སེར་ཤུལ་རིན་ཆེན་དོན་གྲུབ།
མདོ་ཁམས་འཇང་དགུན་ཆོས་གོ་སྒྲིག་ཚོགས་པས་གོ་སྒྲིག་འོག་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་བ་འཚོགས་བཞིན་པར་ལྟ་བ།
ངས་ལན་མང་པོར་བསམ་བློ་ཡར་རྒྱས་དང་སྤྱི་ཚོགས་ཡར་རྒྱས། ད་དུང་དགོན་སྡེ་ཡར་རྒྱས་སོགས་གླེང་མྱོང་། ངས་འདི་དག་གླེང་སྐབས་ཀྱི་བསམ་བློའི་གཞི་འཛིན་ས་ནི་ཆོས་དང་འཇིག་རྟེན་གྱི་ཡང་དག་པའི་བྱ་བཞག་དག་ལ་མཆོག་ཏུ་གྱུར་བའི་ལམ་སྟོན་གནང་མཁན་གྱི་ཆོས་ཀྱི་སློབ་དཔོན་དང་མི་ཆོས་སྨྲ་བ་དག་གི་བསམ་བློ་དང་འགྲོ་བ་མིའི་དགོས་མཁོའི་རང་བཞིན་གྱི་ཆོས་ཉིད་ལ་ཉེ་བའི་བསམ་ཕྱོགས་དག་ཡིན། འོན་ཏེ་ངས་རེ་བ་དང་ངང་སྒུག་བྱས་པའི་བསམ་བློ་དེ་ནི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་དང་། ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དག་གི་སྒོ་ཆེན་ནས་མ་ཐོན་གོང་ས་ཆ་ཆུང་ཆུང་དང་། དགོན་སྡེ་ཆུང་ཆུང་། སློབ་ཁང་ཆུང་ཆུང་དག་གི་སྒོ་ཆེན་ནས་ཐོན་སོང་། དེང་གི་ཆར་མདོ་ཁམས་འཇང་དགུན་ཆོས་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་འོག་གངས་ལྗོངས་མཁས་པའི་བགྲོ་གླེང་ཐེངས་དགུ་བ་འཚོག་བཞིན་པ་དང་། དེ་ནི་དུས་ཀྱི་དགོས་མཁོ་དང་བསམ་བློའི་གུ་ཡངས་ཀྱི་རྣམ་པ་མངོན་པར་གསལ་བའི་མཁས་པའི་བགྲོ་གླེང་ཞིག་ཆགས་འདུག དུས་ཀྱི་དགོས་མཁོ་དང་ཇི་ལྟར་འཚམ་པ་ནི། དུས་ཚོད་འདིར་མི་ཆོས་དང་ལྷ་ཆོས་བར་གྱི་བགྲོ་གླེང་རྣོ་ངར་ཅན་དུ་འགྱུར་བའི་སྐབས་ཡིན་པ་དང་། དུས་སྐབས་འདི་འདྲར་དགོས་པ་ནི་ཕན་ཚུན་དོགས་འདྲི་དང་ལན་འདེབས་ཀྱི་ཐབས་ལམ་བརྒྱུད་དེ་གཞུང་ལུགས་ཕན་ཚུན་དང་། ལྟ་གྲུབ་ཕན་ཚུན། བསམ་ཕྱོགས་ཕན་ཚུན་བར་དུ་ལེགས་ཕྱོགས་སྤེལ་རེས་དང་། མཐའ་མཇུག་གི་དམིགས་ཡུལ་གཅིག་སྟེ་འགྲོ་བ་མིའི་དགོས་མཁོའི་བྱ་བཞག་དང་བོད་མི་རིགས་ཀྱི་དགེ་མཚན་ལེགས་སྐྱེད་ལ་ནུས་ཤུགས་འདོན་རྒྱུ་དེ་རེད། གོ་ཐོས་ལྟར་ན་བགྲོ་གླེང་འདིར་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ནང་རིག་པའི་གཞུང་ལུགས་ལ་མཁྱེན་རྒྱ་ཟབ་པའི་དགེ་བའི་བཤེས་གཉེན་དང་། དོན་དམ་པའི་སློབ་དཔོན་གང་མང་ཞིག་མཉམ་ཞུགས་བྱས་ཡོད་པ་མ་ཟད། དེ་སྔོན་གྲྭ་བ་མི་མ་རེད་ཅེས་བརྗོད་མྱོང་བའི་རྩོམ་པོ་འཇམ་དབྱངས་སྐྱིད་དང་། དེ་བཞིན་རྩོམ་པ་པོ་གཅན་མེ་སྟག ཀན་སུའུ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་མི་སྐྱའི་སྡེ་ཁག་ནས་ཤེས་ཡོན་ཅན་དང་། བསམ་བློ་བ་གང་མང་མཉམ་ཞུགས་བྱས་ཡོད་པ་མ་ཟད་བརྗོད་གཞི་འདིར་དོ་སྣང་དང་མོས་པ་ཡོད་པའི་སྐྱ་སེར་གང་མང་ལ་མཉམ་ཞུགས་ཀྱི་སྡིངས་ཆ་བསྐྲུན་ཡོད་འདུག ད་དུང་ཕྱི་ནང་རིག་གནས་ཀུན་ལ་མཁས་པ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་དང་། མི་ཆོས་སྨྲ་བ་སྐུ་ཞབས་ཞོགས་དུང་། ཚ་བ་མདའ་སྨྱུག་སོགས་ཀྱང་གདན་ཞུས་བྱས་ཡོད་ཀྱང་ཕེབས་མེད་པའི་གནས་ཚུལ་འདུག སྔོན་གྱི་ལུགས་སྲོལ་ལམ་རྒྱུན་འཇག་གི་བསམ་བློའི་འཁོར་ཕྱོགས་ལྟར་ནང་རིག་པའི་གཞུང་ལུགས་བགྲོ་གླེང་གི་སྐབས་དང་དུས་དག་ཏུ་སེར་མོ་བ་གཅིག་པུ་ཡིན་དགོས་པའི་གུ་དོགས་ཀྱི་བསམ་བློའི་ར་བ་ལས་བརྒལ་ཏེ་ཆོས་དང་ཆོས་ཀྱི་གཞུང་ལུགས་ལ་ལྡོག་ཕྱོགས་ཀྱི་ལྟར་ཚུལ་ཅན་གྱི་སྐྱ་བོའི་རིགས་ཀྱི་རྩོམ་པ་པོ་དང་ཤེས་ཡོན་ཅན་སོགས་ལ་འདྲེ་དང་གདོན་དུ་བརྩིས་ནས་རྒྱང་ཐག་རིང་དུ་མ་བཏང་བར་གུ་ཡངས་དང་བརྩི་འཇོག་གིས་ཆེད་དུ་གདན་ཞུས་ཀྱིས་བགྲོ་གླེང་གི་སྡིངས་ཆར་མཉམ་འཛོམས་བྱུང་བ་ནི་གུ་ཡངས་དང་དཔྱོད་ཤེས་ཀྱི་བསམ་བློ་མཆོག་ཏུ་གྱུར་བ་ཞིག་རེད། བགྲོ་གླེང་གི་བརྗོད་གཞི་ཡང་གཙོ་བོ་ནང་བའི་བསམ་བློ་དང་སྤྱི་ཚོགས་བསམ་བློ་སོགས་ཀྱི་སྐོར་ལ་གུ་ཡངས་དང་རིགས་པའི་རྩལ་འགྲན་གྱི་བགྲོ་གླེང་ལྷུག་པོར་གནང་བཞིན་ཡོད་འདུག རེད་ཡ། འདི་ལྟ་བུའི་གུ་ཡངས་དང་། རིས་མེད་ཀྱི་བགྲོ་གླེང་དག་གིས་མིའི་རིགས་ཀྱི་བསམ་བློར་ཕན་རླབས་ངེས་ཅན་འབྱུང་ངེས་པ་དང་། དེ་མཚུངས་མི་ཆོས་དང་ལྷ་ཆོས་བར་གྱི་གོ་ལོག་དང་། གཞི་རྩའི་དམིགས་ཡུལ་གཅིག་པའི་བརྡ་དོན་ངོ་འཕྲོད་ཀྱིས་ཤེས་ཡོན་པའི་སྡེ་ནས་མཐུན་སྒྲིལ་གྱི་སྐྱ་རེངས་ཤིག་ཤར་བའི་མངོན་རྟགས་ཀྱང་མཐོང་ངོ་།། བསམ་བློ་གལ་ཆེ་བའི་རང་བཞིན་གླེང་སྐབས་ཆེན་པོ་དང་མཁྲེག་པོ་ཆེས་མང་པོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་དང་ཐ་ན་སྒེར་གྱི་འཚོ་གནས་ཁ་ཕྱོགས་ལའང་བསྙོན་འཛུགས་བྱེད་མྱོང་ལ་བྱེད་བཞིན་པ་ལགས་མོད། དེ་ལྟར་ཡང་། དགོན་སྡེ་གྲྭ་ཚང་དང་། མི་སྡེ་འཚོ་ཁག ལྷག་པར་དུ་ཤེས་ཡོན་སློབ་སྦྱོང་གི་སྡེ་ཁག་གལ་ཆེན་དག་ཏུ་འདི་ལྟ་བུའི་གུ་ཡངས་དང་བསམ་བློ། མིའི་སྤྱི་ཚོགས་ཀྱི་ཆེ་མཐོང་དང་གདེང་འཇོག་ཡོད་པའམ་ཐ་ན་རང་ཉིད་སྤྱི་ཚོགས་ཀྱི་རྗེས་སུ་མ་ལུས་པ་ཞིག་བྱ་དགོས་པ་དང་། དེ་ཡང་དུས་བསྟུན་རང་བཞིན་གྱི་ལམ་ཁ་ནས་བགྲོད་དགོས་པའི་བདག་གི་བསམ་ཚུལ་འདི་ནི་བདེན་པའི་དཔངས་མཐོ་ཞིང་གནས་ལུགས་ཀྱིས་འོད་མཆེད་དེ་དུས་ཀྱིས་གསལ་སྟོན་བྱེད་བཞིན་འདུག་པས་ད་སྐབས་བདག་གིས་སླར་ཡང་བསམ་བློ་འདི་སྒོ་ཀུན་ནས་དར་དགོས་ལ་འབར་དགོས་པའི་བསྒྲགས་གཏམ་ཐེངས་གཅིག་སྤེལ་བ་ཡིན། ང་ཚོས་དུས་དང་དུས་སུ་རིག་གནས་སློབ་གསོའི་གལ་ཆེའི་རང་བཞིན་གྱི་སྙིང་དོན་ལ་ཞིབ་དཔྱོད་དང་། ཆེས་མ་ཐ་ཡང་རང་དང་རང་གི་ཁོར་ཡུག་ལ་གནས་བབ་ཀྱི་འགན་འཁྲི་ཁུར་བ་དང་ལྷན་དུ་སྤྱི་ཚོགས་ཀྱི་རྗེས་སུ་མ་ལུས་པ་བྱ་དགོས་པ་ནི་དེང་གི་ཆར་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་དང་། རིག་གནས་གང་ཞིག་དང་། རིག་གཞུང་གང་ཞིག སྔོན་བྱུང་གང་ཞིག ཡང་ན་ལུགས་སྲོལ་གང་ཞིག་ཙམ་ལ་ཞེན་བ་ཨ་འཐས་སུ་འཆེལ་བའི་བསམ་ཕྱོགས་འདིས་ཕྱོགས་ངོས་གཞན་ཞིག་ནས་རང་ཉིད་དང་རང་གི་ཁོར་ཡུག་སྤྱི་ཚོགས་དང་མིའི་བསམ་སྤྱོད་ཀྱི་ཕྱི་རོལ་ཏུ་འབུད་བཞིན་པ་དང་། དེའི་འབྲས་བུར་འཇིག་ཉེན་ཞེས་པའི་ཐ་སྙད་བརྗིད་པོ་ཞིག་ང་ཚོའི་མགོ་ལ་འབབ་བཞིན་པ་ཤེས་དགོས། དེར་བརྟེན་ང་ཚོ་ཚང་མས་བསམ་བློ་འདི་ལྟ་བུ་དང་། གསར་གཏོད་འདི་ལྟ་བུར་ཆེ་མཐོང་དང་གདེང་འཇོག་གིས་ལེགས་བཤད་མཁས་བླུན་མཐའ་དག་ལས་མཁས་པའི་རྣམ་དཔྱོད་ཅན་དག་གིས་ཡོངས་སུ་ལེན་པའི་རྣམ་ཐར་བསྐྱང་བར་རིགས་ཀྱི་ང་ནི་ཆེ་ཞིང་ཁོང་ཚོ་ནི་ཆུང་བས་སོ།། དེའི་ཕྱིར་ང་ཚོའི་བསམ་པ་དང་བྱས་པ་ཐམས་ཅད་ལེགས་དང་མཆོག་ཡིན་ལ། ཁོང་ཚོས་བྱས་པ་དང་བསམ་པ་ཐམས་ཅད་ཐ་ཆད་དོ་སྙམ་པའི་ང་རྒྱལ་མགོ་བོ་དུད་དེ་མདུན་སྐྱོད་ཀྱི་འོད་སྣང་སྤྲོ་བར་རིགས་སོ།། །། ༢༠༡༢/༧/༢༣ལ་བྲིས།
གནས་གང་དུ།?
ལྷན་ཚོགས་དེའི་ནང་དུ་་་་་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོགས་ཚུད་ཀྱི་ཡོད་དམ? གལ་ཏེ་མེད་ན་ནི་་་རིས་མེད་ཟེར་ཡག་དེ་འབྲེལ་བཤད་ག་འདྲ་སེ་བརྒྱབ་དགོས་རེད། མ་ཟད་གངས་ལྗོངས་མཁས་པའི་ལྷན་ཚོགས་ཟེར་ཡག་དེ་ཡང་ཆ་མ་མཚུངས་པ་ཞིག་ཏུ་མཐོང་སྲིད། གང་ཡིན་ཟེར་ན་་་་་ཤུགས་ལྡན་པ་ཚོའི་ནང་དུ་མཁས་པ་ཡོ་མ་རེད་ལབ་ན་ཏོག་ཙམ་ཧམ་པ་ཆགས་འགྲོ་ཡི་རེད་སྙམས་སོ། །
དྲ་གྲོགས་སེར་ཤུལ་རིན་ཆེན་དོན་གྲུབ། ལགས་ཀྱིས་གནས་ཚུལ་ཉན་སྤྲོ་བ་ཞིག་མཁོ་སྤྲོད་གནང་
བར་ཐུགས་རྗེ་ཆེ་སྙིང་ནས་ཞུ་འདོད་བྱུང་། གསར་ཕྲིན་ཁ་ཤས་ནང་དུ་གནས་ཚུལ་ཕྱོགས་མགོ་ཙམ་ལས་
མི་སྣ་སུ་ཡོད་པ་དང་དགོས་པ་དམིགས་ཡུལ་རེ་རེ་བཞིན་ཁྱེད་ཀྱིས་གསུངས་པ་བཞིན་མི་འདུག
ཁྱེད་ཀྱི་གསུང་འཕྲིན་འདི་མཐོང་དུས་དེ་འདྲའི་མཁས་པའི་ལྷན་འཛོམས་ཐོག་ཏུ་མཉམ་ཞུགས་ཀྱི་གོ་སྐབས་
ཤིག་བྱུང་ན་ཅི་མ་རུང་སྙམ་པའི་སེམས་ཚོར་ཤུགས་དྲག་བྱུང་། རེ་ཡ་གྲོགས་པོ་ལགས། ད་དུང་ཁྱེད་ཀྱིས་ཚ་བ་
མདའ་སྨྱུག་གདན་ཞུས་བྱས་ཡོད་སྐད་གསུངས་འདུག ཁོ་ཤི་མེད་པ་འཇིག་རྟེན་འདིར་ཡོད་པ་ཨེ་རེད།
དེ་ལ་ལན་ཞིག་གསུངས་རོགས། ད་དུང་ཁྱེད་ཀྱིས་མཁས་པའི་བགྲོ་གླེང་དུ་མི་སྣ་སུ་སུ་ཡོད་མེད་དང་གྲུབ་འབྲས་གང་བྱུང་གི་གནས་ཚུལ་ཞིབ་རྒྱས་རིམ་འགོད་བྱ་རོགས།
དྲ་གྲོགས་སེར་ཤུལ་རིན་ཆེན་དོན་གྲུབ། ལགས་ཀྱིས་
གནས་ཚུལ་ཉན་སྤྲོ་བ་ཞིག་མཁོ་སྤྲོད་གནང་
བར་ཐུགས་རྗེ་ཆེ་སྙིང་ནས་ཞུ་འདོད་བྱུང་།
གསར་ཕྲིན་ཁ་ཤས་ནང་དུ་གནས་ཚུལ་ཕྱོགས་མགོ་ཙམ་ལས་
མི་སྣ་སུ་ཡོད་པ་དང་དགོས་པ་དམིགས་ཡུལ་རེ་རེ་བཞིན་
ཁྱེད་ཀྱིས་གསུངས་པ་བཞིན་མི་འདུག
ཁྱེད་ཀྱི་གསུང་འཕྲིན་འདི་མཐོང་དུས་
དེ་འདྲའི་མཁས་པའི་ལྷན་འཛོམས་ཐོག་ཏུ་མཉམ་ཞུགས་ཀྱི་གོ་སྐབས་
ཤིག་བྱུང་ན་ཅི་མ་རུང་སྙམ་པའི་སེམས་ཚོར་ཤུགས་དྲག་བྱུང་།
རེ་ཡ་གྲོགས་པོ་ལགས། ད་དུང་ཁྱེད་ཀྱིས་ཚ་བ་
མདའ་སྨྱུག་གདན་ཞུས་བྱས་ཡོད་སྐད་གསུངས་འདུག
ཁོ་ཤི་མེད་པ་འཇིག་རྟེན་འདིར་ཡོད་པ་ཨེ་རེད།
དེ་ལ་ལན་ཞིག་གསུངས་རོགས། ད་དུང་ཁྱེད་ཀྱིས་མཁས་པའི་བགྲོ་གླེང་དུ་
མི་སྣ་སུ་སུ་ཡོད་མེད་དང་གྲུབ་འབྲས་གང་བྱུང་གི་
གནས་ཚུལ་ཞིབ་རྒྱས་རིམ་འགོད་བྱ་རོགས།
རིས་མེད་ཞེས་པ་ནང་པ་མཚན་ཉིད་པ་ལ་ཟེར་བ་ཡིན་རྒྱུ་རེད།
འདྲེ་གདོན་གསོལ་མཆོད་བྱེད་མཁན་རྣམས་ནང་པའི་གྲལ་དུ་བཞག་དོན་མི་འདུག་འདོད་གི དེ་མ་བཞག་ན་ཡག་རྒྱུ་རེད་གོ་གྲོགས་པོ་ཚོ།
མཆན་༢་པ་དང་༥ པའི་ལན།
བོད་རིག་པ་སྨྲ་བའི་མཁས་པ་ཞིག་ཡིན་ན་སུ་ཡིན་ཀྱང་ཡོང་ལོས་ཆོག་གང་ཡིན་ཞེ་ན།
འདི་བོད་རིག་པའི་བགྲོ་གླེང་ཡིན་པ་ལས་ཆོས་ལུགས་ཀྱི་འདུ་ཚོགས་མ་ཡིན་པས་སོ།
ད་དུང་གྲྭ་པ་མི་མ་རེད་སྨྲ་མཁན་དང་། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པ་སྨྲ་མཁན་དང་།
སྡོམ་པ་རང་དབང་གི་དགྲ་བོ་ཉིད་དུ་སྨྲ་མཁན་དང་།
ཆོས་ལུགས་ནི་རྙིང་ཞེན་དང་བག་ཁུམ་གྱི་བསམ་བློ་རུ་སྨྲ་མཁན་དག་ཀྱང་
མགྲོན་འབོད་བྱེད་ཀྱི་ཡོད་ན་གཞན་དག་སྨྲོན་ཅི་དགོས།
བོད་རིག་པ་སྨྲ་མཁན་ཞིག་ཡིན་ནས་བཟུང་སྟེ། ཐེའུ་རང་དང་། མ་མོ།
འབྱུང་པོ། དྲི་ཟ། ཡིད་དྭགས། ཤ་ཟ། སྲིན་པོ། གཤིན་རྗེ།
ཨ་བ་གླང་མགོ་སོགས་ཆེས་འཇིགས་སུ་རུང་བའི་
དམྱལ་ཁམས་ཀྱི་སེམས་ཅན་རྣམས་ཡིན་ཀྱང་བོད་རིག་པ་སྨྲ་བའི་མཁས་པ་ཞིག་ཡོད་ན་
གདན་འདྲེན་བྱ་ངེས་རེད།
བོད་ནང་ལ་བླ་ཆེན་རྣམས་ཀྱི་དབུ་འཁྲིད་འོག་གངས་ལྗོངས་མཁས་པའི་ལྷན་ཚོགས་གནང་བ་ལ་སྙིང་ཐག་པ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་ནང་ལ་གྲྭ་སྨྱོན་ཁག་གཅིག་གི་གོང་༧ས་མཆོག་དང་བོདམི་རིགས་ལ་ཞབས་འདྲིན་ཞུ་དང་ཞུ་བཞིན་པ་རེད། དཔེར་ན། བཀའ་ཟུར་ཨ་ལགས་འཇིགས་མེད་དང་། ཆབ་སྲིད་བཙོན་ཟུར་མཁན་དགའ་ལྡན་བག་གྲོ་གཉིས་ལ་ཆག་བཞག་ན། བུད་མེད་ཧ་ཅང་མང་པོ་ལ་རྒྱོབ་རྒྱབ་ནས་ད་དུང་གཟན་ཤམ་དམར་པོ་གྱོན་ནས་ངོ་ཚ་ཁྲེལ་མེད་བྱས་ནས་འགྲོ་དགོས་ཡོད་རེད།
རྫ་ཕྲུག་ལགས། འདྲེ་གདོན་གསོལ་མཆོད་བྱེད་མཁན་ཚོ་ནང་པའི་གྲལ་དུ་བཞག་དོན་མི་འདུག་་་་ལབ་ཀྱི་ཡོད་ན་་་་་འདྲེ་གདོན་ཟེར་ཡག་དེ་ཡང་སྲུང་མ་ཤུགས་ལྡན་ལ་ངོས་འཛིན་གྱི་ཡོད་རྒྱུ་རེད། དེ་འདྲ་ཡིན་ན་་་་༧གོང་ས་ཐམས་ཅད་མཁྱེན་པ་བཅུ་བཞི་པ་འདི་ཡང་༡༩༧༥བར་དུ་ནང་པའི་གྲལ་དུ་མ་ཚུད་པ་རེད་པས། ༧པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དང་། སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། རྒྱལ་བའི་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་སོགས་པའི་རི་བོ་དགེ་ལྡན་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་དང་། ས་སྐྱ་པའི་སྐྱེས་ཆེན་གྲངས་ལས་འདས་པ་ནང་པར་མ་ཚུད་པ་རེད་པས། །སོང་ཙང་ཧ་ཅང་གི་ཐལ་ཆ་ཆེ་བའི་སྐད་ཆ་དེ་མ་བཤད་ན་་་་ཁྱེད་རང་ལྐུགས་པ་རེད་ཟེར་མཁན་ཡོ་མ་རེད། །
རིན་ཆེན་ལགས་ནས་བོད་ནང་དུ་རེས་མེད་ཀྱི་མཁས་པའི་ལྷན་ཚོགས་སྐོར་གསར་གནས་སྤེལ་བར་ཐུགས་རྗེ་ཆེ་ཞུ། ལྷ་པར་དུ་ལྷན་ཚོགས་དེའི་ཐོག་ཏུ་དེང་རབས་བོད་ཀྱི་རྣམ་དཔྱད་པ་མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱང་གདན་ཞུས་གནང་ཚུལ་དེས་ངའི་སེམས་པར་དགའ་བ་བརྗོད་མི་ཤེས་པ་ཞིག་སྤྲོད་བྱུང་། བོད་ཀྱི་ཤེས་རིག་ལ་རྣམ་དཔྱད་མཆོག་ཏུ་ཡངས་པ་ཚ་བ་མདའ་སྨྱུག་མི་ཡུལ་འདིར་བཞུགས་ཡོད་པར་ངེད་བོད་པ་ཚང་གི་བསོད་བདེ་རེད། ཡག་བྱུང་། གཏམ་བཟང་འདི་ཡག་བྱུང་། དེ་དང་ལྷན་དུ་ལྷན་ཚོགས་དེ་གོ་སྒྲིགས་ཚོགས་མི་ཡོངས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་ན་འདོད།
བིམ་པ་ལྟ་བུའི་གདོང་དམར་བོད་གྱི་མི་རིགས་རྣམས་ཤ་རུས་གཅིག་ལས་གྲུབ་པ་ཡིན་པས། ཆོལ་ཁ་དང་ལུགས་སུ་ཡིན་་རུང་། མཐུན་སྒྲིལ་བྱེད་དགོས། མཐུན་སྒྲིལ་ནི་སྟོབས་ཤུགས་ཀྱི་གཞི་མ་ཡིན། མཐུན་སྒྲིལ་ནི་བླ་མ་གཉེན་པའི་སྒྲུབ་པའི་མཆོད་པ་ཡིན། མཐུན་སྒྲིལ་ནི་སྤྱན་རས་གཟིགས་ཀྱི་གདུལ་བྱའི་མཚོན་རྟག་ཡིན། མཐུན་སྒྲིལ་ནི་དགྲ་བོ་སྲུང་བྱེད་ཀྱི་གོ་ཁྲབ། མཐུན་སྒྲིལ་ནི་འདོད་དོན་འགྲུབ་པའི་ནོར་ཆེན་ཡིན། མཐུན་སྒྲིལ་ནི་ལམ་བཟང་གསལ་བའི་སྒྲོན་མེ་ཡིན། མཐུན་སྒྲིལ་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་རྩ་བ་ཡིན།
ཆོས་ལུགས་་་་་་ཞེས་བཅོས
ཧཧཧཧཧཧཧ་་་་་་་་གྲྭ་བ་མི་མ་རེད་སྨྲ་བའི་མི་ཀྱང་གདན་ཞུས་དེ་ཡི་ནང་དུ་ཡོད་དུས་
ཤུགས་ལྡན་པ་ཚོ་དང་ཇོ་ནང་གཡུང་དྲུང་བོན་སོགས་དེ་ཡི་ནང་དུ་ཡོད་ཚོད་མི་འདུག་དེ་དག་གི་རྒྱུ་མཚན་གོང་ཞིག་ཡིན་ནམ་གསལ་པོ་གསུང་རོགས།
འདིར་གདན་འདྲེན་ཞུ་མི་ཞུ་ནི་དོལ་རྒྱལ་བསྟེན་གསོལ་བྱེད་མི་བྱེད་ཀྱི་གནད་དོན་མ་རེད་མོད། འོན་ཀྱང་
བསྟན་པ་རིག་གཞུང་བཅས་པའི་དགྲ་བོར་ངོ་སོ་བསྟོད་མཁན་དང་པཎ་ཆེན་རྫུན་མར་རང་འདོད་ཀྱིས་མཇལ་
ཁ་ཞུ་མཁན་ཞིག་མ་ཡིན་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན།
སྤྱི་ཚོགས་དེ་ཡི་སྒྲིག་ཁྲིམས་ནི་ཁུར་མི་དགོས་ལ་ངོ་ལོག་དགོས། ཡང་སྤྱི་ཚོགས་དེར་ཚུད་གི་མིན་འདུག་ཟེར་ནས་ངུ་ཤར་རྒྱབ། ད་ལང་ཤོར་འདི་ཚོ་གང་དྲག
རང་དབང་ཨ་རྡུ་མན་གྱིས་ཁོང་ཤུགས་ལྡན་བསྟེན་དགོས་པ་ནི་སྔོན་རྒྱལ་བ་རིན་པོ་ཆེས་བསྟེན་པའི་རྒྱུ་མཚན་གྱིས་ཡིན་པ་འདྲ་ཞིག་བཤད། དེ་ལྟར་ན་དེང་རྒྱལ་བ་རིན་པོ་ཆེས་ཤུགས་ལྡན་བསྟེན་པ་བཤོལ་དགོས་གསུངས་དུས་ག་རེས་བྱས་ནས་བཤོལ་མེད་པ་རེད། ཤུགས་ལྡན་བསྟེན་མཁན་ཚང་མས་སྔར་རྒྱལ་བ་རིན་པོ་ཆེ་ཁོང་རང་ཡང་ཤུགས་ལྡན་བསྟེན་མཁན་རེད་ཅེས་ལབ་དང་ལབ་མུས་རེད་འདུག སྔར་ཤུགས་ལྡན་བསྟེན་པ་ནི་མ་མཁྱེན་པའམ་བཤེས་གཉེན་ངན་པའི་དབང་དུ་ཐལ་སོང་བ་ཡིན་ངེས། དེ་ཡིན་དུས་སུ་ཞིག་ཡིན་ཀྱང་སྔར་ཤུགས་ལྡན་བསྟེན་དགོས་པ་དེ་རྒྱལ་བ་རིན་པོ་ཆེས་བསྟེན་སོང་ཟེར་ནས་བསྟེན་པ་ཡིན་ན། དེང་རྒྱལ་བ་རིན་པོ་ཆེས་སྤངས་སོང་བས་སྤང་དགོས་ཤིང་། ལྷག་དོན་དུ་ཡང་རྒྱལ་བ་རིན་པོ་ཆེ་ཚད་མར་བཟུང་མཁན་ཞིག་ཡིན་ན་སྤང་དགོས་པ་ཞིག་ཏུ་མཐོང་།
གཡུ་འབྲུག་ལགས། རང་དབང་ཨ་རྡུ་མན་གྱིས་ཤུགས་ལྡན་བསྟེན་དགོས་པ་ནི་སྔོན་རྒྱལ་བ་རིན་པོ་ཆེས་བསྟེན་པའི་རྒྱུ་མཚན་གྱིས་ཡིན་ཞེས་བཤད་འདུག་པས། ཡག་པོ་གཟིགས་དང་། (འདྲེ་གདོན་གསོལ་མཆོད་བྱེད་མཁན་ཚོ་ནང་པའི་གྲལ་དུ་བཞག་དོན་མི་འདུག་་་་ལབ་ཀྱི་ཡོད་ན་་་་་འདྲེ་གདོན་ཟེར་ཡག་དེ་ཡང་སྲུང་མ་ཤུགས་ལྡན་ལ་ངོས་འཛིན་གྱི་ཡོད་རྒྱུ་རེད། དེ་འདྲ་ཡིན་ན་་་་༧གོང་ས་ཐམས་ཅད་མཁྱེན་པ་བཅུ་བཞི་པ་འདི་ཡང་༡༩༧༥བར་དུ་ནང་པའི་གྲལ་དུ་མ་ཚུད་པ་རེད་པས། ༧པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དང་། སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། རྒྱལ་བའི་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་སོགས་པའི་རི་བོ་དགེ་ལྡན་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་དང་། ས་སྐྱ་པའི་སྐྱེས་ཆེན་གྲངས་ལས་འདས་པ་ནང་པར་མ་ཚུད་པ་རེད་པས། །)
ད་དུང་ཁྱོད་རང་གིས་རྒྱལ་བ་རིན་པོ་ཆེ་མ་མཁྱེན་པའམ་བཤེས་གཉེན་ངན་པའི་དབང་དུ་ཐལ་སོང་བ་ཞིག་ལ་ངོས་འཛིན་བྱེད་འདུག རྒྱལ་བ་རིན་པོ་ཆེ་ལ་མ་མཁྱེན་པ་ཡོད་རེད་པས། བཤེས་གཉེན་ངན་པ་དེ་སུ་རེད།།
རིན་ཆེན་ལགས་ཀྱིས་གངས་ལྗོངས་མཁས་པའི་བགྲོ་གླེང་སྐོར་ལ་གནས་ཚུལ་མཁོ་གཏོང་གནང་བ་ལེགས་འདུག འོན་ཀྱང་དྲྭ་འབུ་རེ་ཟུང་ཞིག་གིས་༼གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་པའི་སྐོར་ལ་བགྲོ་གླེང་དང་དཔྱད་ཞིབ་མེད་པར་མིའི་བཟང་སྤྱོད་དང་བྲལ་བའི་མིང་རྫུན་གྱི་འོག་ནས་སྤྱི་ཚོགས་ལོག་ལམ་དུ་འཁྲིད་པའི་འཆལ་གཏམ་ཁོ་ནའི་དུས་འདའ་བའི་མིའི་གཟུགས་བརྙན་དག་ལ་རྩོད་གླེང་བྱེད་པའི་དུས་ཚད་གཏང་འདོད་མེད། སྤྱི་ཚོགས་ཀྱི་འགན་འཁུར་ཡོད་པའི་གཏམ་གླེང་བྱེད་འདོད་ཡོད་ན་དངོས་མིང་སྤྱོད་དེ་དྲྭ་ཚིགས་འགྲིམས་དང་ད་གཟོད་གཏམ་གླེང་རིམ་གྱིས་ཞུ་ཆོག
ཧཧཧ། ཨ་རྡུ་དང་གཡུ་འབྲུག་གཉིས་གདོན་འདྲེ་གསོལ་མཁན་གྱི་གཏེ་བོ་ཞིག་ཡིན་པ་ཐག་གི་ཆོད། ༧གོང་ས་ཐམས་ཅད་མཁྱེན་པས་གདོན་འདྲེ་གསོལ་མཁན་ཞིག་ཡིན་ཕྱིན་ཁོང་གི་བཀའ་ཆོས་དང་བཀའ་དབང་ཐ་ན་ཆོས་འབྲེལ་ཙམ་ཡང་མ་ཞུ་རོགས་མ་གཏོགས་དམ་ཚིག་ཉམས་པའི་རྒྱུ་རུ་འགྲོའོ་ཅེས་འཛམ་གླིང་ཤར་ནུབ་གང་སར་གསུངས་གིན་ཡོད་པ། འོན་པ་མིན་པས་ཐོས་ཆོག་པ་ཞིག་དང་ལོང་བ་མིན་པས་རིག་ཆོག་པ་ཞིག་ཡིན་ཨ། ད་དུང་གདོན་འདྲེ་ལ་སྲུང་མ་ཞེས་ཆེ་མཐོང་གིས་མིང་འདོགས་མཁན་ནི་གདོན་འདྲེས་བྱིན་གྱིས་རླབས་པའི་དམ་སྲི་སྙིང་ལ་ཞུགས་མཁན་གྱི་དམ་ཉམས་ཁྱེད་ཚོ་མ་གཏོགས་མེད་ངེས། བོད་ཆོས་སྲིད་གཉིས་ཀྱི་ཞབས་འདྲེན་མཁན་ཁྱེད་ཚོ་མིན་ན་སུ་ཡིན།
ཤུགས་ལྡན་བརྟེན་མཁན་ཞིག་འདིར་ཞུགས་ཐུབ་ན་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་ཕན་པ་ལས་གནོད་མི་སྲིད། བསྟན་པ་ལ་དགྲ་ལྟར་འཛིན་པའི་ལྷ་མེད་སྨྲ་བའི་རིང་ལུགས་པ་དག་ཞུགས་ཆོག་ན་སྟོན་པ་མཐར་ཐུག་གི་སྐྱབས་གནས་སུ་ཁས་ལེན་པའི་དོལ་རྒྱལ་གསོལ་མཁན་ཞིག་ཅི་ལ་ཞུགས་མི་ཆོག དོལ་རྒྱལ་གསོལ་བའི་ཉེས་པ་ཡོད་དུ་ཆུག་ཀྱང་གཞན་པའི་ཡོན་ཏན་གྱི་ཆ་གཏན་ནས་མེད་པ་ག་ལ་ཡིན། མ་གཞི་ནས་ང་ཚོས་སྤྱི་ཚོགས་སུ་དོལ་རྒྱལ་གསོལ་མཁན་ལ་བསྟན་དགྲ་རྒྱ་དམར་སྲིད་གཞུང་ལས་དམན་པར་ལྟ་བ་འདི་ཡ་མཚན་དགོས་པ་རེད། བོད་མི་འབུམ་ཕྲག་མང་པ་རྒྱ་གཞུང་གིས་དམར་གསོད་བཏང་བ་རེད་དམ་དོལ་རྒྱལ་གྱིས་བསད་པ་རེད། བོད་སྣོད་བཅུད་ཡོངས་རྫོགས་དོལ་རྒྱལ་གྱིས་ཟོས་པ་རེད་དམ་གུང་ཁྲན་གྱིས་ཟོས་པ་རེད། རྩ་བའི་བླ་མ་བཙན་བྱོལ་ལ་ཕེབས་དགོས་པ་སུས་བཟོས་པ་རེད། རི་བོང་ཅལ་གྱི་རྗེས་སུ་མི་འགྲོགས་པར་ཞིབ་ཏུ་དཔྱད་ན་དོལ་རྒྱལ་ཟེར་བ་འདི་ཤ་ཚ་དགོས་པ་སྙིང་རྗེ་དགོས་པ་ཞིག་རེད་འདུག ཉེས་མེད་ཀྱི་མི་ཞིག་དམར་གསོད་བཏང་བའི་རྒྱུན་ཕྱི་མ་འདིས་ཀྱང་ཉེས་མེད་ཀྱི་ཉེས་ཞ་གྲངས་ལས་འདས་པ་གྱོན་ཏེ་ཁ་རྡུང་དང་དམོད་མོ་སོགས་ཀྱི་འོག་ཏུ་དུས་འདའ་དགོས་འདུག
ཧཧཧ། ཨ་རྡུ་དང་གཡུ་འབྲུག་གཉིས་གདོན་འདྲེ་གསོལ་མཁན་གྱི་གཏེ་བོ་ཞིག་ཡིན་པ་ཐག་གི་ཆོད། ༧གོང་ས་ཐམས་ཅད་མཁྱེན་པས་གདོན་འདྲེ་གསོལ་མཁན་ཞིག་ཡིན་ཕྱིན་ཁོང་གི་བཀའ་ཆོས་དང་བཀའ་དབང་ཐ་ན་ཆོས་འབྲེལ་ཙམ་ཡང་མ་ཞུ་རོགས་མ་གཏོགས་དམ་ཚིག་ཉམས་པའི་རྒྱུ་རུ་འགྲོའོ་ཅེས་འཛམ་གླིང་ཤར་ནུབ་གང་སར་གསུངས་གིན་ཡོད་པ། འོན་པ་མིན་པས་ཐོས་ཆོག་པ་ཞིག་དང་ལོང་བ་མིན་པས་རིག་ཆོག་པ་ཞིག་ཡིན་ཨ། ད་དུང་གདོན་འདྲེ་ལ་སྲུང་མ་ཞེས་ཆེ་མཐོང་གིས་མིང་འདོགས་མཁན་ནི་གདོན་འདྲེས་བྱིན་གྱིས་རླབས་པའི་དམ་སྲི་སྙིང་ལ་ཞུགས་མཁན་གྱི་དམ་ཉམས་ཁྱེད་ཚོ་མ་གཏོགས་མེད་ངེས།
བོད་ཆོས་སྲིད་གཉིས་ཀྱི་ཞབས་འདྲེན་མཁན་ཁྱེད་ཚོ་མིན་ན་སུ་ཡིན།
དྲ་བདག་ལགས་ང་ཡི་མཆན་ལ་ཉིན་མ་གཉིས་ཙམ་སྒུགས་ཀྱང་ཐོན་རྒྱུ་མི་འདུག་ཅི་ཞིག་བྱུང་བ་ཡིན་ནམ།
གསལ་བཤད་ཞིག་དགོས།
བྱ་གླག་ནས་་་་་་(འདིར་གདན་འདྲེན་ཞུ་མི་ཞུ་ནི་དོལ་རྒྱལ་བསྟེན་གསོལ་བྱེད་མི་བྱེད་ཀྱི་གནད་དོན་མ་རེད་མོད། འོན་ཀྱང་
བསྟན་པ་རིག་གཞུང་བཅས་པའི་དགྲ་བོར་ངོ་སོ་བསྟོད་མཁན་དང་པཎ་ཆེན་རྫུན་མར་རང་འདོད་ཀྱིས་མཇལ་
ཁ་ཞུ་མཁན་ཞིག་མ་ཡིན་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན།) ཧ་ཧ་ཧ་་་་་ཡི་གེ་དག་ལ་མ་དག་་་་ཞིག་རེད་ཤག་་་འོན་ཀྱང་གལ་གནད་མི་རྩིས། བསྟན་པའི་རིགས་གཞུང་བཅོམ་པའི་དགྲ་བོ་ནི་་་་ཁ་ཆེའི་ཆོས་པ་ཚོ་ཡིན་རྒྱུ་རེད་་་་་དེ་ལ་ངོ་སོ་བསྟོད་མཁན་་་་མ་ཚུད་ན་་་་༧་གོང་ས་མཆོག་ཀྱང་ཚུད་ཀྱི་མ་རེད་པས་་་་་་རྟགས་དེའི་ཕྱིར། པཎ་ཆེན་རྫུན་མ་དེ་སུ་ལ་ངོས་འཛིན་དགོས་སམ་་་་པཎ་ཆེན་ཡང་སྤྲུལ་གཉིས་ཡོད་པས་སོ་་་་་་གར་ཡོད་མི་ཤེས་པའི་ཡང་སྤྲུལ་དེ་དངོས་ཟེར་ན་་་་་གཞན་དེ་རྫུན་མ་ཡིན་པའི་ཁུངས་ལྡན་གྱི་དཔང་རྟགས་གང་ཡོད་དམ། གལ་ཏེ་ཡང་སྤྲུལ་གཉིས་ཡོང་ཆོག་གི་མེད་ན་་་་་་ཀརྨ་པའི་ཡང་སྤྲུལ་གཉིས་ཡོད་པས་་་་་བདེན་རྫུན་གྱི་ཁྱད་པར་གཅིག་ཕྱེས་དང་ཁྱོད་ཕོ་ཁྱོ་ག་རང་ཡིན། གལ་ཏེ་ཡང་སྤྲུལ་རྫུན་མ་ཡིན་པའི་་རྒྱུ་མཚན་གྱིས་་་་་་ཁོང་ལ་མཇལ་འཕྲད་བྱེད་ན་་་་ལྷན་ཚོགས་དེའི་ནང་དུ་ཞུགས་པར་དགག་དགོས་གང་ཡོད་དམ་་་་་་་་ཡིན་ཇི་གསུང་རོགས་གནང་། ཁྱེད་ལྟར་ན་ལྷན་ཚོགས་དེའི་མིང་ལ་་་་་གངས་ལྗོངས་པཎ་ཆེན་རྫུན་མ་མི་འདོད་པའི་ལྷན་ཚོགས་དང་་་་རྒྱ་ནག་ལ་མི་དགའ་བའི་མཁས་པའི་ལྷན་ཚོགས་ཤིག་བཏགས་ན་ལེགས། བྱས་ཙང་བླུན་རྟགས་ནམ་མཁའ་ནང་མི་ཤོང་བ་ཞིག་བསྟན་པར་སྙིང་ཡང་རྗེ་ཡི་འདུག །གོང་ས་མཆོག་ཕྱི་རོལ་པའི་ཆོས་ལུགས་འཛིན་མཁན་་་་་ཁ་ཆེ་དང་ཧིན་དུ་་་ཡེ་ཤུ་་་་པམ་ཇའི་ལྷ་ཁང་ནང་དུ་ཕེབས་ནས་མཆོད་འབུལ་གནང་པ་དང་ཁོང་ཚོའི་མི་ཚོར་དགྱེས་མཚོར་ཆེན་པོའི་ངང་མཇལ་འཕྲད་ཚོད་གནང་གི་མི་འདུག་་་མིག་ཡང་ནས་ཡང་དུ་ཕྱིས་ནས་ལྟོས་ཤིང་ཨ།།
ཁ་བརྡ་དྲྭ་བའི་ནང་དུ་རྩོམ་པོ་ཁག་གཅིག་གི་བརྗོད་གང་ལེགས་རེ་གདམ་སྟེ་རྩོམ་ཡིག་ཕུལ་བྱུང་གང་སྤེལ་ཡང་། མིང་རྫུན་གྱི་འོག་ཏུ་གབ་པའི་དྲྭ་མཆན་པ་འགའ་ཞིག་གི་བརྗོད་གཞི་དང་མ་འབྲེལ་བའི་དོན་མེད་དཀྲུག་ཤིང་སློང་སྟེ་ཁ་བརྡ་དྲྭ་བ་ཙོག་པ་མ་བཟོ་རོགས།
མི་བུ་དངོས་གནས་ཤིག་ཡིན་ན་རིན་ཆེན་ལགས་ཀྱི་སློང་བའི་བརྗོད་གཞི་དེ་ཉིད་ལ་གཟུར་བོ་བློ་ཡིས་དཔྱད་ཞིབ་དང་། དགོང་འཆར་སོགས་གསུང་དང་། ད་བཟོད་རིན་ཆེན་ལགས་ཀྱི་རྩོམ་ཡིག་སྤེལ་བའི་དགོས་དམིགས་ཡང་དེ་ཉིད་ཡིན་པ་སེམས། གཞན་དུ་ན་རྩོམ་ཡིག་སྤེལ་བའི་དགོས་པ་ཡང་དོན་མེད་དུ་འགྱུར་བའི་ཕྱིར་རོ།། མཐར་དོན་དྲྭ་གྲོགས་རྣམས་ཀྱིས་ཁ་བརྡ་དྲྭ་བ་འདི་ཉིད་ཚུལ་མཐུན་གྱིས་བེད་སྤྱོད་དང་བདག་གཅེས་གནང་ན་འདི་ཉིད་ཀྱི་དགོས་དོན་དངོས་དེ་འགྲུབ་པ་མ་ཡིན་ནམ།།
བོད་དང་བོད་དོན་ལ་སྙིང་ཉེ་པའི་མིག་ལྡན་སུ་ཡིན་གྱིས་ལྟོས་དང་།
༼༡༽མ་གཞི་ནས་དོལ་རྒྱལ་བསྟེན་མཁན་སུ་ཞིག་གིས་བོད་བསྟན་པ་ཆབ་སྲིད་བྱི་དོན་དུ་ལས་ཀ་བྱས་མྱོང་ཡོད་རེད།
༼༢༽དོན་རྒྱལ་བསྟེན་མཁན་ཚོའི་ལྟོ་གོས་འཚོ་བའི་ཡོང་ཁོངས་གང་ཁོང་ཚོའི་རྒྱབ་གཏོད་ས་དེ་སུ་རེད།
༼༣༽དུས་ལྟ་ལྟའི་བར་བོད་ཀྱི་ཆབ་སྲིད་ཕར་ཞོག་རིག་གཞུང་ཐད་ལའང་དོལ་རྒྱལ་བསྟེན་མཁན་སུས་ལས་ཀ་རྐང་གཅིག་བྱས་ཡོད་རེད།
གོང་གི་རྒྱུ་མཚན་འདི་གསུམ་ངེས་པ་བྱས་ནས་དོལ་རྒྱལ་བསྟེན་མཁན་ཚོའུ་ཕྱི་ནང་ཤེས་རྒྱུ་གལ་ཆེ།
སེར་ཤུལ་རིན་གྲུབ་ཀྱི་གསར་འགྱུར་ལའང་དཔྱད་དགོས་པ་ཞིག་འདུག ཚ་བ་མདའ་སྨྱུག་ཟེར་བ་ཁོང་བོར་ནས་མི་ལོ་བཞི་འགྲོ་བཞིན་ཡོད་འདུག་ལ་ད་བར་སུ་གང་གིས་གོ་རིག་མེད་ཅེས་ཁོང་དང་འགྲོགས་འདྲེས་ཆེ་བའི་མི་ཞིག་གིས་ཁོ་བོར་གླེང་བྱུང་བས་མདོ་ཁམས་འཇང་དགུན་ཆོས་གོ་སྒྲིག་ཚོགས་པས་གང་ཞིག་ནས་ཚ་བ་མདའ་སྨྱུག་རྙེད་པ་ཡིན་ནམ། དེ་བཞིན་རྫ་ཕྲུག་གིས་བཤད་པ་ལྟར་ན་ཕལ་ཆེར་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་བར་༧ གོང་ས་མཆོག་གིས་བཀའ་ཆོས་གནང་གི་ཡོད་པའི་བཟོ་འདྲ་བཤད་འདུག གདོན་འདྲེ་ཡིན་ན་སྲུང་མ་ཡིན་མི་ཆོག་པའི་སྒྲུབ་བྱེད་ཅི་ཡོད། བོད་ཀྱི་དགོན་ཆུང་རེ་ལ་སྲུང་མ་རེ་ཡོད་ལ་དེ་དག་རེ་རེ་བཞིན་དུ་དགོན་པ་གཞན་དག་དང་འཁོན་ཏེ་ཕན་ཚུན་བར་གནོད་པ་སྐྱེལ་བཞིན་དུས་འདའ་བའི་ལོ་རྒྱུས་ཡར་ཀླུང་གཙང་པོ་ལས་རྒྱུན་རིང་ལ་གངས་དཀར་ཏི་སེ་ལས་དཔང་མཐོ། དེ་དག་གདོན་འདྲེ་མིན་ན་དོལ་རྒྱལ་གདོན་འདྲེ་ཡིན་པའི་སྒྲུབ་བྱེད་ཅི་ཡོད། མ་གཞི་དོལ་རྒྱལ་འདི་མ་ཉེས་ཁ་ཡོག་གིས་སྲོག་ཤོར་སྟབས་སྨོན་ལམ་ལོག་པ་བཏབ་ཡོད་ངེས་རེད། ༧་གོང་ས་ལྔ་པའི་གཞུང་དང་དེའི་རྒྱུན་སྐྱོང་མཁན་ལ་གནོད་ངེས་རེད་སྙམ།
གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་པའི་བགྲོ་གླེང་གི་བར་སེང་རྣམས་སུ་ད་ལན་བརྗོད་གཞི་དང་འབྲེལ་བའི་༧གོང་ས་མཆོག་གི་གལ་ཆེ་བའི་བཀའ་སློབ་རྣམས་དེར་འདུས་སྐྱེ་བོ་ཡོངས་ལ་ཉིན་ལྟར་རྒྱངས་སྲིང་ཞུས་འདུག དེ་ནི་བོད་ནང་གི་བོད་མིའི་བློ་བཏང་དང་གཟི་བརྗིད་ཆེ་ཤོས་མ་རེད་དམ། ང་ཚོ་རང་དབང་ལུང་པ་ཡོད་བཞིན་དུ་མགོན་་པོ་མཆོག་གི་བཀའ་ལ་མི་བརྩི་བ་དང་གསུང་ཆོས་ཡང་ཞུ་མི་ཐུབ་པའི་རིགས་འདི་དག་ནི་བོད་ནང་གི་བོད་མི་འདས་གསོན་རྣམས་ཀྱི་རེ་བ་སྟོང་ཟད་དང་ང་ཚོའི་ངོ་ཚ་ལས་གཞན་ཅི། ད་ནི་བོད་ནང་གི་བོད་མིའི་ལས་དབང་ལ་བསམ་ཤེས་གནང་རོགས། བོད་མི་ཞིག་ཡིན་པའི་འདུ་ཤེས་འཛིན་རིགས་རོགས། བོད་མིའི་ནང་ཁུལ་མཐུན་སྒྲིལ་གནང་རོགས།།
དོལ་ཚོགས་ཀྱིས་ནམ་ཡང་སྐྲུག་ཤིང་ལས་མཐུན་སྒྲིལ་ལ་བསམ་བློ་གཏོང་མི་སྲིད། དེ་ལས་ཁོང་ཚོ་ལ་ཡ་མ་བྱས་པར་བཞགས་ན་བཟང་།
ད་ཡིན་ན་གྲྭ་སྨྱོན་ཁག་གཅིག་གི་སངས་རྒྱས་ཀྱི་བསྟན་པ་དང་བོད་མི་རིགས་ཀྱི་ཆེས་མཐོང་ལ་ཞབས་འདྲེན་ཞུ་ཡི་འདུག དཔེར་ན། དགའ་ལྡན་བག་གྲོ་ལ་ཆགས་བཞག་ན། ཆོས་ལུགས་ཀྱི་མིང་འཁྱེར་ནས་དེ་སྔོན་འཇམ་མའི་གླིང་གི་རྒྱལ་ཁབ་ནང་ལ་འདོན་ལྟར་དབྱངས་རྫུན་མ་བྱས་ནས་དབྱིན་ཇི་མང་པོ་མགོ་སྐོར་གཏོང་ཡོད། ཆབ་སྲིད་བཙོན་ཟུར་གྱི་མིང་ཁྱེར་ནས་དཀའ་ངལ་ཅན་རིགས་ལ་རོགས་པ་བྱེད་ཀྱི་ཡོད་ཟེར་ནས་ཕྱི་རྒྱལ་མི་ཁག་གཅིག་ལ་དངུལ་མང་པོ་སློང་མོ་རྒྱབ་ནས་ལྐོག་ཟ་བྱེད་དང་བྱེད་བཞིན་པ་རེད། ངས་བཤད་པའི་སྐད་ཆར་དེ་བདེན་རེད་དང་མ་རེད་བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱས་ན་གསལ་པོ་ཧོ་གོ་ཡི་རེད། ཧཧཧཧཧཧཧ་ད་ཡིན་ན་ལྟས་མོ་འདུག
དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོས་བསྟན་པ་སྤྱི་དང་ལྷག་པར་དགེ་ལྡན་པའི་སྒེར་དགྲ་རྒྱ་དམར་གཞུང་ལ་
ངོ་སོ་བསྟོད་མ་བསྟོད་ནི་ཝ་སྐྱེས་བདུད་མོ་གཡོ་སྒྱུ་ཇི་ལྟར་ཆེ་ཡང་། རང་གི་མཇུག་མ་སྦས་མ་ཐུབ་པའི་ཚོད་དུ་
ཡོད་པ་དེ་ཡིན་པས་མང་བོ་བཤད་ཅི་དགོས། པཎ་ཆེན་ཡང་སྲིད་དངོས་གང་ཡིན་མི་ཤེས་ན།
བོད་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་རི་བོ་དགེ་ལྡན་པའི་བསྟན་པ་དེ་འཛིན་དང་བཅས་པའི་
གཙུག་གི་ནོར་བུ་༧རྒྱལ་དབང་བོ་མཆོག་གིས་ཡེ་ཤེས་དབྱིངས་བཅད་ཀྱིས་ངོས་འཛིན་ཐག་གཅོད་གནང་བ་དེ་
ཡིན་ལ། པཎ་ཆེན་རྫུན་མ་ནི་གཡོ་སྒྱུ་ཁྲམ་གསུམ་འཛོམས་པའི་ཅང་ཙི་མིན་དང་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་
ཁས་མི་ལེན་པའི་ཆད་ལྟ་བ་ཁག་ཅིག་དང་། སངས་རྒྱས་ཀྱི་བསྟན་པ་ལས་རང་གི་གྲོད་ཁོག་དང་ཐོབ་གོ་ས་ལ་བསམ་བློ་གཏོང་མཁན་བླ་ཆུང་ཁག་ཅིག་གིས་ཆབ་སྲིད་ཀྱི་དགོས་མཁོར་ཐག་གཅོད་བྱས་ཤིང་། ་གཡོ་སྒྱུ་ཇི་ལྟར་
བརྩེས་ཚུལ་ཨ་ལགས་ཨ་ཀྱ་རིན་པོ་ཆེས་གསལ་བར་གསུངས་པས་མིག་དང་རྣ་བ་ཡོད་ན་མཐོང་ཚོད་དང་གོ་
ཚོད་རེད།
ཤུགས་ལྡན་འདི་གླེང་ཙམ་གྱིས་དོན་གྱི་སྙིང་པོ་སྒྲིབ་སོང་། དེ་བས་རང་རེའི་བྱ་བ་ཆེ་ཕྲ་གང་ལ་གནོན་པ་ཡོད་མཁན་ཞིག་ཡིན་ན་མ་གླེང་ན་མི་ལེགས་སམ། མཁྱེན་ལྡན་རྣམས་ཀྱིས་དབྱད་པ་ཞིབ་མོ་ཐོང་དང་།
དངོས་གནས་དྲང་གནས་དྲ་འབུ་ཁ་ཤས་ཀྱིས་སྐྱག་དྲི་ཐུལ་བའི་མཆན་ལ་བརྟེན་ནས་ཚིག་བདེ་བོ་དང་དོན་བཟང་པོའི་རྩོམ་ཡིག་འདི་བཙོག་པ་བཟོས་འདུག་་་་་ཐབས་སྐྱོ་བ་ལ།
དངོས་གནས་དྲང་གནས་དྲ་འབུ་ཁ་ཤས་ཀྱི་སྐྱག་དྲི་བྲོ་བའི་མཆན་ལ་བརྟེན་ནས་ཚིག་བཟང་དོན་བཟང་གི་རྩོམ་ཡིག་ལེགས་པོ་འདིའི་སྙིང་དོན་བཙོག་པར་བཟོས་པས་ཅི་འདྲའི་ཐབས་སྐྱོ་བ་ལ།
ཨ་རོགས་ཁམས་པའི་རྨོངས་བློར་འཆར་ཚུལ་འདི་ལ་གཟིགས་དང་།
བོད་དང་བོད་དོན་ལ་སྙིང་ཉེ་པའི་མིག་ལྡན་སུ་ཡིན་གྱིས་ལྟོས་དང་།
༼༡༽མ་གཞི་ནས་དོལ་རྒྱལ་བསྟེན་མཁན་སུ་ཞིག་གིས་བོད་བསྟན་པ་ཆབ་སྲིད་བྱི་དོན་དུ་ལས་ཀ་བྱས་མྱོང་ཡོད་རེད།
༼༢༽དོན་རྒྱལ་བསྟེན་མཁན་ཚོའི་ལྟོ་གོས་འཚོ་བའི་ཡོང་ཁོངས་གང་ཁོང་ཚོའི་རྒྱབ་གཏོད་ས་དེ་སུ་རེད།
༼༣༽དུས་ལྟ་ལྟའི་བར་བོད་ཀྱི་ཆབ་སྲིད་ཕར་ཞོག་རིག་གཞུང་ཐད་ལའང་དོལ་རྒྱལ་བསྟེན་མཁན་སུས་ལས་ཀ་རྐང་གཅིག་བྱས་ཡོད་རེད།
གོང་གི་རྒྱུ་མཚན་འདི་གསུམ་ངེས་པ་བྱས་ནས་དོལ་རྒྱལ་བསྟེན་མཁན་ཚོའུ་ཕྱི་ནང་ཤེས་རྒྱུ་གལ་ཆེ།
ཧ་ཧ་་་་་ཁྱོད་ཨ་ཁ་ཁ་་་་སྤྱིགས་ཚོགས་གསར་པའི་བྱིས་པ་རང་རེད་་་་་༡དོལ་རྒྱལ་ལུས་དང་གྲིབ་མ་བཞིན་དུ་བསྟན་གསོལ་གནང་མཁན་་་་་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུ་འཕྲེང་བཅུ་པ་མཆོག་ནས་སྐུ་ཚེ་ཧྲིལ་པོ་བོད་བསྟན་པ་ཆབ་སྲིད་གྱི་དོན་དུ་ཕྱག་ལས་གནང་པ་དེ་་་་་ད་བར་མ་ཤེས་སམ། ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་གྲགས་དང་མི་གྲགས་ཚོདབུས་པའི་་་གདན་ས་གསུམ་གྱི་མཁན་ལས་ཟུར་ཡོངས་ཀྱིས་རྡོ་རྗེ་ཤུགས་ལྡན་ལ་བཀའ་འདྲི་ཞུས་ནས་་་་་ཇི་ལྟར་བཀའ་ལུང་ཕེབས་པ་བཞིན་་་་་རང་སྲོག་འབེན་དུ་བཙུགས་ནས་གོང་ས་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུས་པ་དེ་ཡང་མ་ཐོས་སམ། ༢དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོའི་ལྟོ་གོས་ཡོང་ཁུངས་ནི་་་་དགོན་པ་ཁག་ཡིན་ན་ཆོས་འདུལ་བ་བཞིན་འཛིན་པ་ཡིན་ཙང་ལས་སྐལ་ཅན་གྱི་སྦྱིན་བདག་ཁག་ནས་བསྙེན་བཀུར་ཞུས་དང་ཞུ་མུས་རེད། མི་སྐྱ་ཚོ་ཡིན་ན་སོ་སོའི་རྐང་པའི་སྒང་ལ་སོ་སོ་ལངས་ནས་འཚོ་བཞིན་ཡོད་པ་མ་མཐོང་ངམ། ཁོང་ཚོའི་རྒྱབ་གཏོད་བྱེད་ས་ནི་གཡོ་སྒྱུ་འཁྲམ་གསུམ་འཁྲབ་མཁན་གྱི་ཚོགས་པ་དང་མི་ངན་ཚོ་རེད། ༣གོང་ས་མཆོག་གི་ད་ལྟ་འཛམ་གླིང་ནང་དུ་ངོམས་བཞིན་པའི་སྐུ་ཡོན་དེ་ནི་་་་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་དང་གླིང་རྡོ་རྗེ་འཆང་རྣམ་པ་གཉིས་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་མ་ཡིན་ནམ་་་་་ཡིད་མ་མཆིས་ན་རྒྱལ་བ་ཐམས་ཅད་མཁྱེན་པར་བཀའ་འདྲི་ཞུས་དང་རྨོངས་གཉིད་ལས་སད་ཀྱི་རེད།
འདི་དཔེ་མཚོན་ཙམ་ལས་་་་་ཆ་ཚང་བ་ཞིག་ནིབགྲངས་པར་ག་ལ་ནུས། འདི་ནི་ང་རང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པར་བརྟེན་མ་ཞུ་ཀ་མད་རེད།།
གོང་དུ་ལོག་པའི་བཤེས་གཉེན་སུ་རེད་ཟེར། དེ་ནི་ཁྲི་བྱང་རིན་པོ་ཆེ་རེད། ཁོང་གི་ལོག་་བཤེས་ཕ་བོང་ཁ་པ་རེད། དེ་ཡིན་སྟངས་ནི་ཆོས་ལུགས་ནང་དཀྲུག་ཤིང་ཚད་མེད་རྒྱབ། དགེ་ལུགས་ལས་གཞན་ལ་ཐར་ལམ་མེད་ཟེར་བ་དེ་རེད།
མེ་ཏོག་ལགས། ཁྱོད་རང་གིས་དེ་འདྲ་ཟེར་ན། དགེ་ལུགས་པ་དང་། ༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་མ་རེད་པས། གང་ཡིན་ཟེར་ན། དགེ་ལུགས་པའི་ཆོས་ཡོངས་རྫོགས། ཆུ་མགོ་གངས་ལ་ཐུག་པའི་དཔེ་ལྟར། རང་རང་གི་དགེ་རྒན་དང་བླ་མ་ལས་བརྒྱུད་པའི་ཆོས་མཐའ་དག་བརྒྱུད་རིམ་དེད་ན། རྗེ་ཕ་བོང་ཁ་པར་མ་ཐུག་པ་ཞིག་མེད་པའི་ཚུལ་ངེས་པར་ཤེས་དགོས། དེ་ཡང་༧གོང་ས་མཆོག་གིས་དགེ་ལྡན་པའི་དབང་ལུང་མན་ངག་སོགས་ཟབ་ཆོས་ཡོངས་རྫོགས་གསན་ས་ནི་ཡོངས་འཛིན་རྣམ་གཉིས་ཡིན་ལ། དེ་གཉིས་ཀྱི་བླ་མ་ཕ་བོང་ཁ་བདེ་ཆེན་སྙིང་པོ་ཡིན་ལུགས་འདི་སེམས་ལ་བཅངས་ནས་དགེ་ལྡན་པའི་བླ་མའི་བརྒྱུད་པ་གང་ཡིན་ཤེས་པར་བྱེད་དགོས་སོ།
ཁ་བརྡ་དྲ་བ་འདིར་སྐྱག་དྲི་འཐུལ་ན་འཐུལ། བརྗོད་བྱ་དངོས་སྒྲིབ་ན་སྒྲིབ། གདོང་དམར་དང་རྫ་ཕྲུག་ལ་ལན་ཞིག་ངེས་པར་ཞུ་དགོས་བྱུང་སོང་། རྒྱལ་བ་རིན་པོ་ཆེ་ལ་མ་མཁྱེན་པ་དང་བཤེས་གཉེན་ལོག་པའི་དབང་དུ་ཐལ་རྒྱུ་མེད་ན་ནི་སྔར་ཤུགས་ལྡན་བསྟེན་ལ་ད་ཆར་རང་ཉིད་སྤངས་པ་མ་ཟད་གཞན་ལ་ཡང་སྤང་དགོས་པར་བསྐུལ་བའི་རྒྱུ་རྐྱེན་གང་ལ་ཐུག རྫ་ཕྲུག་གིས་རྒྱལ་བ་རིན་པོ་ཆེས་སྔར་ཤུགས་ལྡན་ཡེ་ནས་བསྟེན་མ་མྱོང་བ་འདྲ་ཞིག་བཤད་འདུག་མོད། ང་རང་འབྲུག་མི་ཞིག་ཡིན་རུང་རྒྱལ་བ་རིན་པོ་ཆེ་ལ་དད་དང་མོས་གུས་ཡོད་མཁན་ཞིག་ཡིན་པས་ཁོང་གི་བཀའ་ཆོས་དང་གསུང་རྩོམ་དག་མཇལ་གྱི་ཡོད། དེ་ཡིན་དུས་ལོ་འགའི་སྔོན་ལ་རྒྱལ་བ་རིན་པོ་ཆེས་ཤུགས་ལྡན་སྐོར་ལ་གསུངས་པའི་དེབ་ཅིག་མཇལ་བྱུང་། དེའི་ནང་དུ་ངས་ཀྱང་སྔོན་ཤུགས་ལྡན་བསྟེན་ཡོད། འོན་ཀྱང་དེ་ནོར་བཞག ད་ལྟ་ངས་ཤུགས་ལྡན་སྤང་དགོས་པར་བསྐུལ་བ་ནི་ཞིབ་འཇུག་ཡག་པོ་བྱས་ཡོད། དེ་དངོས་ནས་དྲང་གནས་ཡག་པོ་རེད་མིན་འདུག་ཟེར་བ་འདྲ་ཞིག་གསུངས་ཡོད་པ་དྲན།
༧རྒྱལ་བ་རིན་པོ་ཆེས་དེའི་སྐོར་ལ་བཀའ་སློབ་གནང་བ་མན་ཇུ་ཀྲི་ལའི་ཚོང་ཁང་དེ་བར་རྟག་པར་སྟོན་གི་འདུག་པས་དེར་གཟིགས་མཛོད།
ཕ་བོང་གིས་ཁྲི་བྱང་ལ་ལོག་ལམ་བསྟན། ཁྲི་བྱང་གིས༧གོང་ས་མཆོག་ལ་ལོག་ལམ་བསྟན། ཡིན་ནའང་མཁྱེན་དཔྱོད་ཕུལ་དུ་ཕྱིན་པའི་༧རྒྱལ་བ་དོན་གྱི་བདག་པོས་ཅུང་ནོར་བའི་ཚུལ་བསྟན་མོད། མཐར་ལོག་ལམ་དེ་ལུང་རིགས་ཀྱིས་ཚད་བཅད་ཅིང་། ཕྱིན་ཆད་དེ་འདྲ་བའི་ལོག་ལམ་ལ་དམ་བསྒྲགས། བཀའ་ལས་འདའ་བ་རྣམས་གསུང་གི་བདུད་རྩི་མྱོང་བའི་སྐལ་མེད་དུ་མཛད་པ་འདི་མངོན་སུམ་མིན་ནམ།