གསར་འགྱུར་ཁོ་གཏོང་བ་སྦེལ་ལྗམ་བོད་རིགས་ཚོགས་པ་རྒྱུན་ལས་བྱམས་པ་ནས།
དེ་རིང་ཕྱི་ཟླ་༣པའི་ཚེས་༡༠ བོད་རང་དབང་སྒེར་ལང་བྱས་ནས་མི་ལོ་ལྔ་བཅུ་ང་གསུམ་འཁོར་པའི་དུས་དྲན་སྲུང་བརྩིའི་ཆེད། འདི་ག་སྦེལ་ལྗམ་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག ཡུ་རོབ་བོད་རྒྱ་མཛའ་འབྲེལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། སྦེལ་ལྗམ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཉིས་བཅས་ནས་མཉམ་རུབ་ཐོག་གོ་སྒྲིག་ཞུས་དེ། ཡུ་རོབ་ཀྱི་རྒྱལ་ས་བྷུརུ་སེལས་ནང་ངོ་རྒོལ་སྐད་འབོད་གཞི་རྒྱ་ཆེ་པ་ཞིག་གོ་སྒྲིག་ཞུས་པ་ཤིང། སྐབས་དེར་ས་ཁུལ་འདིར་གནས་སྡོད་བོད་རིགས་མི་མང་དང་། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་པ་བཅས་ཁྱོན་བསྡོམས་མི་གྲངས་བརྒྱད་བརྒྱ་ལྷག་ཅིག་འདུ་འཛོམས་བྱུང་པ་མ་ཟད། ཉིན་འདིར་ཕྱི་སྡོད་རྒྱ་རིགས་ཀྱི་ཚོགས་ཁག་གི་སྐུ་ཚབ་མི་གྲངས་བཅུ་གཉིས་ཉམས་ཞུགས་གནང་བྱུང་པའི་གནས་ཚུལ་དུ།
སྤེལ་ཇམ་བོད་རིགས་སྤུན་ཟླ་རྣམས་པར་ཐུགས་རྗེ་ཆེ་ ཤིན་ཏུ་ནས་ལེགས་ མགོ་ཞ་མགོ་ཕུད་ནས་གུས་བཏུད་ཞུ་ ཡིད་དགའ་བའི་མེ་ཏོག་ཁྱེད་ཚོར་འབུལ་།
རུ་འཛོམས་པའི་རྒྱལ་དར྄ཁྲོད་ན་མདོག་མི་གཅིག་པའི་ལི་ཁྲིའི་མཚོན་ཅན་གྱི་དར་དམར་དེ་ག་རེ་རེད།
མི་ཤེས་ན། འོ་མའི་རྒྱ་མཚོར་ཁྲག་གི་ཐིགས་པ་ཟེར་པ་དེ་ཧ་གོ་དགོས།