བྱམས་པ་ཕུན་ཚོགས་༼བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་༽དང་། ཟླ་བ་བཀྲ་ཤིས༼མངའ་རིས་ས་ཁུལ་གྱི་མགོ་གཙོ༽། སྟོང་དགའ་༼བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་འཐུས་མི༽བཅས་ཀྱིས་སྣེ་ཁྲིད་པའི་མི་གྲངས་བཅུ་ལས་གྲུབ་པའི་བོད་རང་སྐྱོངས་ལྗོངས་ཟེར་པའི་མཐོ་རིམས་སྐུ་ཚབ་ཚོགས་པ་ཞིག དེ་རིང་ཕྱི་ཚེས་༡༤ ཉིན་ཡུ་རོབ་གྲོས་ཚོགས་ནང་སླེབས་འདུག་པའི་གོ་སྐབས་དང་བསྟུན། འདི་ག་སྦེལ་ལྗམ་བོད་རིགས་ཚོགས་པས་ཆོག་མཆན་དང་གོ་སྒྲིག་ཞུས་ཏེ། རྒྱ་གཞུང་གིས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱེད་བཞིན་པར་ངོ་རྒོལ་དང་འབྲེལ། བོད་རིགས་དེ་དག་རྒྱ་གཞུང་གིས་བེད་སྤྱོད་འོག་ཚུད་དེ་བྱ་དཀའ་བྱེད་གཏད་ཆགས་པ་ཞིག་ལས། བོད་མི་རིགས་ལ་ཤ་ཞེན་རྩ་ནས་མེད་མཁན་ཞིག་མིན་པའི་རེ་བ་བྱས་ཏེ། ཁོང་ཚོ་བརྒྱུད་རྒྱ་གཞུང་ལ་བོད་ནང་གི་ཞི་བའི་མི་མང་ཐོག་དྲག་ཤུགས་བེད་སྦྱོད་གཏོང་བཞིན་པ་མཚམས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་ནང་རྒྱལ་སྤྱིའི་རྟོགས་ཞིབ་པ་དང་གསར་འགོད་པ་བསྐྱོད་འཇུག་དགོས་པ། བོད་ཀྱི་གནད་དོན་ཐག་གཅོད་ཡོང་སླད་༧ གོང་ས་༧ ཏ་ལའི་བླ་མའི་སྐུ་ཚབ་དང་གྲོས་མོལ་འཕྲལ་དུ་མགོ་འཛུགས་དགོས་རྒྱུའི་འབོད་སྐུལ་ཞུ་ཆེད། ཡུ་རོབ་གྲོས་ཚོགས་ཀྱི་མདུན་དུ་སྐད་འབོད་ཞིག་གོ་སྒྲིགས་ཞུས་པར། བོད་རིགས་དང་བོད་དོན་རྒྱབ་སྐྱོར་པ་བཅས་མི་གྲངས་བརྒྱ་ཙམ་མཉམ་ཞུགས་གནང་སྟེ་ལས་འགུལ་ལམ་ལྷོངས་གང་ལེགས་བྱུང་སོང་པའི་གནས་ཚུལ་དུ།
སྦེལ་ལྗམ་བོད་རིགས་ཚོགས་པས།
ཕྱི་ལོ་༢༠༠༡༢ ཟླ་ ༥པའི་ཚེས ༡༤ཉིན།
བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་དེ་དག་གིས་རྒྱ་གཞུང་གི་ཚབ་བྱས་ནས་ཁྱོག་བཤད་དྲིལ་སྒྲོག་བྱེད་བཞིན་ཡོད་ན། ཁོང་ཚོར་བྱ་དཀའ་བྱེད་སྟབས་ཆགས་པ་ཟེར་པའི་ཆོ་མེད་པའི་སྐད་ཆ་དེ་འདྲའི་ངོ་ཅིག་རྫོགས། རང་སྐྱོང་ལྗོངས་གི་འཐུས་མི་དེ་ཚོས་ཕ་ཤ་ཟས་ནས་མ་རོ་བཙོང་ན་ཡང་བྱ་དཀའ་བྱེད་སྟབས་མ་འགྲིག་པ་ཨེ་རེད། ལུས་མགོ་ཡོད་ནང་གི་སྐད་ཆ་ཀླད་མེད་རང་རེད།
འུག་པ་འགྲོ་རྒྱུགས་དལ་ན་ལེགས། །
བླུན་པོ་སྨྲ་བ་ཉུང་ན་མཛེས། །
ངའི་གོ་ཐོས་ལ། བྱམས་པ་ཕུན་ཚོགས་གོ་གནས་ནས་མར་ཕབ་ཡ་དེ་་་སེ་འབྲས་དགའ་གསུམ་གྱི་མཚོན་དགོན་སྡེ་མང་རྒྱ་གཞུང་སྲིད་ཇུས་ལས་ཡོལ་ཐབས་སྣ་ཚོགས་བྱས་པས་རྐྱེན་གྱིས་རེད་ཟེར་ནས་སྔ་ལོ་དུས་དབང་སྐབས་ལྷ་ས་བ་ཚོས་བཤད་ཀྱི་འདུག།
དེ་འདྲ་ཡིན་སྲིད་པ་ཞིག་རེད། དེང་སང་བོད་རིགས་རྒྱ་གཞུང་གི་ལས་བྱེད་ཚོར་བྱེད་ཐབས་ཁག་པོ་ཆགས་ཡོད་པ་རེད།
ལས་གནས་ནས་གནས་དབྱུང་གཏོང་བ་ལས། ལས་གནས་རང་ཅག་སྡོད་ཐབས་བྱས་ནས་རང་རིགས་ཀྱི་དོན་བསྒྲུབ་ན་ཕན་ཐོག་ཆེ་བ་ཡོད་པ་རེད།
སྦེལ་འཇམ་བོད་རིགས་ཚོགས་པས་ངོ་བརྒོལ་བྱེད་ས་སུ་རེད། ངོ་བརྒོལ་བྱེད་རྒྱུ་ཚབ་ཏུ་ཁོ་ཚོ་ཐུག་ཐབས་ཤིག་བྱ་རྒྱུ་མེད་ན། དེ་མིན་བོད་པས་བོད་པ་ལ་ངོ་བརྒོལ་བྱེད་པ་ནི་སྔར་བལ་ཡུལ་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལ་་་་་་་་། དེ་བས་ཁོ་ཚོ་ལ་བོད་རིགས་ཚོགས་པས་ངོས་ནས་སྣེ་ལེན་དང་རྒྱ་གཞུང་གི་ལབ་པ་ལྟར་འགྲེལ་བརྗོད་ངན་པའི་རིགས་མི་བྱེད་པའི་འབོད་བསྐུལ་དང་། བོད་རིགས་གཅིག་པའི་ཤ་ཚ་ཞེན་བསྐུལ་འདྲ་བྱས་ལ་མི་ལེགས་སམ།
གསུམ་པས་བཤད་པ་དེ་བདེན།
ཐུག་ཐུབ་ནི་མ་རེད། ཐུག་ནའང་རྗེས་སུ་ཁོ་ཚོས་ཅིག་ལབ་སོང་མིག་ལབ་སོང་། མེས་རྒྱལ་ལ་ཕྱིར་ལོག་འདོད་ཡོད་ཀི མང་པོ་ཞིག་བཤད་ནི་རེད་ཀོ
ཚོགས་གཙོ་ཙ་ཡུས་སྐལ་བཟང་མཆོག་གིས་དང་ཐོག་གསར་འགྱུར་འདི་ངས་གཏོང་དགོས་བའི་འགན་སྤྲད་མོད་ལས་བྲེལ་དབང་གིས་གཏོང་ཐུབ་མ་སོང་། ད་ལྟ་གསར་འགྱུར་འདི་ཀློག་དུས་ཅུང་ཙམ་ཁ་ཆད་སྣ་རལ་ཆ་མི་ཚང་བ་ཞིག་རེད་འདུག འདི་ནས་ལྷན་པ་ཞིག་རྒྱག་འདོད་བྱུང་། བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པ་འདི་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བསམ་ཚུལ་བརྗེ་རེས་ཆེད་མགྲོན་འབོད་གནང་བ་རེད་འདུག་ལ། བྱམས་པ་ཕུན་ཚོགས་གཙོས་བོད་མི་བཞི་དང་རྒྱ་མི་དྲུག་ཙམ་འདུག བོད་མི་དག་ནི་ང་ཚོ་དང་འདྲ་བར་ཉེས་མེད་མི་སེར་རྒྱ་གཞུང་གིས་བེད་སྤྱོད་གཏོང་བ་ལས་བོད་ཞེན་མེད་པ་མིན་པའི་རེ་བ་ཡོད་ཟེར་འདུག སྤར་སིལ་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་བོད་མི་སྐུ་ཚབ་དེ་དག་ལ་དགོང་དྲོའི་གསོལ་ཚིགས་ཞིག་འབུལ་རྒྱུའི་མགྲོན་འབོད་གནང་ཡོད་ལ་ཁོང་ཚོས་དང་ལེན་གནང་བའི་རེ་བ་ཡོད་ཟེར། ངོ་རྒོལ་བྱེད་ས་ནི་རྒྱ་གཞུང་གིས་བོདཀྱི་དངོས་ཡོད་གནས་སྟངས་ཕྱི་ལོགས་སུ་འཁྱོག་བརྗོད་བྱེད་པར་ང་ཚོས་བདེན་པ་མིན་པའི་ལན་འདེབས་ཆེད་ངོ་རྒོལ་སྐད་འབོད་བྱས་པ་རེད། སྔོན་ཆད་འཇར་མན་ན་ཙེ་ཡི་དྲིལ་བསྒྲགས་བློན་ཆེན་གྱིས་འཁྱོག་བརྗོད་ལན་སྟོང་ལ་བྱས་ན་བདེན་པ་ཆགས་འགྲོ་ངེས་བ་རེད་ཅེས་བརྗོད་ཡོད། བྱམས་པ་ཕུན་ཚོགས་ཀྱི་གོ་གནས་འགྱུར་བ་ཕྱིན་ལ་ཁོང་གི་ཚབ་ལ་པད་མ་འཕྲིན་ལས་བསྡད་ཡོད། ཡིན་ནའང་ལྷ་ས་བ་ཚོའི་བཤད་པ་བཞིན་མ་རེད། བྱམས་པ་ཕུན་ཚོགས་ཀྱིས་དགོན་སྡེ་ཁག་ལ་རྒྱ་ནག་འགོ་ཁྲིད་ཚོའི་པར་བཤམས་པར་རྒྱབ་སྐྱོར་དང་རང་སྐྱོང་ལྗོངས་ནང་དོན་རྐྱེན་ཆེ་མ་ཆུང་གསུམ་ཅི་ཡང་མི་འབྱུང་བའི་དམ་དྲག་ནན་མོ་དགོས་བའི་སྐད་ཆ་ཞིག་དྲ་འབྲེལ་འདི་ན་གསལ་http://news.ifeng.com/mainland/detail_2012_03/28/13497187_0.shtml གོ་གནས་མར་ཕབ་པ་ཡིན་ན་འདི་ལྟར་ཕྱི་ལོགས་སུ་འཁྱོག་བརྗོད་ལ་ཕེབས་ཐུབ་ཀི་མ་རེད། རྨ་ཆུ་ནང་མཆོངས་སྟེ་ལན་དགུ་བཀྲུས་ནའང་རྒྱུགས་ཁྱིའི་དྲི་མ་བདག་མི་སྲིད་པ་ཁོང་དང་མི་ཁ་ཤས་ཤིག་ཡོད་པ་རེད།
དེང་སང་རྒྱ་ནག་གིས་འཁྲབ་ཚན་མ་འདྲ་མང་པོ་ཞིག་འཁྲབ་ཡོང་སྟངས་ལ་བལྟས་ན་ཆབ་སྲིད་ཐད་འཕོ་འགྱུར་ཞིག་འགྲོ་བའི་སྔ་ལྟས་མིན་ནམ་སྙམ།
གནད་དོན་གང་གིས་དོན་ཁོང་རྣམས་པ་ས་གནས་སུ་སྦྱོར་ངོས་རྣམས་ནས་ཤེས་དགོས་ཡག་ནི་ཤིན་གནད་ཆེ་ལ། གནད་དོན་ངོ་མ་བཕྲོང་པར་སྐད་རྒྱབ་ན་རྒྱའི་ལག་ཆ་ཡིན།
རྒྱུག་ཁྱི་དེ་ཚོ་རུས་པ་བལྡག་པ་ལས་ཀྱང་རྒྱ་ནག་གི་དཔོན་རིགས་ཚོའི་རྐུབ་བལྡག་པ་ལ་མཁས། ད་ཡིན་ན་རྒྱུག་ཁྱི་ཚོའི་ཚེ་ཚད་རྫོགས་ཏུ་འཇུག་དགོས་ཚོད་འདུག ཁོང་ཚོར་སེམས་ནང་ནས་བོད་ལ་ལར་ཞེན་ཡོད་མེད་ང་ལ་དོགས་པ་ཡོད།
ཡ་ཡ་ ཡང་རྒྱུགས་ཁྱི་དེ་ཚོར་སླེབས་འདུག་ ཁ་ཚོ་བོད་ཀྱི་ཁ་དཔེ་ཞིག་ལ་ ཕྱི་འའཇམ་ནང་རྩུབ་གྲོད་པའི་སྤུ་ ཟེར་པ་ནང་བཞིན་ མེ་མདའི་ཁ་ནང་དུ་སྐོར་འདུག་ཀ ངོ་མ་གོང་གི་མིང་ཅན་གསུམ་ཐེ་བའི་མྱི་ངན་དེ་ཚོར་ཉམས་མྱོང་ཞིག་རག་དགོས་ས་རེད། མི་ངན་བྱམས་པ་ཕུན་ཚོགས་ཀྱིས་ད་ཚོད་བྱས་ན་བཟང་གི་མ་གཏོགས་ཉི་མ་ཞིག་ལ་རག་ཡོང་།
སཀབས་འདི་འདྲ་ལ་རིགས་པ་སྤྱོད་ནས་མ་འདྲ་བ་ཞིག་ཐོག་ནས་་མི་འདི་དགས་ལ་ཡང་རང་དབངས་མེད་ཚུལ་བཤོད་དགོས་གལ་ཆེ་་
ང་ལྷ་སར་ཡོད་ན་ བྱམས་པ་ཕུན་ཚོགས་ལ་སྐྱག་པའི་ཟ་མ་ཞིག་སྤྲད་ས་རེད། ཏཱ་ལའི་རུ་ཚོགས་ཀྱིས་ཁོ་ལ་ཅི་བྱས་བ་རེད། དངོས་ནས་མི་དེ་ཚོའི་གདོང་པར་ལྕགས་ཤུབ་དགུ་བརྩེགས་ཤིག་གྱོན་ཡོད་ས་རེད། ད་ཤི་རན་འགྲོ་འདུག་ར་ད་དུང་མ་ཎི་མ་བཏོན་ན། སང་ཉིན་ཤི་རན་དུས་བཀའ་འགྱུར་འགྲོ་ས་ཟི་ཡོད་ནི་རེ་ན།