ཆོས་དབྱིངས་རང་གྲོལ་ནས།
བཀྲ་ཤིས་བདེ་ལེགས། ང་ནི་ཁྱེད་ཀྱི་འཕྲོད་བསྟེན་གཏམ་བཤད་ལ་ཉན་མཁན་ཞིག་ཡིན། ཉེ་ཆར་ཏོག་དབྱིབས་ནད་དུག་གོ་ལ་ཧྲིལ་བོར་མེ་ལྕེ་བཞིན་མཆེད་དེ་འགྲོ་བ་མིའི་རིགས་ཀྱི་ལུས་སེམས་གཉིས་ཀར་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར། ཁྱེད་ཀྱིས་གཙོས་བོད་ཀྱི་སྨན་པ་ལྷག་བསམ་ཅན་མང་པོ་ཞིག་གིས། བདེ་ཐང་ལམ་སྟོན་མི་ཉུང་བ་ཞིག་བསྟུད་མར་གནང་བས། ང་ཚོར་ཡིད་ཆེས་དང་རེ་བ་འཕར་མ་ཞིག་བསྩལ་བྱུང་། ལྷག་པར་དུ་སྨན་པ་རྒན་པ་དག་གིས་གླེང་མོལ་ཚུལ་གྱིས་ཚ་བ་དང་། གཉན་རིམས། རིམས་ནད་ཀྱི་སྐོར་ཇི་ལྟར་བསྲུང་ཚུལ་དང་། སྨན་གང་དང་གང་བསྟེན་དགོས་པའི་སྐོར་ལ་ངོ་སྤྲོད་གསལ་བོར་གནང་བས། ཟས་སྤྱོད་དང་སྨན་གྱི་ཐད་ལ་རྒྱུས་ལོན་ཡང་མི་ཉུང་བ་ཞིག་བྱེད་ཐུབ་སོང་།
རྒྱ་ནག་ཏུ་ནད་ཡམས་མཆེད་བཞིན་པའི་སྐབས་སུ། ཁྱེད་ཀྱིས་ལམ་སྟོན་གནང་བ་ལྟར་སྨན་སྣ་འགའ་སྔོན་ནས་གྲ་སྒྲིག་ཀྱང་བྱས་པ་ཡིན། རྒྱུ་མཚན་ནི། ང་རང་ནི་བོད་ནས་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་བོད་སྨན་ལ་རྨོངས་དད་མ་ཡིན་པར། སོ་སོའི་མྱོང་བའི་སྟེང་ནས་དད་པ་དང་ཡིད་ཆེས་ཡོད་མཁན་ཞིག་ཡིན། ལྷག་པར་དུ་ངའི་སེམས་ངོར་བོད་ཀྱི་སྨན་པ་ཞིག་ཡིན་ན། དེའི་རྒྱུད་ན་བྱམས་དང་སྙིང་རྗེ་གཞན་ལས་ལྷག་པ་ཞིག་ཡོད་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། དེ་བཞིན་དུ་ངས་ནམ་ཡིན་ཡང་བོད་ཀྱི་གསོ་རིག་ལག་ལེན་བྱེད་མཁན་ཞིག་ཡིན་ན། དེས་སྨྲས་ཚད་ཀྱང་བདེན་པ་དང་མ་འཁྲུལ་བ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
ཉེ་ལམ་གྱི་གནས་བབས་ནི་ངས་མ་བཤད་ཀྱང་ཁྱེད་ཀྱིས་མཁྱེན་བཞིན་པ་རེད། ད་ཐེངས་ཀྱི་ཏོག་དབྱིབས་ནད་དུག་འདི་ཆེས་སྤྱིར་བཏང་གི་ནད་ཡམས་ཤིག་མ་ཡིན་པར། ནད་ཡམས་ཀྱི་མཆེད་རྒྱ་གོ་ལ་ཧྲིལ་བོ་རེད་ལབ་ན་མི་ཆོག་རྒྱུ་མེད་པ་ལྟ་བུར་ཆགས་ཡོད། དེ་བས་ཀྱང་དཔལ་འབྱོར་གྱི་སྟོབས་ཤུགས་དང་། འཕྲོད་བསྟེན་གྱི་ཆ་རྐྱེན་ཤིན་ཏུ་བཟང་བའི་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་ནད་ཡམས་འདི་ལ་འགོག་རྒོལ་དང་གསོ་བཅོས་བྱ་ཐབས་བྲལ་བའི་ཆེས་ཛ་དྲག་གི་སྐབས་འདིར། ཁྱེད་ཀྱིས་དུས་ཡུན་ཧ་ཅང་ཐུང་ངུ་ཞིག་གི་ནང་ནད་པ་འགའ་ཤས་ཤིག་སངས་དྲག་ཏུ་བཏང་བའི་གཏམ་བཤད་དེ་སྤེལ་རྗེས། ཐོག་མར་ངའི་སེམས་ལ་བོད་སྨན་འདི་ཡ་མཚན་རེད། ད་རེ་བ་ཞིག་འདུག སྐྲག་དགོས་ས་མ་རེད། སྨན་པ་དབང་འདུས་ལགས་ཀྱི་མཛད་བཟང་ལ་རྗེས་སུ་ཡི་རངས་བྱེད་འོས་བསམ་ནས། ཁྱེད་ཀྱི་གཟུགས་སྒྲ་གཉིས་ལྡན་གྱི་གཏམ་བཤད་དེ་དག་སྐད་འཕྲིན་སོགས་སྤྱི་ཚོགས་རྒྱུད་ལམ་ཁག་ཏུ་བརྒྱུད་བསྐུར་གང་མང་བྱས་ཏེ། ནུས་ཚོད་ཀྱིས་རྒྱབ་སྐྱོར་བྱས་པ་ཡིན། དེར་བརྟེན་བོད་པ་མང་པོ་ཞིག་གིས་ཁྱེད་ཀྱི་གཏམ་བཤད་ལ་བལྟ་ཉན་བྱས་རྗེས། བོད་སྨན་གྱིས་ད་ཐེངས་སྐད་གྲགས་བཞག་འདུག་ཅེས་ཡིག་ངག་གཉིས་ཐོག་ནས་བསྟོད་བསྔགས་སྤེལ་བཞིན་འདུག
ཡིན་ན་ཡང་ཅང་མ་འགོར་བར། བོད་ནང་དང་། རྒྱ་གར། ཨ་རི་སོགས་ཀྱིས་གཙོས་ཕྱི་རྒྱལ་ན་བཞུགས་པའི་སྨན་པ་འགའ་དང་། ཤེས་ལྡན་མང་པོ་ཞིག་གིས་དེའི་ཐད་ལ་དོགས་སློང་དང་འབྲེལ། ཁྱེད་ཀྱི་གསོ་བཅོས་ཀྱི་བརྒྱུད་རིམ་དོན་དངོས་དང་མི་མཐུན་ཚུལ་རྒྱུ་མཚན་དང་གནས་ལུགས་བགྲང་སྟེ་བཤད་ཀྱིན་འདུག་པས། ངས་ཁྱེད་ལ་བཅངས་པའི་ཡིད་ཆེས་དང་རེ་བ་ཡང་རིམ་བཞིན་ནེམ་ནུར་གྱི་གནས་སུ་གྱུར་སོང་བས། ངས་ཁྱེད་ཀྱི་གཏམ་བཤད་ཁག་ལ་སྔར་ལས་ལྷག་པའི་དོ་སྣང་དང་དཔྱད་ཞིབ་བྱས་ཏེ། འབྲེལ་ཡོད་ཀྱི་སྨན་པ་ཁ་ཤས་ལ་འདིའི་ཐད་སྐད་ཆ་ཡང་འདྲི་རྒྱུ་བྱུང་།
འདིར་དོགས་སློང་རེ་རེ་མདོར་བསྡུས་ཏེ་གླེང་ན། དང་པོ། སྐད་འཕྲིན་གྱི་མིང་ལ་བོད་གསོ་ཚོགས་པ་ཅེས་བཏགས་ཡོད་པའི་གླེང་སྟེགས་སུ། ཕྱི་རྒྱལ་དུ་གནས་བཞུགས་སྨན་པ་ཞིག་གིས། ཚུལ་ཁྲིམས་རྒྱ་མཚོས་ཁྱེད་ལ་སྤྲིངས་པའི་ཡི་གེ་དེ་སྐད་འཕྲིན་དུ་སྤེལ་བ་མཐོང་འཕྲལ། རེད་རེད། ང་ཚོ་བོད་ཀྱི་གསོ་རིག་ལག་ལེན་བྱེད་མཁན་འགས་དྲྭ་ལམ་ནས་རིམས་ནད་འདིའི་སྐོར་གསོ་བཅོས་དང་། སྔོན་འགོག་བྱེད་སྟངས་ཀྱི་ཐད་བགྲོ་གླེང་བྱས་པ་ཡིན། དེ་དུས་སྨན་པ་རེ་རེར་སྨན་ཁང་ནས་ཏོག་དབྱིབས་ནད་དུག་ངོས་འཛིན་བྱས་ཟིན་པའི་ནད་པ་ག་ཚོད་ཡོད་མེད་ཀྱི་སྐོར་ལབ་གླེང་བྱུང་བ་ཡིན་ཟེར། དེ་དུས་ཁྱེད་ཀྱི་གནང་སྟངས་སྐོར་ནས་ཐོག་མར་གླེང་བ་རེད་འདུག འོན་ཀྱང་། ཁྱེད་དང་ཁྱེད་ཀྱི་ནང་མིའི་སྐོར་དེ་སྨན་ཁང་གི་བརྟག་དཔྱད་བརྒྱུད་མི་འདུག སྨན་པ་དབང་འདུས་ལ་སྐད་ཆ་དྲིས་པ་ཡིན། ཁོ་ཚོ་ལ་ནད་རྟགས་ཐོན་སོང་། སྨན་ཁང་ལ་ཕྱིན་མེད་ཚུལ་ལབ་སོང་ཟེར་གྱིན་འདུག་ཟེར། དེ་ནས་སྨན་པ་དག་གིས་དེས་ན་ཁོའི་གཏམ་བཤད་དེ་སྤེལ་དགོས་དོན་ཅི་ཡིན་ནམ་ཞེས་ཕན་ཚུན་ལ་སྐད་ཆ་བྱུང་འདུག་ཟེར།
གཉིས་པ། ཁྱེད་ཀྱི་གཏམ་བཤད་དང་པོ་ལ་ཞིབ་མོར་ཉན་ན། ཁྱེད་ཀྱིས་སྨན་ཁང་ནས་བརྟག་དཔྱད་བྱས་པའི་སྐོར་ཅི་ཡང་བཤད་མི་འདུག འོན་ཀྱང་། ཁྱེད་དང་སྨན་པ་འགས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་ཐད་ཀར་རྒྱང་སྲིང་བྱས་པའི་གཏམ་བཤད་ནང་། ཁྱེད་ཀྱིས་ང་སྨན་ཁང་དུ་ཕྱིན་ནས་བརྟག་དཔྱད་བྱས་པ་ཡིན། ད་ལྟ་བརྟག་དཔྱད་ཀྱི་འབྲས་བུ་ negative ཆགས་འདུག་ཟེར། ཁྱེད་རང་གི་སྐད་ཆ་གོང་འོག་གཉིས་ལ་འགལ་བ་འདུག ཐོག་མར་བརྟག་དཔྱད་མ་བྱས་པར་ཁྱེད་དང་ཁྱེད་ཀྱི་ནང་མི་ཚང་མ་ཏོག་དབྱིབས་ནད་དུག་གིས་ན་སོང་ལབ། དེ་དུས་བརྟག་དཔྱད་ཅི་ཡང་བྱས་མེད་པ་གསལ་བོ་རེད། ཁྱེད་རང་བསྟན་སའི་སྨན་ཁང་གི་བརྟག་དཔྱད་འབྲས་བུ་ལྟར་ན། བརྟག་དཔྱད་བྱེད་དུས་ནི་ཟླ་བཞི་བའི་ཚེས་བཅུ་རེད་འདུག འོན་ཀྱང་ཁྱེད་ཀྱིས་ཐོག་མའི་གཏམ་བཤད་དེ་དེའི་སྔོན་ལ་བཤད་པ་རེད། དེའི་རྗེས་སུ་ང་རང་བརྟག་དཔྱད་བྱས་རྗེས་negative རེད་ཅེས་ལབ་དོན་ཅི་ཡིན་ནམ། ཁྱེད་ཀྱིས་ཁ་གཅིག་ནས་གཏམ་གཉིས་བཤད་འདུག
གསུམ་པ། ཁྱེད་དང་ཁྱེད་ཀྱི་ནང་མི། གཞན་ནད་པ་འགར་ནད་རྟགས་བྱུང་ཚུལ་ལབ་སོང་། ནད་རྟགས་དེ་དག་ཏོག་དབྱིབས་ནད་དུག་གི་ནད་རྟགས་ཡིན་པ་ཁྱེད་ཀྱིས་ཇི་ལྟར་ཤེས་པ་ཡིན་ནམ། བརྟག་དཔྱད་མ་བརྒྱུད་པར་ཏོག་དབྱིབས་ནད་དུག་ངོས་འཛིན་ཐུབ་མཁན་གྱི་སྨན་པ་ཕལ་ཆེར་ཁྱེད་གཅིག་པོ་ཡིན་རྒྱུ་རེད། ཁྱེད་ཀྱི་ཁ་སང་གི་གཏམ་བཤད་ནང་དུ། ཁྱེད་ཀྱིས་ཆམ་རིམས་དང་ད་ཐེངས་ཀྱི་ནད་ཡམས་གཉིས་ཀྱི་ཁྱད་པར་ཤེས་ཚུལ་ལབ་འདུག ཁྱེད་ཀྱིས་ཆམ་རིམས་དང་ཏོག་དབྱིབས་ནད་དུག་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད་ཐུབ་བམ། རྒྱ་ནག་བོའུ་ཧན་ལ་ཐོག་མར་ནད་ཡམས་འདི་བྱུང་དུས་གློ་ཚད་དང་འདི་གཉིས་ཀྱི་ཁྱད་པར་འབྱེད་མ་ཐུབ་པར་དཀའ་ངལ་ག་ཚོད་ཞིག་འཕྲད་པ་ཁྱེད་ཀྱིས་ཕལ་ཆེར་སྤྱི་ཚོགས་དྲྭ་ལམ་ཁག་ནས་མཐོང་ཡོད་ཤག ངས་བལྟས་ན་ཕལ་ཆེར་ཁྱེད་རང་ལ་ཕོག་པ་དེ་ཆམ་རིམས་ཡིན་པ་འདྲ། ཁྱེད་ཀྱི་ནང་མི་ཚང་མ་ལ་བོད་སྨན་གྱིས་ཕན་སོང་ཚུལ་ལབ་པ་དེ་དངོས་བདེན་མིན་པ་སྨན་ཁང་གི་བརྟག་དཔྱད་ལས་གསལ་བོ་བསྟན་འདུག
བཞི་བ། གང་ལྟར་ཁྱེད་ཉིད་བོད་ཀྱི་སྨན་པ་ཞིག་དང་། བོད་སྨན་ལག་ལེན་བྱེད་མཁན་ཞིག་རེད། བོད་སྨན་གྱི་བདག་དབང་དང་དེའི་སྙན་གྲགས་ལ་གུས་བརྩི་ཡོད་མཁན་ཞིག་ཡིན་ན། ཆེས་ཛ་དྲག་གི་དུས་སྐབས་འདིར་འདི་ལྟར་ཁུངས་ལུང་ཅི་ཡང་མེད་པར་བོད་དང། བོད་ཀྱི་གསོ་རིག་བཀོལ་སྤྱོད་ལོག་པ་བྱས་ནས་བདེན་མིན་རྫུན་སྒྲིག་གི་ཁྱབ་བསྒྲགས་གང་མང་བྱེད་པ་ནི། བོད་སྨན་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིག་གིས་བསྒྲུབ་འོས་པའི་བྱ་བ་ཞིག་གཏན་ནས་མ་རེད་སྙམ།
ཁ་དྲོ། བཀྲ་ཤིས།
༢༠༢༠ལོའི་ཟླ༤ཚེས༢༠ ཉིན་གྱི་ཞོགས་པར།
(བོད་སྨན་གྱི་བདག་དབང་དང་དེའི་སྙན་གྲགས་ལ་གུས་བརྩི་ཡོད་མཁན་ཞིག་ཡིན་ན། ཆེས་ཛ་དྲག་གི་དུས་སྐབས་འདིར་འདི་ལྟར་ཁུངས་ལུང་ཅི་ཡང་མེད་པར་བོད་དང། བོད་ཀྱི་གསོ་རིག་བཀོལ་སྤྱོད་ལོག་པ་བྱས་ནས་བདེན་མིན་རྫུན་སྒྲིག་གི་ཁྱབ་བསྒྲགས་གང་མང་བྱེད་པ་ནི། བོད་སྨན་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིག་གིས་བསྒྲུབ་འོས་པའི་བྱ་བ་ཞིག་གཏན་ནས་མ་རེད་)སྐད་ཆ་འདི་ནི་བོད་སྨན་པ་ཡག་པོ་ཞིག་གི་གསུང་རང་རེད།
སྨན་པ་དབང་འདུས་ལགས། སྨན་པ་མ་རེད། སྨན་ཚོང་བ་རེད། བོད་པ་ཚོ།
ཆོས་དབྱིངས་རང་གྲོལ་གྱིས་ཡག་པོ་བཤད་འདུག གང་ལྟར་ང་ཚོས་ཤེས་དགོས་པ་ནི། སྨན་པ་དང་སྨན་འཚོང་པའི་ཁྱད་པར་ཤེས་རྒྱུ་དེ་རེད། ཚོང་ལས་པ་ཞིག་ཡིན་ན། དེའི་ཆེད་དུ་རྫུན་བཤད་པ་ཆོས་ཉིད་རེད། དཔེར་ན་བོད་ནང་དུ་མི་མང་གིས་གུས་བརྩི་ཅུང་ཞུ་ས་ཨ་ཁུ་དཔལ་མགོན་ལགས་ཀྱིས་ཀྱང་། སྒོར་མོའི་ཆེད་དུ་རྒྱ་བཟོས་སྐེད་ལྕིབས་ཤིག་ཁྱབ་བསྒྲགས་བྱས་ཏེ། “འདི་བཀོལ་སྤྱོད་བྱས་ན་ཟས་སྤྱོད་ལ་འཛེམས་མི་དགོས། སྨན་འཐུང་མི་དགོས། ཁབ་རྒྱག་མི་དགོས་”ཞེས་བཤད་པ་རེད། ཚོང་པ་ཟེར་བ་དེ་དེ་འདྲ་རེད། སྣང་ཚུལ་འདི་སྤྱི་ཚོགས་ནང་མང་པོ་ཡོད། ཁོང་གཅིག་པོའི་སྐྱོན་མ་རེད།
ནད་ཡམས་འདིས་རྐྱེན་པས་མི་མང་པོ་ཞིག་གི་སེམས་ཁམས་ལ་གནོད་བསྐྱལ་ཡོད་པ་ནི་སྨྲ་ཅི་དགོས། འདི་རྐྱེན་དབང་དུ་བྱས་ནས་རང་སྒེར་གྱི་ཁེ་དོན་དམིགས་འབེན་ལ་གཉེར་མཁན་ཡང་གང་འཚམས་ཡོད་ངེས་། སྨན་པ་ཁོང་ལྟ་བུ་ཞིག་ལ་མཚོན་ནའང་། མངོན་སུམ་དུ་སྤྱི་སྒེར་ཀུན་ལ་གནོད་མི་ཡོང་ངམ་བསམ་པའི་དྲན་སྐུལ་ཞིག་གནང་སོང་། སྤྱིར་ཡིན་ན་འདི་རིགས་སྨན་རྩིས་ཁང་ནས་སྟངས་འཛིན་བྱེད་དགོས་པར་སེམས།
གོ་ཐོས་ལ། དབང་འདུས་ཟེར་བ་དེ་སྔར་སྨན་པ་བྱས་མྱོང་། དེ་ནས་ཉེའུ་ཡོག་ཏུ་མོ་ཌའི་ཁ་ལོ་བར་ལས་བསྒྱུར་བྱས། ད་ལྟ་སྐུ་མཉེ་གཏོང་མཁན་རེད་གིན་འདུག དེས་ན། སྨན་པའི་ཆེད་ལས་པ་ཡིན་ཟེར་ན་རྫུན་མ་རེད་དམ། ལོ་མང་མོ་ཌའི་ཁ་ལོ་བ་བྱས་ནས་སྨན་གཞུང་བརྗེད་ནས་ན་ཚ་བྱུང་དུས་བརྟག་དཔྱས་མ་བྱས་པར་ང་སྨན་པ་ཡིན་ཟེར་བ་ཁྱད་མཚར་རེད།
ད་ཀུ་ཅི། རང་མགོ་རང་གིས་མ་བསྐོར་རོགས། ཏོག་དབྱིབས་བཅོས་སྨན་ཡོད་མ་རེད། བོད་སྨན་ལྟ་ཅི། ནད་འབུ་ཕྲ་མོ་བསོད་ཐུབ་མཁན་གྱི་ཕྱི་རྒྱལ་སྨན་དེ་ཚོ་ཡང་ཏོག་དབྱིབས་ལ་སོ་གཅིག་རྒྱག་ཐུབ་ཀྱི་མེད། ད་བོད་སྨན་གྱིས་ཕན་ཟེར་ན་ག་པར་ཕན་གྱི་ཡོད་རེད། ང་ཚོས་ཏོག་དབྱིབས་ངོས་འཛིན་བྱེད་མཁན་གྱི་ནུབ་ཕྱོགས་པའི་འཕྲུལ་འཁོར་མེད་ན་ཏོག་དབྱིབས་དེ་ཡང་ལྷ་དང་ཀླུའི་གདོན་རེད་ཟེར་བ་ལས་གཞན་ཅི་གང་ཤོད་མི་ཐུབ། མགོ་སྐོར་གཡོག་མཚམས་འཇོག་རོགས།
སྔོན་མ་བོད་སྨན་གྱིས་ཏོག་ཙམ་མ་གཏོགས་རྒྱལ་བ་རིན་པོ་ཆེ་དཀྲོངས་པ་རེད། དེ་༢༠༠༦ལོར་རེད། དྲན་གྱི་འདུག་གས། ལོ་དེ་ནས་བཟུང་བླ་སྨན་པ་ཚང་མའི་གོ་གནས་ཕབ་ནས་བླ་སྨན་པ་ཟེར་བའི་མིང་ཚིག་དེ་རྩ་མེད་བཏང་དགོས་ཐུབ་པ་རེད། བདེན་པ་ཡིན་མིན་སྐུ་སྒེར་ཡིག་ཚང་ལ་དྲིས་དང་།
དེང་སང་སྐུའི་བླ་སྨན་ཟེར་བ་འདུག་གས། ཅིའི་ཕྱིར་འཇལ་ལྟར་ཡལ་བ་རས། རྒྱུ་མཚན་ད་ལྟ་ནང་བཞིན་བོད་སྨན་གྱི་འགྲེལ་བཤད་རྫུན་མ་དེ་འདྲས་བརྒྱབས་ནས་རྒྱལ་བ་རིན་པོ་ཆེ་ཏོག་ཙམ་མིན་ན་གྲོངས་པ་རེད། དེ་དག་གི་སྨན་གྱི་སྙན་ཞུ་ཚང་མ་ལྡི་ལིའི་ཨོ་ཕ་ར་སྨན་ཁང་ལ་ཡོད།
སྨན་པ་དབང་འདུས་ལགས་ཟེར་བ་མོ་རང་ནས་སྔོན་མ་སྨན་སྦྱངས་མྱོང་འདུག་ལག་འཁྱེར་ཡག་པོ་ཡོད་རབས་ཡང་ཐོས་ལགས། xx གོང་སུ་བསམ་ཤེས་དང་རིག་པའི་བུ་རྒོད་ཀྱི་གསུངས་པ་ལྟར་རེད། དེང་སྐབས་ས་འདུ་ཚང་ཚེ་བརྟན་ལགས་མ་གཏོགས་བླ་སྨན་པ་ཞིག་མེད་རབས་གོ བོད་སྨན་སྨན་པ་རྣམས་ནས་འཚོས་ལ་མ་འཚོས་འུད་བསྒྲགས་དང་རང་བསྟོད་མ་བཟོས། ཆབ་སྲིད་བཙོག་པོ་མ་བརྩེད། བྱམས་སེམས་སྙིང་རྗེ་གདའ་མཁན་སྨན་པ་ཞིག་བཟོ་ན་ཚང་མས་བརྩི་རྒྱུ་རེད་བསམ།
སྨན་པ་གཅིག་གཉིས་ཀྱི་བྱ་ཉེས་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པ་སྤྱི་དང་ཡང་སྒོས་དེའི་ཐོག་ཉམས་ལེན་གནང་མཁན་གྱི་སྨན་པ་མཁས་ཅན་གོང་མ་རྣམས་དང་ད་ལྟ་རིག་གཞུང་བརྒྱུད་འཛིན་གནང་མཁན་གྱི་མི་རབས་གཞོན་པ་རྣམས་ལ་ནག་ཉེས་བཟོས་ནས་ཕན་མེད་རེད། དབྱུག་པ་ལེབ་བརྡུང་བྱེད་ན་སྤྱི་སྒེར་གཉིས་ལ་ཕན་ཐོག་མེད། གང་ལྟར་བོད་ཀྱི་གསོ་བ་རིག་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱད་ཅན་ཞིག་ཡིན་པ་སྨོད་མི་དགོས་པ་བོད་མི་ཡོངས་ཀྱི་གདེངས་སྤོབས་བསྐྱེད་དགོས་པའི་གནའ་རབས་སྨན་ལུགས་ཞིག་ཀྱང་ཡིན། སྤྱིར་གསོ་རིག་གཞུང་གི་སྨན་པའི་ལེའུ་ནང་སྨན་པར་དབྱེ་བ་གསུམ་ཡོད། སྨན་པ་བླ་ན་མེད་པ་དང་། ཁྱད་པར་ཅན་དང་ཕལ་པ་གསུམ་ཡིན། སྨན་པ་ཕལ་པའི་རིགས་ནི་རྒྱུད་ནང་འདོད་པས་འཕྲལ་དུ་ཆ་བཟུང་སྲོག་གི་གཤེད་གསུངས་པ་ལྟར་རེད། རང་ཉིད་ཀྱི་ཁེ་ཕན་མ་ཏོག་མ་བསམ་པར་སྨན་པའི་ལས་ལ་བརྩམ་པ་ནི་སྲིག་གི་གཤེད་མ་ཡིན་པས་སྨན་པ་ཕལ་པའི་རིགས་ཡིན་པར་བརྗོད་ཡོད། གང་ལྟར་བོད་པའི་རིག་གཞུང་ལ་བོད་པས་ཆེ་མཐོང་མ་འཛིན་ཚེ་གཞན་གྱི་དམིགས་བསལ་གང་ཡང་མ་བྱེད་པ་གསལ་པོ་རེད།
ཆོས་དབྱིངས་རང་གྲོལ་གྱི་སྐད་ཆར་དོན་སྙིང་ལྡན་འདུག གོང་དུ་དྲ་གྲོགས་ཚོས་མཆན་བྲིས་པ་བཞིན་ང་ཚོས་བོད་སྨན་གྱི་མཚན་མཐོང་ཆེད་མི་དང་མི་ངོ་ཤེས་དགོས། ལྷག་པར་དུ་བོད་སྨན་ལག་ལེན་དུ་འབོད་པའི་ཨེམ་རྗེ་ཚོས་རང་ཉིད་ཀྱིས་གང་བཤད་པ་དག་འགན་འཁུར་དགོས་ཅིང་། དེས་སྤྱི་ཚོགས་ལ་ཕན་ནུས་གང་འདྲེན་མིན་ལ་མནོ་བསམ་གཟབ་དུ་གཏོང་དགོས། དེང་སང་མི་ཕལ་ཆེར་གནས་ལུགས་ཤེས་མཁན་ཡིན་པ་དེ་བས་ཤེས་དགོས།
བོད་སྨན་ལག་ལེན་བྱེད་མཁན་གྱི་སྨན་པའི་ཁྲོད་རང་གིས་འཇོན་རབས་ཁ་ཕོ་ཆེན་པོར་བཤད་མཁན་ཧ་ཅང་མང་པོ་རེད། ལ་ལས། འཇིགས་སུ་རུང་བའི་ནད་གཞི་ཀན་སར་ལྟ་བུ་དེང་སང་སྨན་གྱིས་སྨན་བཅོས་མིན་འདུག་ཟེར་བ་ལྟ་བུར་མེ་གཅིག་རྒྱབ་ནས་བཅོས་ཡིན་ཟེར་མཁན་འདྲ། ཏོག་དབྱིབས་ཀྱི་ངོ་བོ་ངོས་འཛིན་མི་ཤེས་མཁན་དབང་འདུས་ཟེར་བ་ལྟ་བུས་རང་ལ་བརྟག་དཔྱད་མ་བྱས་པར་ང་དང་ངའི་ནང་མི་ན་བྱུང་ཞེས་ལྐུགས་པ་ཨུ་ཚུགས་ཀྱིས་མནའ་སྐྱེལ་ལྟ་བུ་ནི་ངེས་མི་འོས་རེད། དེ་་རིགས་ནི་བོད་སྨན་གྱི་མཚན་ཤས་བཟོ་མཁན་ཡིན་པས་བོད་ཀྱི་སྨན་པའི་ལྷན་ཚོགས་དང་། སྨན་རྩིས་ཁང་ལྟ་བུའི་འགན་ཡོད་མཁན་གྱི་ཚོགས་པ་ཚོས་ངེས་པར་ལམ་སྟོན་ངེས་པར་གནང་དགོས་རྒྱུ་དུས་སུ་བབས་པའི་གནས་སྟངས་རེད་ཅེེས་བསམ་ཚུལ་དུ་ཕུལ།
ཁ་ཤས་ཀྱི་མ་ཤེས་ཤེས་མདོག་གིས་མཆན་རྫུན་མ་འབྲི་བ་ནི་ཁུངས་ལུང་དེ་ཙམ་མི་འདུག
སྨན་པ་དབང་འདུས་ནི་བོད་གཞུང་སྨན་རྩིས་ཁང་ནས་ཐོན་པ་ཞིག་ཡིན། རྒྱ་གར་དང་
བལ་ཡུལ་སོགས་པར་སྐོར་བསྐྱོད་སྨན་པ་ལོ་མང་བྱེད་མྱོང་མཁན་ཞིག་རེད། ད་ལྟ་ནིའུ་ཡོག་ཁུལ་དུ་ལས་ཞོར་ཨེམ་རྗེ་བྱེད་བཞིན་ཡོད། སྨན་པ་མ་རེད་ཚོང་པ་རེད་ཟེར་བ་ནི་ཕྲག་དོག་གི་སྐད་ཆ་རེད། ཁོ་རང་སྒེར་གྱི་གནས་ཚུལ་བྱུང་བ་དེ་ཕྱིར་བསྒྲགས་བྱས་པ་རེད། ཁ་ཤས་ལ་ཕན་ཡོད་རེད། ཁ་ཤས་མི་དགའ་བ་བྱུང་ཡོད། དེ་ནི་ཆོས་ཉིད་རེད། བོད་པའི་གཤིས་ཀ་ནི་འབུར་འཇོམས་བྱེད་ཡག་དགའ། བྱས་ཙང་གནས་ཚུལ་ཆ་ཚང་ཤེས་པའི་ཐོག་ནས་མཆན་བྲིས་ན་ལེགས། མི་ནག་པོ་བཟོ་ཡག་འདི་བསྒྱུར་བཅོས་ངེས་པར་གཏོང་དགོས།།
དཔྱད་རྩོམ་དང་གཞན་སྐྱོན་མཆན་འབྲི་བ་གང་ཞིག་བྱེད་ནའང་དེ་སྐུ་ཉིད་ཀྱི་རང་དབང་རེད། འོན་ཀྱང་མི་ཞིག་གི་སྐྱོན་གནད་འཐེར་འདོན་གྱི་མི་འགྲིག་པ་རྐྱང་གླེང་རྩིས་ཡིན་ན། རྒྱུ་མཚན་དང་གནས་ལུགས་ཡོད་པ་རྐྱང་བཤད་རྒྱུའི་གྲ་བསྒྲིགས་སྔོན་ཚུལ་ནས་གནང་རོགས་གནང་། གལ་སྲིད་གནས་ལུགས་དང་རྒྱུ་མཚན་མེད་པའི་འཁྱོག་བརྗོད་དང་ལོག་འགྲེལ་རྒྱགས་རྩིས་ཡི་ན། ཁྱེད་་ཀྱིས་རང་རྩོམ་བྲིས་པའི་དམིགས་ཡུལ་ཡོངས་སུ་འགྲུབ་མེད་པར་མ་ཟད། ཁྱེད་དང་ཁྱེད་ཀྱི་ཕྱོགས་གཏོགས་པ་ཚོའི་ལྷག་བསམ་ཡོད་མདོག་བསྟན་པ་དེ་ཡང་དོན་མེད་དུ་གྱུར་སོང་བ་དེ་རེད། སྤྱིར་བཏང་གི་སྨན་པ་ཞིག་གི་རང་ཉིད་ནད་ཡམས་་ཀྱིས་མྱོང་ཚུལ་དང་དེ་ལ་བོད་སྨན་གྱི་སྨན་བཅོས་བྱས་ཚུལ་སོགས། རང་རེའི་སྤྱི་ཚོགས་ལ་ཕན་རེ་དགོངས་པ་ཙམ་རེད། དེ་ལ་རྒྱུ་མཚན་ཡོད་མེད་དང་གནས་ལུགས་ཡོད་མེད་གཉིས་ཀ་བསྡེབས་ལངས་ཀྱིས། སྨན་འཚོང་པ་དང་མགོ་བསྐོར་པའི་མིང་བྱང་ཐ་སྙལ་དེ་་དག་སྦྱོར་དགོས་པའི་རྒྱུ་མཚན་ཞིག་འདུག་གམ། མདོར་སྒྲིལ་ན་ནད་ཡམས་ལ་འཇིགས་སྣང་དང་ན་དོགས་ཀྱི་ཚོར་བས་གཉིད་ཡོང་གི་མེད་ན། སྨན་པ་ཁོང་གི་ངག་བཞིན་གསན་ནས་ཉམས་སུ་ལོངས་། དེས་ང་ཚོར་ཕན་ངེས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་ཀྱིས་སྨན་མཆོག་འགའ་ཟ་་ཆོག་ཆོག་དང་ལེན་ཆོག་ཆོག་རེད་འདུག དེ་ལ་ཡིད་ཆེས་མེད་ན་མེད་ན་ཆོག་པའི་ཐོབ་ཐང་དེ་ཁྱེད་ལ་ཡོད་ཀྱང་། རྒྱུ་མཚན་དང་གནས་ལུགས་མེད་པའི་ཐ་སྙལ་དེ་དག་གཞན་སྟེང་ལ་བཀོད་སྤྱོད་ཆོག་ཆོག་གི་ཐོབ་ཐང་དེ། ཁྱེད་ཅག་ལ་མེད་པ་ངེས་པར་ཤེས་དགོས་པའི་གནད་དོན་ཞིག་རེད་འདོད། མཐའ་དོན་མཆན་འབྲི་བ་དང་རྩོམ་འབྲི་བ་སུ་ཞིག་ཡིན་རུང་ཁྱེད་ཅག་གིས་དངོས་མིང་ངོ་མ་དེ་འགོད་རོགས། དེ་ནས་རྒྱུ་མཚན་དང་གནས་ལུགས་ཀྱི་བདེན་རྩ་ཡུན་གྱིས་འདེད་ཆོག
༼ལོག་་འགྲེལ་བརྒྱག་རྩིས་ཡིན་ན༽བཅོས་རོགས།
ཚུལ་ཁྲིམས་རྒྱལ་མཚན་ལགས།
ཁོང་སྨན་པ་རེད། འོན་ཀྱང་ཁོང་གི་བྱེད་སྟངས་དེ་སྨན་པ་ཞིག་གི་བྱེད་སྟངས་མ་རེད། གནས་ལུགས་དང་མི་མཐུན་པའི་འཁྱོག་བཤད་རེད་འདུག ཁོང་གི་གསུང་བཤད་ལ་གསལ་བོ་ཉོན་དང་། གཞི་ནས་ཤེས་ཡོང་།
འདིའི་ནང་ངས་ངོ་དེབ་ནང་བཤད་པའི་སྐད་ཆ་རྫུན་སྒྲིག་བྱས་པ་རེད་ཟེ་བ་དང། སྨན་བཅོས་རྒྱུད རིམ་ཡག་པོ་མིན་འདུག་ཟེ་བ། བསམ་ཚུལ་མང་དག་ཞིག་འདོན་མཁན་བྱུང་འདུག། ད་ངས་རང་ཉིད་དང་རང ཉིད་ཀྱི་ནང་མི་ལ་འདི་འདྲ་བའི་སྡུག་པོ་བྱུང་བའི་ལོ་རྒྱུས་དང་དེའི་རྒྱད་རིམ་ནས་ཐོབ་པའི་ཉམས་མྱོང་ཆ་ཚང་ཞན་ལ་ཕན་ཐོག་ཆེད་ངོ་དེབ་ཐོག་བཤད་ཡོད། དེ་ལ་ཡིད་ཆེས་མེད་མཁན་སུ་ཡིན་ན་ངའི་ཁྱེད་ཚོར་འབྲེལ་བཤད་བྱེད་ཀྱི་མིན་ངེད་ཚོ་ཚང་མའི་དུས་ཚོ་འཕྲོ་ལྷག་རེད་ཐོག་མར་ནས་མི་ཞིག་ནག་པོ་བཟོ་རྒྱུའི་དམིགས་ཡུལ་ཡིན་པ་སོང་ཕན་ཐོག་མེད། ངའི་ཁ་པར་ཨང་གྲང་འདི་ན་ཡོད། གལ་སྲིད་ཁྱེད་ཚོས་ང་དང་ངའི་ནང་མི་རྟོགས་དབྱིབས་ནད་གཞི་་ན་མེད་པ་དང། ད་ལྟ་བདེ་ཐང་མིན་པ། བོད་སྨན་ཟས་མེད་པ། སྨན་ཁང་གི་བརྟགས་དཔྱད་སྙན་ཐོ་མེད་པ། ཁུངས་བསྐྱེལ་བྱེད་ཐུབ་མཁན་ཡོད་ཚེ་གུས་པས་ཁྱེད་ལ་ཨ་སྒོར་འཁྲི་གཅིག་དང་ཁ་བརྡ་ཚོགས་པ་ལ་ཞལ་འདེབས་ཨ་སྒོར་འཁྲི་གཅིག་ཞལ་འདེབས་ཡོད། མཆོག་གསུམ་དཔང་འཛུགས་ཡིན། གུས་པའི་ཁ་པར་ཨང་གྲང་917-937-6743 སྡོད་གནས་ 3258 55th Street Woodside , Ny 11377 I Kunga Wangdue promise to pay $1,0000 to the person who can prove that I shared false information about recent Covid 19 recovery of me and my family members. There will be extra $10000 donation to Khabdha network if someone can prove. ད་བར་ཁ་བརྡ་དྲྭ་བའི་འགན་འཛིན་ལ་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་བྱས་པ་ཡིན་ཀྱང་ལན་རྩ་བ་ནས་རྒྱབ་མ་བྱུང་ཁྱེད་ཚོར་བདེན་པ་ཡོད་ན་ང་ལ་ཡིན་གཅིག་འབྲེལ་བ་བྱེད་རོགས། ལ་དྲྭ་བ་འདི་གཏན་གཞི་དང་ལས་ཁུང་ཡོད་ན་ལས་ཁུང་ཁ་བྱངས་དེ་མེད ཚེ་འགན་ཁུར་བའི་ཨང་གྲངས་སམ་ཁ་བྱང་གནང་རོགས།།
སྨན་པ་ལ་ཁ་རྡུང་མ་གཏོང་རོགས་དེང་སྐབས་པ་ཚོས་འཛམ་གླིང་སྐྱོབ་གིན་འདུག
རྐྱེན་དང་འཕྲད་ན་རང་མཚང་སྟོན་ན། ཞེས་པ་ལྟར་འཚང་ངན་ལྷང་ལ་འབུད་ཀྱིན་ཡོད་པ་དེ་འདྲ་མངོན་གསལ་རེད།
ཁོ་རང་ཉིད་སྨན་པ་ཡིན་རུང་སྤྱི་ཚོགས་ནང་རྙོག་གླེང་བཟོས་ན་ཕན་མེད་རེད། གལ་སྲིད་ཁོང་གིས་བརྗོད་པ་ལྟར་ཏིག་དབྱིབས་ནད་དངོས་སུ་འགོས་ཡོད་ཚེ་སྨན་ཁང་ནས་བརྟག་དཔྱད་བྱས་པའི་འཇུག་འབྲས་བསྟན་དགོས་པ་མ་ཏོག་རང་ཉིད་ཁྱིམ་དུ་བསྡད་ནས་ཆམ་ནད་ཕོག་པ་ལ་ཏོག་དབྱིབས་ནད་འགོས་བྱུང་བརྗོད་ན་མགོ་འཁོར་བསླུ་འཁྲིད་རེད། ཆམ་ནད་དང་ཏོག་དབྱིབས་ནད་གཉིས་ཀྱི་ནད་རྟགས་ལ་འཁྲུལ་སོ་ཆེན་པོ་ཡོད། སྨན་པ་ཁོ་རང་དང་ནང་མི་ལ་ཆམ་ནད་ཕོག་པ་རེད་མ་ཏོག་ཏོག་དབྱིབས་ནད་འགོས་མེད་པ་གསལ་པོ་རེད། དེ་མིན་སྨན་ཁང་ལ་བསྟེན་གཏུགས་བྱས་ནས་སྨན་བཅོས་བྱེད་དགོས་པ་མ་ཏོག་བོད་སྨན་གྱིས་ཏོག་དབྱིབས་ནད་བཅོས་ཁག་པོ་རེད།
གཡུ་ཐོག་ལགས་ཁྱེད་ཀྱི་རང་ཉིད་ཀྱི་བསམ་བློ་ཙམ་མ་ཏོག་སྤྱི་ཚོགས་སྤྱི་ཡོངས་ཀྱི་གནས་བབ་དང་ལྷག་པར་དུ་ངོ་དེབ་ལ་སོགསསྤྱི་ཚོགས་དྲྭ་བ་རྩ་བ་ནས་་ལྟ་ཡི་ཡོད་ཚོད་མི་འདུག་ངའོ་ངོ་དེབ་ཐོག་Elmhurst ་སྨན་ཁང་གི་བརྟགས་དཔྱད་སྙན་ཐོ་ཆ་ཚང་མི་སྟོང་ཕྲག་མང་པོར་བསྟན་ཡོད། ཕལ་ཆེར་ཁྱེད་ལོ་གསུམ་མཆོག་གསུམ་ལ་བཞུགས་ཡོད་ས་རེད་ད།། ངའི་ངོ་དེབ་མིང་Amchi Wangdue ཞེས
་པའི་ཐོག་ཆ་ཚང་ཡོད། ཁྱེད་ལ་དྲང་པོ་ལྟ་བའི་མིག་དང་དྲང་པོ་ཉན་པའི་སྣ་བ་ཡོད་ཚེ་ག་དུས་ལྟ་ལྟ་ཡིན་ད་ལྟ་ཡང་ཡོད།།
སྨན་པ་དབང་འདུས་ལགས་ཁྱེད་ཀྱི་ཀུན་བློང་བཟང་པོས་ཀུན་ནས་བླངས་ཏེ་རང་རིགས་གངས་ཅན་པ་ཚོར་ཕན་པའི་སྐད་ཆ་ངོ་དེབ་སྒང་གི་བཤད་པ་ཚང་མ་ཉན་པ་ཡིན། ཕན་ཐོགས་ཆེན་པོ་ཞེ་དྲགས་བྱུང་སོང་། བཀྲིན་ཆེ་ཞུའོ། དེང་སང་མི་སྣ་ཕྲག་དོག་ཅན་པོས་ཁྱེད་ལ་གཟུགས་མེད་གྲིབ་གཟུགས་བཟོ་སྟབས་བྱེད་ཀྱིན་འདུག་ནའང་། ཉི་མ་ནི་ཀུན་གསལ་དང་སྤྲིན་པ་ནི་གླུ་བུར་བ་རེད། ཁྱེད་ལ་གཏན་དུ་རྒྱབ་སྐྱོར་ཡོད།
སྨན་པ་ཀུན་དགའ་དབང་འདུས་ལགས། ཁ་སྔོན་ཞིག་ནས་བཟུང་། ང་ཁྱེད་ལ་དོ་སྣང་ཆེན་པོ་བྱུང་། གང་ཡིན་ཟེར་ན་ཁྱེད་ཀྱིས་ངོ་དེབ་སྟེང་ཐོག་མར་ནད་ཡམས་དང་འབྲེལ་བའི་གཏམ་བཤད་བྱེད་སྐབས་སྣང་བ་འགྲོ་མོ་ཞེས་བོ་གསུངས་བྱུང། ངས་ཁྱེད་མི་སྤོབས་པ་ཅན་ཞིག་རེད་བསམས་བྱུང་། ང་ལའང་སྤོབས་པ་ཆེན་པོ་ཞིག་བསྐྱེད་བྱུང་བས། ཁྱེད་ལ་ཡིད་ཆེས་དང་གདེང་ཚོད་འདྲ་བསླེབས་བྱུང་། དེ་ནས་བཟུང་ཁྱེད་ཀྱིས་གཏམ་བཤད་ལས་ནད་ཡམས་འདིའི་སྔོན་འགོག་གམ་རང་སྟེང་ལ་བསླེབ་ཚེ་གདུང་ལེན་ཇི་ལྟར་བྱ་དགོས་མིན་གྱི་བློ་བསྐྱེད་རེ་རེག་པར་རིག་པ་གྲིམ་གྲིམ་དང་རྣ་བ་ཅོར་ཅོར་བྱས་མོད། ནད་ཡམས་གཏམ་བཤད་ལས་ཁ་ཕྱིར་བསློགས་ནས་རང་སྒེར་དཀར་འདོན་འདྲ་ལེ། རང་སྐྱོན་ལ་གནོང་འདྲ་ཡོད་ལེ། མགོ་རྔ་ཚང་མ་འཆལ་ལེ་འཆོལ་ལེ་འདྲ། འདི་འདྲ་རྐྱང་རྐྱངགི་མཇུག་བསུབ་མ་ཐུབ་པར་དཀའ་ལས་གནང་གི་འདུག ཁྱེད་རང་གི་ངོ་དེབ་ལ་ཁོས་ནད་རྟགས་འདིའི་བརྟག་འབྲས་ཚང་མ་བསྟན་ཡོད་པར་བཤད་པ་ནི་ཧམ་བཤད་རི་བོ་ལས་དབོང་མཐོ་བ་མ་རེད་དམ ཁྱོས་ཡིག་ཆ་སྤར་གང་ཉར་ནས་སྒྲུབ་བྱེད་ཙམ་ལས་ཡིག་ཆ་གང་རུང་བསྟན་པ་གང་ཡང་མ་བྱུང་བས། འདི་ལྟར་ད་དུང་ལམ་ལ་ཆས་པ་ཡིན་ཚེ། སྨན་པ་རང་ལ་གནོང་ཞིག་ཡོད་པ་གསལ་བོར་བསྟན་པ་མ་རེད་དམ དེ་ལས་ཀྱང་འཇིགས་ཡེར་རེ་བྱེད་པ་ནི་ཁྱེད་ཀྱིས་ནད་ཡམས་འདི་ལ་གདམ་པའི་སྨན་དེ་དག་གི་ནང་དུ་ཕན་ཡོན་ལས་གནོད་པར་ཤུགས་ཆེ་བ་ཡང་ཡོད་པས་ན་ཐུགས་གཟབ་གནང་ན་མི་ལེགས་སམ འཇིག་རྟེན་དངུལ་སྒོར་གྱིས་ཁ་ལོ་བསྒྱུར་ཐུབ་ལེ་མ་རེད། ཁྱེད་རང་གི་ཤེས་དགོས་བ་དང་ཅི་བགྱི་དགོས་བ་དག་ག་ལེར་གསལ་ཡོང་གི་རེད།
སྨན་ཁང་གི་བརྟག་དཔྱད་འབྲས་བུ་positiveནད་མེད་ཐོན་འདུག་ཟེར།ཆམ་པ་འདྲ་བོ་ན་བ་ལ་ང་ལ་ཏོག་དབྱིབས་ནད་ཕོག་སོང་ཟེར་ན་ཏག་ཏག་ཨེ་ཡོད་ན།
རྒྱ་ནག་གི་ནད་ཡམས་ཀོ་ཝིད་༡༩་ལ་ཕྱི་ནང་གི་སྨན་པ་སུ་འདྲ་ཞིག་གི་སྨན་གྱིས་ཕན་ན་ཕན་པ་རང་རེད་ལ་རྗེས་སུ་ཡིད་རངས་ཞུ་གི་ཡོད
སྨན་པ་དབང་འདུས་ལགས།
ཁྱེད་ཀྱིས་ཆོས་དབྱིངས་གྲོལ་གྱི་སྤྲིངས་ཡིག་དེའི་ནང་དོན་ཧ་གོ་མེད་པ་འདྲ། བརྟག་དཔྱད་ཀྱི་འབྲས་བུ་རྫུན་མ་དང་བྱས་མ་བྱས་གླེང་གི་ཡོད་པ་མ་རེད། ཁྱེད་ཀྱི་ཐོག་མའི་གཏམ་དཔྱད་དང་དེའི་རྗེས་ཀྱི་བརྟག་དཔྱད་འབྲས་བུ་སོགས་དུས་རིམ་དང་། བྱེད་སྟངས་གང་ཅིའི་ཐད་ནས་སྐྱོན་ཡོད་པ་རེད་ལབ་ཡོད་འདུག ཁྱེད་རང་སྨན་པ་ཡིན་མིན་དོན་དག་ཁ་ཁ་རེད། དེང་སང་སྨན་པའང་འདྲ་མིན་ཡོད་རེད། དཔེར་ན། རྒྱུད་ཚིག་ཙམ་སྐྱོར་ཤེས་མོད་དོན་འགྲེལ་བསྐྱོན་མི་ཤེས་མཁན། ཐ་ན་ཏོག་དབྱིབས་ནད་ལ་རྟོག་དབྱིབས་འབྲི་མཁན་གྱི་སྨན་པ་ཁྱེད་ལྟ་བུ་ཡོད་རེད། ཁྱེད་ཀྱི་ཚིག་སྦྱོར་དང་ཡིག་ནོར་གྱི་བསྐོར་ལབ་འདོད་མེད། འོན་ཀྱང་། བདེན་དཔང་བྱས་ཏེ་ཨ་སྒོར་ཁྲི་གཅིག་སྤྲོད་ངེས་ཡིན་ཟེར་ན། གལ་ཏེ་སྒོར་མོ་སྤྲོད་ས་ཞིག་ངེས་པར་དུ་དགོས་ཚེ། གོང་གི་ཆོས་དབྱིངས་རང་གྲོལ་སྤྲོད་དགོས་འདུག ཁོའི་སྒྲུབ་བྱེད་བཙན་ལ་གནད་ལ་འཁེལ་འདུག རྗེས་ཕྱོགས་རྒྱུད་ཚིག་འདི་ལ་བསམ་བློ་ཐོངས། ཁ་དམར་མི་ཤེས་སྨན་པ་དེ། །གཙོ་བོས་སྨྲ་བ་མི་ཤེས་འདྲ། །རང་སྐྱེངས་གྲགས་པ་ངན་པ་འཕོག །
འདི་བོད་སྨན་ཀྱི་ཕན་མི་ཕན་གྱི་སྐད་ཆ་མ་རེད།ཆུ་ཁོལ་མའི་ཡང་ཕན་གི་རེད།ཆམས་ནད་དང་ཏོག་ནད་འཁྲུལ་ནས་ང་ལ་ཏོག་དབྱིབས་ནད་ཕོག་སོང་།བོད་སྨན་ཟོས་ནས་ཕན་སོང་བ་མ་ཟད་ང་དང་ངའི་ནང་མི་ངའི་ནད་བ་མང་པོ་དྲག་སོང་ཟེར་བ་དེ་རེད། སྨན་ཁང་གི་བརྟག་དཔྱད་འབྲས་བུ་རང་ལ་ཏོག་དབྱིབས་ན་ཚ་མེད་པར་ཐག་བཅད། ཁྱེད་རང་གི་ང་ཏོག་ནད་ན་སོང་ཏོག་ནད་འདྲ་བའི་ནད་རྟགས་འདུག ་བཟའ་ཟླ་བུ་ཕྲུག་ལ་ཡང་ཏོག་ནད་ཕོག་འདུག་ང་ལ་ཡང་འགོས་ད་འགོས་། ཁོང་ཚོའི་མཉམ་དུ་ཁྱིམ་གཅིག་གི་ནང་བསྡད་ཡོད་ཟེར་ན།དེ་ནི་མ་ངེས་བ་རེད།ངའི་ཁོར་ཡུག་འདི་ནའང་མི་གཅིག་ལ་ཏོག་ནད་དང་པོ་ཕོག་དུས་།ཁོང་དང་འབྲེལ་བ་ཡོད་པའི་མི་གསུམ་བཅུ་ལྷག་ལ་ཟུར་བཀག་བརྟག་དཔྱད་བྱས་སོང་ཡང་སུ་གཅིག་ལ་ཏོག་ནད་ཐོན་མ་སོང་ངས་བལྟས་ན་ཨ་སྒོར་ཁྲི་གཅིག་ཤོར་ཚར་འདུག ཁ་གཅིག་ནས་ལྕེ་ལེ་གཉིས་མ་བརྐྱངས་རོགས།