བསྟན་འཛིན་འོད་ཟེར།
ཁྱོད་ཀྱི་རུས་རྐང་མཁའ་རླུང་ལས་མཆེད།
ཁྱོད་ཀྱི་བརྗིད་ཉམས་རྩྭ་ཐང་ནས་བལྟམས།
དུད་སྤྲིན་གྱིས་གངས་རི་ལ་སྨུག་ཞགས་འཁྱུག།
བརྩེ་བ་དང་དུང་འཛུམ་གྱི་མེ་ཏོག་དགོད།
སྤོབས་པ་དང་སྙིང་སྟོབས་ཀྱི་རྦ་རླབས་འཕྱོ།
མེས་པོའི་ལོ་རྒྱུས་དེ་སྦྲ་ནག་ལ་ཐིམ།
དཔའ་བོའི་སྙིང་སྟོབས་དེ་སྦྲ་ནག་ལས་མཆེད།
ཀྱག་ཀྱོག་གི་ནམ་ཟླའི་ཁྲོད་ན།
ཁྱོད་ལ་གཙེས་པའི་རླུང་ནག་འཚུབ་མ།
ལོ་རྒྱུས་ལ་ནག་ནོག་གི་རི་མོ།
མཁའ་དབུགས་ལ་མི་གཙང་བའི་དུག་རླངས།
རང་བྱུང་ལ་གཏོར་བཤིག་གི་སྟ་རེ།
ཞི་བདེ་ལ་མཚོན་དུག་གི་དཀྲུགས་ཤིང་།
གནས་ལུགས་ལ་འཁྱོག་བཤད་ཀྱི་གཡོ་ཟོལ།
ད་དུང་ནས་ད་དུང་་མང་ཡང་།
ང་ཡི་གདོད་མའི་ཕ་ཁྱིམ།
མེས་པོའི་རྟེན་ཕུར།
བཙན་པོའི་གནས་མལ།
ངས་ཁྱོད་ཀྱི་བདེན་དོན་གྱི་ཆོན་ཐག་ས་ལ་འཐེན།
གནས་ལུགས་ཀྱི་ཀ་བ་གནམ་ལ་བསྒྲེངས།
ད་དུང་མ་འོངས་པའི་ཕུགས་བསམ་དང་འདུན་མ།
འབྱུང་འགྱུར་གྱི་ལོ་ཟླ་རྩྭ་ཐང་ནས།
སྦྲ་ནག་ལས།
མུ་མཐུད་ནས།
ཕུགས་བསམ་དང་རེ་བ།