ལྕགས་སྟག་གནམ་ལོ་ཚེས་ན་ཡང་ལོ་སར་ལ་སྤྲོ་སྟོན་མེད་ཟེར་དོན་འདི་རེད། དེ་ཡང་སྤྲོ་སྟོན་མེད་ཟེར་བ་ལས་ལོ་སར་མེད་ཟེར་བ་གཏན་ནས་མིན། དེ་ལ་གོ་ནོར་ཐེབས་མཁན་མང་པོ་འདུག། བྱས་ཙང་བོད་རྟེན་འབྲེལ་གྱི་བདག་པོ་ཡིན་ཟེར་སྲོལ་ཡོད་པ་ལྟར་གནམ་ལོ་གསར་ཚེས་ཀྱི་སྐྱ་རེངས་ཤར་བའི་སྐབས་འདིར་གཞི་བྱེས་བོད་མི་ཡོངས་ཀྱི་ཡིད་སེམས་མཐུན་ཅིང་འབོད་སྒྲ་གཅིག་གི་ཁྲོད་བསམ་པ་དོན་ལ་འགྱུར་བར་ཤོག།
ལོ་གསར་ལ།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །
ཨེ་མ་བག་བྲོ་༸སྐུ་ཁམས་བཟང་། །
གཏན་དུ་བདེ་བ་ཐོབ་པར་ཤོག །
ཀླུས་ཡག་པོ་ཞིག་བཟོས་འདུག དངོས་གནས་འདི་རིག་ན་སེམས་ནས་ཅིག་འཕྱུར་ཡོང་གི་འདུག ད་ལོ་སྤྲོ་སྐྱིད་གཏོང་མཁན་ཞིག་ཕལ་ཆེར་མེད་པ་འདྲ། ད་ལྟ་རང་སི་སི་དང་ཕ་རེ་སི། བོད་ལ་ཡང་ཀ་པར་བཏང་བ་ཡིན་ཏེ། ལོ་སར་ལ་དགའ་སྟོན་གྱི་རྣམ་པ་ཙམ་ཡང་བྱེད་ཀི་མེད་རབ་ཟེར། འདི་དངོས་གནས་བོད་མི་རིགས་འདིས་ཅིག་གོ་ཡི་ཡོད་པའི་རྟགས་ཤིག་རེད། རྡོག་རྩ་གཅིག་སྒྲིལ་ཡོད་པའི་བཟོ་འད།་པོ་རེད། དངོས་གནས་བཟང་གི་ཡ།
འདི་ཡག་པོ་ཞིག་བཀོད་འདུག པར་དེ་དག་མཐོང་ན་རྒྱ་མི་ལ་ཁོང་ཁྲོ་བསྐྱར་ལངས་བྱེད་པ་དང་། པོ་ཏ་ལའི་མདུན་གྱི་སེང་དར་མཐོང་ན་མ་འོངས་པའི་ཉིན་མོ་ཞིག་མཐོང་གི་འདུག
གཤེགས་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་ལ་སྙིང་ཁོང་རུས་པའི་གཏིང་ནས་རྗེས་དྲན་ཞུ་ཞུ་ཞུ།
ལོ་གསར་ཡོད་སྤྲོ་སྐྱིད་མེད་ཅེས་པ་འདི་གོ་བ་དང་། བོད་ནང་གི་མི་མང་པོ་ཞིག་བོད་མི་རིགས་ཀྱི་ཆེད་འཇིག་རྟེན་ཕྱི་མར་ཕེབས་པ་དང་། མང་པོ་ཞིག་བཙོན་ཁང་དུ་སྡུག་སྦྱོང་སྣ་ཚོགས་མྱོང་བཞིན་པ་ཡིད་ལ་གསལ་ལེར་ཤར་བ་མ་ཟད། རྒྱལ་གཅེས་དཔའ་བོ་དཔའ་མོ་འདི་དག་གིས་རང་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་ཕོད་སར་ང་ཚོས་ལོ་གསར་དང་སྤྲོ་སྐྱིད་ཅིག་བློས་བཏང་མི་ཐུབ་པ་ག་ལ་ཡོད་སྙམ་བྱུང་། ལས་འགུལ་འདིས་འཚེ་མེད་ཞི་བའི་ལམ་ནས་རང་ཉིད་ཀྱི་བདེན་པ་བརྩད་པའི་ཐོག་བོད་མི་རིགས་རྡོག་རྩ་གཅིག་བསྒྲིལ་ཡོང་གི་ཡོད་པ་དང་། མི་རིགས་ཀྱི་གནད་དོན་ཐད་གོ་རྟོགས་ཤུགས་ཆེན་ཞིག་སླེབས་པའི་རྟགས་མཚན་བཟང་པོ་ཡིན་པས་སྙིང་དབུས་ནས་གུས་འདུད་ཞུ།
་་་བོད་རྟེན་འབྲེལ་གྱི་བདག་པོ་ཡིན་ཟེར་་་བས་ཚེས་༢ནས་བཤད་འགོ་བཙུགས་ན། ་་་སྐབས་འདིར་གཞི་བྱེས་བོད་མི་ཡོངས་ཀྱི་ཡིད་སེམས་མཐུན་ཅིང་འབོད་སྒྲ་གཅིག་གི་ཁྲོད་བསམ་པ་དོན་ལ་འགྱུར་བར་ཤོག། ་་་ཅེས་པའི་་་འབོད་སྒྲ་གཅིག་་་ནི། བླ་ན་མེད་པའི་དབུ་འཁྲིད་༸གོང་ས་མཆོག་གཅིག་ཉིད་ཀྱི་འོག ལམ་དབུ་མ་ཉིད་ལ། ཐབས་འཚེ་མེད་ཞི་བ་ཉིད་ཀྱི་སྒོ་ནས། བོད་དེ་ཕྱི་རྒྱ་ཡུལ་ཁོངས་སུ་བསྡད་པས། དཔལ་འབྱོར་གྱི་གཞི་འཚུགས། ནང་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོངས་ལ། བོད་ཀྱི་སྐད་ཡིག་གི་རང་དབང་ཡོད་པ། བོད་ཀྱི་རིག་གཞུང་གི་རང་དབང་ཡོད་པ། ཆོས་དད་འཆད་ཉན་གྱི་རང་དབང་ཡོད་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་རང་དབང་སོགས་ཐོབ་པ་བྱས་ནས། བོད་ཀྱི་རྒྱལ་ས་ལྷ་སར། བོད་ཀྱི་སེང་དར་དེ་མཐོན་པོར་སྒྲེངས་དགོས་ཞེས་པའི་བརྡར་གོ།