གཏོང་མཁན། དམུ་རྒོད།
ཁོ་བོ་གཅིག་པུས་གཉེར་གྱིན་པའི་བོད་ནང་གི་སྤྱི་ཚོགས་གླེང་བརྗོད་དེབ་<སྨན།> ཞེས་པ་ཁྲི་འདུའི་དཔར་ཁང་ནས་པར་སྐྲུན་ལེགས་གྲུབ་བྱུང་། ཐེངས་འདིར་འགྲེམ་སྤེལ་བྱེད་ས་ནི་ཁྲི་འདུ་གྲོང་ཁྱེར་དང་ལུང་དྲུག་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར། གཙོས་གྲོང་ཁྱེར་བཅས་གྲོང་ཁྱེར་བཞི་དང་། གསེར་རྟ་དགོན། ཀླུ་ཚང་དགོན། ངྷི་ཚ་དགོན། རྔ་པའི་རྐིརྟི་དགོན། རོང་བོ་དགོན་སོགས་དགོན་ཆེན་བདུན་ལྷག ད་དུང་རྫོང་ཁག་བཅུ་གཅིག་དང་སློབ་ཆེན་གསུམ། སློབ་འབྲིང་ལྔ་བཅས་ལ་འགྲེམ་སྤེལ་བྱས་ཡོད།
འདིར་འདུས་ཀྱི་རྩོམ་པ་པོ་ཁ་ཤས་ནི་ཕྱི་ལོགས་ན་ཡོད་རྐྱེན། ཁོ་བོས་ཁྱབ་བརྡལ་དང་མགྱོགས་མྱུར་ཆེ་བའི་དྲ་ལམ་འདི་བརྒྱུད་ནས་ལོ་རྗེས་མར་ལོ་འདིའི་བསྡུས་དེབ་གློག་རྡུལ་འཕྲུལ་དེབ་ཀྱི་རྣམ་པར་བཟོས་སྟེ། འཕྲུལ་དེབ་དེ་ཡང་བོད་ཕྱི་ནང་གཉིས་ཀྱི་ཀློག་པ་པོ་ཀུན་པོའི་མིག་མདུན་དུ་དགྲམ་རྩིས་ལགས།
༼དེབ་ཀྱི་ཡིག་ཚགས།༽
༡. ཁ་ཡིག. ≪སྨན།≫. The cure
༢. རྩོམ་ལུས། འབོལ/བསྒྱུར/ཐོལ་གསུམ།
༣. རྩོམ་སྒྲིག་པ། གཟའ་རོ།
༤. དེབ་སྒྲིག་མཁན། ལྷ་མོ་སྐྱབས།
༥. པར་ཁང་། ཁྲི་འདུའི་དཔར་སྐྲུན་ཁང་།
༦. བརྩམས་ཆོས་ཁ་གྲངས། ༢༨
༧. དེབ་ཀྱི་ཤོག་གྲངས། ༢༠༧
༨. དེབ་རིན་དམངས་སྒོར། ༡༥
[གསལ་བཤད།] དེབ་འདི་དགྱ་ལོ་མ་སར་སྔོན་ལ་པར་སྐྲུན་བྱས་ཚར་ཡང་འགྲེམ་སྤེལ་སྐབས་གནད་དོན་ཞིག་བྱུང་བས། འགྲེམ་སྤེལ་མ་དགོས་ཁྲོམ་སྒྲོག་གི་པར་རིས་ཤིག་ཀྱང་བསྐུར་མ་ཐུབ་པར་ཟླ་ངོ་གཅིག་ལྷག་ལ་བཀག་ཉར་ཐེབས།
——རྩོམ་སྒྲིག་པས་གུས་པས་སྦྱར།
བསྔགས་བརྗོད་ཞུ། ངས་དེབ་འདི་དག་མ་མཐོང་གོང་བསྔགས་དགོས་དོན་ནི་རྩོམ་པོ་ཞིག་གིས་ཧུར་བརྩོན་དང་། བློ་སྤོབས་བཅས་ཀྱི་སྤྱི་ཚོགས་ལ་སྨན་པའི་ཕན་བདེའི་ལམ་བུ་གསར་པ་ཞིག་བསྐྲུན་པས་ཡིན། ཡིད་རངས་ཞུ།