ཨེ་མ་ཧོས་མཚམས་སྦྱོར་ཞུས།
རང་འདོད་ཀྱི་རྩ་བ་ལ་བརྟེན་ནས་དམ་པ་གོང་མ་རྣམས་ཀྱི་མཚན་གྱི་ཅོད་པན་གང་ཟག་སྣ་ཚོགས་པ་དག་གི་མགོ་ལ་རང་དགར་འདོགས་པ་སྟེ། སྤྱིར་སངས་རྒྱས་སྤྲུལ་བའི་སྐུའི་འགྲོ་འདུལ་གྱི་ཕྲིན་ལས་ནི་རྒྱུན་གྱི་རྟག་པ་ཡིན་པས་ནམ་ཡང་རྒྱུན་ཆད་པ་མེད་ལ། རྣམ་པའང་བྱ་དང༌། རི་དྭགས། ཤན་པ། སྨད་ཚོང་སོགས་སྣ་ཚོགས་པའི་རང་བཞིན་ཅན་ཡིན་མོད། འོན་ཀྱང་དེང་སང་ནི་སྤྲུལ་སྐུ་མང་པོ་ཞིག་ཕྱུག་པོ་དང༌། བཙན་པོ་དང༌། རང་གི་ཉེ་འབྲེལ་དང༌། གང་ཟག་འཇོན་ཐང་ཅུང་ཟད་རེ་མཐོང་རྒྱུ་ཡོད་པ་དེ་རྣམས་ཀྱི་ནང་ན་འཁྲུངས་འདུག་ཟེར་ཞིང༌། ཁྲི་ཐོག་ཏུ་ཕུད་དེ་ང་ཚོའི་བླ་མ་ག་གེ་མོའི་སྤྲུལ་སྐུ་ཡིན་ཞེས་སྨྲའོ།།
མ་དག་པའི་བློ་མིག་ཅན་ཞིག་གིས་བལྟས་ན་ནི། རང་འདོད་ཀྱི་དམིགས་ཡུལ་འདི་ལ་དམིགས་ཏེ་མིང་བཏགས་པ་མ་ཡིན་ནམ་སྙམ་དུ་ཐེ་ཚོམ་སྐྱེ་དགོས་པ་མང་པོ་མཐོང་རྒྱུ་འདུག ཚུལ་འདི་དག་ལ་བརྟེན་ནས་རང་རེའི་སྤྲུལ་སྐུ་ངོས་འཛིན་པའི་སྲོལ་འདིའང་རིམ་བཞིན་མི་རྣམས་ཀྱི་སེམས་ན་རིན་ཐང་ཅི་ཡང་མེད་པ་ཞིག་ཏུ་འགྱུར་བར་གོར་མ་ཆག་ཅིང༌། སྐྱེ་བོ་ཕལ་བ་དག་ལ་མིང་རྫུན་མ་རེ་བཏགས་པས་སྔོན་འགྲོ་དང་སྤྱོད་འཇུག་གི་ཟླ་ཁྲིད་ཙམ་ཡང་མཉན་མི་དགོས། ཟླ་བ་གཅིག་གི་མཚམས་ཙམ་ཡང་གཅོད་མི་དགོས་པར་མིང་དེ་ལ་བརྟེན་ནས་རང་ཅི་འདོད་ཀྱི་བྱ་བ་བྱུང་རྒྱལ་དུ་བྱེད་པས། ད་ལྟ་རང་རེའི་སྤྲུལ་སྐུའི་ལུགས་སྲོལ་འདི་ལ་གོང་འོག་བར་གསུམ་ན་བཀའ་བཀྱོན་གནང་བ་དང༌། ཁྲེལ་དགོད་བྱེད་པ་དང༌། མཚང་འདོན་བྱེད་མཁན་དང༌། ཡི་ཆད་དེ་འོ་དོད་འབོད་མཁན་དང༌། དོན་འདི་ལ་འཇུས་ཏེ་བསྟན་པའི་ངོ་བོ་ལ་གླགས་འཚོལ་མཁན་སོགས་ཤིན་ཏུ་མང་པོ་འདུག་སྟེ།
ཉེ་ཆར་ཤང་ཀང་ནས་བསྐྲུན་པའི་དུས་དེབ་ཅིག་གི་ནང་དུ་བོད་ཀྱི་ད་ལྟའི་སྤྲུལ་སྐུའི་གནས་ཚུལ་ལ་སྐྱོན་བརྗོད་མང་དུ་བྱས་འདུག་སྟེ། རྩོམ་ཡིག་དེའི་ཁ་བྱང་ལ། ཁ་ཡན་དུ་ཤོར་བའི་སྤྲུལ་སྐུ་ཞེས་བྲིས། རྩོམ་ཡིག་དེ་ལས། ད་ལྟ་བོད་ཀྱི་སྤྲུལ་སྐུ་སྒོར་མོས་ཉོ་ཆོག་པའི་ས་ཚད་ཙམ་དུ་སླེབས་ཡོད། རྒྱ་ནག་གི་ཨན་ཧུའེ་ཞིང་ཆེན་གྱི་མི་ཕྱུག་པོ་ཞིག་བོད་ཀྱི་དགོན་པ་ཞིག་ཏུ་སོང་ནས། ངེད་རྡོ་རྗེ་སེམས་དཔའི་སྤྲུལ་སྐུ་ཡིན་ཞེས་སྨྲས་ཏེ། དགོན་པ་དེར་སྒོར་མོ་འབུམ་གཅིག་ཕུལ་བས་དགོན་པ་དེས་མི་དེ་ལ་རྡོ་རྗེ་སེམས་དཔའི་སྤྲུལ་སྐུ་ཡིན་པའི་དཔང་ཡིག་ཅིག་བྲིས་ཏེ་བྱིན་འདུག
ཡང་རྒྱ་ནག་གི་གྲྭ་པ་གཞན་ཞིག་གིས་བོད་ཀྱི་དགོན་པ་ཞིག་ལ་སྒོར་མོ་ཁྲི་འགའ་ཞིག་ཕུལ་བས་དགོན་པས་དེ་སྤྲུལ་སྐུ་ཡིན་པར་ངོས་འཛིན་བྱས་ཤིང་དཔང་ཡིག་སྤྲད་ནས། སླར་ཡང་རྒྱ་ནག་ཏུ་སྒོར་མོ་སློང་བར་བཏང་འདུག
སྤྲུལ་སྐུ་འབྲིང་ཚད་ཅིག་གི་མིང་རིན་ལ་སྒོར་ཁྲི་བཅུའམ་ཉི་ཤུ་ཙམ་ཞིག་ཡིན་ཞིང༌། སྤྲུལ་སྐུ་ཆེན་པོ་རྣམས་ཀྱི་མིང་དེ་བས་ཀྱང་གོང་ཆེ་ཞེས་དང༌། བོད་ཀྱི་མི་ན་གཞོན་དཔལ་འབྱོར་གྱི་ཤེས་རིག་དང་སྤྱི་ཚོགས་ཀྱི་འབྲེལ་བ་ཡོད་པ་རྣམས་སྤྲུལ་སྐུ་བྱེད་དུ་འགྲོ་ཞིང༌། སྤྲུལ་སྐུ་འདི་དག་གིས་སྡོམ་པ་མི་སྲུང༌། རིག་གནས་མི་སློབ། ཉམས་ལེན་མི་བྱེད། ཆོས་ལ་མི་སྦྱང་སྟེ། རྟག་པར་འཁྱམས་ཤིང་སྟེགས་གྲུག་རྒྱག་པ་དང༌། ལྦུ་ཆང་འཐུང་བ་དང༌། སྒོར་མོ་འཚོལ་བ། བུད་མེད་བསྟེན་པར་བྱེད་ཅེས་པ་ལ་སོགས་པ་སྐྱོན་བརྗོད་མང་པོ་བྱས་འདུག་ཅིང༌། འདི་ལྟ་བུ་སྨྲ་མཁན་གཞན་ཡང་མང་པོ་སྣང་ངོ༌། །ཁོང་ཚོས་སྨྲས་པ་དེ་དག་རང་རེ་ལ་གནད་དུ་ཁེལ་འདུག་གམ་མི་འདུག གལ་ཏེ་ཁེལ་ཡོད་ན་ཁོང་ཁྲོ་ལངས་པས་ཕན་པ་ཅི་ཡང་མེད་དོ། །”“བཅོམ་ལྡན་འདས་ཀྱིས་འདུལ་བ་ལས། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་སྟེ། མ་བསྐྱངས་ན་ཤན་པའི་ལག་ཏུ་གྲི་བཅུག་ནས་བཏང་བ་ལྟ་བུ་ཡིན་ཞེས་གསུངས་ཏེ། སྡོམ་པ་བྱིན་ནས་མ་བསྐྱངས་ན་ཇི་ལྟར་ངན་ཡང་མི་གཅིག་གི་བསླབ་པ་ཉམས་པ་ལས་གཞན་མེད་མོད། བོད་མི་མང་གི་ཤི་གསོན་གཉིས་ཀའི་སྐྱབས་འཇུག་ཞུ་ས་དང་ལུང་རྟོགས་ཀྱི་བསྟན་པའི་བརྒྱུད་པ་འཛིན་མཁན་གྱི་གཙོ་བོ་རྣམས་ཆོས་དང་འཇིག་རྟེན་གྱི་ཡོན་ཏན་ཅི་ཡང་མེད་པའི་སྐྱེ་བོ་ཕལ་བ་རེ་ལ་བྱེད་དུ་འཇུག་པ་འདི་ནི་ལེགས་པར་བརྟགས་ན་ཤིན་ཏུ་མི་འོས་པའི་བྱ་བ་ཞིག་གོ །
ཁོ་བོ་ཅག་གི་སྐྱབས་གཅིག་མཚུངས་པ་མེད་པ་ཆོས་རྗེ་ཡིད་བཞིན་ནོར་བུ་རྡོ་རྗེ་འཆང་དངོས་མིའི་རྣམ་པར་བྱོན་པ་སྟེ། སྤྲུལ་སྐུ་ཞིག་ངོས་འཛིན་ན་ཁོང་ལྟ་བུ་ཞིག་གིས་ངོས་འཛིན་མཛད་དགོས་པ་ཡིན་ཡང༌། སྐུ་ཚེ་གང་པོར་མི་གཅིག་ལའང་སྤྲུལ་སྐུའི་མཚན་ཞིག་བཏགས་པ་མེད་ཅིང༌། ཁོང་མྱ་ངན་ལས་འདའ་ཁར། ངེད་ཐོག་མར་བདེ་བ་ཅན་དུ་འགྲོ་རྒྱུ་ཡིན་པས་སྤྲུལ་སྐུ་མྱུར་དུ་ངོས་འཛིན་བྱེད་མི་དགོས་ཞེས་གསུངས། འདི་དག་ལ་དོན་གྱི་དགོངས་པ་བསམ་གྱིས་མི་ཁྱབ་པ་ཡོད་པར་ཤེས་སོ། །
སྤྱིར་རང་རེའི་སྔོན་གྱི་སྐྱེ་སྤྲུལ་འཚོལ་ཚུལ་འདི་ལ་ཁྱད་ཆོས་མང་དུ་ཡོད་ལ། ཚུལ་འདི་ལ་བརྟེན་ནས་བསྟན་པ་དང་འགྲོ་བ་ལ་ཕན་པའང་ཆེན་པོ་ཐོགས་པ་བྱུང་དང་འབྱུང་བཞིན་པ་ཡིན་མོད། འོན་ཀྱང་རིམ་བཞིན་འཆོལ་ཉོག་ཏུ་སོང་ན་ཕན་པ་མེད་པའི་ཐོག་གནོད་པ་ཆེན་པོ་འབྱུང་བར་འགྱུར་ཏེ་བདེན་པ་རྣམས་ཀྱང་རྫུན་པའི་གྲལ་དུ་འཛུད། རྫུན་པ་རྣམས་ཀྱིས་མིང་དེ་ལ་བརྟེན་ནས་ཚུལ་མིན་སྣ་ཚོགས་པ་བྱེད། དེའི་ཉེས་པ་དེ་ཉིད་བདེན་པ་རྣམས་ཀྱི་སྟེང་དུ་མི་འོས་བཞིན་དུ་འོང༌། དེའི་དབང་གིས་བསྟན་འཛིན་གྱི་སྤྲུལ་སྐུ་དམ་པ་རྣམས་ཀྱི་འགྲོ་དོན་འཕྲིན་ལས་ལ་བར་ཆད་དུ་འགྱུར་རོ། །
དེས་ན་ད་ཕན་ཆད་སྤྲུལ་སྐུ་ངོས་འཛིན་གནང་མཁན་རྣམས་ཀྱིས་ངེས་པར་དུ་སྔོན་གྱི་དམ་པ་གོང་མ་རྣམས་ཀྱི་”“སྲོལ་བཞིན་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་འགྲོ་བའི་ཕན་བདེ་འབའ་ཞིག་ལ་བསམ་བློ་བཏང་སྟེ་ངོས་གཟུང་བྱ་ཚུལ་དྲི་མ་མེད་པ་ཞིག་བྱ་རྒྱུ་ནི་གལ་ཆེ་སྟེ། ལར་སྤྲུལ་སྐུ་དག་མ་ཞིག་ངོས་འཛིན་དགོས་ན། ཡང་ན་སྐུ་གོང་མ་རང་གི་ཞལ་གསུང་ལུང་བསྟན་གསལ་པོ་ཡོད་དགོས། ཡང་ན་སྐྱེས་བུ་དམ་པ་མངོན་ཤེས་དང་ལྡན་པ་ཞིག་གིས་མཁྱེན་དགོས་ཀྱི། དེ་ལས་གཞན་པའི་ཐབས་བཟང་པོ་ཅི་ཡང་མེད། དེ་ལྟར་མ་ཡིན་པར་ཕྱུག་པོའམ་མཐོན་པོ་སོགས་རང་འདོད་དང་གཡོ་སྒྱུའི་སྒོ་ནས་སྤྲུལ་སྐུ་ངོས་འཛིན་བྱེད་པ་དག་གལ་ཏེ་བྱུང་ན། དགེ་འདུན་དང་མང་ཚོགས་རྣམས་ཀྱིས་བརྟག་དཔྱད་ཅི་ཡང་མི་བྱེད་པར་བླུན་དད་ཀྱིས་དང་དུ་བླང་བར་མི་བྱའོ། །
ངོས་བཟུང་བའི་རྗེས་ནས་བསྟན་འགྲོ་ལ་ཕན་ཐོགས་པའི་སྤྲུལ་སྐུ་ཞིག་འོང་དགོས་ན་ལུང་སྡེ་སྣོད་གསུམ་ལ་སློབ་གཉེར་དང༌། ལམ་བསླབ་པ་གསུམ་ལ་ཉམས་ལེན་ཡོད་དགོས་པས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ལ་བསྟེན་རྒྱུ་གལ་ཆེ་སྟེ། དགེ་བའི་བཤེས་གཉེན་བསྟེན་མ་དགོས་པར་མཁས་པ་དང་གྲུབ་པར་གྱུར་པ་ནི་ཉུང་ཤས་ཙམ་ཞིག་ཡིན་པའི་ཕྱིར་རོ། །
དེ་སྔོན་སྤྲུལ་སྐུ་ཡིན་པར་ངོས་བཟུང་ཟིན་པ་རྣམས་ཀྱིས་ཀྱང་བདེན་རྫུན་ཅི་ཞིག་ཡིན་ཡང་རུང་སྟེ། གཡོ་སྒྱུས་གཞན་མགོ་མི་སྐོར་ཞིང༌། རང་ཉིད་ཀྱིས་སློབ་སྦྱོང་དང་ཉམས་ལེན། བསྟན་པ་སེམས་ཅན་ནམ་མི་རིགས་དང་རིག་གནས་ལ་ཕན་པའི་བྱ་བ་ཅི་འགྲུབ་བྱས་ན་དེས་མ་ཆོག་པ་མེད་དོ། །
(དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ་ཨ་དུམ་ལས་སོ།།)
བདེན་བདེན། སྐུ་སྐྱེ་བསྟན་དོན་དུ་ཕེབས་ན། བཤད་སྒྲུབ་ལས་གསུམ་གྱི་བྱ་བ་བྱེད་དགོས་གསུངས་པ་ཅིའི་མི་བདེན།
སྤྲུལ་བའི་སྐུ་༧རྒྱལ་དབང་འབྲུག་ཆེན་མཆོག་གི་གསུང་བཤད། འབྲོང་བུ་སོག་ཚའས་བཤད་པ་བདེན། བཤད། སྒྲུབ། ལས་ཀྱི་འཁོར་ལོ་གསུམ་མམ། ཕྱེད་དམ། ཆ་གཅིག་གནང་ནའང་རྗེས་སུ་ཡི་རང་བྱ་འོས་སོ། །དངུལ་གྱིས་ཉོས་པ། ཐབས་ཀྱིས་བླང་བ། ཞབས་འདྲེན་ཞུ་མཁན། མཁན་པོ། དགེ་བཤེས། སྤྲུལ་སྐུ། ཀུན་ལ་ཡོང་གི་ཡོད། མཐའ་གཅིག་ཏུ་རིགས་གཅིག་ལ་སྐྱོན་བརྗོད་བྱེད་རྒྱུ་ཅང་མེད། དེ་བཞིན་འགྲོ་ཕན་སྒྲུབ་མཁན་ཡང་གྲངས་དང་བསྡུར་ན་མང་ཤོས་ཡིན་པ་དགོངས་མཛོད། །
https://www.youtube.com/watch?feature=player_embedded&v=U2IM8i_oPyc#t=0
༧རྒྱལ་དབང་འབྲུག་ཆེན་རིན་པོ་ཆེའི་གསུང་བཤད།
RFA interview with Drukpa Rinpoche-05-05-2015. … RFA Tibetan TV 05 07 2015. RFATibetan
༧རྒྱལ་དབང་འབྲུག་ཆེན་དང་། ཀརྨ་པ་སོགས་ཀྱིས་སྤྲུལ་སྐུ་སྒྲུབ་གནང་གི་ཡོད་པ་འདྲ།
གོང་ཐང་པས། སྤྲུལ་སྐྱེས་བསྟན་དོན་དུ་བྱོན་ན། །བཤད་སྒྲུབ་ལག་རྗེས་རེ་འཇོག་དགོས། །ཞེས་སོ།
https://www.youtube.com/watch?v=8fkCNhz8PQQ
འདི་ནའང་སྤྲུལ་སྐུ་ཞིག་འདུག
ཁྱུང་སེ་ལེགས། འདི་ནའང་སྤྲུལ་སྐུ་ཞིག་འདུག
http://www.youtube.com/watch?v=p2-DmG448w4
དྲི་མེད་ལགས་ད་ངོ་མ་སྤྲུལ་སྐུས་ས་བཀབ་འདུག གང་ཞིག་ནུབ་དུས་སྒྲའོ་ཆེ་་་བཤད་པ་བཞིན་ད་སྤྲུལ་སྐུའི་བསྟན་པ
འདི་ནུབ་རན་པ་མིན་ནམ། ཞྭ་དམར་ཀརྨ་པ་དབྱིན་སྐད་དག་མ་བསྐྱོན་ཡོང་གི་འདུག་ངས་ཁོང་ཐེངས་ཁ་ཤས་ཞིག་ཐུག་མྱོངས། ཆེ་ཆེ་དྲེགས་དྲེགས་དེ་འདྲ་མི་འདུག
བོད་ཀྱི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་ལ་དཔེ་བལྟ་བཞིན་པ་འདི་འདྲ་ཡང་འདུགhttps://youtu.be/IN_TX6KRB68
https://www.youtube.com/watch?v=IN_TX6KRB68
莲生活佛。འདི་བོད་ཀྱི་བླ་མས་ངོས་འཛིན་བྱས་པ་མ་རེད། བོད་ཀྱི་ཆོས་ལུགས་ཀྱི་མིང་ཡང་ཁུར་མི་འདུག རང་ས་ནས་རང་ཆོས་སྤེལ་བ་ལ་བོད་པ་ཚོར་ཐེ་གཏོགས་ཅི་ཡོད།。རང་ས་ནས་བླ་མ་ཚོ་ཕན་ཚུན་དགྲར་བལྟས་ཏེ་རྩོད་པ་བྱེད་པ་འདི་སྤྲུལ་སྐུ་ལས་ཀྱང་ཞབས་འདྲེན་དང་ཐབས་སྡུག་མ་རེད་དམ།
སྤྲུལ་སྐུ་ཞིག་འདི་ན་འདུག
http://www.tsemrinpoche.com/tsem-tulku-rinpoche/buddhas-dharma/who-is-dorje-shugden-to-me.html
ཀྱེ་མ་ཀྱེ་ཧུད། པདྨ་ལགས། ཁྱོད་འདྲ་བོའི་ཞིག་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་གཏམ་བཤད་དེ་མི་གཅིག་ཀྱང་ཉན་འཇོག་བྱེད་ནི་མ་རེད། ཁྱོད་ལ་གོར་མོ་ཡོད་ན་སོང་དང་སྤྲུལ་སྐུ་མིང་ཨི་རག་ལྟོས། སུས་སྤྲད་ཀྱིས་འདུག ཁྱོད་ལ་གོར་མོ་མེད་ན་སྡུག་གྱོང་རེད། ཆོས་རྒྱུད་བླ་ཆེན་ཚོ་ལ་མཚན་སྨད་དག་དག་ཞུས་ལུགས་བལྟ་དུས་ཁྱོད་ལ་སྤྲུལ་མིང་མ་རག་ཡིན་ས་རེད། ད་ངས་ཁྱོད་ལ་སྤྲུལ་མིང་སྤྲད་ཆོག སྤྲུལ་མིང་དང་ཁ་བརྡའི་སྨྱུག་མིང་ཐུན་མོངས་ཆེད་དུ་མིང་ཡིནཔས། ཚང་མས་གཤམ་གསལ་མིང་དེ་བརྗོད་རོག ༼སྤྲུལ་གཟུགས་དམ་སྲི་ཟོབ་བརྫུ་ཆེན་པོ༽ ཡིན་རིན་པོ་ཆེ་དང་སྤྲུལ་སྐུ་ཞེས་ངས་བསམ་ནའང་ལག་པའི་མཛུམ་མོས་བྲིས་ཐུབ་མ་སོང་བས་དོན་གཅིག་པ་ཡིན་དགོངས་འགལ་མེད་པ་་ཞུ་དགོས་ཡག་མེད།
་་་་་་་་་་་ ལར་སྤྲུལ་སྐུ་དག་མ་ཞིག་ངོས་འཛིན་དགོས་ན། ཡང་ན་སྐུ་གོང་མ་རང་གི་ཞལ་གསུང་ལུང་བསྟན་གསལ་པོ་ཡོད་དགོས། ཡང་ན་སྐྱེས་བུ་དམ་པ་མངོན་ཤེས་དང་ལྡན་པ་ཞིག་གིས་མཁྱེན་དགོས་ཀྱི། དེ་ལས་གཞན་པའི་ཐབས་བཟང་པོ་ཅི་ཡང་མེད། ་་་་་་་་་་་་་་་་
སྤྲུལ་སྐུ་ཚོར་རྫུ་འཕྲུལ་མེད་ནའང་མངོན་ཤེས་མེད་དུ་མི་རུང་བ་རེད། འོན་ཀྱང་བོད་ཀྱི་བླ་ཆེན་ཚོའི་ནང་ན་མངོན་ཤེས་ཡོད་མཁན་འདྲ་ཨེ་ཡོད་ན། ད་ཐེངས་ཀྱི་ས་འགུལ་མ་བསླེབས་གོང་ནས་ལུང་བསྟན་རེ་བཤད་ཨེ་ཡོད་ན། ཕལ་ཆེར་སུ་ཞིག་གིས་ལུང་བསྟན་བཤད་ཡོད་ཀྱི་མ་རེད་སྙམ། །
བོད་ཀྱི་སྤྲུལ་སྐུ་ཚོས་མི་གཞན་ལུང་བསྟན་རྒྱུ་ཕར་ཚད། རང་ཉིད་ལུང་མ་བསྟན་གྱི་མི་ཚེ་སྐྱེད་ནསའགྲོ་མཁན་རྐྱང་རེད།
སྤྲུལ་སྐུ་མེད་པ་བཟོ་དགོས་པའི་འབོད་སྐུལ་ཞུ་མཁན་འདི་བྲག་གཡབ་སྐྱབས་མགོན་གཅིག་པུ་མ་རེད། བོད་ནང་ལ་བརྒྱད་བཅུའི་ནང་ལ། རྙིང་མའི་སྐྱབས་རྗེ་གཟན་དཀར་སྤྲུལ་སྐུ་མཆོག་གིས་ཀྱང་ཀྲུང་དབྱང་ལ་འདི་ལྟར་གྱི་རེ་བ་བཏོན་པ་གཟན་དཀར་སྤྲུལ་སྐུ་ཉིད་ཀྱི་ཞལ་ལས་ཐོས་སོ། ཡིད་མ་ཆེས་ན་ཁོང་ལ་དྲིས་ཤིག
ད་དུང་གུང་ཐང་རིན་པོ་ཆེའི་བཀའ་སློབ་ཅིག་གི་ནང་ལ་ཡང་། རང་བྱུང་སྤྲུལ་སྐུ་སྙོན་མེད་རེད། མི་བཟོས་སྤྲུལ་སྐུ་དགོས་པ་མེད་གསུང་པ་གོ་མི་མྱོང་ངམ། ད་དུང་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་༡༦པས་ཀྱང་སྤྲུལ་སྐུའི་སྐོར་ལ་བཀའ་སློབ་བཙན་པོ་གནང་བ་རུམ་སྟེགས་ཀྱི་བླ་རྒན་ཚོར་གསུང་རྒྱུ་འདུག འདིའི་སྐོར་ལ་སྔོན་མ་ཨ་རི་བ་འཇམ་དབྱངས་རྣམ་རྒྱལ་གྱི་ཞལ་ལས་ཐོས་སོ། ཞིབ་ཕྲ་སྐབས་དེ་དུས་གསུང་ཆོས་ལ་བཅར་མཁན་འགྲས་སུ་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་དང་། རི་རྒུ་མཆོག་སྤྲུལ་ཡོད་པ་གོ་མྱོང་། ཁོང་རྣམས་པ་དྲིས་ཤིག
ད་དུང་སྤྲུལ་སྐུ་འགོག་དགོས་པའི་ལུང་རིག་ཟབ་ཤོས་ཀྱི་རྩོམ་ཡིག་ཞིག མཁས་དབང་ཁང་དཀར་ཚུལ་ཁྲིམས་ནས་ཉི་ཧོང་ནས་གོང་ས་མཆོག་ལ་བསྐུར་བ་དང་། དེའི་འདྲ་བཤུས་སྐུ་སྒེར་ལ་ཡོད་ངེས། དེ་བཞིན་སྤྲུལ་སྐུ་མི་དགོས་གསུང་མཁན་དེ་བཀའ་དྲིན་མཚུངས་མེད་ཀྱི་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ཡིན་པ་དང་། ཁོང་གིས་སྤྲུལ་སྐུའི་སྐོར་ལ་བཀའ་ཇི་གནང་དོ་བདག་མཁན་པོ་ཚུལ་ཁྲིམས་ལ་སོགས་ཞུགས་ཡོད་པས་དྲིས་ཤིག
བྲག་གཡབ་སྐྱབས་མགོན་གྱི་གསུང་གཙོ་བོ་དེ་སྤྲུལ་སྐུའི་ལམ་ལུགས་ཀྱི་སྐྱོན་གསུང་པ་དེ་སྦས་ན། ཞར་བྱུང་གི་ཚིག་གྲོས་རྒྱལ་བ་པན་ཆེན་ཟེར་བ་འབུར་བཏོན་བྱས་ནས་རྩོད་པ་རྒྱག་པ་འདི། དྲི་ཆེན་སངས་ཕོར་ནང་སྦས་ཐབས་ཀྱི་རྣམ་པ་ལས། ཁུངས་འཁྱོལ་མི་ཐུབ། སྤྲུལ་སྐུའི་ལམ་ལུགས་དང་དེ་དང་འབྲེལ་བའི་བླ་བྲང་གི་ལམ་ལུགས་དེས། བོད་མིར་སྡུག་གཅོད་ཇི་ལྟར་ཕོག་པ་གསལ་པོ་རེད། བྲག་གཡབ་རིན་པོ་ཆེས་འདི་དག་གསུངས་བས་ན། དེ་ལ་གྲོ་གླེང་དགོས་པར་མཐོང་།
བསམ་བློ་ཐོངས་དང་། དགེ་ལྡན་པའི་རྗེ་རིན་པོ་ཆེར་སྤྲུལ་སྐུ་མིན་འདུག ས་སྐྱ་བའི་གོང་མ་རྣམས་ལ་སྤྲུལ་སྐུ་མིན་འདུག བཀའ་བརྒྱུད་པའི་མར་མི་དྭགས་གསུམ་ལ་སྤྲུལ་སྐུ་མིན་འདུག རྙིང་མའི་གུ་རུ་རིན་པོ་ཆེ་དང་། མཁན་ཆེན་ཞི་བ་འཚོ། ཀ་མ་ལ་ཤི་ལ། དེ་བཞིན་རྒྱལ་བ་ཀློང་ཆེན་པ་སོགས་ལ་སྤྲུལ་སྐུ་མིན་འདུག
ད་དུང་གུང་ཐང་རིན་པོ་ཆེའི་བཀའ་སློབ་ཅིག་གི་ནང་ལ་ཡང་། རང་བྱུང་སྤྲུལ་སྐུ་སྙོན་མེད་རེད། མི་བཟོས་སྤྲུལ་སྐུ་དགོས་པ་མེད་གསུང་པ་གོ་མི་མྱོང་ངམ། དེ་བཞིན་གཟན་དཀར་རིན་པོ་ཆེ་དང་བྲག་གཡབ་སྐྱབས་མགོན་སོགས་བླ་སྤྲུལ་རྒན་རབས་རྣམས་ཀྱིས་བོད་ཀྱི་སྤྲུལ་སྐུ་ལུགས་སྲོལ་མཚམས་འཇོགས་དགོས་པའི་བསྐུལ་མ་གནང་འདུག