གནས་ཚུལ་མཁོ་གཏོང་བ། ཁྲི་གཡུང་དྲུང་།
ཕྱི་ལོ་ ༢༠༡༢ལོའི་ཟླ་༡༠ཚེས་༡༦བོད་ཆུ་འབྲུག་ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་ཡོད་པའི་གནས་བསྡུས།
དེ་ཡང་ཐོག་མར་ཕྱི་ལོ་༡༩༩༧ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པའི་ཐུགས་བསྐྱེད་ཉེར་ལེན་ཟབ་མོ་ལ་བརྟེན་ནས་གསར་འཛུགས་མཛད་གནང་ཡོད་པ་རེད། སྤྱིར་གཡས་རུའི་འཆད་རྩོད་ཆེན་མོ་ཞེས་པ་སྔ་རབས་བོན་གྱི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་སྟོན་པ་བརྒྱད་པ་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་འ་ཞ་བློ་གྲོས་རྒྱལ་མཚན་(༡༡༩༨།༡༢༦༣)མཆོག་གིས་མཛད་པའི་༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་༽ཀྱི་གཞུང་དོན་ལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་གཙོས། བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་རྫོགས་གླིང་སྟོད་དང་། གླིང་སྨད་གཉིས་སུ་ཕྱེས་ཏེ། དཔྱད་གསུམ་རྣམ་པར་དག་པའི་འཆད་རྩོད་དམིགས་བསལ་གནང་སྲོལ་ཡོད་པ་ལྟར། གོང་ཟླའི་ཚེས་༡༦ཉིན་ནས་དམིགས་བསལ་གྱིས་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་ ནངས་སྔ་ལངས་དང་དགོང་འཕྱི་གཟིམ་གྱིས་ངག་སྐྱོར་དང་བློ་སྦྱོང་ཤུགས་ཆེན་གནང་དགོས་པ་དང་། གཞན་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་གཙོས་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་རྩོད་པའི་དཔང་པོར་བཞུགས་ཏེ། བདུན་ཕྲག་སོ་སོར་གླིང་སྟོད་སྨད་གཉིས་སུ་བྱས་ཏེ་སློབ་གཉེར་བ་རྣམས་ཀྱིས། མ་རྟོགས་མུན་པ་སེལ་བའི་སྒྲོན་མེ། ལོག་རྟོག་བྲག་རི་གཞོམ་པའི་ཐོག་མདའ། ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི། བསྟན་པ་བྱི་དོར་བྱེད་པའི་ཐབས་ཀྱི་སྙིང་པོ། རྩོད་པ་བོན་གྱི་འཁོར་ལོ་ཡོངས་སུ་སྐོར་མཛད་དེ། བདུན་ཕྲག་རེ་ལ་རྩོད་ཐུག་ཆེན་མོ་རེ་གནང་དགོས་པ་དང་། དེ་ཡང་མཐའ་མའི་བདུན་ཕྲག་གི་འཁོར་དུས་གསུམ་པའི་ཐོག་ལོ་གཅིག་གི་གཡས་རུའི་འཆད་རྩོད་ཆེན་མོའི། རྩོད་ཐུག་གི་རྒྱལ་ཕམ་དང་ཁྱབ་ལོག་ཁག་འདུས་སྡེའི་ཚོགས་དབུས་སུ་སྒྲོག་སྦྱོང་ཞུ་རྒྱུ་དང་། འཆད་རྩོད་ཆེན་མོའི་མཐའ་མའི་རྩོད་རྒྱུགས་སྐབས་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་གདན་ཞུས་ཀྱིས་འབྲེལ་ཡོད་དཔེ་ཁྲིད་རྒན་རྣམ་པས་གཞུང་དོན་གྱི་དཀའ་གནད་ཆེ་ཁག་ཤོག་སྒྲིལ་བཟོས་ཏེ་སློབ་གཉེར་བ་སོ་སོས་བླངས་ནས་དཔོན་སློབ་རིན་པོ་ཆེའི་ཕྱག་ཏུ་ཕུལ་ཏེ་ཁོང་གིས་གསུངས་མཛད་པ་ལྟར། རིག་འཕྲུལ་གྱིས་བརྡར་ཤ་ལེགས་པར་བཅད་དེ་བདུན་ཕྲག་གཅིག་གི་རིང་རྩོད་རྒྱུགས་དམ་བཅའ་ཆེན་མོ་མཛད་དེ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པའི་མཐའ་མའི་རྩོད་རྒྱུགས་ཆེན་མོ་ལེན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲ་ཚིགས་གཙོ་སྒྲིག་པས།
པར་པ་ཁྲི་གཡུང་དྲུང་།
བོད་རང་ཉིད་ཀྱི་ཆོས་ལུགས་དང་མ་བདག་གཅེས་གནང་རྗེས་སུ་ཡི་རང་ཞུ། ང་ཚོ་བོད་པ་ཚཽས་ཝ་རོ་རྦེད་ནས་སྦལ་རོ་རྒྱང་ལ་འཕེན་པ་རེད། ད་དུང་ནང་ཆོས་ ཕྱོགས་གཅིག་ནས་བཤད་ན་བོད་པ་ཚང་ངོ་གནོན་དགོས་པ་རེད། མ་རེད་དམ།
བོད་ཀྱི་ཕ་ཆོས་ངོ་མ་བདག་གཅེས་གནང་མཁན་ཚོར་རྗེས་སུ་ཡིད་རང་ཞུ། ང་ཚོ་བོད་མི་རིགས་ཀྱི་སྲོག་རྩ་ནི་བོད་ཀྱི་ཆོས་དང་རིག་གཞུང་རྣམས་ཡིན་ལ། བོད་པ་སྐུ་ཚེ་རིང་མི་རིང་ཡང་སོ་སོའི་རིག་གཞུང་བདག་པོ་ཕོག་མིན་ལ་རག་ལས་པ་ཡིན་སྟབས་ཚང་མས་ཤུགས་རྒྱོབས་ཤིག ཨོཾ་སྭ་ཏི། གནམ་ལ་ཉི་ཟླ་ཟུང་གཅིག་ཤར་བ་བཞིན། །ས་ལ་བན་བོན་ཟུང་གཅིག་རྒྱས་པར་ཤོག
ཨོཾ་སྭ་ཏི།
གནམ་ལ་ཉི་ཟླ་ཟུང་གཅིག་ཤར་བ་བཞིན། །
ས་ལ་བན་བོན་ཟུང་གཅིག་རྒྱས་པར་ཤོག །
ཅེས་པས་སྨོན་འདུག་གོ །
ངས་དཔལ་ལྡན་བོན་གྱི་གཞུང་དཔེ་ཁ་ཤས་ཀློག་པ་ལས་རྐང་བཙུགས་སློབ་སྦྱོང་མེད་ཀྱང་། ཚིག་དོན་གཉིས་ཀའི་ཆ་ནས་ཁྱད་པར་ཆེར་མེད་པ་ཞིག་ཏུ་མཐོང་། ཐ་ན་གོང་གི་དགེ་འདུན་རྣམས་ཀྱིས་རྩོད་པ་རྒྱབ་སྟངས་དེ་ཡང་གདན་ས་ཁག་གི་ཆོས་གྲྭ་ཚོགས་པ་དང་ཁྱད་པར་མེད་པ་ལྟ་བུ་ཞིག་ཏུ་འདུག
དྲི་བ། བོན་གཞུང་དུ། ཕུང་པོ་ལྔ། སྐྱེད་མཆེད་བཅུ་གཉིས། ཁམས་བཅོ་བརྒྱད་རྩི་ཚུལ་ཡོད་དམ། ཡོད་ན། དེ་དག་རྫས་གཅིག་ཡིན་པ་ལ།
རྨོངས་དབང་འདོད་རྣམས་གསུམ་གྱི་ཕྱིར།
ཕུང་པོ་ལ་སོགས་གསུམ་བསྟན་ཏོ།
ཞེས་སློབ་དཔོན་དབྱིག་གཉེན་གྱིས་མཛོད་དུ་གསུངས་པ་བཞིན་དུ་འདོད་དམ། ཞེས་སོ།།
ཡོད་ད་ཡོད་ཁྱེད་ཀྱི་གཟིགས་རྒྱུ་བྱུང་ན་ཁམས་ཆེན་སྟོང་ཕྲག་བརྒྱ་པར་གཟིགས་དང་འཁོར་འདས་ཀྱི་རྣམ་གྲངས་ཆ་ཚང་གཟིགས་ངེས་པ་འདུག་་ལ་དྭགས་ལགས་་་་དབྱིག་གཉེན་མཛོད་ནི་བོན་གྱི་སྲིད་པའི་མཛོད་ཕུག་ལས་བཤུས་པ་འདྲ་བོ་ཡོད་རབས་ཐོས་
ཤིན་ཏུ་ལེགས། འདི་འདྲའི་ལམ་ནས་རྣམ་དཔྱོད་སྤེལ་དགོས།
འདྲ་བ་ནི་དངོས་མ་ཡིན་ནོ། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ།
དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། ཞེས་པའི་སྐབས་ཀྱི་སྟོན་པ་དེ་བོན་སྟོན་ཤེས་རབ་རེད་པས། ཡིན་ན་སློབ་དཔོན་དབྱིག་གཉེན་བོན་པོ་ཡིན་གྱི་རེད།
གཡས་རུའི་འཆད་རྩོད་ཆེན་པོ་ཞེས་པའི་མིང་དེ་འཁྲུག་ལུང་འདྲ་བ་ཞིག་དུ་གོ་མི་འདུག་གམ། མིང་དེ་ལྟར་བཏགས་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
བོན་ནམ་བོད་ཅེས་པ་བདེན་པ་ལ་འཇུག་དགོས། དེ་ལྟར་ན། སློབ་དཔོན་དབྱིག་གཉེན་ཙམ་དུ་མ་ཟད། བློ་ལྡན་བདེན་པར་སྨྲ་བ་སུ་ཡིན། བོན་ཡིན་དགོས། ངས་མུ་སྟེགས་ཀྱི་ཚུལ་བཟུང་ནས། ཆོས་གསུང་བ་པོ། མུ་སྟེགས་བྱེད་ཀྱི་བུ་བདེན་པར་སྨྲ་བ་བྱང་ཆུབ་སེམས་དཔའི་མཛད་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་ཡིན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་གཞིར་བཟུང་བརྟག་དཔྱད་བྱས་པ་ལྷག་པའི་སློབ་དཔོན་གྱི་རྒྱུགས་སྤྲོད་ལ་གཟེངས་རྟགས་ལེགས་པ་བྱུང་སྟེ། བོད་དཔེ་དང་། ཨིན་འགྱུར་དཔེ་གཉིས་ཀ་ཀ་ལོམ་བི་ཡ་སློབ་གྲྭ་ཆེན་པོ་དང་འབྲེལ་པའི་ནང་ཆོས་སློབ་པའིཚོགས་པ་ནས་༢༠༡༠་སྤར་ཏོ། །
བོན་རྣམས་ཀྱིས་བོན་ཆོས་འདི་དག་ཐོག་མ་ནས་བན་ཆོས་མ་དར་གོང་ནས་བོད་དུ་ཡོད་པ་ཡིན་ཞེས་དང་། བན་ཆོས་འཛིན་པ་རྣམས་ཀྱིས་བོན་ཆོས་མང་པོ་བན་ཆོས་ནས་བླངས་པར་བཤད་པ་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་རང་རེས་ལོ་རྒྱུས་ལ་བརྟག་དཔྱད་ལེགས་པར་བྱེད་དགོས་པར་མཐོང་།
ཚིག་ལ་མི་རྟོན་དོན་ལ་རྟོན།
གང་ཟག་ལ་མི་རྟོན་ཆོས་ལ་རྟོན།
དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན།
རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན།
ཞེས་རྟོན་པ་བཞི་པོ་འདི་བོན་ལུགས་ལ་ཡང་ཡོད་ངེས།
ད་རྟོན་པ་བཞི་པོ་འདིའི་སྟེང་དུ།
བོན་བན་ཕྱོགས་ལྷུང་ལ་མི་རྟོན།
ཡང་དག་པའི་ལོ་རྒྱུས་ལ་རྟོན།
བན་བོན་གཉིས་ཀས་བོད་ཀྱི་སྐད་དང་རིག་གཞུང་ལེགས་པར་འཛིན་པ་ལ་སུས་སུའི་ཆོས་བླངས་པ་ཡིན་ན་ཡང་། རང་རེ་ད་ལྟ་བོད་ཀྱི་སྐད་དང་རིག་གཞུང་འཛིན་པ་ལ་ཁྱད་པར་གང་ཡང་མེད་དགོས་སོ།།
ཡག་པོ་རེད། ཁ་བདེ་བོ་ག་ཚད་ཆགས་པའི་ཚོད་ཀྱིས་མི་ལ་མགོ་སྐོར་གཏོང་མཁས་པོ་ཆགས་ཀྱིན་རེད།
དོན་དངོས་ཀྱི་གནས་ལུགས་ནི་རྟོག་གེ་བས་ཁ་རྩོད་བརྒྱབ་ནས་རྟོགས་རྒྱུ་མིན་པར། ལག་ལེན་དངོས་ཀྱི་ཁྲོད་ནས་རྙེད་ཡོང་བ་ཞིག་རེད།
ལར་ནང་ཆོས་ཀྱི་ཁུངས་ནི་གཡུང་དྲུང་གི་བོན་རིན་པོ་ཆེ་དང་། གཡུང་དྲུང་གི་བོན་རིན་པོ་ཆེའི་ཁུངས་ནི་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཡིན་པ་ལོ་རྒྱུས་ལ་ཞིབ་མོས་དཔྱད་ན་ལེགས་པར་རྟོགས་ནུས་ཏེ། གཙུག་ལག་སྒོ་བཞིའི་ཁུངས་ནི་གཡུང་དྲུང་གི་བོན་དང་། གཡུང་དྲུང་གི་བོན་ནི་གོང་གི་སྟོན་ནས་གཏན་ལ་ཕབས་ནས་སྲོལ་ཕྱེས་པས་སོ།་
གཙུག་ལག་སྒོ་བཞི་དེ་གང་གང་ཡིན་ནམ། ཚིག་ཉུང་ལ་དོན་གསལ་བ་ཞིག་ཏུ་འབྲི་བར་མཛོད།
ལ་དྭགས་ལགས། གཙུག་ལག་སྒོ་བཞི་ནི། འཛམ་བུའི་གླིང་དུ་བསྟན་པའི་གཞི་མ་གཡུང་དྲུང་གི་བོན་གྱི་ཡན་ལག་བཙུན་པ་ཆོས་དང་། ཕན་བྱེད་སྨན། གཙུག་ལག་རྩིས། རྟེན་འབྲེལ་གཏོ་ཐབས་བཅས་བཞི་ལ་གཙུག་ལག་སྒོ་བཞི་ཟེར་རེད། དེ་ཚོའི་སྐོར་གཟིགས་འདོད་མཆིས་ན་བོན་གཞུང་ལས་ངོ་མཚར་བའི་ཁུངས་ལུང་རྒྱུ་མཚན་ལྡན་པ་མང་པོ་གསལ་འདུག་གོ
ཨ་རོགས་ཁམས་ཕྲུག་ལེགས།
གཙུག་ལག་སྒོ་བཞིའི་ངོ་སྤྲོད་མདོར་བསྡུས་བྲིས་པར་བཀའ་དྲིན་ཆེ། དེ་བཞི་ནི། མདོར་ན། ཆོས་དང་། སྨན། རྩིས། གཏོ་བཅས་ཡིན་འདུག མ་འོངས་པ་ན་ལོང་འབྱུང་་ན། དང་པོ། ཆོས་དེ་སྦྱང་དགོས་པ་འདུག་་གོ།
ཞང་ཞུང་པ་ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
སྐུ་ཉིད་ཀྱིས་དུས་ཕྱིས་དར་རྒྱས་བྱུང་བའི་ཆོས་ལུགས་ལ་སློབ་དགོས་རབ་མང་པོ་ཞིག་གསུངས་སོང་དེ་ལ་རྗེས་སུ་ཡིད་རངས་ཡོད། འོན་ཀྱང་ད་ཡོད་བན་དེའི་ལོ་རྒྱུས་བཤད་པ་ཁག་དང་ཕྱོགས་ཡོངས་ནས་རྒྱབ་འགལ་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་མང་པོ་ཞིག་ཐོན་ཡོང་གི་འདུག། དཔེར་ན་དུས་རྒྱུན་བསམ་ཡས་དགོན་པ་དེ་བན་དགོན་ཐོག་མ་དེ་ཡིན་ཟེར་ཤོད་ཀྱི་འདུག་བ། དེ་རེད་མི་འདུག་ཟེར་ནས་བསམ་ཡས་ཀྱི་སྔོན་ལ་ཇག་རོང་དགའ་ལྡན་བྱིན་ཆགས་གླིང་ཟེར་བའི་དགོན་པ་ཞིག་བྱུང་རབས་འདིར་གླིང་གི་འདུག་པས་གནས་ཚུལ་འདི་ལྟ་བུར་སྐུ་ཉིད་ལ་དགོངས་ཚུལ་ག་རེ་ཡོད་དམ་ཟེར་ཞུ་རྒྱུ་ཡིན། http://www.gdqpzhx.com/bo/html/news/201105061120.html
དེར་མ་ཚད་ཉེ་ཆར་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་༣༧༥་ཐད་གཏོང་ཁང་ནས་བོད་ནང་གི་བོད་ཀྱི་ཡིག་རྙིང་ཞིབ་འཇུག་པ་མཁས་དབང་ཀརྨ་བདེ་ལེགས་ཞུ་བ་ཞིག་ལ་དྲི་བ་དྲི་ལེན་བྱེད་སྐབས་མཁས་དབང་ཁོང་གིས་གསུངས་པ་ལྟར་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཆོག་ལ་ཡང་བོད་མི་ཡིན་པའི་ཁོང་གི་དགེ་རྒན་རྩ་མི་པན་ཊི་ཏ་ཞུ་ཞིག་བྱུང་འདུག་ཟེར་ནས་གླེང་གི་འདུག། གནས་ཚུལ་གསར་པ་འདི་ཚོ་ལ་ཁྱེད་ལ་དགོངས་ཚུལ་ག་རེ་ཡོད་དམ།
http://www.qhtb.cn/zhibo/375/2012-06-08/10997.html
གཙུག་ལག་སྒོ་བཞི་ནི། འཛམ་བུའི་གླིང་དུ་བསྟན་པའི་གཞི་མ་གཡུང་དྲུང་གི་བོན་གྱི་ཡན་ལག་བཙུན་པ་ཆོས་དང་། ཕན་བྱེད་སྨན། གཙུག་ལག་རྩིས། རྟེན་འབྲེལ་གཏོ་ཐབས་བཅས་བཞི་ལ་གཙུག་ལག་སྒོ་བཞི་ཟེར་རེད། ཟེར།
གཙུག་ལག་ཅེས་པའི་ཚིག་གི་འབྱུང་དེ། གཙུག་ལག་རྩིས་ཞེས་པ་འདི་རེད་ཅེས་ལབ་ན་འགྲིགས་སམ།