བསམ་གླིང་ཚེ་རིང་ལྷ་མོ།
ཟིམ་ཟིམ་སྦྲང་ཆར་མངར་མོས་ས་གཞི་བརླན།།
གོམ་པ་དལ་པོས་ཆར་ཟིམ་ཁྲོད་དུ་བསྐྱོད།།
སྐྲ་ལོ་བརྒྱུད་པའི་ཆར་རྒྱུན་འགྲམ་པར་གཤེར།།
བསིལ་བའི་ལྗོངས་རྒྱུས་ཡིད་ལ་བདེ་དགའ་སྦྱིན།།
དཔྱིད་ཀྱི་རྟ་བདུན་ཚ་ཟེར་ལང་ཚོ་རྒྱས།།
ས་གཞིའི་སྐྱེ་དངོས་ཚ་བ་འདེགས་པར་དཀའ།།
བྱ་བྱིའུ་ཚོགས་ཀྱང་བསིལ་ངད་རླུང་ལ་བརྟེན།།
དེང་གི་སྦྲང་ཆར་ཟིལ་མ་སྙིང་གི་གྲོགས།།
སྐྱེ་བོའི་ཚོགས་རྣམས་ཚ་བའི་ཟིལ་གྱིས་མནན།།
རླུང་གཡབ་བརྡབ་པའི་རྒད་པོའི་ཁ་བརྡ་ཉུང་།།
འཕགས་པའི་ཡུལ་གྱི་དཔྱིད་ཀྱི་ཚ་གདུབ་ནི།།
ཀུན་གྱིས་མྱོང་བའི་ལས་ཀྱི་ཁྲལ་དང་མཚུངས།།
ལོ་མ་རྙིད་པའི་ཁ་དོག་སྨུག་པོར་མཐོང་།།
སྤང་རྩ་སྐམ་ནས་ཐལ་བའི་གདན་དང་འདྲེས།།
དེ་རིང་སྦྲང་ཆར་ཟིལ་མའི་ཕྱག་སྐྱེས་ནི།།
ནམ་མཁའི་ལྷ་མོས་ཆེད་དུ་སྐྲུན་དང་མཚུངས།།
ལྗོན་པ་སོ་སོའི་ལོ་མའི་དབྱིབས་མི་མཚུངས།།
གང་དག་བཞད་པའི་མེ་ཏོག་དེ་ལྟར་ལགས།།
ཀུན་གྱི་གདུང་པའི་སྦྲང་ཆར་མངར་མོ་ནི།།
དེ་རིང་ལྷ་ཡིས་ཕབ་པ་འདི་མིན་ཅི།།
ས་གཞི་སྣུམ་པའི་བྱེད་ལས་འདི་ཡིས་བྱེད།།
སྐྱེ་དངོས་འདབ་མ་འཛུམ་པ་འདི་ཡིས་བྱེད།།
བྱ་བྱིའུ་མགྲིན་སྒྲ་སྙན་པ་འདི་ཡིས་བྱེད།།
དཔྱིད་ཀྱི་སྦྲང་ཆར་དགེ་བའི་འབྲས་བུར་ངེས།།
ས་གཞི་སྣུམ་པའི་བྱེད་ལས་འདི་ཡིས་བྱེད།།
སྐྱེ་དངོས་འདབ་མ་འཛུམ་པ་འདི་ཡིས་བྱེད།།
བྱ་བྱིའུ་མགྲིན་སྒྲ་སྙན་པ་འདི་ཡིས་བྱེད།།
དཔྱིད་ཀྱི་སྦྲང་ཆར་དགེ་བའི་འབྲས་བུར་ངེས།།
མགྲོན་པོ་འདོད་པས་གདུང་བ་འདི་ཡིས་བྱེད།།
ན་ཆུང་སྐྱེས་པ་དྲན་གསོ་འདི་ཡིས་གཏོང་།།
བྲལ་གདུང་དབྱར་གྱི་ཚ་སྡུག་འདྲ་བའི་ཁྲོད།།
ལམ་འཕྲད་སྦྲང་ཆར་བསིལ་མའི་བདེ་སྦྱིན་གྱིས།།
སྐད་ཅིག་ལུས་སེམས་ལྷོད་ལ་བབས་པ་དེ།།
བདེ་བའི་ཞིང་གི་ཆ་ཞིག་ཡིན་པར་ངེས།།
སྐྱེ་བོའི་ཚོགས་རྣམས་ཚ་བའི་ཟིལ་གྱིས་མནན།།
རླུང་གཡབ་བརྡབ་པས་རྒད་པོའི་ཁ་བརྡ་ཉུང་།།
འཕགས་པའི་ཡུལ་གྱི་དཔྱིད་ཀྱི་ཚ་གདུབ་ནི།།
ཀུན་གྱིས་མྱོང་བའི་ལས་ཀྱི་ཁྲལ་དང་མཚུངས།།
་
སྤྱི་ཟླ་གཉིས་པ་ནས་བཞི་པ་བར་དཔྱིད།
འདི་ལ་དུས་ཀྱི་རྒྱལ་པོ་ཞེས་སུ་གྲགས།
ལྔ་པ་ནས་བཟུང་བདུན་པ་བར་ཚ་དུས།
བརྒྱད་པ་ནས་བཟུང་བཅུ་པ་བར་ཆར་དུས།།
་
བཅུ་གཅིག་པ་ནས་སྤྱི་ཟླ་དང་པོའི་བར།
དགུན་གྱི་དུས་ཞེས་དབུས་གྱུར་འཆང་དུ་གྲང་།
དེ་ལྟར་རྩི་དགོས་བདག་གི་བློ་ལ་ཤར།
འགྲིག་མིན་རྣམ་དཔྱོད་ལྡན་པ་རྣམས་ཀྱིས་བརྟག།
དགའ་ས་མ་འདིའི་སྨྱུག་ཁ་མ་རིག་ཟླ་འགའ་ཡིན་པའི་སྣང་པ་སྟེར།།
དགའ་ས་མ་འདིའི་ཚིག་དོན་མ་གོར་ལོ་འགའ་ཕྱིན་པའི་སྐྱོ་སྣང་སྦྱིན།
དགའ་ས་མ་འདིའི་དགའ་ཕྱོགས་རི་ཆུ་ནག་ཀློང་ཡིན་པར་མཚར་སྣང་ཤར།།
དགའ་ས་མ་ཁྱོར་དགའ་བོ་མེད་ན་དགའ་རྒྱུ་དགོད་རྒྱུ་གཉིས་ཀ་འདུག།
དྲོད་སླེབས་ མྱུག་གསར་ མེ་ཏོག་ ཤར་དུས་ དཔྱིད་ཀ་ ཚུགས། །
སྤྲིན་འདུས་ གློག་འཁྱུག་ འབྲུག་སྒྲགས་ ཆར་པ་ འབབ་དུས་ དབྱར། །
འབྲས་བུ་ ཡོངས་སྨིན་ ལོ་ལེར་ ཟག་དུས་ སྟོན་ཀའི་ རྟགས། །
གྲང་ངར་ གངས་བབ་ འཁྱག་རོམ་ ཆགས་དུས་ དགུན་ཀ་ ཉིད། །
དཔྱིད་ཀ་ དབྱར་ཀ་ སྟོན་ཀ་ དགུན་ཀ་ བྲིས་ན་ སླ། །
སྦྲང་ཆར་བསིལ་མས་ཡངས་པའི་ས་གཞི་བརླན། །དེ་ཡི་རླངས་པས་མཛེས་མའི་སྐུ་གཟུགས་བརླན། །སྐུ་ཡི་དྲི་ཆུས་འདོམས་ཀྱི་ནགས་ཚལ་བརླན། །དེ་ཡི་ནུས་པས་དྲན་པའི་ཀ་ཆེན་འགྱེལ། །
དྲ་གྲོགས་རྣམས་པ་ལྷན་རྒྱས་ལ་ཕེབས་བསུ་ཞུ་བ་དང་། སློབ་དཔོན་རྒན་ལ་དྭགས་པ་ལགས་ཀྱིས་གསུང་པར་གུས་པ་ཆེན་པོས་འདུད།
རྒྱ་གར་གྱི་ཆར་དུས་དེ་བོད་དུ་སྟོན་དུས་ཡིན་པ་འདྲ། ཡང་རྒྱ་གར་གྱི་རི་ལྗོངས་ཁག་ཏུ་ཕྱི་ཟླ་དྲུག་པ་ནས་དབྱར་འགོ་ཚུགས་རྟགས་ཤིག་སྣང་།
ལྷག་པར་འདི་ཁུལ་དུ་རྩི་ཤིང་ཁག་ཅིག་གི་ལོ་མ་གསར་རྙིང་བརྗེ་བའི་དུས་དེ་ཕྱི་ཟླ་བཞི་པ་ཙམ་ནས་འགོ་ཚུགས་ཏེ་ད་ལྟའང་ལོ་མ་རྙིང་པ་རྣམས་སྐྱུར་གྱིན། གསར་པ་རྣམས་འཆར་ཡོང་གི་འདུག།།
༄༅།།བྱ་དཀའ་བའི་སྙན་དབྱངས་ཀྱིས་བསྔགས་པ།
བས༵མ་པ་ལྷད་དང་བྲལ་གང་མཛངས་མ་ལགས། །ག༵ླིང་གི་ཡིད་ཀྱི་འཁྲི་ཤིང་འདི་ཉིད་ཀྱིས། །ཚེ༵་གཏེར་ཡེ་ཤེས་བདེ་ཆེན་གཉེན་ཉེ་དེར།
ེ།རིང༵་མིན་དཔྱིད་ཀྱི་དཀྱིལ་འདིར་གཟིགས་ཞིབ་ནི། །ལ༵ྷ་ལས་བབ་མཛད་དམ་པ་གང་རྣམས་ལྟར། །མོ༵་སྟོན་མགོན་པོ་ཡོངས་རྫོགས་བཅོམ་མོ་འདོད། །
ཐུགས་རྗེ་ཆེ།
ལང་ཚོའི་མེ་ཏོག་འཛུམ་དུས་དཔྱིད་ཀ་དང་། །ལུས་སེམས་ཆགས་པ་འབར་དུས་དབྱར་ཁ་སྟེ། །བ་སྤུའི་ཚོགས་རྣམས་ཟིང་དུས་སྟོན་ཀའི་མདོོག །ལུས་སེམས་ལྷོད་པོར་གྱུར་དུས་དགུན་ཁར་ངེས། །
ལང་ཚོའི་མེ་ཏོག་འཛུམ་དུས་དཔྱིད་ཀ་དང་། །ལུས་སེམས་ཆགས་པ་འབར་དུས་དབྱར་ཁ་སྟེ། །བ་སྤུའི་ཚོགས་རྣམས་ཟིང་དུས་སྟོན་ཀའི་མདོོག །ལུས་སེམས་ལྷོད་པོར་གྱུར་དུས་དགུན་ཁ་ཚུགས།།
དབྱར་གཞོང་ཞིག་ལ་མཉམ་དུ་ཆུ་རྩེ་བྱས་ན་འདོད།
དགུན་འཁྱགས་ཤར་ན་ཤ་དྲོད་སྦྱར་རེས་ཡོང་ན་བསམ།།
སྟོན་ཆར་འབབ་དུས་ནང་དུ་རྐྱང་རྐྱང་བསྡད་ན་འདོད།
དཔྱིད་དཔལ་རྒྱས་དུས་ལག་འཇུའི་རྩེད་མོར་དབྱིངས་ན་བསམ།
དུས་བཞིར་མཁོ་བའི་བསམ་གླིང་ང་ལ་དགའ་འམ་ལན།