམ་ཁ་ཆེན་པོ་ཉོ་མི་དགོ་སཔས། སྐབས་དེར་དུས་དང་བསྟུན་ན་མི་རུང་བ་མེད་པར་མངོན་ནོ། །
དྲི་མེད་ལྷག་བསམ་གྱིས་བརྗོད་པར་སྤྱི་ཚོགས་ཀྱི་རྒྱབ་རྟེན་དང་དངོས་ཡོད་ཀྱི་ཁུངས་ལུང་འདུག
གདེང་འཇོག་དང་སྐྱོན་བརྗོད་བྱེད་མཁན་ཀུན་ལ། ཐུགས་རྗེ་ཆེ་ཞུ། བྲེལ་བ་ཆེ་བས་ཡིག་ནོར་མང་པོ་ཤོར་བར་དགོངས་འགལ་མེད་པར་ཞུ། །
བྲག་ཡབ་བླ་མ་ཟེར་བ་འདི་ངོ་མ་བློ་གཟུ་བོར་མ་གནས་པ་ཞིག་ཏུ་མཐོང་། རྒྱལ་པན་རྣམ་གཉིས་ལས་སྤྲུལ་སྐུ་གཞན་རྣམས་ཀྱི་ཡང་སྲིད་མེད་པར་བཟོ་དགོས་ཟེར་ལུགས་འདི་གཅིག་པུའི་ཕྱོགས་ནས་གྲུབ་མཐའི་ཕྱོགས་རིས་བཟི་བ་ཞིག་ཡིན་པར་རྟོགས་ཐུབ་ཀྱི་འདུག། མ་གཞི་ཁོ་རང་གི་སྐྱེ་རྒྱུད་མེད་པར་བཟོ་རྒྱུའི་དབང་ཆ་ཁོ་རང་ལ་ཡོད་སྲིད་པ་ལས། ཞྭ་དམར་ནག་གིས་མཚོན་པའི་བོད་ཀྱི་སྐྱེ་སྤྲུལ་དག་གི་ཡང་སྲིད་མེད་པར་བཟོ་མི་རུང་ལ་བཟོ་བའི་ཐོབ་དང་དབང་ཆ་ཁོ་པ་ལ་མེད། འདི་པ་གཟུ་བོར་གནས་པ་ཞིག་ཡིན་ཚེ་ཁོ་རང་སྤྲུལ་སྐུའི་རྣམ་ཐར་ཆ་ཙམ་མེད་ཅིང་ཉོན་མོས་གཞན་དབང་དུ་གྱུར་པས་ཐ་མར་གྲྭ་མགོ་ཡང་ཐོན་མ་ཐུབ་སྐོར་ལབ་དགོས་རྒྱུར་དེ་རིགས་ཟུར་ཙམ་གླེང་མི་འདུག་པས་ཁོང་རྒོད་ཤོར་དགོས་པ་ཞིག་ལོས་ཡིན།
དྲི་མེད་ལྷག་བསམ་ལགས་ཀྱིས་གནས་ལུགས་དང་རྒྱུ་མཚན་ལྡན་པའི་བཀའ་མོལ་ཧ་ཅང་མང་པོ་གསུངས་འདུག་པས་གུས་བཀུར་ཡོད། ཕྱོགས་རེ་ཟུང་ནས་ནི་ཏོ་ཙམ་ཡོང་ཆོག་པ་རེད། ལྕང་མ་ཇི་ལྟར་དྲང་ཡང་ཡོ་ཕྱོགས་ཆུ་ཟེར་ལྟར་ལོས་ཡིན། དེ་མིན་དྲ་འབུ་ཚོས་ནི་རྒྱུན་ལྡན་བཞིན་ཕྱོགས་རིས་ཀྱི་ཚོས་ནས་བསྡད་པ་ལས་ལེགས་བཤད་འདི་ཡིན་ངོས་འཛིན་ཐུབ་པའི་ཡིག་འབྲི་ན་གཅིག་མི་འདུག་ཟེར་འདོད་བྱུང་།
བཅོས། ད་ཆིག་སྒྲིལ་ཕར་ཞོག་རང་ས་ནས་ཆེན་པོ་ལ་རྒྱབ་༼བཅོལ༽ཅི་ཐུབ་ཀྱིས། ཁྱོད་ཀྱིས་དེ་ཀྱིས་དང་ངས་འདི་བྱེད་ཅེས་སོ་སོའི་ས་ནས་རང་མགོ་འདོན་ཐག་༼ཆོད༽་ཡིན་པས། ། རེ་རེ་ནས་བཅོས་ཐུབ་མ་སོང་། དགོངས་དག་ཞུ།
མདོར་ན་སྤྲུལ་སྐུ་རིམ་བྱོན་ལས་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་པ་ཀརྨ་པ་འཕྲིན་ལས་རྡོ་རྗེ་ངོས་འཛིན་དགོས་པར་ཐག་བཅད་ཟིན་པ་རེད། དེ་xxxམི་དགོས་བཤད་ན་རྩ་བ་ནས་འགྲིག་གི་མེད་དོ།
༄༅། །སྤྲུལ་སྐུའི་ལམ་ལུགས་ལ་དཔྱད་པ་དམུས་ལོང་མིག་འབྱེད་ཞེས་བྱ་བ། །ལྔ་བ། རྫོགས་སོ། །
༤༽སྤྲུལ་སྐུའི་ཡོན་ཏན་ལ་དཔྱད་པ། སངས་རྒྱས་བྱང་འཕགས་ཀྱི་སྤྲུལ་སྐུའི་གསང་བ་གསུམ་གྱི་ཡོན་ཏན་ཕྲན་ལྟ་བུའི་དཔྱད་པའི་ཡུལ་དུ་མ་གྱུར་བས་འདིར་བརྗོད་བྱ་ཡངམིན། བོད་དུ་དར་བའི་སྤྲུལ་སྐུའི་འཇིག་རྟེན་ལྟར་སྣང་གི་མཛད་པར་དཔག་པས་ཅུང་ཟད་བརྗོད་ན། །སྤྲུལ་སྐུ་ངོས་འཛིན་ཆེས་མང་པོ་གནང་མཁན་༧གོང་ས་མཆོག་དང་། གཉིས་པ་སི་ཏུ་རིན་པོ་ཆེ། གསུམ་པ་མཁན་པོ་ཨ་ཁྱུགས། བཞི་བ་པད་ནོར་རིན་པོ་ཆེ། ལྔ་བ་ས་སྐྱ་གོང་མ། རང་སའི་བླ་སྤྲུལ་གྱིས་ངོས་འཛིན་གནང་པའང་མི་ཉུང་བ་ཡོད་དོ། །དེ་ལ་དད་མོས་ཡོད་མཁན་རྣམས་ཀྱིས་དེ་དག་གིས་མི་བསླུ་བ་དང་། རྫུན་མི་གསུང་པའི་ཡིད་ཆེས་ཡོད་པས་ངོས་འཛིན་བྱེད་མཁན་དེར་དད་མོས་ལ་འགྱུར་བ་མ་སླེབས་བར་སྤྲུལ་སྐུ་ལ་འགྱུར་བ་འགྲོ་མི་སྲིད། ། སྤྲུལ་སྐུ་ནི་མི་མང་དང་དགོན་སྡེའི་དགོས་མཁོ་ཁོ་ནས་རྒྱུ་རྐྱེན་ལས་བྱུང་བ་ལས། སྤྲུལ་སྐུ་ཁོ་རང་ལ་མཁོ་ནས་བྱུང་བ་ཞིག་མིན། དཔེར་ན། ཀརྨ་བཅུ་གསུམ་པས་ཕྱིས་སུ་ཕྲིན་ལས་ཞྭ་དམར་པས་སྐྱོང་པ་ལས་སྤྲུལ་སྐུ་མེད་པར་གསུངས་ཀྱང་། སློབ་མའི་དད་གུས་ལ་བརྟེན་གསོལ་བ་བརྟེན་ཏེ་སླར་ཡང་ངོས་འཛིན་བྱུང་བ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་སྤྲུལ་སྐུ་མེད་པར་གསུངས་པས་རྩོད་གླེང་འོག་བཀྲ་ཤིས་འཁྱིལ་དགོན་པ་དང་བསྭེ་ཚང་ཕྱོགས་གཉིས་སུ་གྱེས་དགོས་ཐུག་ཀྱང་། མཐར་འཇིགས་མེད་དབང་པོ་ཁྲིར་བཀོད་པ་དང་། རྫ་དཔལ་སྤྲུལ་གྱིས་སྤྲུལ་སྐུ་མེད་པར་གསུངས་ཀྱང་ཕྱིས་སུ་ཡང་ངོས་འཛིན་གནང་བ་དང་། རྡོ་སྦས་ཤེས་རབ་ཀྱིས་སྤྲུལ་སྐུ་མེད་པར་གསུངས་ཀྱང་ད་ལྟ་ངོས་འཛིན་གནང་གྲུབ་པ་ལྟ་བུའོ། ། ༡ཿ ངོས་འཛིན་ཐད། རྩོད་པ་ཡོད་པའི་སྤྲུལ་སྐུ་ཆོས་རྒྱུན་རེའི་ནང་དུ་ཆ་སྙོམ་༢༠་རེ་ཡོད་པའི་དབང་དུ་བྱས་ན་ཆོས་རྒྱུན་ཆེན་པོ་བཞིའི་བརྒྱ་ཆའི་གཅིག་ལ་སླེབས་མི་ཐུབ། བྱིང་མི་མང་མིག་སྔར་རྩོད་མེད་ཀྱི་དད་མོས་བྱེད་པའི་ཡུལ་དུ་གྱུར་པས་ཡོན་ཏན་ལྷག་མར་གྱུར་པའོ། །༢ཿ ཤེས་ཡོན་ཐད། དམིགས་བསལ་ཡོངས་འཛིན་སོགས་ཀྱིས་བསྐྱེད་བསྲིང་བྱས་པས་ཕལ་མོ་ཆེར་ཡོན་ཏན་མི་དམན་པ་ཡོད། དགེ་ལུགས་དང་ས་སྐྱའི་སྤྲུལ་སྐུ་བརྒྱ་ཆའི་༩༠་ཤེས་ཡོན་པ་ཡིན། བཀའ་རྙིང་གཉིས་ཀའི་བརྒྱ་ཆའི་༧༠་ཙམ་ཤེས་ཡོན་པ་ཡིན། འདི་སྐུ་སྐྱེ་ངོས་འཛིན་ཡོད་པའི་དབང་དུ་བྱས། རིན་པོ་ཆེ་ཞེས་གྲགས་པའི་རྡོ་རྗེ་སློབ་དཔོན་དང་གདུང་བརྒྱུད་བརྩིས་མེད། རང་རེའི་སྤྱི་ཚོགས་དང་གྲྭ་བའི་ཤེས་ཡོན་ལ་དཔག་པས་སྤྲུལ་སྐུ་ཤེས་ཡོན་དམན་པའི་རིགས་གྲངས་ཉུང་ཡིན་པ་འདྲ། འདི་ནི་རྒྱུས་ཡོད་ཀྱི་བླ་སྤྲུལ་ཚོའི་ཤེས་ཡོན་ལ་དཔག་པ་ལས་བོད་སྤྱིའི་གྲངས་ལ་བསྡུར་མ་ཐུབ། ༣ཿ བསྟན་པ་ཉམས་གསོ། བསྟན་པ་སླར་དར་དུས་འདིར་༧རྒྱལ་བ་ཕཎ་ཆེན། ས་སྐྱ་འབྲི་གུང་། འབྲུག་པ། གུང་ཐང་ཚང་། འཇིགས་མེད་ཕུན་ཚོགས། པད་ནོར་རིན་པོ་ཆེ། ཨ་ཁྱུག་ཚང་སོགས་བོད་ཕྱི་ནང་ནས་བཤད་སྒྲུབ་བསྟན་གཞི་དགོན་གནས་འཛིན་སྐྱོང་དར་སྤེལ་མཁན་ཕལ་ཆེར་སྤྲུལ་སྐུ་རེད། ༤ཿ རྟེན་བཞེངས་ཀྱི་མཛད་རྗེས། རིག་གསར་རྗེས་བོད་ཀྱི་དགོན་སྡེ་ཕལ་མོ་ཆེ་གྱང་རལ་དུ་གྱུར་ན་ཡང་། ལོ་༣༠་རིང་རྟེན་གསུམ་འཛུག་བསྐྲུན་ཉམས་གསོ་གནང་མཁན་བརྒྱ་ཆའི་༩༥་སྤྲུལ་སྐུ་རེད། དེ་བཞིན་པྱི་གླིང་ཡུལ་དུ་བསྟན་པ་སྤེལ་བའི་སྐྱེས་བུ་ཕལ་མོ་ཆེ་ཡང་སྤྲུལ་སྐུ་རྣམས་ཀྱི་ཕྲིན་ལས་སོ། །༥ཿ སློབ་གསོའི་བྱས་རྗེས། བོད་ཕྱི་ནང་ཀུན་ཏུ་སློབ་གྲྭ་མི་ཉུང་པ་ཡོད་པའི་ཕལ་མོ་ཆེ་སྤྲུལ་སྐུ་ཚོས་བཙུགས་པ་དང་། དེ་བཞིན་སྤྱི་ཚོགས་ལ་སློབ་སྦྱོང་གལ་ཆེ་བའི་སྐོར་བཀའ་སློབ། འབོད་བསྐུལ། འགྲོ་སོང་གཏོང་མཁན་སྤྲུལ་སྐུ་ཚོ་རེད། ཉེ་དུས་འདིར་ཁམས་མགོ་ལོག་ཕྱོགས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། བསོད་དར་རྒྱས། ཨ་མདོ་ལ་འཇིགས་མེད་རྒྱལ་མཚན་དང་། ལྡོང་ཡོན་ཏན་སོགས་གཞོན་སྐྱེས་རེ་གཉིས་བྱུང་བ་དམིགས་བསལ་ལོ། ། ༦ཿ སྤྱི་ཚོགས་ཕན་བདེའི་བྱས་རྗེས། མཐུན་སྒྲིལ་ཕྱོགས་ནས་སྤྲུལ་སྐུ་ཕན་ཚུན་བར་འཁྲུགས་རྩོད་ཤོར་བའི་སྤྲུལ་སྐུའི་གྲངས་དང་བསྡུར་ན་བརྒྱ་ཆའི་༡་ལ་སླེབས་མེད་པས་བླ་མ་བར་གྱི་མཐུན་སྒྲིལ་ལེགས། ཆོས་རྒྱུན་གྱི་ཕྱོགས་རིས་མེད་ཟེར་བ་དཀའ་ཡང་གཙོ་ཆེ་ས་ནས་ཉེ་དུས་སུ་འགལ་བ་ཆེར་མེད། བོད་ཀྱི་རྩ་དོན་ལ་སྲོག་རྩ་འཛིན་མཁན་གྱི་ཡ་གྱལ་གཅིག་ཡིན། དབུལ་སྐྱོབས། དྭ་ཕྲུག་གསོ་སྐྱོང་། སྨན་ཁང་དང་རྒན་གསོ་ཁང་སོགས་སྤྱི་ཚོགས་ལ་སྨན་པའི་བྱ་བའང་་མི་ཉུང་པ་བྱས་ཡོད། །འཁོར་ཡུག་སྲུང་སྐྱོབས་དང་། རྩ་ཆེའི་སྲོག་ཆགས་སྲུང་སྐྱོབ་པྱོགས་ལའང་ས་གནས་སོ་སོར་སྤྲུལ་སྐུ་ཚོའི་དབུ་ཁྲིད་དེ་ཕྱག་ལས་གནང་བ་མཐོང་བས། དགོན་སྡེ་དང་སློབ་གསོའི་མ་དངུལ་ཆེད། ཟ་ཁང་དང་། མགྲོན་ཁང་། ཚོང་ཁང་སོགས་དཔལ་འབྱོར་གྱི་ཡོང་ཁུངས་ཀྱང་རྒྱ་མི་ཆུང་བ་གནང་འདུག་པས་རིན་པོ་ཆེ་ཞེས་གྲགས་པའི་མཚན་དོན་མཐུན་ཞིང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་གོ་ཆ་བདག་གིར་བཞེས་པ་སྟེ། སྤྱོད་འཇུག་ལས།
སེམས་ཅན་པོངས་ཤིངདབུལ་བ་ལ། །
བདག་ནི་མི་བཟད་གཏེར་གྱུར་ཏེ། །
ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །
མདུན་ན་ཉེ་བར་གནས་གྱུར་ཅིག །ཅེས་དང་།
ཡིད་བཞིན་ནོར་དག་བུམ་པ་བཟང་། །
རིག་སྔགས་གྲུབ་དང་སྨན་ཆེན་དང་། །
དཔག་བསམ་གྱི་ནི་ཤིང་དག་དང་། །
ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ཅེས་པའི་ཐུགས་སྨོན་དང་རྗེས་སུ་མཐུན་པའི་མཛད་པ་རླབས་པོ་ཆེ་སྣ་ཚོགས་གནང་དང་མཛད་བཞིན་པའོ། །སྨྲས་པ།
འདི་ནི་དྲི་མེད་རྒད་པོའི་གསང་སྨན་སྟེ། །
ཕྱོགས་གཅིག་ཞེན་པའི་དམུས་ལོང་མིག་ལ་སྨན། །
ལྷག་བསམ་ཐགས་སུ་བཏགས་པའི་དར་དཀར་ལས། །
ཞེན་ལྟས་འདྲེན་བྱེད་གཡོགས་པའི་མིག་རས་མིན། །
ཞེས་བྲག་ཡབ་སྐྱབས་མགོན་གྱིས་གསུང་གི་སེར་བུ་ཅུང་ཟད་ཕོག་པའི་མུར། རྣམ་རྟོག་གི་སྤྲིན་ཚོགས་གློ་བུར་ཏུ་གཡོས་ཏེ། སྨྱོ་གཏམ་གཡོས་བླུགས་མ། གང་དྲན་དུམ་དུམ་ཁྲིགས་སུ་ལྡེབས་པ། དམུས་ལོང་མིག་འབྱེད་ཅེས་སྤྲུལ་སྐུ་ལ་དཔྱད་པ་རེ་ཞིག་རྫོགས་སོ། །མངྒ་ལཾ། །
ཆོས་རྒྱུད་སོ་སོའི་དབུ་ཁྲིད་རྣམས། སོ་སོའི་ཆོས་རྒྱུད་དར་སྤེལ་གྱི་ཆེད་དུ། དངུལ་དང་སྲིད་ཀྱི་གཡོ་འཕྲུལ་བྱས་པ་ཉུང་ཉུང་ཞིག་གཏན་ནས་མིན་ལ། ད་དུང་བླ་ཆེན་དག་གི་ཁྲོད་དུ་རང་ཕྱོགས་གོང་འཕེལ་གཏོང་ཆེད་དུ། གཞན་ཕྱོགས་ཀྱི་བླ་ཆེན་དང་མི་ཆེན་རྣམས་སྲོག་དང་བྲལ་བར་བྱས་པའི་ལོ་རྒྱུས་ཀྱང་ཡོད་པ་རེད། སྔོན་མ་ཡིན་ན་དབང་སུ་ཆེ་དང་། རྒྱབ་རྩ་སུ་ཐུག་ལ་བརྟེན་ནས་ཕ་རོལ་པོའི་སྨྲ་བ་གཏན་དུ་འགོགས་ཐབས་ཡོད་མོད། དེང་གི་དུས་འདི་ནི་རང་གི་སེམས་ལ་ཡོད་ཚད་སྤྱི་ཚོགས་ཀྱི་ཁྲོད་དུ་ཉེན་ཁ་མེད་པར་སྟོན་ཐུབ་པའི་དུས་ཚོད་ཅིག་ཡིན་པར་བརྟེན། ཆོས་རྒྱུད་སོ་སོའི་རྗེས་འབྲངས་པ་ཚོས་ཕན་ཚུན་སྐྱོན་བརྗོད་ཆེན་པོ་ཞིག་གི་འགོ་མ་བརྩམས་ལེགས་པར་མཐོང་། བཤད་རྒྱུ་མང་དྲགས་ན། མགོ་རུལ་བ་རྣ་བས་མ་ཚོར་བའི་གཏམ་མང་པོ་ཞིག་ཐོན་ཚར་དུས་ཐལ་དྲགས་པ་རེད། དེས་རང་གཞན་གཉིས་ཀ་ལ་ཕམ་ཁ་སྤྲད་རྒྱུ་རེད།
བཀའ་མོལ་དེ་དག་དོན་དངོས་ཐོག་འཁྱོངས་ན། ང་ཚོད་པའི་ཆོས་དང་རིགས་གཞུང་ལྷག་བོད་བརྒྱུད་ནང་ཆོས་འདི་རིང་ནས་རིང་དུ་གནས་ཤིང་དར་རྒྱས་འགྲོ་ངེས་ཀྱང་། སྤྲུལ་སྐུའི་ལམ་སྲོལ་འདི་མུ་མཐུད་ནས་དར་ན་སྤྲུལ་མིང་པ་ཚོས་མཛད་པ་ཆ་རེ་ཆོར་རེ་ཞེ་མེར་བ་དེ་ཚོས། ང་ཚོའི་ཆོས་ལུགས་འདི་ལ་གེགས་ཆག་ཆེན་པོ་ཞིག་གི་སྔོན་བརྡ་ཡོད་པ་བརྗོད་མི་དགོས། དེ་བས་བྲག་ཡབ་རིན་པོ་ཆེ་ནས་གསུང་པ་བཞིན་འགྲེམས་སྟོན་ཁང་ལ་བསྒྲིག་ན་མཛེས། དོན་དངོས་ཐོག་སྤྲུལ་སྐུ་ཟེར་བ་དེ་དག་ལ་དམིགས་གསལ་རྟོག་པ་གང་ཡང་མེད་འགྲོ་བ་མིའི་རིགས་གཅིག་མཚུངས་ལྟར་ཁྱད་ཆོས་འདྲ་མིན་ཡོད་པ་དེ་དག་སྤྲུལ་སྐུ་ཁོ་ནའི་རྟོག་པར་མ་སེམས།
མང་པོ་ཞིག་བཤད་པའི་མདོ་རྩ་དོན་དག་རྡོག་རྡོག་དེ་གཞན་སུ་གང་མི་དགོས་རྩ་མེད་བཟོས་ཤོག རྒྱལ་པཎ་གཉིས་འཇོག་རོགས་ཟེར་བ་ཙམ་རེད། མི་ལ་རྣམ་དཔྱོད་མེད་ཟུར་བལྟས་ལེབ་མཐོང་རེད།
ཏཱ་ཡི་སི་ཏུ་པས་དང་པོ་ཀརྨ་པའི་ཡང་སྲིད་དེ་བྷིར་མཆོག་གླིང་སྲས་ཨོ་རྒྱན་སྟོབས་རྒྱལ་གྱི་མཁའ་འགྲོ་བཀྲ་ཤིས་ལ་འཁྲུངས་གསུང་པ་རེད་ཟེར། སྐབས་དེར་མཁའ་འགྲོ་བཀྲ་ཤིས་སྦྲུམ་མ་ཡིན་པ་དང་སི་ཏུས་མངོན་ཤེས་ཀྱིས་གཟིགས་ནས་བཀྲིས་ཀྱི་ཁོག་པའི་ནང་ལ་བུ་ཞིག་བཞུགས་ཡོད་པ་དང་། བུ་དེ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པའི་ཡང་སྲིད་ཡིན་ཞེས་བཀའ་ཕེབས་ཡོད་ན་ཡང་། རྗེས་སུ་བུ་མོ་ཞིག་བཙས་པ་རེད་ཟེར། ལས་འགུལ་འདི་དེ་ནས་མཇུག་དྲིལ་ཡོད་པ་འདྲ། བདེན་པ་ཡིན་ས་རེད། ཧ ཧ
སྔོན་མ་དུས་རབས་དགུ་པའི་སྐབས་སུ་བོད་ཡུལ་དུ་འཚོ་བ་གཞན་ལ་བརྟེན་པའི་གྲྭ་བཙུན་གྱི་ལམ་ལུགས་བྱབ་ཉོག་བྱོབ་ཉོག་ཧ་ཅང་འཕེལ་ཁ་ཆེ་སོང་བར་བརྟེན་བོད་རྒྱལ་ཁབ་ཀྱི་བཙན་པོ་ལྷ་སྲས་དར་མས་གྲྭ་བའམ་བཙུན་པ་མང་པོ་ཞིག་སྐྱ་སར་ཕབས་པ་དང་རྔོན་བྱེད་དུ་བཏང་བའི་ལོ་རྒྱུས་ཡོད་རབས་འདུག །
ད་དེང་སང་དུས་རབས་ཉེར་གཅིག་འདིར་བོད་མི་མང་པོ་ཞིག་གིས་སྤུལ་སྐུའི་ལམ་ལུགས་བྱབ་ཉོག་་བྱོབ་ཉོག་འདི་ལ་ཡིད་ཐང་ཨ་ཐང་འབད་དེ་ཆད་ནས་འགྲེམས་སྟོན་ཁང་ལ་སྐྱེལ་རན་པ་རེད་གསུངས་བཞིན་པའི་གནས་ཚུལ་འདི་ཚོ་ཀྱེ་མ་ཀྱེ་ཧུད་བོད་གངས་ཅན་པའི་རྫོགས་མཐའ་མེད་པའི་ལས་དབང་ཞིག་རེད་དམ། །
ཆོས་ལུགས་ཆེན་པོ་བཞི་དང་ཤུགས་ལྡན་པ། རྒྱ་བོད་ཀུན་གྱི་བཀུར་བའི་རིས་མེད་དོན་གྱི་བླ་མ་པད་ནོར་རིན་པོ་ཆེའི་མཛད་ཕྲིན་རླབས་པོ་ཆེ་ལ་ནང་པ་ཞིག་ཡིན་ནས་ཟུང་མི་ཕྱེད་དྭངས་བའི་དད་པ་རང་ཤུགས་ཀྱི་ཡོང་དགོས་པ་ཡིན་ཀྱང། ཕྲག་དོག་གདོན་གྱི་གཟི་བའི་ཀློང་ཆུང་མིང་ཅན་ཞིག་གིས་ག་རེ་བཤད་གིས་འདུག། དཔང་ཡིག་དཔང་རྟགས་ག་རེ་ཡོད་ན་སྟོན་ཤོག།
དྲི་མེད་ལྷག་བསམ་ཀྱིས་ཡག་པོ་གསུངས་འདུག་བཀའ་དྲིན་ཆེ་།
དང་པོ་ཡག་པོ་གསུངས་འདུག་ཡིན་ན་ཡང་མཇུག་ཏུ་ཕྱོགས་རེད་ཀྱི་སྐད་ཆ་ཐབ་རྡུག་པོ་གསུངས་སོང་དངོས་གནས་དྲང་པོ་ཞིག་གསུངས་ཐུབ་ཀྱིས་མི་འདུག་་་་་་་་་་ཐ་མ་ངའི་ཆོས་ལུག་མ་ཏོགས་མི་དགོས་གསུངས་འདོག་རེད་འདུག