ཟླ་བ་འདིའི་སྤྱེ་ཚེས་༢༡་ཉིན་བལ་ཡུལ་དུ་རྒྱ་རི་བློ་གྲོས་ཚང་གི་བུ་མོའི་སྲས་ཞིག་ཨྱོན་སྤྲུ་སྐུའི་ཡང་སྲིད་ལ་བོད་མི་ལས་ཕྱི་རྒྱལ་བ་
མང་བ་འཛོམས་ནས་ཁྲི་སྟོན་མཛད་སྒོ་རྒྱ་ཆེན་ཞིག་སྤེལ་ཡོད་ལ་སྐབས་དེར་རྒྱ་རི་བློ་གྲོས་རྒྱལ་མཚན་ཕེབས་ཡོད་པ་དང་། ཁྲི་སྟོན་གྱི་ཉིན་གསུམ་པར་བལ་ཡུལ་གྱི་བོད་རིགས་གླུ་བ་ཚེ་རིང་འགྱུར་མེད་ནས་སྤྲོ་སྟོན་གྱི་གླུ་དབྱངས་ཕུལ་ཡོད་པར། བལ་ཡུལ་གནས་སྡོད་བོད་རིགས་ཁག་ཅིག་ནས་ད་ལོའི་སྡུག་སྣང་འདིའི་འོག་ནས་དགའ་སྣང་གི་གཞས་གཏོང་བ་ནི་འོས་པོ་ཞིག་མ་རེད་སོགས་ཀྱི་གླེང་སློང་བྱས་དང་བྱེད་ཀྱིན་ཡོད་འདུག དེས་ན། ཀློག་མཁན་ཁྱེད་རང་ལ་ཚོར་སྣང་ཅི་ཞིག་སྟེར་རམ།
ད་ལོ་ཐ་ན་འཁྲུངས་སྐར་དུས་ཆེན་གྱང་རྒྱས་སྤྲོས་བཏང་མེད་ཚུལ་འདུག ལོ་སར་ཡང་རྒྱས་སྤྲོས་མི་བྱད་སྐད། རྒྱ་རི་ཚང་གི་ལས་སྟངས་ཁོང་གི་ལོ་རྒྱུས་ནང་གི་ལེའུ་གཅིག་རེད དེ་བོད་མིའི་མིག་གིས་མཐོང་བ་ཙམ་ལས་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། འོན་ཀྱང་ལོ་རྒྱུས་ཀྱིས་དཀར་ནག་གི་དབྱེ་བ་གསལ་བོ་ཕྱེ་ནས་འཇོག་གི་རེད། གཅིག་བྱས་ན་རྒྱ་རིས་ལས་རྒྱུ་འབྲས་དང་ཚེ་འདི་ཕྱི་མི་ཤེས་པ་མིན་འགྲོ།
ཁོང་གི་བྱེད་སྟངས་དེ་འོས་མཚམས་དང་འགྲིག་པ་ཞིག་ཡིན་མིན་གསར་འགོད་པ་ཚོས་ཁོ་རང་ལ་བཅར་འདྲི་བྱས་ནས་མི་དམངས་ལ་མིག་སྟོན་དགོས་པ་ཞིག་རེད། གལ་སྲིད་ཨ་རི་ལྟ་བུར་ཆ་བཞག་ན་ཁོང་གི་བྱེད་སྟངས་འདིའི་དབང་གིས་ཁོང་འགན་གནས་ནས་ཕྱིར་འབུད་བཏང་བའི་མ་ཚད། ཁོང་དང་འབྲེལ་ཡོད་ཀྱི་ཚོགས་པ་དེ་ལ་ཡང་ལོ་རྒྱུས་ཀྱི་ཐོག་ནས་ནག་ཉེས་ཆེན་པོ་ཞིག་བསགས་པ་རེད། དེའི་ཕྱིར་སྲིད་འཛིན་འོས་འདེམས་ཀྱི་སྐབས་སུ་བགྲང་རྒྱུའི་ནག་ཉེས་ཆེ་ཤོས་ཤིག་ཡིན་ངེས་རེད། དེ་ནི་མི་རིགས་ཀྱི་བདེ་སྡུག་སྣང་མེད་ཁྱད་གསོད་བྱས་པའི་མ་ཚད། ཚོགས་ཆེན་ལ་ཕྱར་བ་གྲུ་འདེགས་མ་བྱས་ཤིང་། བོད་ནང་གི་དྲག་གནོན་ལ་གདུང་སེམས་མཉམ་སྐྱེས་མེད་པ་མཚོན་པ་རེད། ཚོགས་ཆེན་སྣང་མེད་བཏང་བ་དེས་ཁོང་གིས་༧རྒྱལ་བའི་བཀའ་རྩ་ཆེན་པོ་ག་ཚོད་ཅིག་བརྩི་གི་ཡོད་པ་འགྲེལ་བཤད་བརྒྱབ་པ་ཞིག་རེད། འོན་ཀྱང་ང་ཚོར་གང་ཡང་བྱེད་རྒྱུ་ཡོད་པ་མ་རེད།
འདི་རུ་རྒྱལ་བ་རིན་པོ་ཆེ་ཡི་སྐུའི་འཁྲུངས་སྐར་ཡང་སྲུང་གཙི་ཡག་པོ་ཞིག་གནང་མེད་པ་ཡང་དེ་ལོ་ནི་བོད་མི་ཚོར་མཚོན་ན་ཁྲག་དྲི་དྲོ་བའི་ལོ་ཞིག་ཡིན་པ་གསལ་བོ་བཟོས་ཡོད་དུས། སྐུ་དྲག་སྐྱག་ལངས་ལ་ཤོར་ཡོད་པ་དེ་ཚོ་ངོ་མ་བཅོས་ཐབས་ཞིག་མེད་གི
ང་ནི་རྒྱ་རི་རིན་པོ་ཆེས་ཐུགས་སྤྲོ་བཏང་བ་དང་སྲས་བླ་མ་ཡིན་པ་ལ་དགག་བྱ་གང་ཡང་མེད། ཁོང་གིས་གང་གནང་རེད་བསམས། འོན་ཀྱང་སྲིད་དོན་གྱི་ཐོག་ནས་ཡ་རབས་ཤིག་དང་སྤྱོད་བཟང་ཞིག་གནང་ཐུབ་ན་བསམས་ཀྱི་འདུག རྒྱ་གར་དུ་འཇིགས་སྐུལ་བས་ཚུར་རྒོལ་བྱས་མཚམས་དེར་རྒྱ་གར་གྱི་ནང་སྲིད་བློན་ཆེན་ནམ་གཅིག་གིས་རྩ་དགོངས་ཞུས་པ་རེད། རང་ལ་ཡོད་པའི་ལས་ཀ་དེ་དང་མི་མང་གིས་ཁྱོད་ལ་རེ་བཅོལ་བྱས་པའི་ལས་ཀ་དེ་མ་འགྲུབ་པའི་སྐབས་སུ་ལས་ཀ་ནས་དགོངས་པ་ཞུ་ལུགས་ཤིག་ཡོད་པ་རེད། རྒྱ་རིས་ཀྱང་རང་གི་ལས་ཀ་དེ་མི་ལོ་མང་པོ་དེ་ཙམ་གྱི་རིང་མ་འགྲུབ་སྟབས་ཡ་རབས་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་པ་རེད། གལ་ཏེ་དགོངས་པ་མ་ཞུས་ན། བོད་མི་ཚོས་ཁོང་གི་ཁ་བྱང་ཐོག་ནས་ཡི་གེ་ཕུལ་ནས་དགོངས་པ་ཞུ་རོགས་ཞེས་དྲན་སྐུལ་ཞུ་དགོས་པ་རེད།
བོད་པ་ཤོར་དུས་ཀྱི་ལོ་ངོ་ལྔ་བཅུ་གོང་གི་གནས་ཚུལ་ཞིག་དྲན་དུ་འཇུག ཕྱོགས་གཅིག་གི་མགོ་སྡུག་བསྔལ་ཡོང་བཞིན་ཡོད་ན་ཡང་། ཕྱོགས་གཞན་ནས་སྐྱིད་པོ་གཏོང་སྲོལ་ཡོད་པ་ཞིག་བོད་པ་ཚང་གི་ནད་ནག་དེ་རང་དོན་ཁོག་བཅུག་གི་ལས་སྣེ་དེ་དག་གི་བོད་ཀྱི་རང་དབང་ཡང་སྔ་མོ་དེ་ལྟར་ཤོར་བཅུགས་པ་མ་ཡིན་ནམ། ཐན་ལྟས་བོད་པ་འདི་བ་ཚང་གི་བྱ་བཙག
ཚེ་རིང་འགྱུར་མེད་ལགས་ཀྱི་གླུ་ཧ་ཅང་སྙན་པོ་འདུག
གུས་པ་ནི་རྒྱ་ནག་ཏུ་སློབ་ཆེན་འགྲིམས་བཞིན་པའི་སློབ་མ་ཞིགཡིན།
ད་ལྟ་ཕྱི་སྡོ་བོད་མིས་བཏང་བའི་རྒྱལ་དབང་རིན་པོ་ཆེའི་བསྟོད་གླུ་མང་པོ་ཞིག་དགོས་འདུག འོན་ཀྱང་རྒྱ་ནག་ཏུ་ཉན་རྒྱུ་མེད་ལ། དྲ་ཐོག་ཏུ་ཡང་ཕབ་ལེན་བྱེད་ས་རྙེད་ཀྱི་མིན་འདུག
ཁྱེད་རྣམ་པས་གཅིག་བསྐུར་རོགས། བཀའ་དྲིན་ཆེ། tibetsheep521@gmail.com
རྒྱ་རི་ཚང་གི་སྟོན་མོ་ལ་ཕུལ་བའི་གླུ་གཞས།
བོད་པའི་བསྟན་སྲིད་དོན་དུ།།
བོད་མིའི་གཅེས་སྲོག་ཤོར་སོང་།
ཁྲག་གི་མཚོ་མོའི་ནང་ལ།།
དཔའ་བོའི་སྐུ་གདུང་ཟགས་འདུག།
དགའ་བ་ལ་དང་དགའ་བ་ལ།།
སྐྱིད་པ་ལ་དང་སྐྱིད་པ་ལ།།
ཤ་ཁྲག་གཅིག་པའི་སྤུན་ཟླ།།
ཕོ་རུས་ལ་རྒྱ་ཅན་ཚོ།།
དགྲ་བོའི་ལག་ལྕགས་གོན་ནས།།
སྡུག་བཙོན་འོག་ལ་བསྡད་ཡོད།།
དགའ་བ་ལ་དང་དགའ་བ་ལ།།
སྐྱིད་པ་ལ་དང་སྐྱིད་པ་ལ།།
མི་ལོ་ལྔ་བཅུའི་རིང་གི།
ཞི་མོལ་ད་ལོ་བརླག་སོང་།།
རྒྱ་རིའི་རྒྱ་ཁ་ནང་ལ།།
རྒྱ་གཅིན་དྲོན་མོ་བཏང་འདུག།
དགའ་བ་ལ་དང་དགའ་བ་ལ།།
སྐྱིད་པ་ལ་དང་སྐྱིད་པ་ལ།།
སྤྲུལ་སྐུའི་ཁྱིམ་ཚང་ནང་ལ།།
སྤྲུལ་སྐུ་ཇེ་མང་ཇེ་མང་།།
མགོ་སེར་སྨྱོན་པ་མང་པོས།།
སྒྲོ་ལོའི་ཆར་བ་ཕབས་སོང་།།
དགའ་བ་ལ་དང་དགའ་བ་ལ།།
སྐྱིད་པ་ལ་དང་སྐྱིད་པ་ལ།།
སྒོར་མོས་གྲོད་ཁོག་གང་བས།།
ཁ་ནས་ཟ་ས་མེད་རུང་།།
སྐྱག་ཁུང་ནང་ནས་ཡར་ལ།།
བརྫང་མཁན་ཡོང་བའི་སྨོན་ལམ།།
དགའ་བ་ལ་དང་དགའ་བ་ལ།།
སྐྱིད་པ་ལ་དང་སྐྱིད་པ་ལ།།
ཛ་དྲག་ཚོིགས་ཆེན་མི་དགོས།།
སྟོན་མོ་རག་ན་དེས་ཆོག།
བོད་མིའི་རྩ་དོན་མི་ཤེས།།
ཁྱིམ་རྒྱུད་བླ་བྲང་བཟོ་དགོས།།
དགའ་བ་ལ་དང་དགའ་བ་ལ།།
སྐྱིད་པ་ལ་དང་སྐྱིད་པ་ལ།།
འདོད་ལྷའི་བུ་ལགས། དངོས་ནས་གླུ་ཡག་པོ་ཞིག་བླངས་འདུག འོན་ཀྱང་། གླུ་འདི་གོ་མཁན་ནི་རྒྱ་རི་ཚང་གི་ཉེ་འཁོར་བ་ཚོ་མིན་པར། རྒྱ་རི་ཚང་ལ་འགྲེལ་བ་མེད་མཁན་གྱི་མི་ལྡོམ་མང་བོ་ཞིག་རེད། ཡིན་ཡང་མི་སྐྱོན། ཁྱེད་རང་གིས་ཀྱང་གླུ་དབྱངས་འདི་འདྲ་སྙན་མོ་ཞིག་བླངས་དེ་རྒྱ་རི་ཚང་ལ་རྟེན་འབྲེལ་ཞུ་བཞིན་པ་རྒྱ་རི་ཚང་གི་ཉེ་འཁོར་དག་གི་ཐོས་ན་དངོས་ནས་དགའ་འོས་པ་ཞིག་ལོས་ཡིན།
རྗེས་ཕྱོགས་གླུ་དབྱངས་འདི་འདྲ་སྙན་མོ་ཡོད་ཀྱང་ད་ལོ་གཅིག་པོ་མ་ལེན་རོགས། བོད་ནང་གི་བོད་པ་འདས་པོ་དེ་དག་ལ་མྱ་ངན་ལོ་དུས་རྫོགས་མེད། ཤུ་རེ་བྱོས་དེ་གླུ་མ་ལེན་དང་། ངེད་ཅག་གི་གླུ་དབྱངས་ཞིག་ལེན་ཁོ་ཐག་ཡིན། གཞིས་བྱེས་མཉམ་འཛོམ་གྱི་སྐོར་བྲོ་དེའི་སྐབས་སུ།
ཨོ་རྒྱན་སྤྲུལ་སྐུ་རིན་པོ་ཆེ། བོད་ཀྱི་གཏེར་སྟོན་མཐའ་མར་གྲགས་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་གདུང་རྒྱུད་དང་ཀརྨ་པ་སྐུ་གོང་མས་ཀྱང་གཙུག་ཏུ་བཀུར་ཅིང་རིག་མ་ཡོད་པའི་བླ་མ་རི་ཁྲོད་པ་ཞིག
༡ཁོང་གི་རིགས་སྲས་ཆོས་ཀྱི་ཉི་མ་རིན་པོ་ཆེ།
༢མཆོག་གླིང་རིན་པོ་ཆེ།
༣ཚོགས་གཉིས་རིན་པོ་ཆེ།
༤མི་འགྱུར་རིན་པོ་ཆེ།
༥གོང་གི་མཆོག་གླིང་རིན་པོ་ཆེའི་སྲས་དང་པོ་སྟག་ལུང་ཞབས་དྲུང་གི་སྤྲུལ་སྐུ་འཕགས་མཆོག་རིན་པོ་ཆེ།
༦སྲས་གཉིས་པ་དིལ་མགོ་མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ།
ྐླུ་སྨྱོན། ཁྱེད་རང་འདིར་ཡོད་ན་ཁྱེད་ཀྱི་ཨེལ་མལ་ལ་ཅིག་གཟིགས་རོགས།
ཉེ་ཆར་ཁ་པར་དང་དྲ་རྒྱ་བརྒྱུད་བོད་ནང་གི་ཕ་མ་སྤུན་མཆེད། གྲོགས་པོ་དང་ངོ་ཤེས་ཁག་ཅིག་དང་གླེང་མོལ་བྱས་པ་ཡིན། གླེང་མོལ་གྱི་སྐབས་དག་ཏུ་ཁོ་ཚོས་ད་ལོའི་ལོ་གསར་མི་གཏོང་ཟེར་ལ། དེ་ནི་བོད་ནང་གི་བོད་མི་མང་པོ་ཞིག་གི་བསམ་ཚུལ་དང་འཆར་གཞི་ཡིན་ཚོད་འདུག ངའི་ཕ་ཡུལ་ལ་ལོ་གཅིག་གི་ནང་སྲོལ་རྒྱུན་དང་དེང་རབས་ཀྱི་དུས་སྟོན་མང་པོ་ཞིག་གཏོང་སྲོལ་ཡོན་ནའང་ད་ལོ་དེ་དག་གཅིག་ཀྱང་བཏང་མི་འདུག མ་ཟད་གཉེན་སྒྲིག་བྱེད་མཁན་མང་པོ་ཞིག་གིས་ཀྱང་དུས་འགྱངས་བྱས་ནས་སང་ལོ་བར་བཞག་འདུག འདི་དག་ངོ་མས་རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་རེད། ད་ལོའི་བོད་ནང་གི་དོན་རྐྱེན་བྱུང་རྗེས་བོད་གཞུང་མང་ཛ་དྲག་ཚོགས་ཆུང་གིས་ངོ་རྒོལ་དག་སྤེལ་སྐབས་བོད་མི་ཕོ་མོ་དབྱེར་མེད་ཀྱི་སྐྲ་བཞར་ཤིང་རོ་སྒམ་བཟོས་ནས་འཁུར་ཡོད་ལ། རྒྱ་རིས་ཀྱང་བོད་རྒྱའི་འབྲེལ་མོལ་བདུན་པ་གྲུབ་རྗེས་གསར་འགོད་གསལ་བསྒྲགས་སྐབས་ཐེངས་དེའི་ཐུག་འཕྲད་ལ་དེ་སྔ་བཞིན་རྒྱས་སྤྲོས་སོགས་མེད་རྒྱུའི་བསམ་ཚུལ་རྒྱ་གཞུང་ལ་བཏོན་པ་ལྟར་བྱས་ཚུལ་འགྲེལ་བརྗོད་བྱས་ཡོད།
བོད་ཀྱི་དབའ་བོ་ཁ་ཡོད་ལག་ཡོད་ཚོ་བོད་དུ་ཡོད་ལ། བོད་ཀྱི་བདེ་སྡུག་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཐུབ་མཁན་དེ་དག་ཡང་བོད་དུ་གནས་ཡོད། སྐུ་ཚེ་རིང་བོར་ཤོག དེ་དག་ལ་བར་ཆད་མེད་པར་སྨོན། དེ་དག་གི་བསམ་དོན་འགྲུབ་པར་ཤོག ཁ་རྒྱག་པ་བཤད་རྒྱུ་ལས་དོན་དངོས་སུ་མཚན་ཚོགས་དང་གླུ་གར་བྱེད་ས་སོགས། སྤྲོ་སྐྱིད་ཀྱི་རྣམ་པའི་རིགས་ཡོད་ཚད་ལ་བཀག་ལྡོམ་མེད་མཁན་ནི་བཙན་བྱོལ་ནང་གི་བོད་པ་རྫུན་མ་ང་ཚོ་ཡིན། བོད་དོན་ཁ་ནས་གླེང་བ་ལས་བོད་དོན་ལག་ལེན་མེད་པ་ནི་ང་ཚོ་ཡིན། ཤུ་རེ་གོ བོད་པ་ཚང་གི་ཞབས་འདྲེན་ང་ཚོ། མི་རབས་རྗེས་མ་དག་ལ་ག་རེ་བཤད།
གླུ་བ་ཚེ་རིང་འགྱུར་མེད་ལགས་།
ཁྱེད་ཀྱི་ཁྲག་རྩའི་སྦུབས་སུ་བཞུར་བཞིན་པ་གངས་ཅན་བོད་མིའི་ཟུངས་ཁྲག་ཡིན་ན་གནས་སྐབས་འདི་ལ་ཆེད་ལས་བ་ལྟར་སྡུག་གླུ་ལེན་རྒྱུ་ལས་སོ་སོའི་སྤུན་ཟླ་ཚོའི་ཤི་རོ་གམ་ལ་བཞག་ནས་སྤྲོ་འཛུམ་གྱི་གླུ་དབྱངས་ལེན་པ་ནི་ཧ་ཅང་ཡིད་སྐྱོ་བའི་གནས་སོ།
ད་ལོ་ནི་བོད་གངས་ཅན་པར་མཚོན་ན། ཆེས་བཟོད་པར་དཀའ་བའི་སྡུག་བསྔལ་དང་སྐྲག་སྣང་གིས་བཏུམ་པའི་མུན་ནག་ཞིག་ཡིན་ལ། ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་། བོད་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས། རྒྱ་ནག་འཇིགས་སྐུལ་སྲིད་གཞུང་ལ་ཞི་བའི་ངོ་རྒོལ་རིམ་པ་བཞིན་དུ་གནང་བས། རྒྱ་གཞུང་གིས་ཡ་ང་དང་སྙིང་རྗེའི་དྲི་ཙམ་ཡང་མེད་པར། བོད་མི་ཞི་བའི་ངོ་རྒོལ་བ་བརྒྱ་ཕྲག་མང་པོ་སྡེབ་གསོད་དང་། སྟོང་ཕྲག་མང་པོར་རྨས་སྐྱོན། དེ་ལས་མང་བ་བཙོན་འཇུག་དང་ལྐོག་གསོད་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ཤུལ་དུ་ལྷག་པའི་ཡུགས་མོ་དང་། དྭ་ཕྲུག་རྣམས་ལ་འགྲོ་བ་མིའི་སྤྱིར་བཏང་གི་ཐོབ་ཐང་ཙམ་ལྟ་ཅི། ཐ་ན་ཉིན་རེའི་འཚོ་བའི་ཐོག་ལ་ཡང་རང་དབང་ཅུང་ཟད་ཙམ་ཡང་མེད་པར། དགྲ་བོའི་མེ་མདའི་འོག་འཇིགས་སྐྲག་གི་གཡང་ས་ཆེན་པོ་རེ་ན་ལངས་མ་གོག་གི་བསྡད་ཡོད་པའི་སྐབས་འདིར། ང་ཚོ་ཕྱི་རྒྱལ་རང་དབང་ལུང་བར་ཡོད་པའི་བོད་མི་རྣམས་ཀྱིས། གཞིས་ལུས་སྤུན་ཟླ་རྣམས་ཀྱི་སེམས་ཁུངས་ཀྱི་རེ་བ་ཇི་བཞིན་བསྒྲུབ་མ་ཐུབ་ཀྱང་། དེ་དག་ལ་གདུང་སེམས་མཉམ་བསྐྱེད་དང་། སེམས་གསོ་ཙམ་ཡང་མི་བྱེད་པར། ལྡོག་ཕྱོགས་ནས་རོ་ལངས་བྱས་ཏེ། དགའ་དགའ་སྐྱིད་སྐྱིད་ངང་སྟོན་མོ་དང་ཡོ་ལང་སོགས་ལ་མགོ་འཁོར་ནས་བསྡད་ན། གཞིས་ལུས་བོད་མི་རྣམས་ཀྱིས་བློ་ཕམ་དང་ཡིད་ཆད་ཀྱི་སྡུག་བསྔལ་ཐོག་བརྩེགས་ཞིག་མྱོང་གིན་ཡོད་པ་སྒེར་ངོས་ནས་བོད་ནང་དུ་འབྲེལ་བ་བྱོས་དང་ཤེས་པར་འགྱུར།
ལྷག་པར་དུ་ཚོགས་པ་སྐྱིད་སྡུག་ཁག་གིས་དཔལ་འབྱོར་འདུ་འགོད་ལ་ཁ་གཡར་ཏེ་དུས་སྟོན་འདྲ་མིན་གོ་སྒྲིག་དང་། སྲིད་ཀྱི་སྣེ་མོར་གཏོགས་ཤིང་། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མིང་ཡོད་པའི་རྒྱ་རི་བློ་རྒྱམ་གྱིས། ད་ལོའི་དམིགས་བསལ་ཚོགས་ཆེན་དང་ཁ་གཏད་ཏེ། སྣག་གི་གཉེན་མཚམས་དང་བཅས་པ་སྤྲུལ་སྐུའི་ཚོགས་སྡེ་ཞིག་ཏུ་བསྒྱུར་ནས། རྒྱལ་ཕྱི་ནང་གི་མི་སྣ་མང་པོ་མགྲོན་འབོད་ཀྱིས་དགའ་སྐྱིད་སྟོན་མོ་ནམ་ལངས་པ་ལྟ་བུ་ཞིག་བྱས་ཡོད་པ་འདི། ཆོས་སྲིད་གང་ཐད་ནས་དཔྱད་ཀྱང་ལུགས་མཐུན་ཞིག་མིན་ལ། ལྷག་པར་དམིགས་བསལ་ཚོགས་ཆེན་ལས་ནང་མིའི་སྤྲོད་སྐྱིད་གལ་ཆེན་ཏུ་བརྩིས་པ་ནི་དེ་བས་ཀྱང་ངོས་ལེན་བྱེད་ཐུབ་པ་ཞིག་མ་རེད།
སྤྱིར་བཏང་དམིགས་བསལ་ཚོགས་ཆེན་ཐོག་རྒྱ་རི་བློ་རྒྱམ་ཡོད་ན་དེས་ཆོག་དང་། མེད་ན་ཐབས་ཆག་ཤིག་མིན་མོད། ད་ལྟའི་གནས་སྟངས་ཀྱི་ཆ་ནས་ཕན་ཐོགས་ཡོད་མེད་ལ་མ་ལྟོས་པར་ཁོ་ཚོགས་ཆེན་ཐོག་ལ་མཉམ་ཞུགས་བྱེད་དགོས་པ་ཞིག་ཆགས་ཡོད། ད་དུང་ཕྱོགས་གཞན་ནས་བལྟས་ན་གཞིས་ལུས་བོད་མི་རྣམས་ཀྱིས་ད་ལོར་དགའ་སྐྱིད་སྟོན་མོ་གནང་རྒྱུ་ཕར་ཞོག ཉིན་རེའི་འཕྲོད་རྟེན་གྱི་ཟས་གོས་ཙམ་ལ་ཡང་སྤྱོད་འདོད་མེད་པར་སྡུག་བསྔལ་འབའ་ཞིག་གི་ངང་གནས་བཞིན་པའི་སྐབས་འདིར། ཕྱིར་སྡོད་བོད་མི་རྣམས་ཀྱིས་འདི་ལྟར་བྱས་ན། སྐྱིད་སྡུག་མཉམ་མྱོང་མ་བྱས་པ་ཡིན་པས། འདི་ལས་ལྷག་པའི་བློ་ཕམ་ཞིག་གང་དུ་ཡོད།
ད་ལོ་བོད་ནང་ནས་ལོ་གསར་དུས་སྟོན་ལྟ་ཅི། མི་སྒེར་གྱིས་ཟས་གོས་ཡག་པོ་ཙམ་ཡང་མི་སྤྱོད་པར། བོད་མིའི་སྤྱི་དོན་ཆེད་སེམས་སྡུག་གི་རྒྱ་མཚོར་ལྷུང་ནས་བཞུགས་ཡོད་པས། ང་ཚོས་ཀྱང་གངས་ལྗོངས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་མཚོན་སླད་དང་། དེ་དག་གི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཆུང་ཆུང་ཞིག་སྤེལ་ན་ཅི་འདྲ་འདུག་གམ། ལས་འགུལ་ཟེར་བའི་དམིགས་བསལ་ཞིག་སྤེལ་རྒྱུ་མེད་མོད། གཙོ་བོ་ང་ཚོ་དྲ་གྲོགས་རྣམས་ཀྱིས་ཁ་བརྡ་དྲ་དེབ་ཀྱི་རང་དབང་གོ་སྐབས་བཟུང་ནས། ཕྱིར་སྡོད་བོད་མི་རྣམས་ཀྱིས། ད་ལོའི་ལོ་གསར་དང་། ༧གོང་ས་མཆོག་གིས་ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་གྱི་མཛད་སྒོ་སོགས་ལ་རྟེན་འབྲེལ་མཚོན་ཙམ་ལས། དགའ་སྐྱིད་ཀྱི་གླུ་གཞས་དང་ཞབས་བྲོ་སོགས་མི་བྱེད་པའི་འབོད་སྐུལ་བྱས་ན་བསམ་པ་དེ་ཡིན་པས། མོས་མཐུན་ཡོད་ན་དེའི་ཆེད་དུ་རྩོམ་ཡིག་རེ་བྲིས་ནས་ཁ་བརྡའི་ཐོག་ཏུ་འགོད་རོགས།
ལས་བྲེལ་གྱིས་ཡི་གེའི་དག་ཆ་དང་། ཚིག་སྦྱོར་སོགས་ལ་གཟབ་གཟབ་བྱེད་ཁོམ་མ་བྱུང་བས་ཀློག་མཁན་རྣམ་པར་དགོངས་དག་ཞུ་བ་ཡིན།
བོད་ཀྱི་ནང་ལ་མུན་པ་འཐིབས། རྒྱ་རི་ཚང་ལ་ཉི་མ་ཤར།
བོད་ནང་ལ་སྡུག་གི་མུན་པ་འཐིབས་དུས། རྒྱ་རི་ཚང་ལ་སྐྱིད་ཀྱི་ཉི་མ་ཤར།
བོད་མི་ཚོའི་ཨག་འབོད་ངུ་ངག་མ་འཇགས་དུས། ཚེ་འགྱུར་ཁྱོས་སྤྲེལ་ལད་སྤྲོ་གླུ་པླངས།
བཀྲ་ཤིས་བདེ་ལེགས་མགོན་པོ་ཕྱག་གསུམ་པ།