གངས་དཀར་སེམས།
མི་ཞིག་སྤྲོ་སྣང་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི་བློ་གྲོས་ཀྱི་མ་མདང་བ་ཞེས་པ་དེ་ཡིན། བདག་འཛིན་དེ་བློས་གཏོང་གིས་མིག་སྔར་འཚོ་ཤེས་དགོས། ལྟོགས་ན་ཟས་ཟ་ཉོབས་སོང་ན་ཉལ་རྒྱུ་རེད། ཝཱང་ཡང་མིན་王陽明གྱི་མི་ཚེ་ནི་གྱ་གྱུར་ལྡན་པ་ཞིག་རེད། དཔེར་ན་ཁོ་ལ་གཞུང་ཕྱོགས་ཀྱི་ཉེས་རྡུང་རག་པ། བཙོན་དུ་བཙུད་དགོས་པའི་བཀའ་ཁྱབ་བསྒྲགས་པ། ས་ཐར་བསྐྲད་པ། ཡོན་ཏན་ཆེ་རྐྱེན་གཞན་གྱི་ཕྲག་དོག་ཉོས་པ། ངོ་ལོག་གྱེན་ལང་བྱེད་རྩིས་ཀྱི་མ་ཉེས་ཁ་གཡོག་ཕོག་པའི་ལས་དབང་གི་མནར་གཅོད་ཚད་མེད་མྱངས་ཡོད།
སྡུག་འདི་དག་སྤྱི་བཏང་མིའི་ལུས་ཐོག་འབྱུང་ན་དེ་མི་འཁྱོག་ནས་དབུགས་ཆད་ལ་ཁད་ཙམ་གྱུར་ངེས། འོན་ཀྱང་ཝཱང་ནི་འཚོ་བའི་དངོས་ནང་ཐོག་མཐའ་བར་གསུམ་དུ་ཧུར་བརྩོན་དང་སྤྲོ་སྣང་ལྡན་པའི་ཚོར་འདུ་ཞིག་རྒྱུན་མཐུད་བྱེད་མཁན་ཞིག་རེད།
ཝཱང་ལཱོང་ཁྲང་ 龍場 ལ་ཡོད་དུས་མཉམ་དུ་འགྲོ་རོགས་ཚང་མ་ན་ནས་མལ་སར་ལྷུང་ཡང་ཁོ་རང་གཅིག་པུར་བདེ་ཐང་ངང་གནས། ཁོས་འདིར་སླེབས་ནས་ལོ་གཉིས་རིང་ངའང་ནད་དུག་གིས་མནར་ཡང་ང་སྔར་བཞིན་བདེ་ཐང་ངང་གནས་ཡོད། གང་ཡིན་ཟེར་ན། ངས་ག་དུས་ཡིན་ཡང་ཧུར་བརྩོན་དང་སྤྲོ་སྣང་ལྡན་པའི་སེམས་ཁམས་ཤིག་རྒྱུན་མཐུད་བྱེད་པ་དང་། གཞན་ལྟར་སྐྱོ་གདུང་དང་ཉོབས་སྣང་དེ་མེད། ཅེས་བཤད།
དེང་རབས་ཚན་རིག་གིས་ཀྱང་ཧུར་བརྩོན་དང་ལྡན་པའི་ཚོར་སྣང་གིས་ལུས་པོའི་བདེ་ཐང་ལ་ཕན་པར་ར་སྤྲོད་བྱས་ཡོད།
གལ་ཏེ་གང་ཟག་ཅིག་དགའ་སྤྲོ་དང་ལྡན་པ་ཞིག་ཡོད་ན་དེའི་ལུས་ཐོག་ནས་སྐུལ་རྒྱུ་ཞིག་ཟག་རྫས་སུ་གྱུར་ནས་ལུས་པོའི་གནས་སྟངས་མཐོར་འདེགས་བྱེད་ཀྱི་ཡོད། གལ་ཏེ་དེ་ལས་ལྡོག་སྟེ་སུན་སྣང་དང་སྐྱོ་གདུང་ཅན་གྱི་བདེ་ཐང་གི་གནས་སྟངས་དེ་བཞིན་ཉམས་འགྲོ་བ་ཡིན།
ཧཱན་ཀྲོར་ 贛州ཡོད་དུས་ཁྲཱིན་ཅུ་ཁྲོན་陳九川
་ན་ཚས་མནར་དུས་ཝཱང་གིས་ན་ཚ་ཞེས་པ་འདིར་ཡང་དག་པའི་སྒོ་ནས་ཁ་ཕྱོགས་པར་ཧ་ཅང་དཀའ་ཚེགས་ཡོད། ཁྱོད་ལ་ཚོར་བ་གང་འདྲ་འདུག་གམ། ཞེས་དྲིས། ཁྲཱིན་གྱིས་འདིའི་ཕྱོགས་ཀྱི་ནུས་པ་དེ་ནི་ངོ་མ་ཧ་ཅང་དཀའ་ཁག་ཆེ་བ་ཞིག་རེད། ཅེས་པར་ཝཱང་གིས་རྒྱུན་དུ་ནས་སྤྲོ་སྣང་ལྡན་པའི་སེམས་ཁམས་ཤིག་རྒྱུན་མཐུད་བྱེད་པ་དེ་ནི་ནུས་པ་ཞིག་རེད། ཅེས་བཤད། ཝཱང་གི་མཐོང་སྣང་ལ་སྤྲོ་སྣང་རྒྱུན་འཛིན་བྱེད་པ་དེ་ཐོག་མའི་དུས་ནས་ཡོད་པའི་ཤེས་བྱ་ཞིག་མེད་པར་དེ་ནི་ནུས་པ་ཞིག་ཡིན། དེ་ནི་བློ་གྲོས་དང་ཉམས་ལེན་གྱི་སྒོ་ནས་ཐོབ་ཐུབ་པའི་ནུས་པ་ཞིག་ཡིན། ཁོས་སོ་སོའི་བློ་གྲོས་དེར་བརྟེན་ནས་ཧ་ཅང་དཀའ་ཚེགས་ཅན་གྱི་གནས་སྟངས་འོག་དགའ་སྤྲོའི་སེམས་གཤིས་ཤིག་རྒྱུན་མཐུད་ཐུབ་ཡོད། དེ་ལྟར་ཁོ་རང་དུག་ནད་ཀྱིས་ཁྱབ་པའི་སར་འཚོ་གནས་ཐུབ་པ་བྱུང་བ་མ་ཟད། ལུས་སེམས་གཉིས་ལ་ཉམས་ལེན་གྱིས་ཡར་རྒྱས་སོང་ཞིང་། མཐར་ལཱོང་ཡང་ལ་གྲུབ་འབྲས་ཐོབ་ནས་སེམས་ཁམས་རིག་པ་གསར་གཏོད་བྱས།
༡༽ མིག་སྔར་འཚོ་ཐུབ་ན་གཞི་ནས་སྤྲོ་སྣང་ཡོང་ཐུབ།
ཝཱང་གིས་སེམས་ཁམས་འདི་འདྲ་ཞིག་རྒྱུན་དུ་ཡོད་ན་དེ་ནི་ཤེས་བྱ་ཡིན། འདས་མ་ད་གསུམ་གྱི་བྱ་བར་བསམ་བློ་གཏོང་སྡོད་ན་ཕན་པ་ཅི་ཞིག་ཡོད། དེ་ནི་སེམས་གཡེང་བ་ཙམ་ལགས། ཅེས་དང་། བློ་འདི་འདྲ་ཞིག་ཡོད་ན་རྒྱུན་དུ་སེམས་ཀྱི་གནས་སྟངས་ལ་ཚོར་ཤེས་ཡང་ཐུབ་ལ་དེ་ནི་ཤེས་བྱ་ཡིན། བསམ་བློ་འདྲ་མིན་གཏོང་སྡོད་པ་དེ་དྭངས་གཙང་གི་རང་སེམས་ཉོག་པས་རེད། ཅེས་བཤད་ཡོད།
དེ་སྔོན་མི་ཞིག་གིས་སྒོམ་ཆེན་མཱ་ལ་ཉམས་ལེན་ཇི་ལྟར་དགོས་མིན་འདྲི་དུས་མཱ་ཡིས་ལྟོགས་ན་ཟས་ཟ་བ་དང་ཉོབས་ན་གཉིད་ཉལ་རྒྱུ་རེད། ཅེས་ལན་སྤྲད། མི་དེ་ཡ་མཚན་གྱིས་མི་གཞན་གྱིས་ཀྱང་དེ་འདྲ་བྱེད་ཀྱི་ཡོད། དེ་དག་ཀྱང་ཁྱེད་དང་གཅིག་མཚུངས་ཀྱིས་བརྩོན་འགྲུས་བརྩོན་གྱི་ཡོད་པ་རེད་དམ། ཞེས་དྲིས་པར་མཱ་སྒོམ་ཆེན་གྱིས་མ་རེད། ཁོ་ཚོས་ཟས་ཟ་དུས་གཉིད་བསམ་བློར་འཁོར་བ་དང་། ཉལ་དུས་ཟས་ཟ་རྒྱུ་དྲན་ནས་སྡོད་ཡོད། འོན་ཀྱང་ངས་ཟས་ཟ་དུས་དེ་ག་རང་བྱེད་ཅིང་གཉིད་ཉལ་དུས་ཀྱང་དེ་རང་བྱེད་ཀྱི་ཡོད་པར་བརྟེན། གནས་སྟངས་དེ་གཉིས་གཅིག་མཚུངས་མ་རེད་ཅེས་བཤད།
ཝཱང་གིས་གནས་ཚུལ་དེར་བརྟེན་ནས་སྙན་ངག་ཅིག་ཀྱང་བྲིས་པ་འདི་ལྟར།
ལྟོགས་དུས་ཟས་ཟ་ངལ་དུས་ཉལ། ཉམས་ལེན་འདི་ལ་ཡ་མཚན་ཆེ།
འཇིག་རྟེན་མི་ལ་བཤད་ན་ཡིད་མི་ཆེས། དེ་བས་འཆི་མེད་ལྷ་ཞིག་འཚོལ་ཕྱིར་ཁེར་རྐྱང་ཉུལ། ཞེས་བྲིས།
སྟབས་བདེའི་སྒོ་ནས་བཤད་ན་མིག་སྔར་འཚོ་དུས་མིག་མདུན་གྱི་བྱ་བར་དོ་སྣང་བྱེད་པ་ལས་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། མིག་སྔར་དོ་སྣང་བྱེད་མཁན་གྱིས་འདས་སོང་ལ་དོན་མེད་ཀྱི་སེམས་འཁུར་མེད་ལ། མ་འོངས་པའི་འབྱུང་རྒྱུའི་བྱ་བ་ལའང་རི་བོང་གནམ་རྡིབ་ཀྱི་སེམས་འཁུར་མེད། ཁོ་ཚོའི་སེམས་ནི་དྭངས་ཤིང་གཙང་བར་བརྟེན། ཁོ་ཚོ་ནི་སྤྲོ་སྣང་ལྡན་པ་ཞིག་རེད།
སེམས་ཁམས་རིག་པའི་ཆེད་མཁས་ཀྱིས་གལ་ཏེ་མི་ཞིག་གནས་ཚུལ་གཅིག་རང་ལ་དོ་སྣང་བྱེད་ཐུབ་ན་ལུས་སེམས་གཉིས་ཀ་ཞི་ལྷོད་ཀྱི་ནང་གནས་ཤིང་། ལས་སྟབས་བདེའི་སྒོ་ནས་ཁྱད་དུ་འཕགས་པའི་དགའ་བདེའི་མྱོང་བ་ཞིག་འཕེལ་ཐུབ་པར་ར་སྤྲོད་བྱས་ཟིན། འགྱུར་བ་ཕུང་གསོག་བྱེད་བཞིན་པའི་དེང་དུས་མི་རྣམས་ཀྱི་བདེ་སྐྱིད་ཀྱི་མྱོང་བ་འཐུས་ཤོར་འགྲོ་དགོས་དོན་ནི་དོན་དག་གཅིག་ལ་དོ་སྣང་རྩེ་གཅིག་ཏུ་བྱེད་པའི་གོ་སྐབས་ཤོར་ཚར་བས་ཡིན། མི་ཞིག་ལ་འཛམ་གླིང་འདིའི་ཐོག་གི་འགྱུར་ལྡོག་མང་པོས་བསླུ་བྲིད་བྱེད་ཅིང་། ད་དུང་སྤྲོ་སྐྱིད་ཟེར་བ་གཏོང་སྟངས་བཅོ་བརྒྱད་ཡོད་ཅེས་པ་ལྟར་བྱ་བ་མང་པོ་ཕྱིར་དོན་བཞིན་པ་ཡིན་སྟབས་མི་རྣམས་ཀྱི་བློ་རྩེ་གཅིག་སྒྲིལ་གྱི་ནུས་པ་ཁ་འཐོར་དུ་གཏོང་ཡོད་པ་རེད། དེར་བརྟེན། ང་ཚོས་ངེས་པར་དུ་ཧུར་བརྩོན་ཆེན་པོས་རྣམ་གཡེང་ལས་ཐར་དགོས། ལས་ཀ་དང་འཚོ་བའི་ནང་མིག་སྔར་འཚོ་ཐབས་ཤིག་དང་། མིག་མདུན་གྱི་ནུས་པར་དོ་སྣང་བྱེད་ན་ང་ཚོར་སེམས་ཁོངས་རུས་པའི་གསེང་གི་སྤྲོ་སྣང་ཞིག་ཡོང་ཐུབ་པ་དེ་ཡིན།
༢༽ བདག་འཛིན་དོར་ན་གཞི་ནས་སྤྲོ་སྣང་ཡོད་ཐུབ།
ཝཱང་གིས་དེ་སྔོན་རྡོ་ཡིས་རོ་སྒམ་ཞིག་བཟོས། དེའི་རྒྱུ་མཚན་ནི་ཁོ་རང་སྒོམ་ཉམས་ལེན་གྱི་རྒྱུད་རིམ་ཁྲོད་དུ་ཐོག་མཐའ་བར་གསུམ་དུ་བདག་འཛིན་གྱི་བློ་དང་ཚེ་སྲོག་དེ་གཏོང་མ་ཐུབ་པས་རེད། ཁོས་མནའ་ཆེན་པོ་ཞིག་བསྐྱེལ་ཏེ་ང་ཤི་ཁར་སླེབས་པའི་སྐབས་ལ་ཆ་བཞག་ཟིན་ནའང་ད་དུང་འཇིགས་སྐྲག་དགོས་དོན་གང་ཡོད་དམ། ཁོ་རང་རྡོའི་རོ་སྒམ་དེའི་ནང་སྒོམ་རྒྱག་ཉམས་ལེན་དུ་གཞོལ་ཞིང་། ཁམས་གཙང་གི་སེམས་ཀྱིས་ཉམས་ལེན་བྱེད། མཐར་ཉིན་ཞིག་དེའི་རྒྱུ་མཚན་དངོས་དེ་ངོས་ཟིན་ནས་སེམས་གྲོལ་བར་གྱུར།
མི་ཚེའི་ནང་འགག་རྡོ་ཆེ་ཤོས་དེ་སོ་སོ་རེད། གལ་ཏེ་བདག་འཛིན་གྱི་བློ་བློས་མ་གཏོང་ན། གང་ཟག་དེ་ལ་དོན་དམ་གྱི་བདེ་བ་ཞིག་ཐོབ་དཀའ། ང་ཚོས་སྡུག་ངལ་ཚོར་དགོས་པ་དེའང་ང་ཚོར་ཕམ་ཁ་བྱུང་བས་ཡིན། ཕམ་ཁ་ཟེར་བ་དེ་ནི་བྱ་བ་ཞིག་བདག་ཅེས་པས་བསམ་པ་བཞིན་འཕེལ་རིམ་མ་བརྒྱུད་པ་དེ་རེད། བྱ་བ་དེ་མཇུག་ཏུ་ངའི་བསམ་པ་བཞིན་མ་བྱུང་བར་བརྟེན། ང་ཞེས་པའི་བདག་འཛིན་གྱི་བློ་ལ་སྡུག་ངལ་འབྱུང་གི་ཡོད་པ་རེད།
དེ་འདྲ་ཡིན་དུས་ཝཱང་གིས་བདེ་སྐྱིད་འཚོལ་ཟེར་བ་དེ་ནི་འདས་མ་ད་གསུམ་གྱིས་བདག་འཛིན་གྱི་བློ་དེ་བློས་གཏོང་བྱེད་པའི་གོ་རིམ་དེ་ལ་གོ་དགོས། ཅེས་བཤད།
སཱོའུ་ཧྲིས་蘇軾ཁྲཱི་པིས་སྔོན་མའི་གླེང་བ།前赤壁賦
ཞེས་པའི་ནང་སྐད་ཆ་འདི་འདྲ་ཞིག་ཡོད། ཝེ་ཅང་惟江
གཙང་པོའི་ཁ་ཡི་བསིལ་རླུང་དང་། ལྷུན་པོའི་དབར་གྱི་དཀར་གསལ་ཟླ་བ་གཉིས། རྣ་བས་གོ་ན་སྒྲ་དང་། མིག་གིས་མཐོང་ན་མཚོན་མདོག་ཡིན། ལེན་ན་འགོག་མཁན་མེད་ལ། ལོན་ན་རྫོགས་མཐའ་མེད། དེ་ནི་སྐྲུན་མཁན་དཀོན་མཆོག་གི་ནོར་མཛོད་ཡིན། དེའང་ང་དང་བུ་གཉིས་ཀར་འཚམ་པ་ཡིན། ཞེས་བྲིས། ཚེ་སྲོག་ནང་འགྱུར་ལྡོག་ཆེན་པོ་དང་འཕྲད་དུས་སྡུག་ངལ་སེལ་ཁག་པོ་ཡིན། སུའུ་ཧྲིས་སོ་སོ་བརྗེད་ཐབས་འཛིན་ནས་རང་བྱུང་ཁམས་སུ་ཕྱིར་ལོག་སྟེ་སོ་སོའི་ཚད་ཡོད་ཀྱི་མི་ཚེ་དེ་རང་བྱུང་ཁམས་དང་སྒྲིལ་ནས་མི་ཚེའི་ཡིད་འོང་དང་སྤྲོ་སྣང་ཞིག་ཡོང་བར་བྱས་ཡོད།
དེར་བརྟེན། དོན་དམ་པའི་དགའ་སྤྲོའམ་བདེ་སྐྱིད་དེ་ནི་བདག་འཛིན་གྱི་བློ་བློས་གཏོང་རྒྱུ་དེ་ཡིན། དེ་ནི་དངོས་པོ་ཡོངས་རྫོགས་ཕྱོག་སགཅིག་ཏུ་འདུས་ཤིང་འཛེམས་ཟོན་མི་དགོས་ཤིང་། རང་དབང་གི་སེམས་ཁམས་ཤིག་རེད།
༣༽ འདོད་རྔམ་ཉུང་ན་དགའ་སྤྲོའམ་བདེ་སྐྱིད་ཐོབ་ཐུབ།
ཝཱང་གིས་ང་ཚོས་ཉམས་སུ་ལེན་པ་ནི་ཉིན་རེ་བཞིན་བྱ་བ་ཇེ་ཉུང་ཡོང་རེ་བྱེད་ཀྱི་ཡོད་ཀྱང་ཉིན་རེ་བཞིན་བྱ་བ་ཇེ་མང་འགྲོ་བཞིན་པ་དེ་ཡིན། མིའི་འདོད་རྔམ་ཆུང་ཙག་རེ་ཉུང་དུ་སོང་བ་དེ་ནི་སླར་ཡང་བདེན་དོན་ཞིག་ཕྱིར་རྙེད་པ་ཡིན། དེ་ནི་གང་འདྲ་སྟེར་བཟོ་དོད་ཅིང་ཅི་འདྲ་ལས་སྟབས་བདེ་ཞིག་རེད་ཨང་། ཅེས་བཤད། ག་གེ་མོའི་ནུས་སྟོབས་ཉམས་དམས་སུ་འགྲོ་བ་ལས་འཕེལ་གྱི་མེད་པའི་དོན་དེ་ནི་ཕྱིའི་དངུལ་དངོས་ལ་འདོད་རྔམ་གྱི་མ་རིག་པ་དེ་ཉུང་དུ་སོང་བ་དང་། མིའི་འདོད་ཆགས་ཉུང་དུ་སོང་བའམ་རྩ་མེད་སོང་ན་དེ་ནས་མིའི་རྩ་བའི་ལས་རྒྱུ་འབྲས་ཀྱི་དགེ་སེམས་དེའི་ངོ་བོར་སླར་གནས་པ་ཡིན།
གནའ་བོའི་མཁས་བཙུན་ཚང་མས་ང་ཚོར་འདོད་རྔམ་ཆེན་པོ་ཡོད་པ་དེ་ནི་སྡུག་ངལ་གྱི་འབྱུང་རྩ་ཡིན་པ་དང་། གལ་ཏེ་ང་ཚོས་སོ་སོའི་བདེ་སྐྱིད་དེ་འདོད་རྔམ་གྱི་རྨང་གཞིའི་ཐོག་བཅོལ་ནས་ཡོད་ན་དེ་ནས་བཟུང་ང་ཚོའི་འདོད་རྔམ་དེ་མ་ཐོབ་ན་བདེ་སྐྱིད་དམ་དགའ་སྤྲོའི་སེམས་ཁམས་དེའང་གཅིག་མཚུངས་ཀྱི་ཤུལ་མེད་དུ་འགྲོ་རྒྱུ་རེད་ཅེས་བཤད་མྱོང་།
དེ་བས་མིའི་འདོད་པ་ནི་རྫོགས་མཐའ་མེད་པ་ཡིན། འདོད་པ་གཅིག་ཚིམས་སོང་ན་གཞན་ཞིག་ཕྱིར་མངོན་ཡོང་གི་རེད། དེ་ནས་བཟུང་འདོད་པའི་རྒྱ་མཚོར་ལྷུང་ནས་དུས་ནམ་ཡང་རང་ཚོད་ཟིན་སྐབས་མེད།
སྤྱོད་འཇུག་ནང་ལའང་། ཡིད་ཚིམས་ཤེས་པ་ངོ་ཚ་མིན་ལ། མཚམས་བཞག་ཐུབ་ན་བཟང་ཆོས་ཡིན། ཞེས་བཤད་ཡོད། མི་ཟེར་བ་འདིར་འདོད་རྔམ་ཆེ་མི་རུང་ལ་འདོད་ཆུང་མཆོག་ཤེས་ཐུབ་དགོས་པ་ཡིན།
དེ་སྔོན་ཝཱང་གིས་སློབ་མ་ཚོར་དཔེ་མཚོན་བཀོད་དེ། གནའ་བོའི་དུས་སུ་ཀྲཱང་ལེའང་།張良དཱོང་ཀྲོང་ཧྲུའུ།董仲舒
ཀྲུའུ་གྷི་ལང་།諸葛亮ཧཱན་ཡུའུ།韓愈
གང་ཟག་འདི་དང་དེ་མང་པོར་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོན་ཡོད་ལ། དེ་དག་ནི་མིང་དང་སྙན་གྲགས་ལ་གཙིགས་འཛིན་མི་བྱེད་མཁན་ནམ་འདོད་རྔམ་ཆུང་བ་ཤ་སྟག་རེད། རྒྱུ་མཚན་དེ་འདྲར་བརྟེན་དེ་དག་གིས་སོ་སོའི་བློ་རྩེ་ནི་བྱ་བཞག་ཐོག་འཇོག་ཐུབ་པ་བྱུང་ནས་མཐར་གཞན་ལས་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོན་ཐུབ་པ་བྱུང་ཡོད།
སོ་སོའི་འདོད་རྔམ་ལ་ཚོད་འཛིན་ཤེས་པའི་སྒོ་ནས་སེམས་ནང་གི་རྙོགས་དྲའི་བློ་ཉུང་དུ་གཏོང་ཐུབ་པ་ཁོ་ནས་དོན་དམ་པར་སེམས་ཁམས་ལྷོད་ལ་བབས་ཐུབ་ཅིང་། སོ་སོ་འདོད་ཧམ་གྱི་རྒྱ་མཚོ་ནས་བརྒལ་ཞིང་དེ་ནས་ཐར་ཐུབ་རྗེས་དོན་སྙིང་ལྡན་པའི་བྱ་བ་འདྲ་བསྒྲུབ་ཐུབ་ཀྱི་རེད། དེ་འདྲ་བྱུང་ན་གཞི་ནས་བདེ་སྐྱིད་དམ་དགའ་སྤྲོ་ངོ་མ་དེ་ཐོབ་ཐུབ་ཀྱི་ཡོད་པ་རེད།
མ་རྩོམ་གྱི་འབྲེལ་ཐག
http://www.foyuan.news/post04197121061091?utm_source=how01&utm_medium=bottom_recommend
ཨ་རོ་ཨ་པ་གངས་དཀར་སེམས་བཟེ། ན་ག་ནོག་གེ་འདི་མོ་འདི་བསྒྱུར་རེ་ཉིན་མ་འཕྲོ་བརླག་ལ་གཏོང་རག་གེ རྨོ་མོ་གཡང་ཅན་ལ་གཡབ་འེ་ཐུབ་ཤུ་རེ་བྱོས།