#25 རྣོ་ལྕགས། ་ལགས་ཀྱིས་སྤེལ་དོན།:
March 25th, 2016 at 12:32 am
མགོ་རུལ་བ་རྣ་ཡིས་མ་ཚོར། ཞེན་ཁོག་གིས་ཚོས་ནས་བསྡད་པའི་སྐྱ་སེར་སུ་ཡིན་ཡང་སྤྱི་ཚོགས་ཀྱི་གད་སྙིགས་ཡིན། དེ་དག་ལ་གོ་གནས་ཀྱི་རྐུབ་སྟེགས་ཐོབ་ཀྱང་ཧ་ལས་རྒྱུ་ཅི་ཡང་མེད། ཀ་རྡོ་ཟེར་བ་དེས་བློ་སེང་གིས་འཕྲོད་བསྟེན་འཐུས་ཤོར་བཏང་བར་ཁོས་དགོངས་དག་ཞུས་པ་ཡིན་ཟེར། དྲ་འབུ་ཞིག་གི་དགོངས་དག་ཕར་བཞག་ཚེ་སྲོག་ལ་ཡང་རིན་ཐང་ཅི་ཡོད། ་་་་་་་་་་་་་་ཟེར་མཁན་ཁྱོད་རང་། དང་པོ་བོད་ཡིག་དང་། བོད་སྐད་ཡགམསྦྱོངས། དེ་ནས་ང་དང་རྩོད་ཤོག
ངའི་འདི་ཡང་སྐྱར་ཅིག་ཀློགས།
#4 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
March 24th, 2016 at 1:30 am
ང་བློ་སེང་ལགས་ལ། རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན་ན་ཡང་། ད་འཕྲོད་བསྟེན་བཀའ་བློན་དེ་མུ་མཐུད་ནས་འཕྲོད་བསྟེན་བཀའ་བློན་བྱེད་བཅུག་རྒྱུ་མེད་པ་འདྲ། འདིས་ཕོག་ཐུག་ཤོར་མཁན་ཚོར་ངས་དགོངས་དག་ཞུའོ།།
གོང་ས་མཆོག་གི་བཀའ་སློབ་འདི་ལྟར་ཕེབས་པ་བཀྲིན་ཆེ་ ཟམ་གདོང་རིན་པོ་ཆེ་ནས་ཀྱང་འོས་འཕེན་མི་འདུག་ ད་དབུས་བོད་མིའི་སྒྲིག་འཛུག་ནས་ལས་ཀ་དྲང་བདེན་ཞིག་གནང་གི་མེད་པ་ཐག་ཆོད་གཞིས་ཆགས་ཁག་ནང་འཕྲོད་བསྟེན་སྨན་ཁང་ལ་བོད་མི་བརྒྱ་ཆ་བཅུ་ཙམ་ལས་མང་ཆེ་བ་ཕྱི་རྒྱ་གར་སྨན་ཁང་ལ་བསྟེན་གྱི་འདུག་ དེ་ནི་ས་གནས་འཕྲོད་ལས་ཚོའི་བྱ་སྤྱོད་དང་འབྲེལ་མ་ཡོད་པ་ནི་ད་ལམ་གོང་སྈམཆོག་ནས་བཀའ་གསལ་ཕེབས་པ་ནས་ངོ་འཕྲོད་ཐུབ་ཞིང་མ་རེད་དམ་ དབུས་སའི་ལས་བྱེད་ཚོ་མི་མང་ལ་ཤ་མ་ཚ་ནའང་གོང་ས་མཆོག་གི་དགོང་པ་མ་དཀྲུགས་རོགས་ཐུགས་རྗེའི་གཟིགས་སྐུ་མཁྱེན་།
༸སྐྱབས་མགོན་༸རྒྱལ་བའི་ཅི་ཙམ་གསུངས་ཀྱང་འདྲ། །
བོད་མི་ཉེན་ཚབས་ཅི་ཙམ་ཆེ་ཡང་འདྲ། །
གཟི་བརྗིད་ཁོག་སྟོང་སྲིད་སྐྱོང་བློ་སེང་སོགས། །
སྤྱི་ཚོགས་ཡར་རྒྱས་གཏང་བའི་འཇོན་ཐང་མེད། །
བློ་སེང་བློ་ཡི་འཆར་སྒོ་རྣམས། །
ལག་ལེན་དངོས་སུ་མ་ཐོན་རུང་། །
ཇི་སྙེད་བྱུང་བའི་འབྲས་བུ་དག །
རང་བྱས་ཉིད་དུ་ཁ་ཡིས་བསྒྲགས། །
ང་བློ་སེང་ལགས་ལ། རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན་ན་ཡང་། ད་འཕྲོད་བསྟེན་བཀའ་བློན་དེ་མུ་མཐུད་ནས་འཕྲོད་བསྟེན་བཀའ་བློན་བྱེད་བཅུག་རྒྱུ་མེད་པ་འདྲ། འདིས་ཕོག་ཐུག་ཤོར་མཁན་ཚོར་ངས་དགོངས་དག་ཞུའོ།།
བློ་སེང་ལ་ཡིད་ཆེས་སྔོན་མ་ནས་མེད། ཁོས་བྱས་རབས། བྱུག་རབས་ཤ་སྟག་བཤད་ནས་མི་མང་མགོ་བསྐོར་བཏང་སོང་། དོན་དངོས་ལ་འཕྲོད་བསྟེན་གྱི་འཐུས་ཤོར། ཤེས་ཡོན་གྱི་འཐུས་ཤོར་སོགས་མང་ངོ།
བོད་པས་ཞྭ་མོ་གྱོན་ཡ་ལ་འཐུས་ཤོར་ཕྱིན་མེད་པ། ཧཧཧ།།
https://www.facebook.com/photo.php?fbid=1250323498329835&set=a.477219758973550.121919.100000565917480&type=3&theater
བློ་སེང་གིས་དགེ་བཤེས་མ་གསར་གཏོད་ཀྱི་རྫུན་བཤད་པ་དེ་དང་། གྲོས་ཚོགས་སུ་ལན་འདེབས་གསལ་པོ་མ་བྱས་པ་དེ་ཚོར་བསམ་བློ་ཞིག་འཁོར་ཡོང་དུས། ད་མི་དེ་ལ་ཡིད་ཆེས་ཀྱི་མི་འདུག་གོ། དབུ་མ་རང་བཙན་གང་ཡིན་ཀྱང་ཡིན། ཁམས་པ་ཨ་མདོ་དབུས་གཙང་གང་ཡིན་ཀྱང་ཡིན། རྫུན་མཁན་ལ་ཡིད་ཆེས་མེད་དོ།།
ཆུ་གི་ཁྱེར་ནའང་ཆོལ་ཁ་དང་ལུང་ཚན་གྱིས་ཞེན་ཁོག་དེས་སྐྱལ་ཡིན་ལྡོག་བྱས་བསྡད་དྲག་གོང་ས་མཆོག་དང་ཟམ་གདོང་རིན་པོ་ནས་གསལ་པོ་བཟོས་སོང་ད་ བཀའ་སྤྱི་གསར་པ་ཚོ་ཟབ་ཟབ་བྱས་ནས་རིག་པ་འགྲིམས་རོགས་གནང་ སླར་ཡང་གོང་ས་མཆོག་ནས་བཀའ་དེ་འདྲ་ཕེབས་མ་དགོས་པའི་ཡིད་ཟབ་གནང་རོགས་ཐུགས་རྗེའི་གཟིགས་སྐུ་མཁྱེན་ངོང་ས་མཆོག་དགོང་པ་མ་དཀྲུགས་རོགས་གནང་།
དེ་སྔོན་ནས་མཁས་པ་མང་པོ་ཞིག་གིས་ཚོད་དཔག་བྱེད་ན་སྤེན་ཚེའི་རྒྱབ་ཏུ་དགའ་ལྡན་ཕོ་བྲང་ཡོད་པའི་ཡིད་ཆེ་བྱས་ཡོད། རྒྱུ་མཚན་ནི་བོད་མི་ས་ཡ་དྲུག་གི་དོན་དུ་མ་ཡིན་པར་དགའ་ལྡན་ཕོ་བྲང་རྒྱས་སྐྱེད་ཀྱི་ཆེད་དུ་རེད་ཟེར། དེས་ན་གཞོན་སྐྱེས་དང་བླ྄ོ་རིག་དང་ལྡན་པ་མང་པོས་བློ་སེང་ལ་རོགས་སྐྱོར་བྱེད་དགོས་དོན་ཀྱང་འདི་ལ་ཐུག་ཡོད། ང་རང་སྐྱབས་མགོན་རིན་པོ་ཆེ་ལ་ཁ་དཀར་གཉིས་མེད་ཡིན་པའི་ཕྱིར་ན་འདིའི་ཁོངས་སུ་དགའ་ལྡན་ཕོ་བྲང་མེད་པའི་སྨོན་ལམ་རྒྱགས་ཀྱིས་ཡོད། ཆབ་སྲིད་འདིའི་ཁོངས་སུ་དགའ་ལྡན་ཕོ་བྲང་ཡོད་ན་གཞོན་སྐྱེས་མང་པོ་གོང་ས་མཆོག་ལ་ཁ་བཏད་དུ་ལང་སྟེ་ཤུགས་ལྡན་ཚོགས་པ་ལྟར་སྤྱི་ཚོགས་གཏན་ལྷིང་ནམ་ཡང་ཡོང་མི་སྲིད། དཀོན་མཆོག་དཔང་དུ་བཙུགས་ཏེ་ཡག་པོ་ཞིག་གཟིགས་ན་ཆོལ་ཁ་དང་། ཆོས་ལུགས། མི་རིགས་ཚང་མར་བྱས་རྗེས་ཆེ་ཤོས་ཅན་དེ་མཁས་དབང་བློ་སེང་རེད། ད་དུང་ཡང་ཁོང་འདྲ་པོ་བོད་པར་མང་པོ་དགོས་མཁོ་ཡོད།
སྐྱབས་མགོན་རིན་པོ་ཆེ་ནི་དུས་ནམ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་སར་བཞུགས་ཏེ་བོད་མི་ཡོངས་ཀྱི་མགོན་སྐྱབས་སུ་བཞུགས་བསྟུན་རོགས། ཁོང་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་མ་བཏང་རོགས་ངས་སྙིང་ཁོང་རུས་པའི་གཏིང་ནས་རེ་བསྐུལ་ཞུ་བཞིན་ཡོད། ད་དུང་མུ་མཐུད་དེ་ཁོང་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་དྲག་ན་ཕམ་ཁ་ཆེ་ཤོས་དེ་བོད་མི་ས་ཡ་དྲུག་གི་གྱོང་གུད་དང་། མ་འོངས་པར་ལོ་རྒྱུས་སུ་ནག་ཐིག་བཟོ་ངེས་རེད། ངས་བཀུར་འདེབས་གཏན་ནས་མིན། དེང་གི་སྤྱི་ཚོགས་སུ་དྲན་སྟངས་ཟིན་བྲིས་སུ་བཏབ་པ་དང། སྐྱབས་མགོན་རིན་པོ་ཆེ་ལ་ལྷག་བསམ་ལྷད་མེད་ཡིན་པའི་ཕྱིར་ན་བྲིས་པ་ཡིན། གལ་སྲིད་དམངས་གཙོ་དགོས་མཁོ་མེད་ན་གང་ཟག་གིས་དབང་སྒྱུར་ན་འགྲིག
གཟི་བརྗིད་ཁོག་སྟོང་གསུངས་པ་ངོ་མཚར་ཆེ།
སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་། སྲིད་སྐྱོང་མངོན་ལྐོག་མི་མཚུངས། སྲིད་སྐྱོང་ཕྱི་རྫིག་ནང་སྟོང་། སྲིད་སྐྱོང་གསུངས་དང་ལ་མོ། སྲིད་སྐྱོང་ཞལ་རྫུན་བཟོ་གྲྭ།
འཕྲོད་རྟེན་བཀའ་བློན་དེ་རྙོག་གཞི་ཅན་ཞིག་རེད། ད་ནས་ཁོང་བརྗེ་པོ་རྒྱགས་རན་པའི་དུས་ལ་བབ་འདུག འཕྲོད་རྟེན་བཀའ་བློན་ལ་མི་དྲང་ཤག་ཡོད་པའི་སྐུ་ངོ་ཞིག་ཡོང་ན་བཟང་། བློ་སེང་ལགས་ཀྱིས་ཐུགས་བསམ་གནང་རོགས།
སྤེན་པ་ཚེ་རིང་ནས་རང་འགུལ་གྱིས་དགོངས་དག་ཞུ་དགོས་ས་རེད། གོང་ས་མཆོག་གིས་ཁོང་ལོ་བཅུ་ནས་བཅོ་ལྔ་མ་གཏོགས་བཞུགས་ཀྱི་མ་རེད་གསུངས་སོང་། དེ་ལྟར་བརྩིས་བརྒྱབ་ན་དགུང་ལོ་བརྒྱ་དང་བཅུ་གསུམ་མར་ཆག་ནས་དགུ་བཅུ་གོ་ལྔ་གཡས་གཡོན་ཞིག་ལ་ཐུག་འདུག
ཁ་ཡིས་བརྗོད་པའི་བློ་སེང་དག་གྱུར་ན། །
ལག་པས་བྲིས་པའི་སློབ་སངས་ནོར་བ་ཉིད། །
ལག་ལེན་དངོས་སུ་མཐུས་ཤོར་ཕྱིན་ཡོད་ན། །
ཁ་ཡིས་བརྗོད་པའི་གྲུབ་འབྲས་སྟོང་བ་ཉིད། །
ཡང་ཁོང་གིས་མངོན་ལྐོག་རྒྱབ་མདུན་མཚུངས་བའི་ཐོག་ནས་ཕྱག་ལས་གནང་དགོས་སྐོར་གསུངས་དོན། བོད་ཀྱི་སྨན་རྩིས་ཁང་ནས་ད་ལྟའི་བར་དུ་བྱས་རྗེས་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད་པ་རེད། ཡིན་ནའང་ད་དུང་ང་ཚོ་་་་གཞིས་ཆགས་ཁག་་་ཏུ་ཕྱིན་སྐབས་་་ནད་པ་་་མང་པོ་་་ཞེ་དྲགས་་་འདུག ནད་རིགས་སྔོན་འགོག་ཐོག་ལ་འཐུས་ཤོར་ཕྱིན་པའི་རྟགས་གསལ་བོ་ཞེ་དྲགས་དྲགས་འདུག འཕྲོད་བསྟེན་ལས་ཁུངས་ནས་ཀྱང་འཐུས་ཤོར་ཞེ་དྲགས་ཕྱིན་པ་འདྲ་པོ་འདུག་ལ། སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ཁོང་ནས་ཀྱང་འཐུས་ཤོར་ཕྱིན་པའི་བཟོ་ལྟ་འདུག་གཱ། ང་ཚོ་འདིར་འདྲ་ཆགས་པོ་བཤད། རྒྱས་རྒྱས་སྤྲོས་སྤྲོས་བྱས། ་་་་་་ས་གནས་ས་ཐོག་ལ་་་ནད་པ་་་དང་་་དབུལ་ཕོངས་་། སྐྱབས་མེད་་་་མགོན་མེད་་་་ལྷག་བསྡད་པ་་་དེ་ཚོའི་གྲས་དེ་་་ང་ཚོའི་་་རྒྱབ་མདུན་མངོན་ཀློག་མ་མཚུངས་པའི་རྟགས་རེད་་། མདུན་ལ་འདྲ་ཆགས་པོ་བྱས་ཏེ། རྒྱབ་ལོགས་ལ་འཐུས་ཤོར་ཕྱིན་བསྡད་པ་ཡིན་ན། ང་ཚོས་འདིར་འདྲ་ཆགས་པོ་ཞེ་དྲགས་བྱས་ཀྱང་་་གཟི་བརྗིད་ཁོག་སྟོང་་་ཟེར་བ་དེ་ཆགས་པ་རེད། དེར་བརྟེན། ང་ཚོ་འདྲ་ཆགས་པོའི་ཐོག་ལ་འགྲོ་རྒྱུ་མི་འདུག ཁ་ཡོད་ལག་ཡོད་ཐོག་འགྲོ་དགོས་པ་རེད་མ་གཏོགས་འདྲ་ཆགས་ཆགས་ཤིག་གི་ཐོག་ཕྱིན་པ་ཡིན་ན། ད་ལྟའི་བར་དུ་དེ་འདྲ་དེ་འདྲ་བྱས་ཏེ་ཁུངས་འཁྱོལ་བ་རེད། ང་ནི་ཉི་མ་ལ་བརྒལ་མཚམས་ཆགས་བསྡད་ཡོད་པ་རེད། ལོ་བཅུ་དང་བཅོ་ལྔའི་འཕྲོ་ནས་ཤི་འགྲོ་བ་རེད། དེ་ནས་ཁྱེད་རང་ཚོའི་སྒང་ལ་འགན་བསླེབས་བསྡད་ཡོད་པ་རེད། གཟབ་གཟབ་བྱས་ན་མ་གཏོགས། ད་ལྟའི་བར་ཁུངས་འཁྱོལ་ཚམ་འཁྱོལ་ཙམ་བྱུང་སོང་། ད་དུང་ཁུངས་འཁྱོལ་འགྲོ་བ་རེད་བསམ་ན་ནོར་འཁྲུལ་རེད་དཱ། དེ་ཁྱོད་རང་ཚོ་ཚང་མས་སེམས་ལ་ངེས་པ་བྱོས། ང་རང་ཚོའི་སྤྱི་ཚོགས་ནང་ལ་ཡ་རབས་སྤྱོད་བཟང་ཟེར་བ་དེ་ཚོ་ཁ་ནས་བཤད། ལག་ལེན་ངོ་མའི་ཐོག་ལ་ཚད་དམར་རུ་དམར་རུ་འགྲོ་བཞིན་ཡོད་པའི་བཟོ་ལྟ་འདུག དེ་ཚོར་གཟབ་གཟབ་བྱེད་དགོས་པ་རེད། དེ་ངས་བཤད་འདོད་བྱུང་སོང་། ཞེས་གསུངས་སོང་།
གཞིས་ཆགས་དང་གཡས་གཡོན་གྱི་ས་ཆ་གང་སར་རྒན་འཁོགས་ཧ་ཅང་མང་པོ་་་སྐྱབས་མེད་་་་མགོན་མེད་་་་ལྷག་བསྡད་པའང་འདུག་གོ ། །
སྐལ་ཚེ་ཟེར་བ་དེས་དགོད་སྤྲོ་བའི་སྐད་ཆ་གང་བྱུང་བཤད་འདུག ༼ཆོལ་ཁ་དང་།ཆོས་ལུགས་མི་རིགས་ཚང་མར་བྱས་རྗེས་ཆེ་ཤོས་ཅན་ཏེ་བློ་སེང་རེད་༽ ཧ་ཧ་ཧ་་་ཁྱེད་ཀྱིས་བྲིས་ནོར་བྱས་པ་འདྲ།ངས་ནི་དེ་ལ་གོ་བ་ལྡོག་ཕྱོགས་ནས་ལེན་བཞིན་ཡོད།མ་ཟད་ཁོང་འདྲ་བ་ཅིག་ད་ཕྱིན་བཀའ་ཤག་མ་ཟད་བོད་ཀྱི་རིགས་རུས་སུ་མི་ཡོང་བར་སྨོན་ལམ་འདེབ་བཞིན་ཡོད།རྒྱུ་མཚན་འདས་ཟིན་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་རྒྱུས་ཁྲོད་དུ་འཛིན་སྐྱོང་གི་ངོས་ནས་ཕྱོགས་གང་གི་ཆ་ནས་འཐུས་ཤོར་དང་།མཐུན་སྒྲིལ་གཏོར་བརླག དབྱེ་འབྱེད་བྱེད་པ་ཞིག་ཐོས་མྱོང་མེད་ལ།མཐོང་མྱོང་ཡང་མེད།
བློ་སེང་ཤོག་བུའི་སེང་གེ་ཡིན། །
བློ་སེང་བློ་དཀར་གཞུང་དྲང་མིན། །
བློ་སེང་བཤད་ཚད་འུད་སྒྲོག་ཡིན། །
བློ་སེང་མཁས་དབང་ཚད་ལྡན་མིན། །
ང་སྔོན་མ་ནས་ཁམས་རིགས་ཚོར་ཤིན་ཏུ་དགའ། རྒྱུ་མཚན་ནི། རང་གིས་སྡུགས་རིས་སྡུག་ཚད་བྱས་བྱས་པའི་རྗེས་ལ་སྐྱོན་ཐམས་ཅད་གཞན་བཀལ་བའི་སྤོབས་པ་ཆེ། དཔེར་ན། ད་ལྟའི་གྲོས་ཚོགས་ནང་གི་གངས་ལྷ་མོ་དང་གསེར་ཚུལ་ནང་རུལ་པ་སོགས་ཀྱི་སྐད་ཆར་ཉན་ན་ཤེས། སྔོན་མ་ནས་ཁོང་ཚོས་སྐྱོན་སྣ་ཚོགས་བཟོས་ཏེ། མཐར་འདུས་ས་ཚོགས་སར་སྐྱོན་ཐམས་ཅད་གཞན་གྱི་སྒང་ལ་གཡུགས་བཞག་གི་རེད། འདི་ཁོ་ཚོའི་ཁྱད་ཆོས་རེད། རྒྱུ་མཚན་དེའི་དབང་གིས་ང་ཁོང་ཚོརདགའ། ཁམས་རིགས་ཚོ་མུ་མཐུད་ཤུགས་རྒྱག་རོགས། ཡིན་ནའང་། གོང་ས་མཆོག་ལ་ཅི་ཡང་མ་ཞུ་རོགས།
ཉི་མ་རེ་ལ་བཀའ་སློབ་རེ། བཀའ་ལྟར་སྒྲུབ་མཁན་གཅིག་ཀྱང་མེད།
ད་ཡིན་ན་རེ་བ་མེད།
ད་རིང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་ནས་གྲོས་ཚོགས་ནང་སྟོང་པའི་དུས་ཚོད་བཞེས་ནས་ཁེ་ས་༧གོང་ས་མཆོག་ནས་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་ནས་ལས་དོན་འཐུས་ཤོར་ཆེན་པོ་སོང་ཡོད་པ་གསུང་སྐོར་འཚོར་ཤུགས་ཆེན་པོའི་ཐོག་ནས་གླེང་སོང་། སྲིད་སྐྱོང་བློ་སེང་ལགས་ནས་༧གོང་ས་མཆོག་གི་བཀའ་སློབ་གནང་བ་དེ་དག་སེམས་ཚབ་ཆེན་པོའི་ཐོག་ནས་ལམ་སེང་བཀའ་བློན་ལྷན་རྒྱས་ཚོགས་པ་དང་འཐུས་ཤོར་སོང་ཡོད་པ་ངོས་ལེན་ཞུ་རྒྱུ་ཡིན་གསུང་། སྲིད་སྐྱོང་བློ་སེང་ལགས་ནས་ཁོང་གི་དབུ་འཁྲིད་པའི་བཀའ་ཤག་ནས་ལས་དོན་འཐུས་ཤོར་སོང་ཡོད་པ་ངོས་ལེན་གནང་བ་ཐེངས་དང་པོ་ཡིན། ནོར་འཕྲུལ་ལ་ངོས་ལེན་དང་ཡོ་བསྲང་བྱ་ཤེས་ན་མཁས་དབང་ཡིན་ནོ། གཟིགས་བརྗིད་འཁོད་སྟོང་གི་ལས་དོན་ལ་ང་མི་དགའ་ཐག་ཆོད་ཡིན།
མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མེད་དུ་མི་རུང་བ་ནི་ཤེས་ཡོན་དང་འཕྲོད་བསྟེན་གཉིས་ཡིན། དེ་གཉིས་འཐུས་ཤོར་དུ་བཏང་བའི་ནག་ཉེས་ལ་ལོ་རྒྱུས་ཀྱིས་གུ་ཡང་གཏོང་མི་སྲིད། འདྲ་ཆགས་ཆགས། གཟི་བརྗིད་ཁོག་སྟོང་། ཧམ་པ་ཚ་བོ། སྐྱག་རྫུན་ཚ་བོ། མགོ་གཡོག་མགོ་སྐོར། དབང་ཆ་སྒེར་གཅོད། སྒྲིག་འཛུགས་ལས་གང་ཟག་གཙོ་བ། གཞན་གྱི་བྱས་རྗེས་ཧམ་པས་འཕྲོག་པ། སྐྱོན་བརྗོད་ལས་བསྟོད་ར་ལ་དགའ་བ། ཕྱི་ཡི་དགྲ་ལས་རང་གི་མི་སེར་ཁྲིམས་ལ་སྦྱོར་འདོད་པ་དེར་ཞེ་མེེར། ཡིད་སུན་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མ་འཕྲད་པར་ཤོག
སྲིད་སྐྱོང་མཆོག་གིས་འཕྲོད་བརྟེན་ཐོག་ནོར་་འཕྲུལ་ཁས་ལེན་ཡོད་ན་ཡག་པོ་རེད། ནོར་འཁྲུལ་ཁས་ལེན་མ་ཐུབ་ན་མི་དེ་ཡར་རྒྱས་འགྲོ་མི་སྲིད། དེས་ན་ནོར་འཁྲུལ་ཡོད་པ་དེ། ་ཡོ་བསྲང་བྱེད་ཀྱི་བྱེད་ཀྱི་གཞུང་དང་ཚོགས་པ་སྒེར་སོགས་ཚང་མ་ཡར་རྒྱས་འགྲོ་ངེས་ཡིན།
སྲིད་སྐྱོང་ནས་ད་ལྟ་བར་ས་ཕྱོགས་གང་སར་
ཤེས་རིགས་དང་འཕྲོད་བསྟེན་ཡར་རྒྱས་
ཕྱིན་ཡོད་ཞེས་ཧམ་བཤད་བྱས་པ་དེ་བློ་སེང་ལ་
རྒྱབ་བསྐྱོར་བ་རྣམས་གྱོད་པ་སྐྱེད་དགོས་པ་
ཞིག་ཆག་ཡོད་།
མགོ་རུལ་བ་རྣ་ཡིས་མ་ཚོར། ཞེན་ཁོག་གིས་ཚོས་ནས་བསྡད་པའི་སྐྱ་སེར་སུ་ཡིན་ཡང་སྤྱི་ཚོགས་ཀྱི་གད་སྙིགས་ཡིན། དེ་དག་ལ་གོ་གནས་ཀྱི་རྐུབ་སྟེགས་ཐོབ་ཀྱང་ཧ་ལས་རྒྱུ་ཅི་ཡང་མེད། ཀ་རྡོ་ཟེར་བ་དེས་བློ་སེང་གིས་འཕྲོད་བསྟེན་འཐུས་ཤོར་བཏང་བར་ཁོས་དགོངས་དག་ཞུས་པ་ཡིན་ཟེར། དྲ་འབུ་ཞིག་གི་དགོངས་དག་ཕར་བཞག་ཚེ་སྲོག་ལ་ཡང་རིན་ཐང་ཅི་ཡོད།
#25 རྣོ་ལྕགས། ་ལགས་ཀྱིས་སྤེལ་དོན།:
March 25th, 2016 at 12:32 am
མགོ་རུལ་བ་རྣ་ཡིས་མ་ཚོར། ཞེན་ཁོག་གིས་ཚོས་ནས་བསྡད་པའི་སྐྱ་སེར་སུ་ཡིན་ཡང་སྤྱི་ཚོགས་ཀྱི་གད་སྙིགས་ཡིན། དེ་དག་ལ་གོ་གནས་ཀྱི་རྐུབ་སྟེགས་ཐོབ་ཀྱང་ཧ་ལས་རྒྱུ་ཅི་ཡང་མེད། ཀ་རྡོ་ཟེར་བ་དེས་བློ་སེང་གིས་འཕྲོད་བསྟེན་འཐུས་ཤོར་བཏང་བར་ཁོས་དགོངས་དག་ཞུས་པ་ཡིན་ཟེར། དྲ་འབུ་ཞིག་གི་དགོངས་དག་ཕར་བཞག་ཚེ་སྲོག་ལ་ཡང་རིན་ཐང་ཅི་ཡོད། ་་་་་་་་་་་་་་ཟེར་མཁན་ཁྱོད་རང་། དང་པོ་བོད་ཡིག་དང་། བོད་སྐད་ཡགམསྦྱོངས། དེ་ནས་ང་དང་རྩོད་ཤོག
ངའི་འདི་ཡང་སྐྱར་ཅིག་ཀློགས།
#4 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
March 24th, 2016 at 1:30 am
ང་བློ་སེང་ལགས་ལ། རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན་ན་ཡང་། ད་འཕྲོད་བསྟེན་བཀའ་བློན་དེ་མུ་མཐུད་ནས་འཕྲོད་བསྟེན་བཀའ་བློན་བྱེད་བཅུག་རྒྱུ་མེད་པ་འདྲ། འདིས་ཕོག་ཐུག་ཤོར་མཁན་ཚོར་ངས་དགོངས་དག་ཞུའོ།།
ཀརྡོ་ལགས་ཁྱེད་མི་གཅིག་གི་དགོང་དག་ཞུས་པས་
ཕན་ཐོག་མེད་བློ་སེང་ལ་ཁ་པྱོགས་པའི་གང་ཟག་ཚང་མས་
དགོང་དག་ཞུ་དགོས་པ་དང་༸གོང་ས་མཆོག་
དགོང་པ་དང་བའི་གསོལ་བ་འདེབས་ཞུ་དགོས་སོ་།
རྣོ་ཆགས་དང་། བདེན་ཕོར། ངས་དགོངས་དག་ཞུས་མེད་དོ།།
ཀརྡོ་ལགས་ཁྱེད་ཀྱི་དགོང་དག་ཞུས་མེད་ནའང་༢༠༡༦ལོའི་སྲིད་སྐྱོང་འོས་འདེམས་ནང་བློ་སེང་ལ་གཞེན་ཁོག་གི་རྒྱབ་བསྐྱོར་བྱེད་མཁན་ཚང་མས་བོད་མི་མང་ལ་དགོང་དག་ཞུ་དགོས་པ་རེད་།
ད་ལྟ་ངས། འཕྲོད་བསྟེན་བཀའ་བློན་དགོངས་པ་ཞུས་ན་ལེགས་ཚུལ་ཞུས་པ་ཡིན། བློ་སེང་གི་ཚབ་ལ་ངས་དགོངས་དག་ཞུས་དགོས་ན། བློ་སེང་གོ་ས་དང་། གསོལ་ཕོགས་ཀྱང་ང་ལ་གནོངས་དང་། དེ་ནས་ངས་ཁོང་གི་ཚབ་ལ་དགོངས་དག་ཞུ་ཆོག
ཡིན་ན་ཡང་། བློ་སེང་གི་ནོར་འཁྲུལ་གང་ལ་ངས་དགོངས་དག་ཞུ་རེད་དམ། ལགས། ཧཧཧ།། །།
ངས་ད་ལོ་སྤེན་ཚེ་ལས་བློ་སེང་ལྷག་པ་མཐོང་ནས་ངས་རྒྱབ་སྐྱོར་བྱས་པ་ཡིན།
བློ་སེང་ལགས་ལ། རྒྱབ་སྐྱོར་བྱ་ཆོག་པའི་ཐོབ་ཐང་ང་ལ་ཡང་ཡོད་རེད། ཁྱེད་རྣམས་ཀྱིས་དེ་ལ། མིག་ཚ་ན། དགོངས་དག་ཞུའོ།།
རྗེ་གུང་ཐང་པས།
སྐྱེ་རྒུའི་གཙུག་རྒྱན་ཞིག་བྱེད་ན།། འགྲོ་དྲུག་སྤྱི་བོ་རུ་འཁུར་དགོས།།
ཀུན་གྱིས་བརྙས་པ་ཞིག་བྱ་ན།། ཁ་མང་རྫུན་ཤོབ་རང་ཤོད་ཅིག།
ཆེན་པོ་ཕུགས་བརྟན་ཞིག་བྱེད་ན།། ཡ་རབས་སྲོལ་བཟང་གི་འཕྲོ་སྐྱོངས།།
མཛོ་སྤྲེལ་གཡང་ལྟུང་ཞིག་བྱེད་ན།།མ་རབས་གྲོགས་ངན་ལ་སྙིང་གཏོད།།
ཉེས་པར་ཉེསཔ་མཐོང་ལགས། །ཕྱིན་ཆད་ལེགས་པར་བསྡོམ་ལགས། །འདི་འདྲ་ཞིག་གནང་ན་ཡག་པོ་གདའ
ཟམ་གདོང་བླ་མ་སོགས་བོད་མའི་སྒྲིག་འཛུགས་ལ་བཀའ་དྲིན་ཆེ་བའི་མི་སྣ་ཚོར་སྡུག་སྐད་ཤོར་བཞིན་བའི་སྐབས་འདིར་ཁྱེད་ཁམས་ཞེན་ཡོད་མཁན་ཚོས་ཤུགས་རྒྱོབ་དང་ད་ནི་ཁྱེད་ཚོས་ཁམས་པ་མ་ཟད་བོད་མིའི་སྒྲིག་འཛུགས་འདིའང་ཐེ་བན་བོད་སོག་ལས་ཁུང་ལ་བརྩིས་སྤྲོད་བྱས་ཏེ་ཨ་ཐར་དང་འཇུ་ཆེན་སོགས་ཀྱི་རྣམ་ཤེས་བདེ་ལ་འབབ་ཏུ་བཅུག་པའི་དུས་ལ་ཐོན་འདུག རྒྱུ་མཚན་ད་ནི་ཅང་མི་འགོར་དབུས་གཙང་གི་སྐུ་ངོ་བསམ་པ་དཀར་པོ་ཅན་དེ་ཚོ་ནི་གངས་སྐྱིད་ལ་ཕྱིར་མིག་ལྟ་བཞིན་མིག་ཆུ་ཤོར་བཞིན་ཐང་རིང་ཞིག་ལ་བུད་འགྲོ་ནོ་ཐག་ཆོད་རེད་ལ། མདོ་སྨད་པ་འི་ཤེས་ཡོན་ཅན་དེ་ཚོའང་ཐང་ཆད་འདུག་པས་སོ།
འཕྲོད་བསྟེན་བཀའ་བློན་གཅིག་པུའི་ནོར་ཨ་ཡོད་
འཛིན་བཀའ་ཤག་མཐུ་མོང་གི་ནོར་བར་ངོས་འཛིན་བྱས་ཆོག་ རྒྱུ་ཚན་བོད་མིའི་སྨན་སྦྱོར་མཐུན་སྐྱེན་འགྱུར་བ་གཏང་ནས་ཆ་བགོས་བཟོས་པ་དེའི་མི་མང་པོ་འདོད་པ་ཁེང་མི་འདུག་ ཁྱིམ་ཚང་གཅིག་ལ་མི་ལྔ་ཡོད་མི་རེར་སྒོར་ཁྲི་གཉིས་རེ་ལ་ཆ་བགོས་(Pakage)བཟོས་པ་དེར་མི་མང་པོ་ལ་ཕོག་ཐུབ་བྱུང་ཡོད་པ་གསལ་པོ་རེད་།
ཀ་རྡོ་འདིའི་བོད་ཡིག་གི་བརྡ་སྤྲོད་ཀྱི་རྨང་གཞི་ཡང་འདི་འདྲ་ཞིག་ཡིན་ན་གཞན་དང་གཞན་གྱི་ཐད་ནས་ཀྱང་དེ་མཚུངས་ཤིག་ལོས་ཡིན་བསམ་ནས་སྙིང་རྗེ་སྐྱེས་ཡོང་།
ཀརྡོ་གཉེར་ཕྱག་པ། བདག་ལ་མཚོན་ན་ཁ་བརྡའི་ནང་གི་མཆན་འགོད་ཙམ་ལས་ཁྱེད་ལ་རྒྱུས་མངའ་ཅི་ཡང་མེད། འོན་ཀྱང་རང་སེམས་དཔང་པོར་བཞག་ནས་སྐད་ཆ་འགའ་བཤད་ན་བསམ་སོང་། ཁྱེད་རང་གི་བློ་སེང་ལ་རྒྱབ་སྐྱོར་བྱེད་པ་དེ་ནི་དུས་རབས་ཉེར་གཅིག་ནང་གི་བོད་མི་ཞིག་ལ་མཚོན་ན་དགའ་དགོས་པ་ཞིག་ཀྱང་་རེད་ལ་སྐྱོ་ནས་མིག་ཆུ་འཐོར་དགོས་པ་ཞིག་ཀྱང་མ་ཡིན་ནམ། གང་ཡིན་ཟེར་ན། ལོ་འདི་དག་གི་ནང་དུ་བློ་སེང་གི་ང་རྒྱལ་གྱིས་ཕྱག་རྒྱ། གཡོ་ཁྲམ་གྱི་རྫུན་གཏམ། མངོན་ལྐོག་གི་བྱ་ལས། ཧམ་སེམས་ཀྱི་རང་འདོད་སོགས་སྤྱི་ཚོགས་ཀྱི་དྲྭ་རྒྱ་དང་གསར་འགྱུར། བརྙན་ཐུང་སོགས་ལ་ལྟོས་ན་གསལ་གསལ་ལྷང་ལྷང་དུ་མཐོང་རྒྱུ་ཡོད་པས་ངས་འདིར་བརྗོད་འདོད་སྐྱེས་མ་སོང་། གང་ལྟར་བོད་མི་རིགས་འདི་ལ་ཤ་ཚ་བ་དང་དྲང་བདེན་ལ་དགའ་མཁན། ཆོས་རྒྱུད་ཀྱི་ཕྱོགས་ཞེན་མེད་པར་གཏམ་བརྗོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་མཐོང་། བདག་ལ་མཚོན་ན་སྤེན་ཚེ་ལ་ཡང་རྒྱབ་སྐྱོར་དེ་ཙམ་མེད་མོད། འོན་ཀྱང་བློ་སེང་ལ་ལྟོས་ན་སྤེན་ཚེ་རྒྱལ་བར་འདོད། གལ་སྲིད་ད་ཐེངས་ཀི་འོས་བསྡུའི་ཁྲོད་བློ་སེང་ལ་ཐོབ་སྲིད་མོད་དེ་ནི་བོད་མི་རིགས་ཀྱི་རང་རང་གི་འདས་མ་ད་གསུམ་ལ་འགན་མ་འཁུར་བ་དང་ཡང་ན་རྒྱུ་རྐྱེན་ཞིག་གི་དབང་གིས་བོད་མི་རིགས་འདིས་ཁ་ལས་རླུང་རྟ་སོགས་མར་ནས་མར་དུ་རྒུད་བའི་སྔ་ལྟོས་སོ།
བོད་རིགས་ལས་བྱེད་རྙིང་པ་མང་པོ་ཅིག་ནི། ལྐོག་རུལ་ཡིན་པར་འདོད། བློ་སེང་ནི། དུས་ད་ལྟའི་བར་ལྐོག་རུལ་བྱས་ཉེས་མཐོང་མ་སོང་ལ། ཧམ་པ་དང་། གཡོ་འཕྲུལ་ནི། སྲིད་དོན་པ་ཅིག་ལ་དགོས་ངེས་ཀྱི། ཡོན་ཏན་ཅིག་ཀྱང་རེད། ཧཧཧཧཧ། སྐུ་རྩེད་དང་བཅས་བྲིས་སོ།།
རྣོ་ལྕགས་ཁོ། ང་དང་བོད་ཡིག་གནས་ཚད་བསྡུར་འདོད་ཡོད་པ་འདྲ། དེ་ཡང་ང་དགའ་པོ་བྱུང་གདའ། མུ་མཐུད་ནས་ཡིན་གདའ། དྲ་གྲོགས་ལགས།
དྷ་སའི་ཁམས་པའི་ཞབས་འདྲེན་ཞུ་སྟངས་ལ་གཟིགས་དང་།
https://www.facebook.com/tenzinneema.lhasawa/videos/1059620754094761/
ང་སྔོན་མ་ནས་ཁམས་རིགས་ཚོར་ཤིན་ཏུ་དགའ། རྒྱུ་མཚན་ནི། རང་གིས་སྡུགས་རིས་སྡུག་ཚད་བྱས་བྱས་པའི་རྗེས་ལ་སྐྱོན་ཐམས་ཅད་གཞན་བཀལ་བའི་སྤོབས་པ་ཆེ། དཔེར་ན། ད་ལྟའི་གྲོས་ཚོགས་ནང་གི་གངས་ལྷ་མོ་དང་གསེར་ཚུལ་ནང་རུལ་པ་སོགས་ཀྱི་སྐད་ཆར་ཉན་ན་ཤེས། སྔོན་མ་ནས་ཁོང་ཚོས་སྐྱོན་སྣ་ཚོགས་བཟོས་ཏེ། མཐར་འདུས་ས་ཚོགས་སར་སྐྱོན་ཐམས་ཅད་གཞན་གྱི་སྒང་ལ་གཡུགས་བཞག་གི་རེད། འདི་ཁོ་ཚོའི་ཁྱད་ཆོས་རེད། རྒྱུ་མཚན་དེའི་དབང་གིས་ང་ཁོང་ཚོརདགའ། ཁམས་རིགས་ཚོ་མུ་མཐུད་ཤུགས་རྒྱག་རོགས།
ཚེ་རིང་བསམ་གྲུབ་ཁྱེད་རང་གཞུང་གི་ལས་བྱེད་ཅིག་ཡིན་པའི་ཆ་ནས་བློ་སེང་ལ་སྐྱོན་བརྗོད་མ་བྱེད་ན་བཟང་ཁྱེད་རང་ལ་ཤེས་འཇོན་ག་ཚོད་ཡོད་མེད་རྩིས་ཅིག་བརྒྱབ་དེ་ནས་ཁ་ཕར་གློག་ནས་སྐད་ཆ་གཤོད་རོགས།
མཁས་དབང་སྐུ་བགྲེས་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་གིས་བོད་ཀྱི་རིག་གནས་དང་སྐད་ཡིག་སྐོར་ལ་གསུངས་བཤད་ངོ་མཚར་ཅན་གནང་བ་ཞིག་འདིར་འདུག །
https://www.youtube.com/watch?v=tw7qrhmAO64
སྲིད་སྐྱོང་ལས་ཐོག་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ད་ལན་གྱི་རྒྱལ་ཁ་འདི་ནི་དབུས་གཙང་མི་མང་གིས་ཞེན་ཁོག་རྒྱབ་བསྐྱུར་དང་སྤྱི་དོན་སྙིང་བཅང་གིས་འོས་བླུག་པའི་གྲུབ་འབྲས་ཡིན་པས་དབུས་གཙང་མི་མང་ལ་ཡང་ཞོར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལོའི་འོས་བསྡུའི་ཁྲོད་མངོན་པར་གསལ་བ་དང་མི་གསལ་བའི་མི་ཁག་ཅིག་གིས་ཚེ་འདིའི་བཟང་སྤྱོད་དང་ཕྱི་མའི་རྒྱུ་འབྲས་གང་ལ་ཡང་ཇི་མི་སྙམ་པར་སྡིག་པ་མིག་བཙུམ་གྱིས། སྲིད་སྐྱོང་ནག་པོ་བཟོ་ཐབས་དང་མི་མང་གི་བློ་ཁ་བསྒྱུར་ཐབས་ཀྱི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་སོང་རུང་། མི་མང་གི་བསམ་བློ་ལ་འགྱུར་བ་མ་སོང་བར་བརྟན་པོ་གནས་ཐུབ་པ་འདི་ནི་བོད་མི་རིགས་ཀྱི་གཟི་བརྗིད་རེད་ལ་ཆབ་སྲིད་ནག་པོ་འཁྲབ་མཁན་ཚོའི་ཕམ་ཁ་ཆེན་པོ་ཞིག་ཀྱང་ཡིན་པས་དགའ་འོས་པའི་དོན་བཟང་རེད། གལ་ཏེ་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ལ་འགྱུར་བ་སོང་བ་ཡིན་ན་ཆབ་སྲིད་ནག་པོ་འཁྲབ་མཁན་ཚོར་རྒྱལ་ཁ་ཐོབ་སོང་བ་ཡིན་པས་དེ་ནི་བོད་སྤྱི་པའི་གྱོང་རྒུད་ཚབ་ཆེན་ཞིག་ཆགས་ངེས་ལ། ཆུ་ངན་ལམ་ཞུགས་ཀྱི་ཚུལ་དུ་ཁོ་ཚོས་མུ་མཐུད་ནས་གཡོ་སྒྱུ་སྣ་ཚོགས་འཁྲབ་སྟེ་བོད་མི་རིགས་འདི་དུམ་བུ་ཁ་བྲལ་ལ་གཏོང་ངེས། འོན་ཀྱང་དེ་ལྟར་མ་བྱུང་བ་དེས་མ་འོང་པར་ཁོ་ཚོའི་འཁྲབ་སྟོན་དེ་དག་ལ་སྔོན་འགོག་གི་ནུས་པ་ཡང་ཐོན་ཡོད་པས་ད་ལོ་དངོས་གནས་བོད་མི་མང་གིས་ཤུགས་རྒྱག་སོང་བསམ་པའི་དགའ་ཚོར་ཆེན་པོ་ཡོད། མ་འོང་པར་ཡང་ང་ཚོས་སོ་སོའི་ཀླད་པ་དེ་སོ་སོས་བེད་སྤྱད་སྟེ་རང་ཉིད་ཀྱི་རྣམ་དཔྱོད་ལ་རྟེན་ནས་བོད་སྤྱི་དོན་ལ་ལྷག་བསམ་རྣམ་དག་གིས་འོས་བླུག་པ་ལས་ཆབ་སྲིད་པ་དང་སྐབས་འཚོལ་བ་ཚོའི་ཁ་རྗེས་ལྕེ་རྗེས་སུ་མི་འབྲང་རྒྱུ་ནི་འདོར་མི་རུང་བའི་གནད་དོན་རེད། བོད་རྒྱལ་ལོ། སྲིད་སྐྱོང་རྒྱལ་ལོ། བདེན་པ་རྒྱལ་ལོ།
གོང་ས་ཡིད་བཞིན་ནོར་བུས་བཀའ་ཤག་གིས་མང་ཚོགས་ཀྱི་འཕྲོད་བསྟེན་ལ་ཐུས་ཞོར་ཆེན་པོ་བཏང་བའི་བཀའ་གསལ་པོ་གནང་བ་ཡང་ད་དུང་ཀླད་སྟོང་ཚོ་གོ་ཚོད་མི་འདུག་ཧཧ
ད་ལྟའི་འཕྲོད་བསྟེན་བཀའ་བློན་དང་། ད་ལྟའི་སྨན་རྩིས་ཁང་གི་འགོ་འཛིན་གཉིས་དགོངས་པ། གང་མགྱོགས་ཞུ་དགོས་ཡོད། སྲིད་སྐྱོང་ལགས།། །།
གོང་ས་ཡིད་བཞིན་ནོར་བུའི་འཕྲོད་སྟེན་ལས་ཁང་གི་འཐུས་ཤོར་གསུངས་པ་དེ་ལ་འཛིན་སྐྱོང་གི་འཐུས་ཤོར་གསུངས་སོང་ཞེས་བཀའ་ལ་ལོག་འགྲེལ་བྱེད་མཁན་ཚོར་ངོ་ཚ་ཟེར་བ་ཞིག་མི་འདུག
བློ་བཟང་སེང་གེ་ལ་འོས་བབ་མེད་པའི་འགྲམ་ལྕགས་འདི་ལ་ངོས་ལེན་མེད། འགོས་ནད་སྔོན་འགོག་མ་ཐུབ་པའི་སྐྱོན་གྱིས་བོད་མི་མང་པོར་ཀྲི་པེ་ན་བ་དང་། ཤི་བ། ཨེ་ཙི་ནད་པ་དང་ཀྲི་པེ་ནད་པའི་གྲངས་འབོར་བོད་པའི་སྤྱི་ཚོགས་ནང་དུ་མཐོ་པོ་ཡོད། ང་ཡང་ཀྲི་པེ་ན་མྱངས་ཡོད། ཉམས་མྱོང་ཡོད། ཉམ་ཐག་ཀྲི་པེའི་ནད་པའི་ལུས་ལེན་ནས་བཙན་བྱོལ་ནང་དུ་མི་ཚེ་བསྐྱེལ་ནས་ཡོང་མཁན་ཞིག་གིས་ངོས་ནས་བལྟས་ན་༧གོང་ས་ཏྭ་ལའི་བླ་མས་སེང་གེའི་བཀའ་ཤག་ལ་གཟི་བརྗིད་ཁོག་སྟོང་ཟེར་ནས་གསུངས་ཆོག་པའི་འོས་བབ་མེད། ང་ཅོ་རི་༧གོང་ས་ཏྭ་ལའི་བླ་མའི་བཀའ་ཤག་སྲིད་གཞུང་གི་འོག་ཏུ་ཉམ་ཐག་ཀྲི་པེའི་ནད་པའི་ལུས་ལེན་ནས་དཀའ་སྡུག་ཅན་གྱི་འཚོ་བ་ལ་གདོང་ལེན་བྱས་ནས་བསླེབས་པ་ཡིན། གནད་དོན་འདིའི་ཐོག་ཏུ་ཚིག་གཅིག་གཉིས་ཀྱི་ནང་དུ་གསལ་བཤད་བྱེད་ཐབས་མེད་དུས་རྗེས་སུ་གསལ་བཤད་ཆ་ཚང་བྱེད་ངེས་ཡིན།