Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྦེལ་ཀོབ་ཆད་ལ་ཉེ་བའི་བོད་བཙན་པོའི་རྣམ་ཤེས་ཀྱི་རྨུ་ཐག་ཕྲ་མོ།

Posted on 2018-03-022018-03-04 By ཁ་བརྡ 11 Comments on སྦེལ་ཀོབ་ཆད་ལ་ཉེ་བའི་བོད་བཙན་པོའི་རྣམ་ཤེས་ཀྱི་རྨུ་ཐག་ཕྲ་མོ།

རྐ་སྲས།

ལོ་གསར་གྱི་ཡོ་ལང་ཁྲོད་ནས་གཞས་སྣ་ཁྲབ་སྟོན་སྟོན་དང་ཞབས་བྲོ་ཚན་ཚོཊ་སོཊ་ཀྱིས་བཙན་བྱོལ་བོད་མིའི་གཞིས་ཆཊ་ཆེ་ཤོས། སྦེ་ལ་ཀོ་པེའི་མཚན་མོ་ནི། འཁྲུག་ཆ་དོད་པའི་གྲོང་ཁྱེར་གྱི་མཚན་ཚོཊ་ཁང་ཞིག་དང་འདྲ་བར། འུར་འུར་ཟིང་ཟིང་དུ་གྱུར་འདུག གཞུང་ལམ་དུ་མི་རྣམས་ཀྱིས་སྦག་སྦག་ཆེ་ཆུང་སྣ་ཚོཊ་ཞོན་ནས། མཚན་ཚོཊ་ར་བའི་ཕྱོཊ་སུ་མདའ་འཕངས་བ་ལྟར་སྤུར་ཀྱིན་མཆིས།

འཛིན་བྱང་ཉོས་ནས་མཚན་ཚོཊ་ར་བར་འཛུལ་ཚེ། ལངས་ཚོས་སྒེག་པའི་མཛེས་མ་དང་། ཤ་རྩ་དཀར་བའི་གཞོན་ནུ་མ། སྐྱེ་གཟུཊ་རིང་ཞིང་གྲུང་ཤ་དོད་པའི་ཕོ་གཞོན། སྐུ་སྟོབས་དར་བའི་དགེ་འདུན་པ་བཅས་ཀྱིས་སྔ་མོ་ནས་རང་རང་གི་འདུག་སྟེཊ་བཟུང་སྟེ། ཁྲབ་སྟོན་འགོ་འཛུཊ་པར་སྒུག་འདུག ཕོ་གཞོན་མོ་གཞོན་འདི་ཚོར་བལྟས་མ་ཐག དུས་རབས་གསར་བའི་བོད་པ་ཟེར་བ་དེ། འདི་འདྲ་ཞིག་ལོས་ཡིན་སྙམ་པར་བྱེད།ཁོང་ཚོ་ནི་གཙང་སྦྲ་དོད་ཅིང་། ཐོན་གསར་གྱི་གོས་གྱོན་མཁན་རྐྱང་རྐྱང་རེད། འོན་ཀྱང་མི་རིང་བར་སྣང་ཚུལ་དེ་ཡང་། ཕྱི་རྫིག་ནང་སྟོང་ཞིག་ཡིན་པའི་རང་མདོག་རྗེན་པར་བསྟན་བྱུང་།

ཅུང་ཙམ་ནས་འདོ་འཛིན་པས་དོ་དགུང་གི་ལྟད་མོའི་འགོ་འཛུཊ་ཆེད། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་རྗེས་གཞས་ཁྲབ་ཀྱི་ཡིན་ཟེར། རྐང་རྩེད་སྤོ་ལོའི་ར་བ་ཆེན་པོ་འདིའི་བརྒྱ་ཆ་བརྒྱད་ཅུ་གང་ཀྲབ་ཡོད་པའི་མི་ཚོཊ་འདིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བླངས་བ་ནི་ཧ་ཅང་སྙོམས་ཤིང་ཟུངས་ཤུཊ་ཟད་པ་ཞིག་རེད། ཕལ་ཆེར་མི་ཚོཊ་འདིའི་བརྒྱ་ཆ་མང་ཤོས་ཀྱིས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་མི་ཤེས་པ་འདྲ་བ།

ད་དུང་དེས་ལས་ཀྱང་ཡིད་ལ་མི་ཤོངས་བ་ནི། ངའི་ཁྲིས་སུ་ཡོད་པའི་ཀུ་ཤུ་ཁ་པར་བཅུ་བ་འཛིན་བའི་དགའ་རོཊ་ཟུང་དེ་རེད། ཁོ་གཉིས་ནི། དེ་རིང་གི་འཛིན་གྲྭར་རྗེས་ལོས་ཐེབས་ནས། དགེ་རྒན་གྱིས་ཡར་ལངས་སུ་བཅུག་སྟེ་ཉེས་ཆད་བཅད་པ་ཅི་བཞིན། རྒྱལ་གླུའི་རིང་ཚིག་གཅིག་ཀྱང་འདོན་རྒྱུ་མེད་པར་ཧྲེང་ངེར་ལངས་འདུག

མི་ཚོཊ་འདིའི་ཁྲོད་ང་རང་ཐེ་བའི་མི་གཅིག་གིས་ཀྱང་། དོ་དགོང་བོད་ཆས་གྱོན་མེད་པར་བལྟས་ན། ཕལ་ཆེར་བོད་ཆས་ནི། ས་འདི་ནས་མི་ཁ་ཤས་ཀྱི་ལྷག་དཀར་སྒྲིག་ཆས་ཡིན་པ་འདྲ། དོ་ནུབ་ཀྱི་མཚན་ཚོཊ་སུ་ཕྱི་རྒྱལ་ནས་མཚར་ལོངས་ཡོང་བཞིན་པའི་བོད་ཀྱི་གླུ་མ་ཆུང་ཆུང་། བརྒྱད་དབྱངས་སྒྲོལ་མ་དང་། བསྟན་འཛིན་ཀུན་གསལ། ད་དུང་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་བཅས་ཀྱིས་གླུ་བླངས་ཤིང་། གར་ཁྲབ་བྱུང་།

བོད་ཀྱི་གླུ་མ་ཆུང་ཆུང་བརྒྱད་དབྱངས་སྒྲོལ་མ་ནི། ད་ལྟ་ཆུང་ཆུང་ཞིག་མ་ཡིན་པར་གཞོན་ནུ་མ་ཞིག་ཏུ་གྱུར་འདུག་མོད། ཁོ་མོའི་<ང་ནི་བོད་པའི་བུ་མོ་ཡིན>་དང་། <ཨ་ཞང་ལཊ>་ཞེས་པའི་གཞས་གཉིས་ཀ་ད་དུང་གསར་བ་ཞིག་དུ་བརྗེ་ཐུབ་མེད་པ་འདིས། བོད་ཡིག་བོད་སྐད་ལ་དུང་བའི་གཞོན་ནུ་མ་འདིའི་སྒྱུ་རྩལ་གྱི་ལམ་བུར་དཔུང་རོཊ་ཅི་ཙམ་མང་བའང་གསལ་པོར་བསྟན་འདུག དེ་བཞིན་དྲ་ཐོག་ན་ཡང་བོད་ཡིག་སྦྱང་བཞིན་པ་མཐོང་རྒྱུ་ཡོད་པའི་བསྟན་འཛིན་ཀུན་གསར་གྱི་གཞས། <སྙིང་སྡུག་ལཊ>་ནི། སྙིང་སྡུག་ལཊ་ནི་ད་དུང་རང་འཇགས་སུ་ལྷག་འདུག མཛངས་མ་བསྟན་འཛིན་གསལ་སྒྲོན་གྱིས་བཤད་ན་ཁོ་མོས་གར་སྟེག་ལས་བོད་གཞས་བཏང་བ་དེ་རིང་ཐོག་མ་ཡིན་གསུངས་ཀི ཚུལ་དེ་ལ་བལྟས་ན་ཁོ་མོས་བོད་གཞས་ཆ་ཚང་ཞིག་ཀྱང་ཨེ་ཤེས་སྙམ་པར་བྱེད།

ལོ་གསར་མཚན་ཚོཊ་ཁག་གི་མདོ་མཛིན་པ་ཚོ་ལ་མཚོན་ན། བོད་སྐད་ལས་དབྱིན་ཧིན་སྐད་གང་རུང་ཞིག་བཤད་པར་བྱང་ཆ་ལྡན་ཞིང་། བོད་སྐད་ཕྲན་བུ་རེ་བཤད་པ་དག་ནི། གཞས་ཁྲབ་ཟེར་བ་ལྟ་བུ་ཡིན། འུ་ཚོ་བོད་པ་འདི་གཞན་སྐད་ལ་འདི་འདྲ་བཟང་ཞིང་བྱང་ཚུལ་ལ་བལྟས་ན། གཞས་ནི་གཏོང་དགོས་པ་ཞིག་ལས་ཁྲབ་རྒྱུ་ཞིག་མིན་བས། འདི་ལྟར་མི་ཤོད་རྒྱུ་ནི་ཅི་ལ་མི་ཤེས་བ་ཡིན་ནམ། མཚམས་འདི་ནས་ངས་རང་ཉིད་ཀྱི་དྲི་བ་དེར་ལེན་རྒྱག་འདོད་བྱུང་། དེ་ནི་ཁོ་ཚོས་བོད་སྐད་ལ་རིན་ཐང་མི་འཇོག་པས་རེད། ད་དུང་བོད་པ་འགའ་ཤས་ཀྱིས་ང་ཚོ་བསྲེ་སྐད་བཤད་ས་ནས་སྐྱེས་བ་ཡིན་པས། མུ་མཐུད་བསྲེ་རྒྱུ་ཡིན་ཟེར་སྐད། ཡང་ངས་ལེན་འདེབས་འདོད་བྱུང་། ཁྱེད་ཀྱིས་རང་མི་རིཊ་ཀྱི་སྐད་ཡིག་གི་རིན་ཐང་ཟེར་བ་ཞིག་མི་ཤེས་ན་འང་གོ་ཨེ་མྱོང་། ཡང་ལ་ལས་བོད་ཡིག་འདི་ལས་སླ་རུ་གཏོང་དགོས་པར་བཤད། དེས་ན་ཁྱེད་ཚོར་ཧིན་སྐད་དང་དབྱིན་ཡིག་སླ་རུ་གཏོང་མི་དགོས་པ་ཅི་རེད། ངས་ངོ་མ་མི་ཤེས་ཀི

གང་ལྟར། མཚན་ཚོཊ་སུ་ཁྱེར་བའི་བདག་གི་སྨྱུ་གུས་གླེང་འདོད་པ་ནི། བྷེལ་ཀོབ་ཀྱིས་མཚོན་པའི་བཙན་བྱོལ་བོད་པ་ཚང་གི་བོད་སྐད་ཀྱི་ལས་དབང་ཡིན་པའི་ཁུལ་ཡིན། གང་ལྟར་བོད་པ་ཚོས་རང་མི་རིཊ་ཀྱི་རིག་པའི་གནས་བཅུ་བོར་རིན་ཐང་ཅི་མེད་པས། མི་རིཊ་གཞན་གྱི་སྐད་ཡིག་ལ་ཤི་འཐམ་རོ་འཐམ་བྱེད་དགོས་པར་འདོད་ན། མུ་མཐུད་གཞན་སྐད་བཀོལ་རོཊ་དང་། དེ་ནི་ལས་སླ་མོ་ཞིག་རེད། སྔ་མོ་ནས་ཉག་ཕྲ་བར་བཏང་ཟིན་པའི་བོད་བཙན་པོའི་རྣམ་ཤེས་ཀྱི་རྨུ་ཐག་ཕྲ་མོ་ནི། ད་ལྟ་ཧ་ཅང་གཅོད་སླ་བར་འདུག་ཞུ་རྒྱུ་ཡིན།

གལ་ཏེ་བོད་ཡིག་བོད་སྐད་འདི་འུ་ཅག་ཡུལ་གྱར་བའི་ངག་ནས་མུ་མཐུད་བརྟན་ན་བསམ་མཁན་རེ་ཡོད་ན། ཤེས་རིག་ལས་ཁུངས་གཙོ་བྱས་པའི་འགན་འཁྲི་ཡོད་པའི་བོད་མི་རྣམས་ཀྱིས་སློབ་གྲྭ་ན་བོད་ཡིག་འཛིན་གྲྭ་ཞིག་ཡོད་པ་ཙམ་གྱིས་འཐུས་པར་མི་བྱ་བར། མང་ཚོཊ་ལ་ཤུགས་རྐྱེན་སྟེར་ཐུབ་པའི་ལས་འགུལ་རེ་རྩོམ་དགོས་པས་མ་ཚད་ཕྱིས་དྲཊ་འདུག ད་ནས་བརྩིས་བའི་ལོ་སུམ་ཅུའི་རྗེས་སུ་ཡུལ་གྱར་བོད་པ་ཚང་གི་གཞོན་སྐྱེས་ཚོས་བོད་སྐད་གོ་བ་ཙམ་ལས་བཤད་མི་ཤེས་ཤིང་། རྒན་པ་རྣམས་བཞུར་ཚར་བའི་རྗེས་སུ་བོད་སྐད་བོད་ཡིག་ཀྱང་། འགྲོ་རྒྱུ་ཡིན་པ་དེ་རིང་ངས་རྗེས་དཔག་ལ་བརྟེན་ནས་ལུང་བསྟན་པ་ཡིན།

ཡང་གཅིག་བཤད་ན་ད་ལོ་བོད་ནང་ནས་འདིར་ཁྱབ་ཡོང་བའི་<འཕུར>་ལྟ་བུའི་བོད་གཞས་དེ། ཀུན་གྱི་ངག་ན་འཕུར་ཚུལ་ལ་བལྟས་ན། མང་ཚོཊ་ལ་ཤུགས་རྐྱེན་སྟེར་ཐུབ་པའི་ལས་རིཊ་ནི། འདི་ལྟ་བུའི་སྒྱུ་རྩལ་གྱི་ལམ་བུར་བརྟེན་དགོས་པ་ལྟ་བུར་སྣང་བས། རང་སྐད་ཁྲོད་སྒྱུ་རྩལ་གྱི་ཐེན་པ་ཡོང་བའི་བཙན་བྱོལ་ཚང་གིས་ཀྱང་། ཤུཊ་འདྲ་ཞིག་རྒྱག་འདོད་ཡོད་ཕྱིན། མང་ཚོགས་ལ་གོ་རྟོཊ་སྤེལ་བ་དང་། མང་ཚོཊ་ཁྲོད་རང་སྐད་ཡིག་གི་ལམ་ནས་སྒྱུ་རྩལ་ཁྱབ་སྤེལ་དང་། སྒྱུ་རྩལ་ནང་འདྲེན་སོཊ་བྱེད་དགོས་པར་སྙམ།

སྒྱུ་རྩལ་ནང་འདྲེན་ཟེར་བ་ཡང་། འཛམ་གླིང་གི་གྲཊ་ཅན་གློག་བརྙན་ཁག་བོད་སྒྱུར་བྱེད་པ་ལྟ་བུར་ཟེར་གྱི་ཡོད། དེ་ཡང་གློག་བརྙན་གཅིག་པུ་ཙམ་མ་ཡིན་པར། འཛམ་གླིང་གི་མིང་དུ་གྲཊ་པའི་ཁྲབ་སྟོན་པ་ཚོར་བཅར་འདྲི་བྱས་ཡོད་པ་ཁག་ཀྱང་། བོད་སྐད་དུ་སྐད་སྦྱོར་བྱས་ན། གཞོན་སྐྱེས་ཚོར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་མོད། བོད་སྐད་བཤད་ན་ཤི་བསྡད་ཡོད་པའི་ཡུལ་གྱར་ཚང་གིས་མི་འཇོན་ན་འང་ཐང་། དེ་ཡང་བོད་སྐད་དང་། སྐད་རིཊ་གཞན་ལ་བྱང་ཆུབ་པའི་གཞོན་སྐྱེས་ཀྱང་ཅུང་ཙམ་ཡོད་པས། ཁྱེད་སྐུ་ངོ་ཚོས་རང་ཕྱོཊ་ཁོ་ན་ཡར་འཐེན་པའི་གཤིས་ཀ་དེ་ཅུང་ཞོཊ་ལ། ནུས་པ་ཡོད་པའི་མི་ཚོར་ལས་ཀ་རེ་བསྒྲུབ་དུ་བཅུག་རོཊ་དང་། བོད་པ་ཚང་ལ་དེས་ཕན་པ་ཡིན།

བསམ་ཚུལ།

Post navigation

Previous Post: ལྷ་སའི་ཇོ་བོའི་སྐུ་རྒྱུ་གང་ལས་གྲུབ་བམ།
Next Post: ཞི་ཅིང་ཕིང་ལགས། མཇེ་ཤུབ་ཆེ་རུ་གཏོང་རོགས། ཨ་ཧྥི་རི་ཀའི་ཛིམ་སྦབ་ཝེ་ཡི་འཕྲོད་བསྟེན་བློན་ཆེན་གྱི་རེ་འདུན།

Comments (11) on “སྦེལ་ཀོབ་ཆད་ལ་ཉེ་བའི་བོད་བཙན་པོའི་རྣམ་ཤེས་ཀྱི་རྨུ་ཐག་ཕྲ་མོ།”

  1. གངས་གཡག says:
    2018-03-02 at 10:38 am

    རང་སྐད་ལ་ཤ་ཚ་ཁུལ་རེད་ཀྱང་། ཀློག་དུས་དཀའ་ལས་འདུག་ག ཅིག་འབྲི་བསམ་ནས་སྤེལ་འདོད་ན་གཞན་ལ་མ་འཕྱས་གོང་ནས་སྨྱུག་ཁ་བསྐོར་དུས་གཟབ་ཙམ་བྱས་ན་ཡག་ག་མེད་འགྲོ

  2. ཁྲི་སྲོང་བཙན། says:
    2018-03-03 at 12:01 am

    བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བླངས་བ་ནི་ཧ་ཅང་སྙོམས་ཤིང་ཟུངས་ཤུཊ་ཟད་པ་ཞིག་རེད། ཕལ་ཆེར་མི་ཚོཊ་འདིའི་བརྒྱ་ཆ་མང་ཤོས་ཀྱིས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་མི་ཤེས་པ་འདྲ་བ།

  3. དཔལ་ལྡན། says:
    2018-03-03 at 5:43 am

    ཞབས་བྲོ་མཚན་ཚོགས་ཟེར་ན་གོ་དཀའ་བར་སྣང་། ཞབས་བྲོ་རང་མཚན་མོར་ཚོགས་པ་ལྟ་བུ་གོ་ཉེན་ཆེ། དེ་ལས་མཚན་ཚོགས་ཞབས་བྲོ་དང་། གླུ་གཞས་ཟེར་ན་མི་རིགས་ཀྱི་སྐད་གཤིས་དང་ཆེས་མཐུན་སྙམ། བརྗོད་བྱ་བདམས་པ་དང་། སེམས་ཤུགས་ཡོད་པ་གསལ་ཡང་། འབྲི་སྟངས་ལ་བལྟས་ནས་སྐད་ཆ་ཞིག་བཤད་ན་བོད་མི་རིགས་ཀྱི་སྐད་གཤིས་དང་མི་མཐུན་དང་། བརྡ་སྤྲོད་ཀྱི་ཁྲིམས་དང་མི་མཐུན་པར་བྱུང་རྒྱལ་དུ་བྲིས་པ་མང་ཙམ་སྣང་།

  4. དམར་ཁ་ཚ། says:
    2018-03-03 at 9:02 pm

    འདི་ཕྱི་རྫིག་ནང་སྟོང་ཞིག་མིན་པར་ཧ་ཅང་དགའ་ཡོད། གངས་གཡག་མིང་ཅན་འདྲ་པོ་འདི་ཚོས་སྔར་དོན་སྙིང་ཡོད་པའི་སྤྱི་ཚོཊ་དཔྱད་བརྗོད་བྲིས་པ་ནི། འཇིག་རྟེན་ན་མཐོང་རྒྱུ་མི་འདུག་ལ་ཕྱིས་ཀྱང་མཐོང་དཀའོ། ཧཧཧཧ

  5. ལ་དྭགས་འཇམ་དཔལ།། says:
    2018-03-04 at 6:36 am

    རིཊ་དང་།་ཕྱོཊ།་རོཊ་སོགས་ཀྱིས། རྗེས་འཇུག ག་དང་། ཡང་འཇུག་མེད་པས། བོད་པ་བུ་ཆུང་དང་། ཕྱི་ལོགས་པ་བོད་ཀློག་ཡིག་ཀློག་མཁན་ལ་གྱོང་ཆེན་པོ་ཕོག

  6. བན་དེ་བ། says:
    2018-03-04 at 8:15 am

    མ་གཞི་ནས་ཐོག་མར་གནས་ཚུལ་གྱི་་་་་མིང་བྱང་་་་རང་གི་སྟེང་ལ་་་་རྨི་ཐག་ཕྲ་མོ་ཟེར་ན་ག་རེའི་དོན་ཡིན་ནམ། དེ་འདྲའི་ཚིག་ཅིག་གོ་མྱོང་མེད་འོན་ཀྱང་ངས་མ་གོ་བ་ཙམ་གྱིས་མེད་པས་ཁྱབ་པ་ཁས་བླངས་མེད།

  7. རྐ་སྲས says:
    2018-03-04 at 12:21 pm

    གངས་གཡག་ལགས་ཀློག་དུས་དཀའ་ན་འབྲུ་ཀློག་བྱོས།

  8. རྐ་སྲས says:
    2018-03-04 at 12:25 pm

    དཔལ་ལྡན་ལཊ། གླུ་གཞས་དང་ཞབས་བྲོ་ནི་གཏན་ནས་་མི་འདྲ་བས་དེ་གཉིས་བརྗེ་ཅི་ལྟས་གླུ་གཞས་ཞེས་ན་འཚམ་མམ།

  9. རྐ་སྲས says:
    2018-03-04 at 12:32 pm

    བེན་དེ་བ་ལཊ། ཁྱེད་ལཐུཊ་ཁག་མི་འདུག རྨི་ཐག་གཏཊ་ནོར་རེད། རྨུ་ཐག་ནི། དག་ཡིག་གསར་སྒྲིཊ་སུ་སྔར་གྱི་བཤད་སྲོལ་ལ་བོད་རྗེ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་རབས་བདུན་པ་བར་གྲོངས་སྐབས་ལག་པས་འཇུས་ཏེ་ནམ་མཁར་འགྲོ་སའི་དཔྱང་ཐག་ལྟ་བུ་ཞིགདེའི་རྗེས་སུ་ཕུང་པོ་བྱ་ལ་འགྲེམས་སྲོལ་བྱུང་ཞེས་གྲགས

  10. འཚུབ་མ་རྒོད་པོ། says:
    2018-03-04 at 10:18 pm

    ཡིག་སྐྱོན་ཡོད་ནའང་བོད་ཡིག་བེད་སྤྱོད་བཏང་བ་དེ་ག་རང་བསྟོད་པར་འོས།

  11. བན་དེ་བ། says:
    2018-03-05 at 1:41 am

    རྐ་སྲས་ལགས་ལན་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་བ་ཡིན། ནར་བ་ནོར་བ། རྒྱལ་པོའི་བུ་ལ་ཡོད། མཛར་བ་མཛེར་བ། ཤིང་ཙན་དན་སྡོང་པོར་ཡོད། ཟེར་བ་ལྟར་ངོས་ལེན་ཡོད། གནས་ཚུལ་བྲིས་པ་ཙམ་གྱིས་བཀའ་དྲིན་ཆེ། དེ་མིན་དེང་སང་ཁ་བརྡ་ལས་སོགས་བོད་ཡིག་གི་དྲ་བ་ཁག་ནི་གཉིད་ཁུགས་ནས་འཇམ་ཐིང་ངེ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (66)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (54)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (36)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme