ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
རང་གཞན་དོན་གཉིས་སྒྲུབ་པ་མཐར་ཕྱིན་ནས།།
འདི་ཕྱི་བར་དོར་ཕན་པའི་ལྷ་ཆོས་རྣམས།།
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྩོལ།།
ཤ་ཁྲག་རུས་པ་དཀར་པོའི་གདུང་རྒྱུད་གཅིག།
འཁོར་འདས་བརྩེ་དུང་དཀར་པོའི་ཤ་ཞེན་གཉིས།།
ཕྱི་ནང་གསང་གསུམ་དཀར་པོའི་སྤུན་ཟླ་གསུམ།།
ལྷག་བསམ་པདྨ་དཀར་པོའི་མཆོད་སྤྲིན་སྤྲོ།།
མེས་པོའི་རུས་མཛོད་མངའ་བའི་སྦྲ་ཆེན་ཚང་།།
བོད་ཁམས་ཁྲིམས་ཐར་རྒོད་པོའི་གཏམ་རྒྱུད་ཕྲེང་།།
དྲང་བདེན་རིན་ཆེན་དཀར་པོའི་རྣམ་ཐར་རྒྱུན།།
གངས་ཅན་ནོར་འཛིན་མཛེས་པར་སླར་ཡང་གླེང་།།
སྦྲ་ཆེན་མེས་པོའི་བདེན་པ་རིན་པོ་ཆེ།།
སྦྲ་ཆེན་བྱམས་བརྩེའི་ལྷག་བསམ་རིན་པོ་ཆེ།།
སྦྲ་ཆེན་མཁྱེན་རབ་མཐུ་སྟོབས་རིན་པོ་ཆེ།།
སྦྲ་ཆེན་ཚོགས་པས་དར་རྒྱས་གཏོང་བར་མཛོད།།
སྦྲ་རིགས་དུང་བའི་སྤུན་སྲིང་མཐུན་ལམ་གཅིག།
སྦྲ་ཆེན་དགོན་སྡེའི་སྐྱིད་སྡུག་མཉམ་འབྲེལ་གཉིས།།
སྦྲ་ཆེན་དམ་པའི་ཆོས་ལ་བརྩོན་པ་གསུམ།།
སྦྲ་ཆེན་ཕ་མེས་བཞག་པའི་ཕྱག་རྗེས་ལགས།།
ཆོས་ཚན་རིག་པའི་རྣམ་དཔྱོད་ཡངས་པ་དང་།།
ཐོག་མཐའ་བར་དགེའི་སྤྱོད་ལམ་བཟང་པོ་ཡིས།།
མི་ཚེ་སྙིང་པོ་ཡོད་པའི་བྱ་བཞག་རྣམས།།
ཉིན་མཚན་ཀུན་ཏུ་ཀུན་གྱིས་འབད་པར་འཚལ།།
ལུས་ཀྱི་འཕྲོད་བརྟེན་ཕྱག་བསྐོར་ལུས་སྦྱོང་དང་།།
ངག་གིས་ཁ་ཏོན་བཟླས་བརྗོད་བདེན་གཏམ་སྨྲ།།
ཡིད་ཀྱི་དགེ་སེམས་གོམས་པའི་ཉམས་ལེན་རྣམས།།
རང་ནུས་གང་ཡོད་བརྩོན་འགྲུས་ལྡན་པར་མཛོད།།
སྦྲ་ཆེན་རུས་པ་དཀར་པོ་དུང་ལས་གྲུབ།
སྦྲ་ཆེན་ཁ་གཏམ་དཀར་པོ་བདེན་པར་སྨྲ།།
སྦྲ་ཆེན་ལྷག་བསམ་དཀར་པོ་གཞན་ཕན་ཅན།།
སྦྲ་ཆེན་རིགས་སུ་གཏོགས་པར་དེ་ལྟར་ལགས།།
མི་མི་ཚེའི་ཉི་མ་རྨི་ལམ་ལྟ་བུ་ལ།།
གཉེན་བཤེས་ལྷན་འཛོམས་ཚོང་འདུས་ལྟ་བུ་ལ།།
འཁོར་འདས་དོན་སྙིང་ཡོད་པའི་ལྷ་ཆོས་ཀྱིས།།
བདེ་འགྲོ་ཐར་བ་ཐོབ་པའི་དགེ་བར་འབོད།།
རང་གིས་སྒྲུབ་ཅིང་གཉེན་ལ་གདམས་པ་འདི།།
ངོ་སྲུང་ཚུལ་འཆོས་བརྒྱ་ཡིས་དོ་ཟླ་དབེན།།
ཤར་ནུབ་རྒྱ་མཚོས་བརྒལ་བའི་དབྱིན་ཡུལ་ནས།།
སྦྲ་ཆེན་དཔལ་དགྱེས་རྡོ་རྗེས་ཤར་མར་སྤྲིངས།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་གྲོ་བཞིན་ཟླ་བའི་གཟའ་ཚེས་དགེ་བར་སྤུན་གྲོགས་ཐུབ་བསྟན་ཀུན་གྲོལ་གྱིས་འབོད་སྐུལ་དང་སྦྲ་ཆེན་ཚོགས་པར་འཕྲིན་ཕྲན་གྱི་ཕུ་ནུ་སྤུན་སྲིང་གཉེན་ཉེ་ཡོངས་ལ་རྒྱལ་ཁམས་པ་མཁན་ཆེན་བླ་མ་འམ་རིག་འཛིན་བརྒྱུད་པའི་གདུང་སྲས་ཤྲྰིཿཨེ་མ་ཧོས་གདམས་པར་དགེའོ།། །། {{རུས་པ་དཀར་པོ། ལྷག་བསམ་དཀར་པོ། ཁ་ཏ་དཀར་པོ་}}གསུམ་ཡིན་ནོ།
དབུ་སྐྲ་བཞག་ནས་དགེ་བསྙེན་རྡོ་རྗེ་འཛིན་པ་ཡིན་ན། ཆོས་གོས་མ་མནབས་ན་ལེགས། ར་མ་ལུག་གི་ཆུ་ལུགས་འདི་ལྟར་གནང་ནས་རང་ལ་མཁན་ཆེན་ཟེར་ལུགས་ལ་རང་ངོ་མི་ཚའམ། གཞན་རྒོད་མི་བྲོའམ། མངའ་པཎ་གྱིས། རབ་བྱུང་རྟགས་དང་ཆོ་ག་མ་གཏོགས་པ། །ལྷག་རྣམས་ཉམས་སུ་ལེན་པར་དཔུང་བཟང་བཤད། །ཅེས་གསུངས་པའི་ཕྱིར་རོ།།
ཆ་ལུགས་ཡ་མ་རླ་ཡི་གོས་ཀླུབས་ནས།
ལྟ་སྤྱོད་ཡ་མ་རླ་ཡི་ཆོས་ཁྲིད་བྱེད།
ཉམས་རྟོགས་ཡ་མ་རླ་ཡི་མགུར་བླངས་ནས།
སངས་རྒྱས་བསྟན་འདི་ཡ་མ་རླ་རུ་བསྐྱལ།
ཇི་ལྟར་བླ་མའི་ཞལ་ལས། གསང་སྔགས་རྙིང་མའི་བསྟན་དགྲ་ནི་ཕྱི་དགྲ་སྡིག་ཅན་སོག་དམག་སོགས་མ་ཡིན་པར། ནང་དགྲ་རང་རེའི་ཆོས་རྒྱུད་འདིའི་བྱིན་རླབས་ཕོག་པ། ཕྱི་སྤྱོད་པ་ཆགས་པའི་དབང་དུ་ཤོར་བ། ནང་སེམས་རྒྱུད་ཞེ་སྡང་གིས་ཟད་པ། གསང་བ་ཆོས་སྐུ་གཏི་མུག་གིས་བཏུམས་པའི་གསང་སྔགས་ཀྱི་བརྟུལ་ཞུགས་པ་ཚོར་གོ་བ་ཡིན་གསུངས།
ས་སྐྱའི་གོང་མ་ཚོས་གསང་སྔགས་རྙིང་མ་ནས་གསར་མར་འཕོ་བའི་རྒྱུ་མཚན་ནི་གཞན་གྱི་བཙན་པོའི་དབང་གིས་མ་ཡིན་ཏེ། རྙིང་མའི་ཉམས་ལེན་པ་འགའི་སྤྱོད་པ་ཡ་མ་ཟུང་གིས་བསྐྲད། དེ་བཞིན་བཀའ་གདམས་པའི་མེས་པོ་མང་ཆེ་བ་ཇོ་བོ་རྗེ་མ་མཇལ་གོང་ལ་རྙིང་མ་རེད། སྔགས་འཆང་བཤམ་ཐབས་སྔོན་པོའི་སྦྱོར་འགྲོལ་སོགས་ཀྱི་སྤྱོད་པ་སྣ་ཚོགས་ལས་རྗེས་འཇུག་མང་པོ་གསང་ཆེན་གྱི་བསྟན་པ་ལས་བསྐྲད་ཡོད། ད་འདི་ལ་ཡང་ལོ་རྒྱུས་ངན་པའི་འཁོར་ལོ་བསྐོར་བར་སྣང་། གསང་ཆེན་བསྟན་པ་ལ་ཤ་ཚ་ཡོད་ན་འདི་ཚོ་ཅི་ནས་བསྐྲད་མ་དགོས་སམ།
ཨེ་ཀ་ཛ་ཏི་གང་ལ་དབུ་འཁོར་རམ། རྡོ་རྗེ་གྲོ་ལོད་གང་ལ་བཞུད་ལགས་སམ། ཨུ་རྒྱན་བསྟན་པའི་དགྲ་བོ་གསོན་པོ་ཚོ། འདི་ལྟར་འཚོ་བ་ཀུན་གྱི་ཡ་མཚན་རྒྱུ།
ཧཧཧཧཧ་་་་་་ད་ཡིན་ན་ཆོས་གོས་ཀྱང་སྔགས་པས་གྱོན་ཀི་ཨ་་་་་་་ལས་ཟད་ཕུང་གསུམ་པ་འདི་ཚོ་་་་ནུབ་གླིང་ནང་ཀུན་དགའ་ཆེད་འདྲ་མིན་འཁྲབ་་་་ད་དུང་ཧམ་པ་ཆེ་བ་ལ་ཨང་་་་་་་
འདིར་སྦྲ་ཆེན་གྱི་དོན་ཆ་ཚང་བཀླགས་ནས་ཀྱང་ཤེས་ཐུབ་མ་སོང་།