ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
གཅིག་དཀར་སྨན་གྱི་མེ་ལོང་ཡིན།
གཉིས་ནག་བདུད་ཀྱི་མེ་ལོང་ཡིན།
གསུམ་མཐིང་མཚོ་ཡི་མེ་ལོང་ཡིན།
བཞི་ལྗང་ཀླུ་ཡི་མེ་ལོང་ཡིན།
ལྔ་སེར་དགྲ་ལྷའི་མེ་ལོང་ཡིན།
དྲུག་དཀར་རྒྱལ་པོའི་མེ་ལོང་ཡིན།
བདུན་དམར་བཙན་གྱི་མེ་ལོང་ཡིན།
བརྒྱད་དཀར་ལྷ་ཡི་མེ་ལོང་ཡིན།
དགུ་སྨུག་གཡང་གི་མེ་ལོང་ཡིན།
ཁམས་བཞི་དང་མཐུན་ཕྱོགས་བཤད་པ།
གཅིག་དཀར་དང་དྲུག་དཀར་བརྒྱད་དཀར་བཅས་ལྕགས།
གཉིས་ནག་དང་གསུམ་མཐིང་ཆུ། བཞི་ལྗང་ཤིང་། ལྔ་སེར་ས།
བདུན་དམར་དང་དགུ་སྨུག་མེའོ།།
དེ་ལྟར་ཤེས་པའི་དགེ་བ་འདིས།།
ལུས་ཅན་བདེ་བའི་ས་ལ་འགོད།།
ངན་སོང་སྡུག་བསྔལ་མེད་པར་ཤོག །
སྟོང་ཉིད་རང་ངོ་འཕྲོད་པར་ཤོག །
མཐོ་རིའི་ལམ་སྣ་ཟིན་པར་ཤོག །
བྱང་སེམས་ཉི་འོད་ཤར་བར་ཤོག །
སྨེ་བ་དགུ་ཡི་བཤད་པ་རེད་མི་འདུག རྩ་བ་ཚིག་བཅད་ཙམ་ཞིག་བྲིས་འདུག སྨན་དང་མཚོ་སོགས་ཀྱི་གོ་དོན་གང་ཡིན་ནམ། མེ་ལོང་ཞེས་པའི་དོན་གང་ཡིན་ནམ།
སྨེ་དགུའི་བཤད་པ་འདི་ཙམ་ལས་མཐོང་མྱོང་མེད་དམ། རྩ་བ་ལན་ཅིག་བསྐྱར་བཞག
སྨེ་དགུའི་འབྲེལ་བཤད་མདོ་ཙམ་གླེང་བ་འདིའི་།
ཟུར་གནས་མཁས་པའི་མཆན་དུ་ཕོག་་པ་ནས་།
གཞུང་ལུགས་མཐུན་པའི་སྨེ་འབྲེལ་སྟོན་གནང་ཚེ་།
དགའ་བསུ་ཆེན་པོའི་བཤིས་བརྗོད་སྒྲ་སྒྲིག་ཡོད་།
སྨན་ནི་ནད་གསོ་བའི་སྨན་ལ་ཟེར་།
མཚོ་ནི་ཆུ་མང་པོ་འཁྱིལ་བ་ལ་མཚོ་ཟེར་་་མ་ཕམ་གཡུ་མཚོ་་ལྟབུ་།
མེ་ལོང་ནི་དུས་སྔ་་མོ་ཤེལ་མེད་པའི་དུས་ལ་གཟུགས་བརྙན་བལྟ་བྱེད་ལ་ཟང་དང་ལི་སོགས་ཀྱི་མེ་ལོང་ལ་བལྟ་བ་ན་མེ་ལོང་ཟེར་་།
སྨེ་བའི་འབྲེལ་བཤད་ཡིན་མིན་་ནི་མི་སུམ་བཅུ་ལ་བསམ་བློ་སུམ་་་བཅུ་དང་
འཛོ་སུམ་བཅུ་ལ་ར་ཅོ་་དྲུག་བཅུ་ཟེར་བའི་དཔེ་ལྟར་སོ་སོའི་ངོས་འཛིན་གནང་སྟངས་ལ་རག་ལས་པ་ལས་གང་ཡང་ཞུ་རྒྱུ་མེད་།
ཨ་ལས་ཇུས་ཏོག་དང་གོང་གི་རྩོམ་ཡིག་འབྲི་མཁན་ཀོ་གཞུང་ཚེ་བསོད་གཉིས་མི་གཅིག་ཡིན་པ་འདྲ།
སྨེ་བའི་འགྲེལ་བཤད་འདི་བེ་དཀར་བསྟན་ལེའི་ནང་དེ་སྔོན་བོད་དུ་ཡོད་སྐབས་མཇལ་མྱོང་ལ། སྨོན་ལམ་ཚིག་མཛོད་ནང་དུའང་གསལ་བ་ནས་ཟུར་བཏོན་གྱིས་མི་མང་པོ་ལ་ཕན་ན་བསམ་ནས་བཀོད་པ་ལས། རང་མིང་གྲགས་ཐབས་སུ་མིན་པ་མཁས་པ་རྣམས་ཀྱི་ཐུགས་དང་མ་འགལ་བ་མཁྱེན།