བློ་བཟང་སྨོན་ལམ།
བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སྐྱེ་བོ་ཡོངས་ཀྱི་སྙན་ལམ་དུ།
སྨོན་ལམ་ཚིག་མཛོད་ཐོན་རིམ་༡.༡ཅན་ནི། བོད་ཡིག་ཚིག་མཛོད་དང་། དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད་བཅས་སྡེ་ཚན་གསུམ་ཡོད་པའི་མཉེན་ཆས་ཚིག་མཛོད་ཅིག་ཡིན་ལ། ཚིག་མཛོད་འདིར་བསྡོམས་པའི་མ་ཚིག་ཉིས་འབུམ་ལྷག་ཡོད་པར་མ་ཟད། སྡེ་ཚན་གཅིག་ནས་གཞན་ལ་ཐད་ཀར་བརྒྱུད་ནས་འཚོལ་ཐུབ་པ་བཟོས་ཡོད་པས་སྟབས་བདེ་བ་དང་།
དེ་སྔོན་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་སྐར་ཁུང་རྟགས་ཅན་གྱི་གློག་ཀླད་(Windows)ཁོ་ནའི་ནང་མ་གཏོགས་བེད་སྤྱོད་མི་ཐུབ་ཀྱང་། ད་ཆ་ཀུ་ཤུ་རྟགས་ཅན་གྱི་ཀློག་ཀླད་ནང་དུའང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་བཟོས་ཐུབ་ཡོད་པ་དང། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བོད་དབྱིན་ཡིག་རིགས་ཀྱི་ལས་ཀ་གང་ཞིག་བྱེད་ནའང་ཚིག་མཛོད་འདིར་འབྲེལ་མཐུད་བྱེད་པར་ཧ་ཅང་སྟབས་བདེ་ཡིན་པས་བོད་ཡིག་དང་། དབྱིན་ཡིག་འབྲི་ཀློག་སྦྱོང་གསུམ་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། ཚིག་མཛོད་འདི་ནི་དྲ་འབྱེད་མཉེན་ཆས་ཁག་དང་ཀུ་ཤུ་བཟོ་ཚོང་ཁག་གིས་བཟོས་པའི་མཉེན་ཆས་མང་ཆེ་བར་ཐད་ཀར་བེད་སྤྱོད་གཏོང་ཆོག་པས་ན། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྟོང་ཆ་ཆེན་པོ་ཞིག་བསྐངས་ཐུབ་པ་བྱུང་ཡོད།
སྨོན་ལམ་ཚིག་མཛོད་༡.༡ ནི་སྐར་ཁུང་རྟགས་ཅན་གྱི་གློག་ཀླད་(Windows)ནང་ལའང་བེད་སྤྱོད་ལེགས་པར་ཐུབ་པ་མ་ཟད། དེ་སྔོན་གྱི་ཚིག་མཛོད་ལས་ཁ་འབྱེད་མགྱོགས་པ་དང་། བོད་ཡིག་ཚིག་མཛོད་ལ་ཞུ་དག་དང་བསྐྱར་བཅོས་ཐེངས་གཉིས་པ་བྱས་ཡོད་པས་ཕན་ཐོགས་གང་ལེགས་ཡོང་བའི་རེ་བ་ཡོད།
འོན་ཀྱང་ད་དུང་ཚིག་མཛོད་འདིའི་ནང་སྐྱོན་དང་ནོར་འཁྲུལ་རིགས་ཡོད་སྲིད་ན། བེད་སྤྱོད་གནང་མཁན་ཚོས་དུས་ཐོག་ལ་འདི་གར་འབྲེལ་བ་གནང་ན་རིམ་པས་ཡར་རྒྱས་གཏོང་ཆོག་པ་མ་ཟད། འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཡིག་གི་ཚིག་མཛོད་ཆེན་མོ་ཞིག་ཀྱང་རྩོམ་སྒྲིག་བྱེད་བཞིན་མཆིས་ན། ཁྱོན་ཡོངས་ནས་རྒྱབ་སྐྱོར་རོགས་རམ་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང། བེད་སྤྱོད་གཏོང་ཚུལ་ནི་ཚིག་མཛོད་འདི་སྒྲིག་འཇུག་བྱས་རྗེས་བེད་སྤྱོད་གཏོང་ཚུལ་འདི་ག་ལས་ཁུངས་ཀྱི་དྲ་རྒྱ་www.monlamit.org ལ་གཟིགས་རོགས།
ཚིག་མཛོད་འདི་ནི་བོད་ཀྱི་བོད་མི་རིགས་དང་རིག་གནས་ཀྱི་སྲོག་རྩར་གྱུར་པའི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་ཆེད་དུ་དམིགས་ནས་བཟོས་པ་ཡིན་པས། ཚོགས་སྒེར་སུས་ཀྱང་ཚོང་བསྒྱུར་གཏན་ནས་བྱེད་མི་ཆོག ཚིག་མཛོད་འདི་བཞིན་འདི་གའི་དྲ་རྒྱའི་ལམ་ནས་ཐད་ཀར་ཕབ་ལེན་བྱ་ཐུབ་པ་དང་། མཉེན་ཆས་འདི་ཕན་ཚུན་ལ་ངོ་སྤྲོད་དང་བརྒྱུད་སྤྲོད་གང་མང་ཡོང་བའི་རེ་བ་ཞུ།
མཐའ་དོན་བོད་ཀྱི་རིག་གཞུང་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་བཅས།
སྙིང་ཐག་པ་ནས་ཐུགས་རྗེ་ཆེ།
སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
རྗེས་སུ་ཡི་རང་མངོན་པར་བསྟོད་དོ།
སྨོན་ལམ་ཚིག་མཛོད་བཟོ་སྐྲུན་པ། སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ནས་རྒྱ་ཆེ་བའི་ལམ་དོན་དེ་འདྲ་ཞིག་ལེགས་སྒྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མ་འོངས་པར་བོད་ཡིག་ཚིག་མཛོད་འདི་ཡང༌། དབྱིན་ཇིའི་ཚིག་མཛོད་ལྟར་སྐད་ཡིག་གཞན་ནས་གཞན་དུ་བསྒྱུར་མཆོག་པ་དང༌། ཡི་གེ་བྲི་སྐབས་དབྱིན་ཡིག་བཞིན་ཡིག་ནོར་བྱུང་བའི་རིགས་ལ་ནོར་རྟགས་འཐེན་མཁན་དེ་འདྲ་བྱུང་ན་སྙམ་གྱིན་ཡོད་ན། ཕྲན་གྱི་བསམ་ཚུལ་དེ་ལ་ཁྱེད་ནས་དགོངས་བཞེད་ཅིག་གནང་རོགས་གནང༌།
སྨོན་ལམ་ཚིག་མཛོད་བོད་ལ་བཀའ་དྲིན་ཆེ།
བློ་བཟང་ལས་འཁྲུངས་གཏེར་ལ་འཛད་མཐའ་མེད།
ད་ལྟ་ཀློག་ཀླད་ཀུ་ཤུའི་ནང་དུ་བཞུགས།
སྒྱུ་འཕྲུལ་དྲ་བའི་རིག་ལ་གསོལ་བ་འདེབས།
སམ་བྷོ་ཊ་ཡིས་བོད་ཡིག་བཟོས་སོ་ཞེས།།
སྐད་སང་མཐོན་པོར་བསྒྲགས་ཀྱང་དོགས་པ་ཞིག །
གང་ལྟར་བོད་ཡིག་འདི་ལ་སྲོག་སྦྱིན་མཁན།།
སྨོན་ལམ་ཁྱོད་ལ་ངས་ནི་ཕྱག་འཚལ་ལོ།།
thanks thanks thanks thanks thanks thanks thanks thanks thanks thanks
ཏི་སེ་ལགས། ནོར་རྟགས་འཐེན་པ་དགོས་ན། དཔེར་ན་༼མལོཔ༽-འདི་འདྲ་བྲིས་ན་ནོར་རྟགས་སྟོན་པའི་ཐབས་ཤིག་བྱ་ཆོག་པ་ས་གཞན། དཔེར་ན་ཁོས་མི་བསད་འབྲི་དགོས་སར་ཁོ་མི་བསད་ཅེས་འབྲི་ན་ནོར་རྟགས་སྟོན་ཐབས་དཀའ་སྟེ། འབྲི་བ་པོས་ཅི་ཞིག་བྲིས་གིན་ཡོད་པ་མི་ཤེས་པས་སོ་དྲན། ཡིན་ནའང་འདི་ནི་ངས་དྲན་པ་རེད་མ་གཏོགས་དོན་ལ་གནས་པ་རེད་ཞུས་མེད་དོ།།
བཀྲ་ཤིས།
ཀུ་ཤུའི་ནང་འབྱོན་རྒྱུར་ན་ནིང་ནས་བསྒུགས་ནས་ཡོད་ད་རིང་བྱོན་པ་ལེགས་སོ།།
བློ་བཟང་སྨོན་ལམ་མཆོག་གིས་ལྷག་བསམ་བཟང་པོས་སྨོན་ལམ་ཚིག་མཛོད་གསར་སྒྲུན་མཛད་པར་བཀའ་དྲིན་ཆེ་བ་དང་། ལེགས་པར་གྲུབ་པ་ལ་བཀྲ་ཤིས་བདེ་ལེགས།
་
ད་བར་དུ། བདག་གིས་ཚིག་མཛོད་དེ། མཇལ་མེད་ཀྱང་མྱུར་དུ་མཇལ་ཐུབ་ངེས། སླར་ཡང་བོད་རིག་གཞུང་གོང་འཕེལ་གྱི་ཕྱག་ལས་བཟང་པོ་མཐའ་དག་མྱུར་དུ་འགྲུབ་པའི་ཡིད་སྨོན་ཞུའོ།།
བཟང་་་་་་་བཟང་་་་་བཟང་་་་་་མུ་མཐུད་་་་་་
རྗེས་སུ་ཡིད་རིང་དང་བཀའ་དྲིན་ཧ་ཅང་ཆེ་ཞུ་ཞུ།།
http://www.tibettimes.net/news.php?cat=2&&id=7415
འདོན་སྤེལ། ༢༠༡༣/༠༣/༠༦
དེ་རིང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ནང་ཆོས་ལུཊ་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཆོས་རྒྱུད་ཁག་གི་རྩོམ་སྒྲིག་མི་སྣ་ལྷན་བཞུགས་ཐོག་ཆོས་འབྱུང་ལོ་རྒྱུས་དང་ལྟ་གྲུབ་ཀྱི་ཐ་སྙད་རྩོམ་སྒྲིག་བྱ་ཕྱོགས་ཐོག་གོ་བསྡུར་གནང་བཞིན་འདུག
དེ་རིང་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ ཐོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག ༼སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ༽ཞེས་པའི་ནང་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་རིས་མེད་ཆོས་བརྒྱུད་སོ་སོའི་ནང་བསྐོ་བཞག་གནང་བའི་རྩོམ་སྒྲིག་མི་སྣ་ལྷན་འཛོམས་ཀྱི་ཚོགས་འདུ་ཐེངས་དང་པོ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་ཚོགས་ཡོད་ཅིང་། ཚོགས་འདུའི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གཙོས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་གཡུང་དྲུང་བོན། ཇོ་ནང་། བོ་དོང་བཅས་ཀྱི་རྩོམ་སྒྲིག་མི་སྣ་དང་འབྲེལ་ཡོད་མི་སྣ་ ༣༠ ལྷག་འཛོམས་གནང་འདུག
སྐུ་ཞབས་སྨོན་ལམ་མཆོག་གིས་འདི་ལྟར་བོན་པོ་འཚུད་པའི་ཆོས་ལུགས་པ་ཡོངས་ལ་བཀའ་གྲོས་གནང་བར་སྙིང་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ། ཚིག་མཛོད་ཆེན་མོ་དེ་ཀུན་གྱིས་བཀུར་བར་འོས་པ་ཤིག་ཕྱོགས་བསྒྲིག་ཡོང་བའི་རེ་བ་ཆེ། །
བཀྲ་ཤིས་བདེ་ལེགས་ཞུ། །
ལག་ལེན་མེད་པའི་གཞུང་ལུགས་རྐྱང་རྐྱང་གིས་བོད་རང་གི་རིག་གནས་དང་སྐད་ཡིག་གི་འཇིག་ཉེན་སྐྱོབ་ཐབས་བྲལ་བས། ང་ཚོའི་སྐད་དང་ཡི་གེ་ལ་མཚོན་ན་སྤྱི་ཚོགས་འཚོ་བའི་ནང་ཆ་ཀུན་ནས་སྤྱོད་རྒྱུ་ནི་གལ་ཤིན་ཏུ་ཆེ། དེ་ལ་ཕན་ཐོག་ཆེ་བའི་དེངས་དུས་དང་མཐུན་པའི་༼སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ༽ཞེས་པ་སྐུ་ཞབས་སྨོན་ལམ་མཆོག་གིས་འདི་ལྟར་ཕྱོགས་བསྒྲིག་གནང་ལ་སྙིང་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ། བཀྲ་ཤིས་བདེ་ལེགས་ཞུ། །
ཨ་ཁུ་སྨོན་ལམ་ཁྱེད་ཀྱི་ལྷག་བསམ་རྐང་ཆག་མ་ལ་སྙིང་གསེང་འོད་མའི་མཚོ་ལས་བཀའ་དྲིན་ཆེ་ཞུ།
གློག་ཀླད་མཁས་དབང་སྨོན་ལམ་ལགས་སུ་ཐུགས་རྗེ་ཆེ་ཞུ།
ཐུགས་རྗེ་ཆེ།
སྨོན་ལམ་ལགས་ལ་་་་་བཀའ་དྲིན་ཆེ་ཞུ་རྒྱུ་དང་ད་དུང་ཡག་བ་ལ་མཐའ་མེད་པ་སོང་ཙང་མུ་མཐུད་ནས་ཡར་རྒྱས་གཏོང་རོགས་གནང་ཞུ།
སྨོན་ལམ་ལགས་སུ་རྗེས་སུ་ཡི་རངས་དང་བཀའ་དྲིན་ཤིན་ཏུ་ཆེ་ཞུའོ།།
འཇིག་རྟེན་གོ་ལའི་དྲ་རྒྱའི་ཀློང་དབྱིངས་ནས།།
རྒྱལ་སྤྱིའི་རང་རང་སོ་སོ་མཚོན་བྱེད་དུ།།
སྨོན་ལམ་བོད་ཡིག་དྲ་རྒྱ་བསྟན་མཛད་པར།།
བོད་ཀྱི་དྲ་རྒྱའི་མཁན་ལ་བཀྲ་ཤིས་ཤོག
ཐུགས་རྗེ་ཆེ།
བློ་བཟང་སྨོན་ལམ་ སྙིང་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བློ་བཟང་སྨོན་ལམ་ལགས སྙིང་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བློ་བཟང་སྨོན་ལམ་ལགས་་་་བཀའ་དྲིན་ཤིན་ཏུ་ཆེའོ། ཐུགས་རྗེ་ཆེའོ།