ཐེ་བོ་ཤེས་རབ་རྒྱ་མཚོ།
ཕྲན་ནི་སྤྲོ་ཚིགས་ཆོས་གྲགས་ལགས་མདོ་སྨད་སྤྱི་འཐུས་སུ་འོས་སྦྱོར་དང་རྒྱབ་སྐྱོར་བྱེད་མཁན་གྲས་ཤིག་ཡིན། འོན་ཀྱང་ང་ཁོང་གི་ཕ་ཡུལ་གཅིག་པ་དེ་འདྲ་མིན་ལ། ང་ཚོ་འོས་སྦྱོར་བྱེད་མཁན་གྲས་སུ་ཁོང་གི་ཕ་ཡུལ་གཅིག་པ་རེ་གཉིས་ལས་མེད། ངས་ཁོང་ལ་རྒྱབ་སྐྱོར་བྱེད་དོན་ནི་ཤེས་འཇོན་ལྷག་བསམ་གང་ཅིའི་ཆ་ནས་ཁོང་ལྟ་བུ་མདོ་སྨད་སྤྱི་འཐུས་སུ་སླེབས་ན་བོད་མི་རིགས་དང་མདོ་སྨད་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ས་རེེད་བསམ་པ་ཡིན། གཤམ་དུ་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཁག་འགའ་གླེང་རྒྱུ་ཡིན། ཡིན་ནའང་ཕྲན་གྱིས་སྤྱི་འཐུས་འོས་གཞིར་བཞེངས་མཁན་གཞན་དག་གི་མི་གཞི་སོགས་དང་བསྡུར་ནས་བཤད་རྒྱུར་འདོད་མོས་མེད། གང་ཡིན་ཟེར་ན། གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁའ་ཟེར་བའི་དཔེ་བཞིན་སུ་ཞིག་མཁྱེན་རྒྱ་ཆེ་མིན་དང་། སུ་ཞིག་ལངས་ཕྱོགས་ལེགས་མིན། སུ་ཞིག་སྤྱི་སེམས་ཆེ་མིན། སུ་ཞིག་ལྷག་བསམ་ཆེ་མིན་སོགས་རྒྱ་ཆེའི་མདོ་སྨད་མི་དམངས་ཀྱིས་བལྟས་ནས་ཐག་གཅོད་དགོས་པ་ཞིག་རེད།
ཁྱད་ཆོས་དང་པོ། ཤེས་ཡོན་ཚད་ལྡན་ཞིག་ཡོད་པ།
ཤེས་ཚད་ཡག་པོ་ཞིག་མེད་ན་ལྷག་བསམ་ག་འདྲ་ཡོད་ཀྱང་རླབས་ཆེན་ལས་ཀ་བྱེད་མི་ཐུབ། དེས་ན་སྤྱི་འཐུས་སུ་བཞེངས་མཁན་ཞིག་ཡིན་ན་ཤེས་ཚད་ཡག་པོ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྲོ་ཚིགས་ཆོས་གྲགས་ལགས་ནི་བོད་ཕྱི་ནང་གཉིས་ཀར་སློབ་གླིང་ཆེ་འབྲིང་ཆུང་གསུམ་རིམ་པར་འགྲིམས་ཏེ་སློབ་སྦྱོང་ཚད་ལྡན་དང་གྲུབ་འབྲས་ལྡན་པ་བྱས་ཡོད་མཁན་ཞིག་ཡིན། དེ་ནི་ཁོང་གིས་སྔ་ཕྱིར་བྲིས་པའི་བོད་ཀྱི་རིག་གནས་དང་། རྒྱལ་རབས་ལོ་རྒྱུས། སྐྱེ་ཁམས་ཁོར་ཡུག ཆབ་སྲིད་བཅས་ཀྱི་སྐོར་ལ་བྲིས་པའི་དཔྱད་རྩོམ་ཁག་ལས་རྟོགས་ཐུབ་པ་མ་ཟད། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དང་། རྡ་ས་རིགས་ལམ་སློབ་གཉེར་ཁང་སོགས་བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཁག་ཏུ་ཁོང་གིས་སློབ་སྦྱོང་དང་ཕྱག་ལས་གནང་སྐབས་འབྲེལ་ཡོད་ཚང་མར་ངོས་འཛིན་གཅིག་གྱུར་ཡོད་པ་ཞིག་ཡིན། དཔེར་ན་ཁོང་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་གནང་རིང་སློབ་གཉེར་བ་ཡོངས་རྫོགས་ལས་རྒྱུགས་འབྲས་ཨང་དང་པོ་བསྟུད་མར་བླངས་ཡོད་ལ། མཐར་ཕྱིན་སྐབས་ཀྱང་མཐོ་རིམ་རིག་གནས་རབ་འབྱམས་པ་རྒྱུགས་འབྲས་ཨང་དང་པོ་བཅས་ཐོན་ཡོད། མདོར་ན་ཁོང་ནི་བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་ཡིན་ཟེར་མཁན་བྱིངས་དང་མི་འདྲ་བར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གནས་སོགས་ལ་གཞན་དྲིང་མི་འཇོག་པའི་གཞོན་སྐྱེས་མཁས་པ་ཞིག་དང་། གཞོན་སྐྱེས་བོད་རིག་པ་ཞིབ་འཇུག་མཁས་ཅན་ཞིག་ཀྱང་རེད།
ཁྱད་ཆོས་གཉིས་པ། བོད་ཕྱི་ནང་གི་གནས་ཚུལ་མྱོང་རྒྱུས་གཏིང་ཟབ་ཡོད་པ།
བོད་ནང་གི་གནས་ཚུལ་ལ་ཉམས་མྱོང་དང་ཤེས་རྟོགས་ཡོད་པ་དང་། བཙན་བྱོལ་གཞུང་དམངས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཡག་པོ་དགོས་པ་ནི་བོད་མི་དམངས་སྤྱི་འཐུས་ཤིག་གི་མ་མཐའི་ཆ་རྐྱེན་ཞིག་ཆགས་ཡོད། སྤྲོ་ཚིགས་ཆོས་གྲགས་ལགས་ལ་བོད་ཕྱི་ནང་གི་གནས་ཚུལ་རྒྱུས་མངའ་དང་ཉམས་མྱོང་གཏིང་ཟབ་ཡོད། ཁོང་དགུང་ལོ་བཅོ་བརྒྱད་བར་ཨ་མདོ་རྔ་བར་སློབ་སྦྱོང་དང་ལས་ཀ་བྱས་ཤིང་། ཆབ་སྲིད་ཀྱི་ཚོར་ཤུགས་དང་དཀའ་ངལ་ཧ་ཅང་ཆེ་བའི་ས་གནས་དེ་འདྲ་ཞིག་ནས་འཚར་ལོངས་བྱུང་བས། གཞིས་ལུས་བོད་རིགས་མི་མང་གི་དཀའ་ངལ་དང་གནས་སྟངས་གསལ་པོར་ཤེས་རྟོགས་ཡོད་པར་མ་ཟད། ལྷག་པར་དུ་ཉིས་སྟོང་བརྒྱད་ནས་ཁོང་སྒེར་གྱི་གཉེན་ཉེའི་ནང་ཆབ་སྲིད་ཀྱི་དཀའ་ངལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བས་ད་ལྟའི་བོད་ནང་གི་དཀའ་ངལ་རྣམས་མྱོང་ཐོག་ནས་ཀྱང་ཤེས་ཀྱི་ཡོད། དཔེར་ན། ཉིས་སྟོང་བརྒྱད་ལོའི་ཨ་མདོ་རྔ་བའི་ཞི་རྒོལ་སྐབས་ཁོང་གི་སྤུན་མཆེད་རང་ལོ་བཅུ་དྲུག་ཅན་ལྷུན་འགྲུབ་མཚོར་མགོ་ལ་མེ་མདའ་གཞུས་ནས་དམར་གསོད་བཏང་ཡོད་པ་དང་། དེ་བཞིན་རང་སྲེག་ངོ་རྒོལ་གནང་མཁན་ཁྲོད་ཀྱི་མཁའ་དབྱིངས་དང་བློ་བཟང་ཐོགས་མེད་གཉིས་ཀྱང་ཁོང་གི་སྤུན་མཆེད་དུ་འགྲོ་གི་ཡོད། དེ་བཞིན་ཁོང་ཕྱི་ལོ་༡༩༩༨ ལོར་རྒྱ་གར་དུ་འབྱོར་བ་ནས་བཟུང་། ལོ་རེ་ཟུང་ཙམ་མ་གཏོགས་རྒྱ་གར་རྡ་རམ་ས་ལར་སློབ་སྦྱོང་དང་ཕྱག་ལས་གནང་ནས་བསྡད་པ་ཡིན་པས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང་། བཙན་བྱོལ་བོད་མིའི་གནས་སྟངས་ཐད་མྱོང་རྒྱུས་གཏིང་ཟབ་ཡོད་པ་རེད།
ཁྱད་ཆོས་གསུམ་པ། ཆབ་སྲིད་ཀྱི་གོ་རྟོགས་མཐོན་པོ་ཡོད་པ།
བོད་མི་དམངས་སྤྱི་འཐུས་ཤིག་ཡིན་ན། སྤྱིར་ཆབ་སྲིད་ཀྱི་མཁྱེན་རྒྱ་དང་། ལྷག་པར་དུ་བོད་དོན་ཆབ་སྲིད་སྐོར་ལ་གོ་རྟོགས་ཡག་པོ་ཡོད་དགོས་པ་གལ་ཆེ་ཞིང་། ཆབ་སྲིད་ཀྱི་གོ་རྟོགས་ཟེར་བའང་གནས་ཚུལ་ལམ་གསར་འགྱུར་ཁ་ཤས་ཤེས་པ་ཙམ་དང་། ཡང་ན་ཆབ་སྲིད་སློབ་ཚན་སྦྱངས་ཡོད་མེད་ཙམ་ཞིག་མ་རེད་འདོད། གཙོ་བོ་མི་དེར་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་གང་ཅིར་རང་ངོས་ནས་དབྱེ་ཞིབ་དང་ཕྱོགས་བསྡོམས་ཀྱི་ནུས་པ་ཡག་པོ་ཞིག་ཡོད་མེད་དེ་རེད། སྤྲོ་ཚིགས་ཆོས་གྲགས་ལགས་ལ་དེ་ལྟ་བུའི་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡོད། ཁོང་ནམ་རྒྱུན་བོད་རྒྱའི་ཆབ་སྲིད་གནད་དོན་སྐོར་ལ་དོ་སྣང་ཤུགས་ཆེན་པོ་ཡོད་མཁན་ཞིག་དང་། ད་ཕན་ཆབ་སྲིད་སྐོར་ལ་རྩོམ་བྲིས་སོགས་མང་པོ་བྱེད་མྱོང་ཡོད་མཁན་ཞིག་ཡིན། དཔེར་ན། ཕྱི་ལོ་ཉིས་སྟོང་གསུམ་ལོར་བོད་ཀྱི་དུས་བབ་གསར་ཁང་གིས་ <<ལས་འགན་དང་ཐབས་ལམ་ག་འདྲ་ཞིག་བརྒྱུད་ན་བོད་ཀྱི་བདེན་མཐའ་གསལ་ཐུབ།>> ཅེས་པའི་ཆབ་སྲིད་ཀྱི་རྩོམ་ཡིག་འགྲན་བསྡུར་ཞིག་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་ཁྲོད་རྩོམ་ཡིག་འགྲན་བསྡུར་ཞིག་བྱེད་སྐབས་ཁོང་གིས་བྲིས་པའི་ཆབ་སྲིད་དཔྱད་རྩོམ་ལ་ཨང་དང་པོའི་བྱ་དགའ་སྤྲད་ཡོད། སྐབས་དེར་རྩོམ་དཔྱད་པ་རྣམས་ཀྱི་ཁྲོད་དུ་བཀའ་བློན་ཁྲི་ཟུར་དམ་པ་བསོད་ནམས་སྟོབས་རྒྱལ་དང་སོགས་ཡོད། རྩོམ་ཡིག་དེའི་ནང་བོད་དོན་འཐབ་རྩོད་ཀྱི་དགོས་དམིགས་དང་། འཐབ་རྩོད་ཀྱི་རྨང་གཞི། གོམ་པ་ཞིབ་བགྲོད་ཀྱི་འཆར་གཞི། དབུ་མའི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བཅས་ཀྱི་ཐད་བསམ་ཚུལ་གནད་སྨིན་བཏོན་ཡོད། རྩོམ་ཡིག་དེ་ནི་ལོ་བཅུའི་སྔོན་ལ་བྲིས་པ་ཞིག་ཡིན།
སྐབས་དེ་དུས་བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་ཅན་མང་ཆེ་བ་སྙན་ངག་དམ་དུམ་རེ་དང་སྒྲུང་ཐུང་རེ་བྲིས་ནས་བསྡད་པའི་སྐབས་ཤིག་རེད། དེ་བཞིན་ཁོང་གིས་བྲིས་པའི་<<བོད་རིགས་རྩོམ་པ་པོའི་ལངས་ཕྱོགས་དང་འགན་འཁྲི་>>ཞེས་པའི་རྩོམ་ཡིག་ལ་རྡ་ས་སྣ་འཛོམས་ཤེས་ཡོན་རྭ་བས་སྤེལ་བའི་ཡོངས་ཁྱབ་རྩོམ་འགྲན་ནང་ཨང་དང་པོའི་བྱ་དགའ་ཐོབ་ཡོད། དེ་བཞིན་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོར་ཁོང་གིས་བོད་ཀྱི་དུས་བབ་ཐོག་བའི་བྲིས་པའི་ཆབ་སྲིད་དཔྱད་རྩོམ་<<༸རྒྱལ་བ་རིན་པོ་ཆེས་རང་བསྲེགས་ངོ་རྒོལ་ལ་འབོད་སྐུལ་མ་གནང་བའི་རྒྱུ་མཚན་>>ཞེས་པའི་དཔྱད་རྩོམ་ལྟ་བུར་མཚོན་ན། ད་ཕན་རང་སྲེག་ངོ་རྒོལ་སྐོར་ལ་བྲིས་པའི་རྩོམ་བྲིས་ཁག་ལས་་ཤུགས་རྐྱེན་ཐེབས་པའི་ཆབ་སྲིད་རྩོམ་ཡིག་ཡག་ཤོས་ཤིག་ཡིན། རྩོམ་ཡིག་དེར་བོད་ཕྱི་ནང་གི་གནད་ཡོད་མང་པོས་གདེང་འཇོག་དང་བསྔགས་བརྗོད་གནང་ཡོད། གོང་སྨོས་དེ་དག་ནི་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་མཚོན་བྱེད་དུ་ཟུར་ཙམ་སྨོས་པ་ཡིན། ཞིབ་རྒྱས་མཁྱེན་འདོད་ན་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན་པའི་ཁོང་གི་དཔྱད་རྩོམ་ཕྱོགས་བསྒྲིགས་<<བོད་དང་བོད་ཀྱི་ཁྱད་ནོར་གླེང་བ་>>ཞེས་པའི་ནང་། ༸གོང་ས་མཆོག་གི་དགོངས་གཞིའི་སྐོར་དང་། དབུ་མའི་ལམ་གྱི་སྐོར་དང་། བོད་ནང་གི་རང་སྐྱོང་གི་གནད་དོན་སྐོར། བོད་ཀྱི་ཁོར་ཡུག་གི་སྐོར་སོགས་ཀྱི་ཐད། ཞིབ་འཇུག་འཐུས་ཚང་དང་གནད་ལ་སྨིན་པའི་རྩོམ་ཡིག་ཁག་བརྒྱད་ཡོད་པ་དེ་དག་ལ་གཟིགས་རོགས་ཞུ།
ཁྱད་ཆོས་བཞི་པ། གཏམ་བཤད་ཚད་ལྡན་བྱེད་ཐུབ་པ།
སྤྱི་འཐུས་ཤིག་ཡིན་ན་གཏམ་བཤད་ཚད་ལྡན་བྱེད་ཐུབ་པ་དང་། གནད་དོན་གང་ཅིར་སྦྱངས་བཤད་དང་དྲི་བ་དྲིས་ལན་སོགས་ག་རེ་གནང་ཡང་སྐད་ཆ་ཡག་པོ་ཞིག་བཤད་ཤེས་པ་དང་བཤད་ཐུབ་པ་ཧ་ཅང་གལ་ཆེན་ཆགས་ཡོད། ལྷག་པར་དུ་མདོ་སྨད་ཀྱི་སྤྱི་འཐུས་ཚོའི་ཉམས་མྱོང་ལྟར་ན་དེ་ལས་ཀྱང་གལ་ཆེན་པོ་ཆགས་ཡོད། སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་རིག་གཞུང་དང་ཆབ་སྲིད་གང་ཅིའི་ཐོག་གཏམ་བཤད་ཚད་ལྡན་བྱེད་ཐུབ་མཁན་ཞིག་ཡིན། དེ་ནི་ཕལ་ཆེར་རྡ་རམ་ས་ལ་དང་རྒྱུས་ཡོད་ཚོར་ཡོངས་གྲགས་ཤིག་ཡིན། ཁོང་ནི་གཏམ་བཤད་ག་རེ་བྱས་ནའང་གུ་ཡངས་ཀྱི་ལྟ་ཚུལ་དང་། རྒྱུ་མཚན་བགྲང་རྒྱུ་གཙོ་བོར་བྱེད་མཁན་ཞིག་ལས་ཚོར་སྣང་ཙམ་གྱིས་གཞན་ལ་ཁ་གཏོང་བ་དང་། ཧམ་པ་ཤོད་མཁན་ཞིག་རྩ་བ་ཉིད་ནས་མིན། ཚོགས་འདུ་དང་ཟབ་སྦྱོང་སོགས་སུ་ཁོང་གིས་གཏམ་བཤད་བྱས་པ་ཁག་ལ་རྒྱུས་ཡོད་ཚང་མས་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་ལ། ཨ་རིའི་བརྙན་འཕྲིན་གྱི་ཀུན་གླེང་ནང་ཁོང་གིས་བོད་ནང་གི་བཙོན་འོག་རྩོམ་པ་པོ་རྣམས་ཀྱི་སྐོར་དང་། རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག་བོད་དོན་སྐོར་གྲོས་ཆོད་བཞག་ཚུལ་སོགས་ཀྱི་སྐོར་གཏམ་བཤད་བྱས་པས། བོད་ཕྱི་ནང་གི་མི་མང་པོར་བག་ཆགས་གཏིང་ཟབ་བཞག་ཡོད། དེ་བཞིན་ཁོང་གིས་འདི་ལོའི་ཕྱི་ཟླ་ལྔ་བའི་ནང་པོ་ལན་ཌིར་འཚོགས་པའི་རྒྱལ་སྤྱིའི་བཙོན་འོག་རྩོམ་པོའི་སྡེ་ཚན་གྱི་ཚོགས་ཆེན་ཐེངས་བཅུ་པའི་ཐོག དབྱིན་སྐད་ལམ་ནས་བོད་ནང་གི་རང་སྲེག་ངོ་རྒོལ་དང་། བཙོན་འོག་ཏུ་ཚུད་པའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་སྐོར་ལ་སེམས་འགུལ་ཐེབས་པའི་གཏམ་བཤད་གནང་ཡོད་ལ། དེའི་སྐོར་འདི་ལོའི་ཕྱི་ཟླ་དགུ་བའི་ནང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུའང་བསྔགས་བརྗོད་གནང་འདུག
ཁྱད་ཆོས་ལྔ་པ། ལྷག་བསམ་གཡོ་བ་མེད་པ་ཡོད་མཁན་ཞིག་ཡིན།
ཤེས་ཡོན་དང་འཇོན་ཐང་སོགས་ཅི་ཙམ་ཡོད་ཀྱང་། སྤྱི་དོན་ཆེད་ཞབས་འདེགས་སྒྲུབ་པའི་ལྷག་བསམ་ཡག་པོ་ཞིག་མེད་ཕྱིན། རང་མགོ་གར་ཐོན་བྱེེད་པ་ནི་ཀུན་གྱིས་ཤེས་གསལ་ཡིན། སྤྲོ་ཚིགས་ཆོས་གྲགས་ལགས་ནི་མི་སྐྱེས་ཀྱི་རིན་ཐང་དང་། བྱ་བ་གཙོ་བོར་འཛིན་མཁན་ཞིག་ཡིན། ཁོང་དེ་སྔ་དབྱིན་ཡུལ་དང་། ཨི་ཌ་ལི་སོགས་ཕྱི་རྒྱལ་མང་པོར་འགྲོ་མྱོང་ཡོད་ནའང་། རང་མགོ་གར་ཐོན་གྱིས་ཕྱི་རྒྱལ་དུ་མ་བསྡད་པར་རྡ་རམ་ས་ལར་ཡོང་ནས་རང་གི་ཤེས་ཡོན་དང་། འཇོན་ཐང་ལ་བརྟེན་ནས་བོད་མི་རིགས་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད། དབྱིན་ཡུལ་གྱི་སློབ་གྲྭ་དེ་འདྲ་ནས་ཁོང་དགེ་རྒན་ལ་གདན་ཞུས་གནང་འདུག་ནའང་། ཁོང་གིས་ཕྱི་རྒྱལ་པ་ཁག་གཅིག་ལ་སྐད་ཡིག་ཙམ་བསླབ་ནས་སྡོད་རྒྱུར་འདོད་མོས་བྱས་མེད། དེ་ལས་ལྡོག་སྟེ་རྡ་རམ་ས་ལར་ཕྱིར་ལོག་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་ཞོར། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་འཛིན་གྲྭ་མཐོ་རིམ་རྣམས་ལ་བོད་ཀྱི་རྒྱལ་རབས་དང་། རྩོམ་རིག་སྐོར་ལ་སློབ་ཁྲིད་བྱེད་ཀྱི་ཡོད། དེ་བཞིན་ཁོང་གིས་ད་ཕན་བྲིས་པའི་རྩོམ་ཡིག་ཁག་དང་། ཁོང་གི་གཏམ་བཤད་ཁག་ལ་བལྟས་ན་བོད་མི་རིགས་ལ་བཅངས་པའི་ལ་རྒྱ་དང་ལྷག་བསམ་རྨ་མེད་པ་ཡོད་པ་གསལ་པོར་རྟོགས་ཐུབ་པ་ཞིག་ཡིན།
ཁྱད་ཆོས་དྲུག་པ། ༸རྒྱལ་བ་རིན་པོ་ཆེའི་དགོངས་གཞིའི་ཐོག་ལྟ་བ་དང་ལངས་ཕྱོགས་བརྟན་པོ་ཡོད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི་ཁག་ཤེས་རྟོགས་དང་། ལག་ལེན་ལ་འཁེལ་མིན་ནི་བོད་མི་རིགས་ཀྱི་ཚེ་སྲོག་དང་། མདུན་ལམ་ལ་ཐུག་པའི་གནད་དོན་གལ་ཆེན་ཞིག་ཆགས་ཡོད། སུ་ཞིག་གིས་༸རྒྱལ་བ་རིན་པོ་ཆེ་ཁ་ལ་ཁྱེར་ནས་དཀྲུག་ཤིང་རྒྱག་པ་དང་། སུ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་ལོག་འགྲེལ་བརྒྱབ་ན་དེ་ནི་ལོ་རྒྱུས་ཀྱི་ཉེས་ཅན་ཆགས་རྒྱུ་ཡིན། སྤྲོ་ཚིགས་ཆོས་གྲགས་ལགས་ནི། སྒེར་ངོས་ནས་༸རྒྱལ་དབང་སྐུ་འཕྲེང་རིམ་བྱོན་དང་འབྲེལ་བའི་བོད་ཀྱི་ཉེ་རབས་ལོ་རྒྱུས་སྐོར་ལ་ཆེད་ལས་ཞིབ་འཇུག་གནང་མཁན་ཞིག་ཡིན་ལ། ལྷག་པར་དུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་དགོངས་གཞིའི་སྐོར་ཤེས་རྟོགས་དང་། ལངས་ཕྱོགས་བརྟན་པོ་ཡོད་མཁན་ཞིག་ཡིན། ཕྱི་ལོ་ཉིས་སྟོང་བདུན་ལོར་བཏོན་པའི་ཁོང་གི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་མཇུག་གཏམ་ནང་འདི་འདྲ་ཞིག་བྲིས་ཡོད། “བོད་དོན་ཆབ་སྲིད་ཐད། དེང་སྐབས་བོད་ནང་ལ་མི་རིགས་རང་བདག་གི་ཐོབ་ཐང་མེད་པའི་ཉེར་ལེན་གྱིས་ཚབས་ཆེའི་གནད་དོན་གནས་ཡོད་པར་བརྟེན་བོད་དོན་འདི་ཉིད་ནར་འགྱངས་མེད་པར་ཐག་གཅོད་ཡོང་ཐབས་བྱ་རྒྱུ་དང་། དེ་ཡང་༸གོང་ས་ཏཱ་ལའི་བླ་མས་འདོན་གནང་མཛད་པའི་དབུ་མའི་ལམ་ནི་བོད་ཀྱི་དོན་དངོས་དང་འཚམ་ཞིང་བོད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་སུ་འདུག་པས་དེ་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་དེ་ཡིན། ” ཞེས་བྲིས་ཡོད། ཚིག་འདིའི་ཐོག་ནས་ཁོང་གི་ལངས་ཕྱོགས་གསལ་བོར་མཚོན་ཐུབ། འོན་ཀྱང་ཁོང་གིས་རྒྱལ་བ་རིན་པོ་ཆེ་དང་། དབུ་མའི་ལམ་ཁ་ལ་ཁྱེར་ནས་གཞན་ལ་སྡང་ཟུག་དང་ངན་སྨོད་བྱེད་མྱོང་གཏན་ནས་མེད།
ཁྱད་ཆོས་བདུན་པ། རྒྱལ་སྤྱིའི་ཚོགས་འདུའི་ཐོག་བོད་དོན་དྲིལ་ལས་འགུལ་སྤེལ་བའི་ཉམས་མྱོང་ཡོད་པ།
རྒྱལ་སྤྱིའི་གནས་ཚུལ་ཤེས་རྟོགས་དང་། རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་བྱེད་རྒྱུ་ནི་སྤྱི་འཐུས་ཚོའི་ལས་འགན་གལ་ཆེན་ཞིག་རེད། སྤྲོ་ཚིགས་ཆོས་གྲགས་ལགས་ནི། རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུར་འཛུལ་ཞུགས་བྱས་པའི་ཉམས་མྱོང་དང་། རྒྱལ་སྤྱིའི་ཚོགས་འདུར་ཞུགས་རྒྱུར་སྐད་ཡིག་སོགས་ཀྱི་དཀའ་ངལ་མེད་པ་ཞིག་ཡིན། དེ་ཡང་ཕྱི་ལོ་ ༢༠༡༠ ལོར་ཁོང་གིས་དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་འགར་བོད་དོན་ངོ་སྤྲོད་ཀྱི་གཏམ་བཤད་བྱས་ཡོད་ལ། ལྷག་པར་དུ་ཕྱི་ལོ་༢༠༡༣ ལོར་པོ་ལན་ཌི་དང་། ཨེ་སི་ལན་ཌིར་འཚོགས་པའི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་མཉམ་ཞུགས་བྱས་ཤིང་། བོད་དོན་སྐོར་ལ་གཏམ་བཤད་དང་། དྲིལ་བསྒྲགས། དྲི་བ་དྲིས་ལན་བྱས་མཐར་བོད་ཀྱི་གནད་དོན་སྐོར་ལ་དོན་ཚན་བདུན་ཅན་གྱི་གྲོས་ཆོད་ཅིག་སྤྱི་མོས་ཀྱི་འཇོག་ཐུབ་པ་བྱུང་ཡོད། དེ་ནི་དེང་སྐབས་ཀྱི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བསམ་ན་གྲུབ་འབྲས་ཆེན་པོ་ཞིག་ཡིན། ཚོགས་འདུ་དེ་དག་སྐབས་ཕྱི་རྒྱལ་པ་དང་། རྒྱ་རིགས་ཀྱི་མཁས་པ་མང་པོར་ཟུར་འཕྲད་ཀྱིས་བོད་ནང་གི་གནས་ཚུལ་སོགས་ངོ་སྤྲོད་བྱས་ཡོད་ལ། ཁོང་གིས་རེ་སྐུལ་ཞུས་པ་བརྒྱུད་རྒྱལ་སྤྱིའི་གྲགས་ཅན་རྩོམ་པ་པོ་མང་པོས་བོད་དོན་སྐོར་ལ་རྩོམ་ཡིག་འབྲི་རྒྱུའི་ཁས་ལེན་བྱས་ཡོད་ལ། ཨེ་སི་ལན་ཌིའི་རྒྱལ་སའི་སྤྱི་ཁྱབ་པ་སོགས་གནད་ཡོད་མང་པོས་རྒྱ་ནག་གཞུང་ལ་བོད་དོན་གླེང་སློང་བྱེད་རྒྱུའི་ཞལ་བཞེས་ཐོབ་ཡོད།
ཁྱད་ཆོས་བརྒྱད་པ། ཚོགས་པ་གལ་ཆེན་འགར་འཛིན་སྐྱོང་གི་ཉམས་མྱོང་ཡོད་པ།
ཁོང་གིས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་སྤྱི་ལས་ཁུངས་སུ་ལས་ཀ་བྱས་ཡོད་པ་དང་། དེ་བཞིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འཛིན་སྐྱོང་དྲུང་ཆེའི་ལས་ཀ་དང་། རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཛིན་སྐྱོང་དང་གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་རྒྱུན་མཐུད་བྱེད་ཀྱི་ཡོད། ཁོང་གི་ཁྱད་ཆོས་གཙོ་བོ་ཞིག་ནི། གང་དུ་ལས་ཀ་བྱས་ཀྱང་ལས་རོགས་རྣམས་དང་མཉམ་དུ་མཐུན་གཤིབ་ཡག་པོ་བྱེད་ཐུབ་པ་དང་། གུ་ཡངས་ཀྱི་འཛིན་སྐྱོང་དང་། ལས་རོགས་ཁག་དང་མཉམ་འབྲེལ་བྱེད་རྒྱུར་བརྩོན་ལེན་བྱེད་པ་དེ་ཡིན། སྤྱི་འཐུས་ཤིག་ཡིན་ན་དེ་ནི་ཆ་རྐྱེན་གལ་ཆེན་ཞིག་རེད།
ཁྱད་ཆོས་དགུ་པ། གཞོན་སྐྱེས་ཡིན་པ།
གཞོན་སྐྱེས་ཡིན་པ་དེ་སྤྱི་འཐུས་ཤིག་ལ་ཚང་དགོས་ངེས་ཀྱི་འོས་ཆོས་ཤིག་མིན་ཡང། སྙིང་སྟོབས་དང་སེམས་ཤུགས་ཡོད་པའི་གཞོན་སྐྱེས་ཤིག་བྱུང་ན་གང་ཅིའི་ཐད་ཡག་གི་རེད། སྤྲོ་ཚིགས་ཆོས་གྲགས་ནི་ལོ་གཞོན་སེམས་ཤུགས་ཅན་ཞིག་ཡིན་ལ། དཀའ་ངལ་ག་ཚད་འཕྲད་ཀྱང་སྙིང་སྟོབས་ཞུམ་པ་མེད་མཁན་ཞིག་དང་། མཁས་དཔོན་གྱི་སྒམ་ཉམས་དང་གཞན་ལ་བསམ་པ་རྣམ་དག་འཆང་མཁན་ཞིག་ཀྱང་ཡིན།
མཇུག་གཏམ།
གོང་དུ་ངས་སྤྲོ་ཚིགས་ཆོས་གྲགས་ལགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ཁག་ཅིག་བྲིས་ཡོད། དེ་ཡང་རང་ཉིད་ལ་རྒྱུས་ཡོད་པའི་ཆ་ནས་བཤད་པ་མ་གཏོགས། མི་གཞན་གྱིས་རྒྱུད་སྐུལ་བྱས་པ་དེ་འདྲ་མིན། གང་ལྟར་སྤྲོ་ཚིགས་ཆོས་གྲགས་ལགས་ལའང་མ་ལྡེང་ས་དང་ཞན་ཆ་ཡོད་ངེས་རེད། འོན་ཀྱང་ཤེས་ཚད་དང་། མི་གཞི། འཇོན་ཐང་། ལངས་ཕྱོགས་དང་བསམ་བློ་གཏོང་སྟངས་སོགས་གང་ཅིའི་ཆ་ནས་བལྟས་ན་ད་ལྟའི་སྐབས་སུ་ཁོང་ལྟ་བུའི་འོས་ཆོས་ཚང་མཁན་ཞིག་མདོ་སྨད་པའི་ཁྲོད་དུ་ཧ་ཅང་དཀོན་པར་མཐོང་། དེས་ན་རྒྱ་ཆེའི་མདོ་སྨད་མི་དམངས་ཀྱིས་རང་རང་གི་རྣམ་དཔྱོད་བེད་སྤྱད་དེ་འདེམས་ཀ་མ་ནོར་བ་ཞིག་བྱེད་རྒྱུ་གལ་ཆེན་ཡིན་ནོ།
ད་སུན་སྣང་འདྲ་ཞིག་སྐྱེ་སོང། ཐེ་བོ་ཤེས་རབ་ལགས་གྲྭ་བ་ཞིག་རེད་ཟེར། དེ་ཡིན་ན་ངས་ཁྱེད་ལ་དྲི་བ་གཅིག་འདྲི། སྤྲོ་ཚིགས་ཆོས་གྲགས་ཀྱིས་ཀིརྟི་གྲྭ་ཚང་ལ་རྒྱབ་འགལ་བྱས་ཏེ་དགོངས་པ་མ་ཞུས་པར་ཕྱིར་ཐོན་པ་རེད་ཟེར་བ་དེ་བདེན་པ་རེད་དམ། དེའི་སྐོར་གསལ་བཤད་ཅིག་གནང་རོགས།
གལ་སྲིད་ཁྱེད་ཀྱིས་གསལ་བཤད་གནང་ཐུབ་ན། ཁྱེད་ནས་བཤད་པ་ལྟར་རྩ་དོན་སྤྱི་དང་མདོ་སྨད་ལ་ཤ་ཚ་བ་ཡིན་ཞེས་པ་དེ་ལྷད་མེད་པར་ངོས་འཛིན་བྱེད། དེ་མིན་གྲོགས་པོ་ནང་ཁུལ་ནས་ཤར་ཕྱོགས་ཁུག་རྟའི་རྒྱབ་སྐྱོར་པ་ཚོར་ལད་ཟློས་བྱེད་པ་ནི་ཐབས་སྐྱོ་བོ་ཞིག་མ་རེད་དམ། བཀའ་འགྱུར་ངོ་ནས་བཤད་ཀི་ཡོད། མྱི་ལྡང།
འཕྲིན་ལས་ལགས། སྤྲོ་ཚིགས་ཆོས་གྲགས་ཀིརྟི་གྲྭ་ཚང་དང་འབྲེལ་བ་གཙང་མ་ཡིན་པ་ལས། བཤད་རྒྱུ་གཏམ་རྒྱུད་མེད་པ་གསལ་བོ་ཡིན་ད། དེ་ལས་ཤར་ཕྱོགས་ཁུག་རྟས་ཀིརྟི་ཚང་ལ་ངན་སྨོད་བྱས་ནས་མཁས་པ་མ་རེད་སོགས་མདོ་སྨད་ཀྱི་ནསྟན་བདག་བླ་ཆེན་ཁོང་ལ་མཚན་སྨོད་བྱེད་ཀི་ཡོད་པ་གོ་མྱོང་།
ད་ཡིན་ན་ཁུག་རྟ་དང་སྤྲོད་ཚིགས་ཆོས་གྲོགས་གཉིས་སུ་རང་རང་གི་ལྟ་བ་དང་ལངས་ཕྱོགས་། རྒྱབ་ལྗོགས་། ད་དུང་མདོ་སྨད་པའི་སྤྱི་ཚབ་སོགས་གང་འདྲ་བྱེད་རྒྱུ་ཡིན་མིན་བསྐོར་། ཁོང་གཉིས་ལ་བགྲོད་གླེང་གི་གོ་སྐབས་སྤྲད་ཐུབ་ན་ཧ་ཅང་ཡག་པོ་རེད་།
ང་རང་གིས་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་ལ་བོད་ཀྱི་དུས་བབ་གསར་འགྱུར་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ཡག་པོར་མཐོང་སོང་། སྤྱིར་བཏིང་ང་རང་ཁོང་ལ་རྒྱུས་མེད་མོད་ཁོང་གིས་གཏམ་བཤད་གནང་བ་ཁག་ཅིག་ཐོས་ཏེ་ཆབ་སྲིད་གོ་རྟོགས་གཏིང་ཟབ་པོ་ཡོད་དང་ཤེས་ཡོན་པ་རྣམ་མ་ཞིག་ཡིན་པའི་ཚོར་བ་བྱུང་སོང་། དེ་ཙམ་ཡིན་བཀྲ་ཤིས་བདེ་ལེགས།
མདོ་སྨད་སྤྱི་འཐུས་ལ་མཁན་རིན་པོ་ཆེ་འཇུ་བསྟན་སྐྱོང་འོས་པའི་ཁྱད་ཆོས་དྲུག།
ཕྲན་ནི་མཁན་པོ་འཇུ་བསྟན་སྐྱོང་ལགས་མདོ་སྨད་སྤྱི་འཐུས་སུ་འོས་ཤིང་འཚམ་པ་ཞིག་ཏུ་མཐོང་ནས་ངོས་སྦྱོར་བྱེད་འདོད་ཡོད་པའི་གྲས་ཤིག་ཡིན།ངས་ཁོང་ལ་རྒྱབ་སྐྱོར་བྱེད་དོན་ནི་ཤེས་འཇོན་ལྷག་བསམ་གང་ཅིའི་ཆ་ནས་ཁོང་ལྟ་བུ་མདོ་སྨད་སྤྱི་འཐུས་སུ་སླེབས་ན་བོད་མི་རིགས་དང་མདོ་སྨད་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ས་རེད་བསམ་པ་ཡིན།ལྷག་པར་དུ་མདོ་སྨད་པའི་ཁྲོད་དུ་རྙིང་མའི་མཁན་པོ་ཞིག་སྤྱི་འཐུས་ནང་དུ་སླེབ་རྒྱུ་ཐེངས་དང་པོ་ཡིན་པས་འདི་ལ་བསམ་ན་མདོ་སྨད་པས་ཧ་ཅང་གལ་ཆེན་ལ་བརྩི་དགོས་པའི་རྒྱུ་མཚན་འགའ་ཡོད་པ་སོགས་འོས་ཆོས་མ་ཚང་བ་མེད་པས་ཚང་མས་དགོངས་པ་བཞེས་ན་ཤིན་ཏུ་ནས་ལེགས། གཤམ་དུ་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཁག་འགའ་གླེང་རྒྱུ་ཡིན།
ཁྱད་ཆོས་དང་པོ། ཤེས་ཡོན་ཚད་ལྡན་ཞིག་ཡོད་པ།
ཤེས་ཚད་ཡག་པོ་ཞིག་མེད་ན་ལྷག་བསམ་ག་འདྲ་ཡོད་ཀྱང་རླབས་ཆེན་ལས་ཀ་བྱེད་མི་ཐུབ། དེས་ན་སྤྱི་འཐུས་སུ་བཞེངས་མཁན་ཞིག་ཡིན་ན་ཤེས་ཚད་ཡག་པོ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མཁན་པོ་འཇུ་བསྟན་སྐྱོང་ནི་དམའ་རིམ་སློབ་ཆུང་ནས་བཟུང་རང་དགོན་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་སོགས་ལ་སློབ་སྦྱོང་ཚད་ལྡན་དང་གྲུབ་འབྲས་མཁན་པོའི་མཚན་རྟགས་བཞེས་མྱོང་བ་དང་གཞན་ལ་དཔེ་ཁྲིད་སོགས་དོན་ལྡན་གྱི་མཛད་པ་ཡོད་པའི་མི་སྣ་ཞིག་ཡིན་པ་དང་། དེ་ཙམ་དུ་མ་ཟད་ཁོང་གིས་སྔ་ཕྱིར་བྲིས་པའི་བོད་ཀྱི་རིག་གནས་དང་། རྒྱལ་རབས་ལོ་རྒྱུས། སྐྱེ་ཁམས་ཁོར་ཡུག ཆབ་སྲིད་བཅས་ཀྱི་སྐོར་ལ་བྲིས་པའི་དཔྱད་རྩོམ་ཁག་ལས་རྟོགས་ཐུབ་པ་མ་ཟད། ལྷག་པར་ཆོལ་གསུམ་ལོ་རྒྱུས་ལ་ལོ་མང་རིང་ཉམས་ཞིབ་དང་།བོད་ཀྱི་དཔེ་མཛོད་སོགས་སུ་རྒྱལ་རབས་སོགས་སློབ་ཁྲིད་གནང་བ་དང། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་སོགས་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཁག་ཏུ་ཁོང་གིས་སློབ་སྦྱོང་དང་ཕྱག་ལས་གནང་སྐབས་འབྲེལ་ཡོད་ཚང་མར་གདིང་འཇོག་གཅིག་གྱུར་ཡོད་པ་ཞིག་ཡིན། མདོར་ན་ཁོང་ནི་བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཀྱི་ཁྲོད་དུ་རི་ཕྲན་གྱི་དབུས་སུ་གསེར་རི་ལྟར་འབུར་དུ་ཐོན་པ་དང། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གནས་སོགས་ལ་གཞན་དྲིང་མི་འཇོག་པའི་གཞོན་སྐྱེས་མཁས་པ་ཞིག་དང་། གཞོན་སྐྱེས་བོད་རིག་པ་ཞིབ་འཇུག་མཁས་ཅན་ཞིག་ཀྱང་རེད།
ཁྱད་ཆོས་གཉིས་པ། བོད་ཕྱི་ནང་གི་གནས་ཚུལ་མྱོང་རྒྱུས་གཏིང་ཟབ་ཡོད་པ།
བོད་ནང་གི་གནས་ཚུལ་ལ་ཉམས་མྱོང་དང་ཤེས་རྟོགས་ཡོད་པ་དང་། བཙན་བྱོལ་གཞུང་དམངས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཡག་པོ་དགོས་པ་ནི་བོད་མི་དམངས་སྤྱི་འཐུས་ཤིག་གི་མ་མཐའི་ཆ་རྐྱེན་ཞིག་ཆགས་ཡོད། མཁན་པོ་འཇུ་བསྟན་སྐྱོང་ལགས་ནི་བོད་ཕྱི་ནང་གི་གནས་ཚུལ་རྒྱུས་མངའ་དང་ཉམས་མྱོང་གཏིང་ཟབ་ཡོད། ཁོང་གཞོན་དུས་ཀྱི་སློབ་གཉེར་གཙོ་བོ་བོད་དུ་གནང་ནས་ལས་ཀ་བྱས་ཤིང་། ཆབ་སྲིད་ཀྱི་ཚོར་ཤུགས་དང་དཀའ་ངལ་ཧ་ཅང་ཆེ་བའི་ ས་གནས་དེ་འདྲ་ཞིག་ནས་འཚར་ལོངས་བྱུང་བས་ཁོང་གིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཅོམ་སྐབས་ཉམས་ཞིབ་ཀྱི་བརྙན་འཕྲིན་སོགས་འཆི་བ་སྲོག་ལ་གཏུག་ནས་བཙན་བྱོལ་དུ་འབྱོར་ནས་རྒྱ་མིས་བོད་ལ་དྲག་གནོན་དང་གཏོར་རྒོལ་དང་དཀའ་སྡུག་སོགས་འཛམ་གླིང་དུ་བསྒྲགས་པ་སོགས་ཆབ་སྲིད་ཀྱི་བྱས་རྗེས་ཆེ་བ་དང། གཞིས་ལུས་བོད་རིགས་མི་མང་གི་དཀའ་ངལ་དང་གནས་སྟངས་གསལ་པོར་ཤེས་རྟོགས་ཡོད་པར་མ་ཟད། ལྷག་པར་དུ་བོད་ནང་དུ་ཆབ་སྲིད་ཀྱི་དཀའ་ངལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བས་ད་ལྟའི་བོད་ནང་གི་དཀའ་ངལ་རྣམས་མྱོང་ཐོག་ནས་ཀྱང་ཤེས་ཀྱི་ཡོད།དེ་བཞིན་ཁོང་རྒྱ་གར་དུ་འབྱོར་བ་ནས་བཟུང་། རྒྱ་གར་རྡ་རམ་ས་ལར་སློབ་སྦྱོང་དང་ཕྱག་ལས་གནང་ནས་བསྡད་པ་ཡིན་པས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང་། བཙན་བྱོལ་བོད་མིའི་གནས་སྟངས་ཐད་མྱོང་རྒྱུས་གཏིང་ཟབ་ཡོད་པ་རེད།
ཁྱད་ཆོས་གསུམ་པ། ཆབ་སྲིད་ཀྱི་གོ་རྟོགས་མཐོན་པོ་ཡོད་པ།
བོད་མི་དམངས་སྤྱི་འཐུས་ཤིག་ཡིན་ན། སྤྱིར་ཆབ་སྲིད་ཀྱི་མཁྱེན་རྒྱ་དང་། ལྷག་པར་དུ་བོད་དོན་ཆབ་སྲིད་སྐོར་ལ་གོ་རྟོགས་ཡག་པོ་ཡོད་དགོས་པ་གལ་ཆེ་ཞིང་། ཆབ་སྲིད་ཀྱི་གོ་རྟོགས་ཟེར་བའང་གནས་ཚུལ་ལམ་གསར་འགྱུར་ཁ་ཤས་ཤེས་པ་ཙམ་དང་། ཡང་ན་ཆབ་སྲིད་སློབ་ཚན་སྦྱངས་ཡོད་མེད་ཙམ་ཞིག་མ་རེད་འདོད། གཙོ་བོ་མི་དེར་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་གང་ཅིར་རང་ངོས་ནས་དབྱེ་ཞིབ་དང་ཕྱོགས་བསྡོམས་ཀྱི་ནུས་པ་ཡག་པོ་ཞིག་ཡོད་མེད་དེ་རེད། མཁན་པོ་འཇུ་བསྟན་སྐྱོང་ལགས་ལ་དེ་ལྟ་བུའི་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡོད། ཁོང་ནམ་རྒྱུན་བོད་རྒྱའི་ཆབ་སྲིད་གནད་དོན་སྐོར་ལ་དོ་སྣང་ཤུགས་ཆེན་པོ་ཡོད་མཁན་ཞིག་དང་། ད་ཕན་ཆབ་སྲིད་སྐོར་ལ་ཕྱོགས་བསྡོམས་དང་བསམ་ཚུལ་མང་པོ་སྤེལ་པ་བ་ལ་ཞུམ་པ་མེད་པ་དང་བསམ་བློའི་གོ་རྟོགས་ཀྱིས་མི་མང་གི་བློ་ཁ་བསྒྱུར་ཐུབ་པ་སོགས་དགེ་མཚན་ཤིན་ཏུ་ནས་མང་པོ་ཡོད་པའི་མི་སྣ་གཙོ་བོ་ཞིག་ཡིན།
ཁྱད་ཆོས་བཞི་པ། གཏམ་བཤད་ཚད་ལྡན་བྱེད་ཐུབ་པ།
སྤྱི་འཐུས་ཤིག་ཡིན་ན་གཏམ་བཤད་ཚད་ལྡན་བྱེད་ཐུབ་པ་དང་། གནད་དོན་གང་ཅིར་སྦྱངས་བཤད་དང་དྲི་བ་དྲིས་ལན་སོགས་ག་རེ་གནང་ཡང་སྐད་ཆ་ཡག་པོ་ཞིག་བཤད་ཤེས་པ་དང་བཤད་ཐུབ་པ་ཧ་ཅང་གལ་ཆེན་ཆགས་ཡོད། ལྷག་པར་དུ་མདོ་སྨད་ཀྱི་སྤྱི་འཐུས་ཚོའི་ཉམས་མྱོང་ལྟར་ན་དེ་ལས་ཀྱང་གལ་ཆེན་པོ་ཆགས་ཡོད། མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་རིག་གཞུང་དང་ཆབ་སྲིད་གང་ཅིའི་ཐོག་གཏམ་བཤད་ཚད་ལྡན་བྱེད་ཐུབ་མཁན་ཞིག་ཡིན། དེ་ནི་ཕལ་ཆེར་རྡ་རམ་ས་ལ་དང་རྒྱུས་ཡོད་ཚོར་ཡོངས་གྲགས་ཤིག་ཡིན། ཁོང་ནི་གཏམ་བཤད་ག་རེ་བྱས་ནའང་གུ་ཡངས་ཀྱི་ལྟ་ཚུལ་དང་། རྒྱུ་མཚན་བགྲང་རྒྱུ་གཙོ་བོར་བྱེད་མཁན་ཞིག་ལས་ཚོར་སྣང་ཙམ་གྱིས་གཞན་ལ་ཁ་གཏོང་བ་དང་། ཧམ་པ་ཤོད་མཁན་ཞིག་རྩ་བ་ཉིད་ནས་མིན། ཚོགས་འདུ་དང་ཟབ་སྦྱོང་སོགས་སུ་ཁོང་གིས་གཏམ་བཤད་བྱས་པ་ཁག་ལ་རྒྱུས་ཡོད་ཚང་མས་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་ལ།
ཁྱད་ཆོས་ལྔ་པ། ལྷག་བསམ་གཡོ་བ་མེད་པ་ཡོད་མཁན་ཞིག་ཡིན།
ཤེས་ཡོན་དང་འཇོན་ཐང་སོགས་ཅི་ཙམ་ཡོད་ཀྱང་། སྤྱི་དོན་ཆེད་ཞབས་འདེགས་སྒྲུབ་པའི་ལྷག་བསམ་ཡག་པོ་ཞིག་མེད་ཕྱིན། རང་མགོ་གར་ཐོན་བྱེད་པ་ནི་ཀུན་གྱིས་ཤེས་གསལ་ཡིན། མཁན་པོ་འཇུ་བསྟན་སྐྱོང་ལགས་ནི་མི་སྐྱེས་ཀྱི་རིན་ཐང་དང་། བྱ་བ་གཙོ་བོར་འཛིན་མཁན་ཞིག་ཡིན་པས་རང་གི་ འཇོན་ཐང་ལ་བརྟེན་ནས་བོད་མི་རིགས་ལ་ཞབས་འདེགས་སྒྲུབ་པའི་ཕུག་བསམ་ཡོད་པ་ཞིག་ཡིན། ད་ལྟ་ཁོང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྨོན་ལམ་ཀུན་བཏུས་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ཁང་གི་འགན་འཛིན་རྒན་པའི་ཕྱག་ལས་གནང་བཞིན་པ་དང་། ཁོང་གི་གཏམ་བཤད་ཁག་ལ་བལྟས་ན་བོད་མི་རིགས་ལ་བཅངས་པའི་ལ་རྒྱ་དང་ལྷག་བསམ་རྨ་མེད་པ་ཡོད་པ་གསལ་པོར་རྟོགས་ཐུབ་པ་ཞིག་ཡིན།
ཁྱད་ཆོས་དྲུག་པ། ༸རྒྱལ་བ་རིན་པོ་ཆེའི་དགོངས་གཞིའི་ཐོག་ལྟ་བ་དང་ལངས་ཕྱོགས་བརྟན་པོ་ཡོད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི་ཁག་ཤེས་རྟོགས་དང་། ལག་ལེན་ལ་འཁེལ་མིན་ནི་བོད་མི་རིགས་ཀྱི་ཚེ་སྲོག་དང་། མདུན་ལམ་ལ་ཐུག་པའི་གནད་དོན་གལ་ཆེན་ཞིག་ཆགས་ཡོད། སུ་ཞིག་གིས་༸རྒྱལ་བ་རིན་པོ་ཆེ་ཁ་ལ་ཁྱེར་ནས་དཀྲུག་ཤིང་རྒྱག་པ་དང་། སུ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་ལོག་འགྲེལ་བརྒྱབ་ན་དེ་ནི་ལོ་རྒྱུས་ཀྱི་ཉེས་ཅན་ཆགས་རྒྱུ་ཡིན། མཁན་པོ་འཇུ་བསྟན་སྐྱོང་ལགས་ནི། སྒེར་ངོས་ནས་༸རྒྱལ་དབང་སྐུ་འཕྲེང་རིམ་བྱོན་དང་འབྲེལ་བའི་བོད་ཀྱི་ཉེ་རབས་ལོ་རྒྱུས་སྐོར་ལ་ཆེད་ལས་ཞིབ་འཇུག་གནང་མཁན་ཞིག་ཡིན་ལ། ལྷག་པར་དུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་དགོངས་གཞིའི་སྐོར་ཤེས་རྟོགས་དང་། ལངས་ཕྱོགས་བརྟན་པོ་ཡོད་མཁན་ཞིག་ཡིན། འོན་ཀྱང་ཁོང་གིས་རྒྱལ་བ་རིན་པོ་ཆེ་དང་། དབུ་མའི་ལམ་ཁ་ལ་ཁྱེར་ནས་གཞན་ལ་སྡང་ཟུག་དང་ངན་སྨོད་བྱེད་མྱོང་གཏན་ནས་མེད།
མཇུག་གཏམ།
གོང་དུ་མཁན་པོ་འཇུ་བསྟན་སྐྱོང་ལགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ཁག་ཅིག་བྲིས་ཡོད། དེ་ཡང་རང་ཉིད་ལ་རྒྱུས་ཡོད་པའི་ཆ་ནས་བཤད་པ་མ་གཏོགས། མི་གཞན་གྱིས་རྒྱུད་སྐུལ་བྱས་པ་དེ་འདྲ་མིན། ཤེས་ཚད་དང་། མི་གཞི། འཇོན་ཐང་། ལངས་ཕྱོགས་དང་བསམ་བློ་གཏོང་སྟངས་སོགས་གང་ཅིའི་ཆ་ནས་བལྟས་ན་ད་ལྟའི་སྐབས་སུ་ཁོང་ལྟ་བུའི་འོས་ཆོས་ཚང་མཁན་ཞིག་མདོ་སྨད་པའི་ཁྲོད་དུ་ཧ་ཅང་དཀོན་པར་མཐོང་། དེས་ན་རྒྱ་ཆེའི་མདོ་སྨད་མི་དམངས་ཀྱིས་རང་རང་གི་རྣམ་དཔྱོད་བེད་སྤྱད་དེ་འདེམས་ཀ་མ་ནོར་བ་ཞིག་བྱེད་རྒྱུ་གལ་ཆེན་ཡིན་ནོ།
ངོ་མ ་སྟོད་མི་ཤེས་ནི་ཞིག་གིས་སྟོད་པ་ལས། སྨད་མི་ཤེས་ནི་ཞིག་གིས་སྨད་ན་བཟང་ཟེར་བ་་བདེན་པ་རེད
ཆོས་གྲགས་ལགས་ན་གཞོན་ཤེས་ཡོན་ཅན་ཞིག་ཡིན་པ་གོ་མྱོང་ཡོད། ཡིན་ནའང ་ཁོང་གི་གཉེན་ཉེ་ཚོས་ཆབ་སྲིད་ཀྱི་ལས་དཀའ་བྱས་པའི་རྐྱེན་གྱིས་ཁོང་ལ་བོད་ནང་གི་ཆབ་སྲིད་གནས་སྟངས་ལ་རྒྱུས་ལོན་ཡག་པོ་ཡོད་པ་རེད་ཟེར་ན་ཏག་ཏག་ཞིག་འེ་ཡིན་ན དེ་མིན་ཁོང་ལ་རྒྱབ་སྐྱོར་མེད་ལ ཁོང་གི་ཤེས་ཚད་ལ་ཡི་རང་ཡོད
ཚོགས་གཙོ་སྤེན་པས་དབང་ཤུགས་ཀྱིས།།
བཅའ་ཁྲིམས་བཟང་བོ་ཐང་ལ་བརྡབས།།
དཔའ་བོ་ཀླུ་མཁར་སྒོ་བཀག་ནས།།
མདོ་སྨད་རྟ་ཡི་མཐུན་སྒྲིལ་གཏོར།།
ཤར་ཕྱོགས་ཁུག་རྟ་ཤར་ལ་དགའ།།
ཤར་ཕྱོགས་རྒྱ་ཡི་རྒྱལ་དར་བསྒྲེངས།།
ཚངས་དབྱངས་རྒྱ་མཚོ་ཚོང་ལ་དགའ།།
ཇོ་ནང་ཆོས་འདི་ཚོང་བསྒྱུར་བྱས།།
ལྷ་ཆབ་སྦྱིན་པ་རྩོམ་ལ་དགའ།།
རྩོམ་ལ་ལྟོས་ནས་རང་དོན་བསྒྲུབ།།
བཀྲ་ཤིས་དོན་གྲུབ་མིང་ལ་དགའ།།
མིང་གི་དོན་དུ་ཕ་ཡུལ་བཙོངས།།
ཨ་ཚོགས་ཀླུ་མཁར་རང་བཙན་དགའ།།
རང་བཙན་དགའ་རྐྱེན་སྨྱོན་ལ་ཉེ།།
སྤྲོ་ཚིགས་ཆོས་གྲགས་དཔོན་ལ་དགའ།།
དཔོན་པོའི་ཆེད་དུ་རིག་གནས་བཙོངས།།
མདོ་སྨད་རྟ་ཡི་ཆོལ་ཁ་འདི།།
གངས་ཅན་བོད་ཀྱི་སྲོག་རྩ་ཡིན།།
སྲོག་གི་ཀ་བ་བརྟན་པའི་སླད།།
འཐུས་མི་གཅིག་པོ་ཡག་པོར་འདེམས།།
ཧ་ཅང་ཡག་པོ་བྲིས་འདུག རྒྱབ་སྐྱོར་གྱི་ངོ་སྤྲོད་རྩོམ་ཡིག་འབྲི་ན་འདི་འདྲ་འབྲི་དགོས་པ་རེད། རང་ཉིད་ལ་མོས་མཐུན་ཡོད་ས་དེའི་ཡོན་ཏན་དང་ཁྱད་ཆོས་བརྗོད། གཞན་རྣམས་ལའང་གུས་བརྩི་བྱས་། ཐུགས་རྗེ་ཆེ། དེ་མིན་རང་གི་འོས་མི་སྐྱག་རྫུན་ཚུན་བཤད་ནས་བསྟོད་པ་འཐེན། དེ་ནས་གཞན་ལ་གནོད་སྐྱེལ་བའི་ཆེད་དུ་ཁུངས་མེད་ཀྱི་སྐད་ཆ་དང་དཀྲུག་ཤིང་སོགས་ཐབས་ངན་ཡོད་ཚད་འཐེན་ཨེ་ཐུབ་ལྟ་བ་ནི་མིའི་བཟང་སྤྱོད་དང་རྒྱབ་འགལ་ཆགས་ཡོད། མི་སུ་ཡིན་རུང་བཟང་སྤྱོད་ཀྱི་རྩ་དོན་དོར་མི་རུང་།
སྤྲོ་ཚིགས་ཆོས་གྲགས་ཆོས་ལ་དགའ། ། ཆོས་ལ་དགའ་བས་མི་གཤིས་དྲང་། ། ཀླུ་མཁར་བྱམས་ནི་གྲོགས་ལ་དགའ། ། གྲོགས་པའི་ལ་རྒྱ་སྲོག་ལྟར་བརྩི། ། ཇོ་ནང་ཚངས་དབྱངས་ལས་ལ་དགའ། ། ལས་ཀའི་ཆེད་དུ་ངལ་རྩོལ་ཆེ།། ཤར་ཕྱོགས་ཁུག་རྟ་སྲིད་ལ་དགའ། ། སྲིད་ལ་དགའ་བས་ཐབས་ཇུས་་མཁས། ། ལྷ་ཆབ་སྦྱིན་པ་སྙན་ངག་དགའ། ། སྙན་རྩོམ་བྲིས་ནས་ཀློག་མཁན་འགུགས། ། མདོ་སྨད་ཚང་ལ་གཞོན་སྐྱེས་མང་། ། གཞོན་སྐྱེས་རེ་བ་ལྡན་པ་མང་། ། གཅིག་ལ་བསྟོད་ནས་གཞན་མ་སྨོད།། མདོ་སྨད་ཚང་གི་རྒྱན་ཞིག་ཡིན། །
གྲོགས་བསོད་ནམས་ལགས།ཡག་པོ་བྲིས་འདུག།རང་ཚུགས་བརྟན་པོ་ཡིན་དགོ།ལྷ་མོ་སྨྱོ་བཤད་མ་རྒྱག་ཨ་ཁུ་ལོ་ལོ།
ཤེས་ཡོན་ཆེ་རུང་མི་ཕན་གི།
ལྷག་བསམ་ཡོད་རུང་མི་བ་གི།
གཙོ་བོ་རང་ཚུགས་བཀན་མོ་ཞིག།
བསམ་བློའི་རྨང་གཞི་བརྟན་པོ་ཞིག།
དེ་མིན་གངས་ཅན་སྐྱིད་གཞུང་གི།།
ཀུན་སྤྱོད་མཁོ་བའི་དཔུང་སྡེ་ནས།།
འཁྲབ་སྟོན་བྱེད་མཁས་དཔེ་མེད་ཅིག།
ཡོད་རུང་མེད་རུང་གཅིག་འདྲ་རེད།།
ད་རུང་།
ཁྱད་ཆོས་ཡོད་མཁན་མང་པོ་འདུག
དཔེར་ན་ཟམ་གདོང་རིན་པོའི་སྒེར་དྲུང་བསྟན་འཛིན་དོན་ཡོད། རེབ་གོང་རས་པ། རྨེའུ་དཀོན་རྒྱམ་སོགས་ཤར་ཁུག་ལ་ལྟོས་ཏེ་ཧ་ལས་པ་རེད། ཡིནའི་མིང་གྲགས་དགའ་མི་དགའ་ཙམ་རེད།
ངས་ཐེ་བོ་ཟེར་པ། ནོར་གླིང་དུ་གནས་བཞུགས་གྲྭ་པ་དེ་དངོས་གནས་གཟུར་གནས་ཤིག་ལ་ངོས་འཛིན་བྱས་ཏེ་དྲི་བ་བཀོད་ཡོད། ཁོས་ང་ལ་ལན་བཏབས་མ་སོང། དེའི་རྒྱུ་མཚན་ཚང་མས་ཤེས་གསལ་རེད།
སྤྲོ་ཚིགས་ཆོས་གྲགས་ཀིརྟི་བྱེས་པ་གྲྭ་ཚང་གི་སྒྲིག་འགལ་བ་ཞིག་རེད། བཟང་སྤྱོད་ཁྱོན་ནས་མེད་པ་དེ་འདྲ་རེད། ཁོང་སྔ་མོར་དགེ་བསྐོས་ལ་སྡོད་སྐབས། སྒྲིག་ལམ་མགོ་ནས་བཤིག་སྟབས་ཁྲིམས་ལ་སྦྱར་བ་རེད། ཁོས་ཁྲིམས་མ་ཁུར་པ་མ་ཟད་ལས་གནས་གཡུག་སྟེ་དགོངས་ཞུ་སོགས་གང་ཡང་མ་ཞུས་པར་གྲྭ་ཚང་གཡུག་ནས་ཕྱིར་ཐོན་བཞག་པ་རེད། འདི་ནི་ཁོང་གི་ལྷན་སྐྱེས་ཀྱི་གཤིས་བབ་དང་བསམ་བློའི་རྒྱ་ཁྱོན་རེད། མདོ་དོན་སྒྲིག་འགལ་ངོ་ལོག་པ་ཞིག་ལ་སྤྱི་འཐུས་ཀྱི་འོས་ཆོས་རྩ་བ་ནས་ཚང་མེད་པ་ཚང་མས་ཐུགས་ལ་འཛིན་པར་ཞུ།།
འཕྲིན་ལས་ལགས། སྐད་ཆ་སོམས་ནས་ཤོད། རྩམ་པ་ལྡོད་ལ་མྱིད། ཨེ་གོ་ཐལ། མི་ཚང་མ་ཁྱོད་ནང་བཞིན་མིག་ཡས་ལོང་བ་མ་རེད། ཀིརྟི་ཚང་གི་བླ་སློབ་བར་དཀྲུག་ཤིང་རྒྱག་ཐབས་མ་བྱེད། མ་གཞི་ནས་དྲ་འབུ་ཚོའི་སྐད་ཆར་ཆ་འཇོག་བྱེད་མཁན་མེད་ནའང་། ཀུན་སློང་ངན་པས་གླེང་ཕྱོགས་བཟོ་ཁུལ་འདིས་ཁྱོད་རང་གི་ནང་གི་དེ་ཉིད་དང་ཀུན་སྤྱོད་བསྟན་པ་ཙམ་རེེད། མི་སུ་ཡིན་རུང་ཚོགས་པ་སྒྲིག་འཛུགས་ནས་ཐོན་རྒྱུའི་རང་དབང་ཡོད་པ་རེེད། འོན་ཀྱང་རང་ཉིད་ཀྱི་དམིགས་ཡུལ་སོགས་ཀྱི་ཆེད་དུ་རང་བཞིན་གྱིས་ཐོན་པ་དང་། གཞན་གྱིས་ཕུད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད་ད། འདི་ཙམ་གྱིས་ཁྱོད་ལ་གོ་རྟོགས་སྐྱེད་ཡོད་པའི་རེ་བ་ཡོད། མི་གོ་བ་ཅན་ལ་ལྕག་གཅིག་ཟེར་ལེ་རེད།
6 dhoshul ཟེར་བའི་དྲ་འབུ་ཁྱོས་རྩེད་མོ་ག་རེ་རྩེ་གི་ཡོད་། ཧཧཧ
# 6 dhoshul་ལགས། ཁྱེད་ཀྱི་མཆན་འདི་ཟིན་བྲིས་ངོ་མར་བཞག་ན་ལེགས།
གཏོང་མི་ཤེས་ན་ངས་ལམ་སྟོན་བྱེད་ཆོག གཞན་དག་ལ་ཡང་ཕན་ངེས།
ཟིན་བྲིས་ཀློག་རིན་ཡོད་པ་ཞིག་དགོས་པ་སྨོས་མེད་ཐོག ཟིན་བྲིས་པའི་མིང་འབྲི་དགོས། ཟིན་བྲིས་ལ་མིང་ཞིག་བཏགས་ནས་subject ཞེས་པའི་ས་མིག་འགེངས་དགོས། དེ་ནས་གློག་འཕྲིན་ཁ་བྱང་khabdha@gmail.com ཞེས་པར་བསྐུར། དེ་ཙམ་རེད། སང་ཉིན་མ་འགྱངས་པར་དྲ་ངོས་འགོད་གིན་འདུག
་་་་དེ་བཞིན་བྱད་བཞིན་རྣམ་འགྱུར་སོགས་མཐོང་ཙམ་ནས་རྣམ་དཔྱོད་ཡོད་པའི་བཟོ་ལྟ་དང་དང་མཁས་ཉམས། ཡང་ན་མགོ་ཁྲིད་ཀྱི་ཉམས་བཅས་ཤར་ཕྱོགས་ཁུག་རྟ་ཡོད་པ་གསལ་བོ་རེད། དེ་རྩོད་མེད་ཡོངས་གྲགས་རེད། འདི་བོད་ཀྱི་ནང་དོན་རིག་གནས་ནང་གི་མཚན་བཟང་རྩ་གཉིས་ཀྱི་རིགས་པའི་འགྲོས་དང། རྒྱ་ནག་དམངས་ཁྲོད་དུ་ཁྱབ་པའི་མིའི་བྱད་བཞིན་རྣམ་འགྱུར་ལས་མི་དེའི་མི་ཚེ་གཟི་བརྗིད་དང་ལྡན་མིན་ཞིག་ཡོང་བར་བརྟག་ཐབས་གཉིས་ལ་གཞི་རྩ་བཟུང་ཡོད།་་་་ཞེ་སྐྲག་་་རྒྱབ་སྐྱོར་གནང་འདུག
རྒྱ་གར་གྱི་བྱད་བཞིན་བརྟག་ཐབས་ཧཧཧ་་་་་ རྒྱ་ནག་གི་་་་་དེ་འདྲ་ཡིན་ས་རེད། བཙན་བྱོལ་དུ་རྒྱ་ནག་གི་དར་དམར་སུས་ཕྱར་རེད། བོད་དུ་དགྲ་ནག་གི་མེ་མདའི་ཁ་ནས་དམར་དར་ཕབ་ནས་བཙན་དར་བསྒྲེངས་སོང་། སེམས་ལ་ཁྲིགས་སེ་ཡོད་པ། དངོས་དོན་ཐོག་བཀའ་མོལ་གནང་རོགས་་་སྐུ་མཁྱེན།
བཟང་གི་ཡ། རྟ་རྒྱུགས་ཐང་དུ་རྒྱུགས་རོགས་ཅི་ཙམ་གྱིས་མང་ན་དེ་ཙམ་གྱིས་རྟ་མཆོག་ལྷང་ལ་འབུད་ཐུབ། རྟའི་ཆོལ་ཁ་ཚང་གི་རྟ་མཆོག་གྱི་ལིང་དེ་སུ་ཡིན་ནམ། ཧཧཧཧཧཧ
ཁྱད་ཆོས་དགུས་མི་འདངས་ཀི ད་རུང་རྩི་རྒྱུ་མེད་ན་མི་ཐོབ་ཐག་ཆོད་རེད། སྤྱི་འཐུས་ལ་དུ་མོ་ཧེབ་ལངས་དགོས་ནི་མ་རེད།
“ཁུག་རྟ་ནི་སྤྲོ་ཚིགས་ཆོས་གྲགས་དང་བསྡུར་ས་ཞིག་མེད་སྙམ། ཁུག་རྟ་ལ་སློབ་ཆུང་གི་ལག་འཁྱེེར་ཙམ་ཞིག་མི་ཚེ་ལ་ཡོད་པ་མ་རེད། སྤྲོ་ཚིགས་ནི་རམ་འབྱམས་པ་ཐོན་རེད། ཁུག་རྟ་ནི་ཟམ་གདོང་གི་བཀའ་ཤག་གི་དྲ་འབུའི་མྱུལ་མ་ཡིན་པ་ལས། ཉམས་ཞིབ་པའི་གོ་རིམ་དང་ཆ་རྐྱེན་གང་ཡང་མེད་མཁན་ཞིག་རེད། དེ་ལས་སྤྲོ་ཚིགས་ནི་བོད་དང་བོད་ཀྱི་ཁྱད་ནོར་གླེང་བ་ལས་ཤེས་ཐུབ། ཁུག་རྟ་ནི་དབང་བསྒྱུར་གྲལ་ར་གྱི་ལག་ཆ་ཙམ་རེད། སྤྲོ་ཚིགས་ནི་མཐོ་སློབ་དགེ་རྒན་དང་ཉམས་ཞིབ་རང་ཚུགས་ཐུབ་མཁན་ཞིག་རེད། ཁོ་གཉིས་འདྲ་ས་ཞིག་ཡོད་པ་ནི་གྲྭ་ལོག་ཡིན་པ་དེ་རེད།”
བོད་པ་ཚང་གི་ན་ཚ་ཞིག་སྟེ་མྱི་ཞིག་སློབ་སྦྱོང་སོགས་ཀྱི་ཐད་འབུར་དུ་ཐོན་ཡོང་ན་འབུར་འཇོམས་བྱེད་ཅི་ཐུབ་ལྟ། གལ་ཏེ་སུ་ཞིག་གི་སྐྱོན་རྐྱང་རྐྱང་བཙལ་བསྡད་ན་གནའ་མི་བོད་ཀྱི་གཏམ་དཔེར། མྱི་སྐྱོན་མེད་འཛམ་བུ་གླིང་ན་མེད།།ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད།།ཟེར་བ་ལས་མ་འདས་པས་གང་ཟག་སུ་ཡིན་ནའང་ཆོག་ཁོའི་སྐྱོན་ཡོན་གཉིས་རྒྱ་མར་གཞལ་ཤེས་དགོས། ང་ནི་སྤྲོ་ཚིགས་ཆོས་གྲགས་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན། ཁོང་གིས་སྤྱི་འཐུས་ཀྱི་ལས་འགན་ཏག་ཏག་སྒྲུབ་ཐུབ་ཀྱི་རེད་འདོད།
ངས་འོས་གཞི་ཁ་ཤས་ངོ་སྤྲོད་བྱ་རྒྱུ་ཡིན།
༡༽ ཟམ་གདོང་རིན་པོ་ཆེའི་སྒེར་དྲུང་བསྟན་འཛིན་དོན་ཡོན།
༢༽ རྒྱ་ནག་ཉམས་ཞིབ་པ་ཀླུ་མཁར་བྱམས།
༣༽ དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་རྨེའུ་དཀོན་རྒྱམ།
༤༽ ནོར་ཝེ་རླུང་འཕྲིན་རྒྱ་ཡིག་སྡེ་ཚན་འགན་འཛིན་མགུར་འབུམ་རྒྱལ།
༥༽ ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས།
༦༽ ལོ་རྒྱུས་སྨྲ་བ་མཁན་པོ་འཇུ་བསྟན་སྐྱོང་།
དྲྭ་གྲོགས་ཚང་མས་བསམ་གཞིག་བྱོས་དང་། ཁོང་ཚོའི་ནང་ནས་སུ་ཞིག་འོས་བླུགས་ན་ཤེས་ཡོན་དང་འཇོན་ཐང་བཅས་ཀྱིས་མི་ཕོངས་པས་མདོ་སྨད་མི་མང་གིས་དཔྱད་པ་ཡགཔོ་བྱོས།
གང་ལྟར་ཆོས་གྲགས་ནི་ཐེངས་དུ་མས་མི་གཞི་དང་། ཀུན་སྤྱོད། ལྟ་བ་གུ་ཡངས་བཅས་ཀྱི་ཆ་ནས་ཁུག་རྟ་ལས་ཡག་པོ་ཡོད། ཁུག་རྟས་རང་དང་ལྟ་བ་མི་མཐུན་མཁན་ལ་བཟོད་སྒོམ་བྱེད་མི་ཐུབ་ཀྱང་ཆོས་གྲགས་ཀྱིས་གང་མཚམས་ཐུབ་མཁན་ཞིག་རེད། ཀིརྟི་གྲྭ་ཚང་ནས་ཐོན་མིན་དང་གྲྭ་ལོག་ཡིན་མིན། ཆོས་དད་ཡོད་མེད་ཀྱི་རྩོད་པ་ནི་སྒེར་གྱི་གནད་དོན་ལས་གླེང་ཡ་ཞིག་མེད།
ང་ལ་སུ་ཞིག་འཁེལ་ཡང་ཁྱད་པ་མེད། འོན་ཀྱང་རང་དང་ལྟ་གྲུབ་མི་མཐུན་མཁན་ཀུན་ལ་དངོས་ཤུགས་རྒྱུད་གསུམ་ནས་གནོད་ཤུགས་དང་རྩ་མེད་བཟོ་བའི་ལངས་ཕྱོགས་འཛིན་མཁན་ལ་དགག་པ་ཡོད། རྒྱུ་མཚན་ནི། བོད་ནི་སྤྱི་ཚོགས་ཤིག་ཡིན་པས་ལྟ་བ་གང་ཞིག་འཛིན་པའི་དབང་ཆ་ཡོད་དགོས་ཤིང་། བེད་སྤྱོད་བཏང་སའི་ཁོར་ཡུག་ཀྱང་དགོས་ངེས་རེད། དེ་ནི་བོད་འདི་ཡར་རྒྱས་འགྲོ་བའི་གཞི་མ་ཡིན་པས་ཡིན།
སྤོབས་པ་དང་ཆོད་སེམས། ལྟ་བ་མཁྲེགས་པོའམ་བརྟན་པོ་་ཡོད་མཁན་ནི་ཁུག་རྟ་ལས་ཆོས་གྲགས་མིན་པ་འདོད། གང་ལྟར་ཁོ་གཉིས་ལས་ང་རང་ཆོས་གྲགས་ལ་མོས། རྒྱུ་མཚན་ནི། ཆོས་གྲགས་ཀྱི་རང་དང་ལྟ་ཚུལ་མི་མཐུན་མཁན་ལ་གུ་ཡངས་བྱེད་པའི་བློ་སྤོབས་ཡོད་ཅིང་། གོ་ཤེས་ཉན་ཤེས་བྱེད་པའི་ནུས་བ་ཡོད་པས་ཡིན།
ང་རང་གིས་དགའ་ས་སྤྱི་ཟུར་ལྷ་མོ་སྐྱབས་ཡིན་། ཁོང་མི་དངོས་གནས་དྲང་པོ་ཞིག་རེད་་