གྲིབ་གཟུགས།
གོ་སྨྱོན་དོལ་སྨྱོན་གསེར་སྨྱོན་དང་།།
ཡོལ་སྨྱོན་ཟེར་བའི་མི་བཞི་ནི།།
སྐད་གྲགས་ཆེ་བའི་སྨྱོན་པ་སྟེ།།
སྨྱོ་ཁང་ནང་གི་སྨྱོན་པ་བཞི།།
གོ་སྨྱོན་ངོ་དེབ་རྩེ་བར་དགའ།།
དོལ་སྨྱོན་གཞན་སྐྱོན་བརྗོད་པར་དགའ།།
གསེར་སྨྱོན་ཨ་ནེ་མཛེས་མར་དགའ།།
ཡོལ་སྨྱོན་ཁུ་སིམ་སྡོད་ལ་དགའ།།
གོ་སྨྱོན་སྙན་རྩོམ་འབྲི་བར་མཁས།།
དོལ་སྨྱོན་བརྩམས་སྒྲུང་འབྲི་བར་མཆོག།
གསེར་སྨྱོན་དཔྱད་བརྗོད་བྱེད་ལ་སྤྲོ།།
ཡོལ་སྨྱོན་ལོ་རྒྱུས་གླེང་བར་ཞིབ།།
གོ་སྨྱོན་རྩོད་པ་བྱེད་ལ་སྤྲོ།།
དོལ་སྨྱོན་ཁ་རི་ཁ་ཐུག་རེད།།
གསེར་སྨྱོན་རང་རྣམ་བརྗོད་ལ་དགའ།།
ཡོལ་སྨྱོན་ཁོང་འཛུམ་འབྱིན་ལ་གོམས།།
སེམས་གསོ་བྱེད་ལ་གསེར་སྨྱོན་མཁས།།
བརྙན་པར་ལེན་ལ་དོལ་སྨྱོན་མཁས།།
ཉམ་ཆུང་སྡོད་ལ་ཡོལ་སྨྱོན་མཁས།།
རྩེད་མཚར་བྱེད་ལ་གོ་སྨྱོན་མཁས།།
གསེར་སྨྱོན་བག་ལེབ་ཟ་བར་ངར།།
གོ་སྨྱོན་རྩམ་པ་ཟ་བར་ངར།།
གཉིས་ཀ་ཟ་ལ་ཡོལ་སྨྱོན་ངར།།
དོལ་སྨྱོན་འབྲས་ཆན་འགམ་པར་ངར།།
གཏེར་ཆུ་འཐུང་ལ་གོ་སྨྱོན་ངར།།
གླང་དམར་འཐུང་ལ་དོལ་སྨྱོན་ངར།།
བོད་ཇ་འཐུང་ལ་ཡོལ་སྨྱོན་ངར།།
མངར་ཇ་འཐུང་ལ་གསེར་སྨྱོན་ངར།།
དོལ་སྨྱོན་ཁ་སྦུབ་བརྒྱབས་ནས་ཉལ།།
གསེར་སྨྱོན་གླང་ཆེན་ཉལ་ཉལ་བྱེད།།
གོ་སྨྱོན་ཁྱི་ཕྲུག་ཉལ་ཉལ་བྱེད།།
ཡོལ་སྨྱོན་གན་རྒྱལ་ཉལ་བར་བྱེད།།
བྱ་ཚིག་བཅོས་པར་ཡོལ་སྨྱོན་རབ།།
མིང་ཚིག་བཅོས་པར་གསེར་སྨྱོན་རྒོད།།
སྡེབ་སྦྱོར་བཅོས་ལ་དོལ་སྨྱོན་མཆོག།
ཆད་ལྷག་མཐོང་ལ་གོ་སྨྱོན་བཟང་།།
དོལ་སྨྱོན་བྱ་རྒོད་འགྲོ་འགྲོ་བྱེད།།
གོ་སྨྱོན་སྤྲེའུ་འགྲོ་འགྲོ་བྱེད།།
གསེར་སྨྱོན་ཞི་མི་འགྲོ་འགྲོ་བྱེད།།
ཡོལ་སྨྱོན་པོར་ཏོ་འགྲོ་འགྲོ་བྱེད།།
དོལ་སྨྱོན་འཛུམ་མདངས་ཁྲོས་པ་འདྲ།།
ཡོལ་སྨྱོན་འཛུམ་མདངས་བྱིས་པའི་འཛུམ།།
གསེར་སྨྱོན་འཛུམ་མདངས་ཞི་མ་ཁྲོ།།
གོ་སྨྱོན་འཛུམ་མདངས་མེ་ཏོག་འདྲ།།
འདོད་ཆགས་ཆེ་བར་འདྲ་འདྲ་ཡིན།།
གཏི་མུག་ཅུང་ཙམ་གསེར་སྨྱོན་ཆེ།།
ང་རྒྱལ་ཅུང་ཙམ་དོལ་སྨྱོན་ཆེ།།
ཕྲ་དོག་ཅུང་ཙམ་གོ་སྨྱོན་ཆེ།།
ཆ་མཉམ་ལྡན་པ་ཡོལ་སྨྱོན་ལགས།།
ཡོལ་སྨྱོན་གཞུང་ལུགས་ཀློག་ལ་དགའ།།
གསེར་སྨྱོན་འདོད་བསྟན་ཀློག་ལ་དགའ།།
དོལ་སྨྱོན་སྦྲང་ཆར་ཀློག་ལ་དགའ།།
གོ་སྨྱོན་ཞལ་གདམས་ཀློག་ལ་དགའ།།
དོལ་སྨྱོན་ཧམ་པ་བཤད་ལ་དགའ།།
ཡོལ་སྨྱོན་སྐོར་ནས་བཤད་ལ་དགའ།།
གསེར་སྨྱོན་སེམས་གསོ་བྱེད་ལ་དགའ།།
གོ་སྨྱོན་ཐག་གཅོད་བྱེད་ལ་དགའ།།
ཨ་ནེའི་མདུན་དུ་གསེར་སྨྱོན་འཚུབ།།
བུ་མོའི་མདུན་དུ་དོལ་སྨྱོན་འཚུབ།།
བཙུན་ཆུང་མདུན་དུ་གོ་སྨྱོན་འཚུབ།།
དགེ་སྐོས་མདུན་དུ་ཡོལ་སྨྱོན་འཚུབ།།
བསམ་འཆར་འདོན་ལ་དོལ་སྨྱོན་ངར།།
ལག་བསྟར་བྱེད་ལ་ཡོལ་སྨྱོན་ངར།།
སྦས་སྐུང་བྱེད་ལ་གསེར་སྨྱོན་ངར།།
གནས་ལུགས་འཚོལ་ལ་གོ་སྨྱོན་ངར།།
གསེར་སྨྱོན་ཨ་ནེ་ཅུང་ཙམ་འདྲ།།
ཡོལ་སྨྱོན་བྱིས་པ་འཛུམ་ཤོར་འདྲ།།
གོ་སྨྱོན་སྨྱུག་མ་སྐམ་པོ་འདྲ།།
དོལ་སྨྱོན་ལུག་གི་གདོང་པ་འདྲ།།
ཡོལ་སྨྱོན་ཟེར་བའི་མཁས་དབང་དེ།།
ཡོལ་མོ་སྲིད་ཐར་རྒྱལ་མཚན་རེད།།
དོལ་སྨྱོན་ཟེར་བའི་སྒྲུང་པ་དེ།།
དོལ་པོའི་ཨ་ཇོ་འགྱུར་མེད་རེད།།
གོ་སྨྱོན་ཟེར་བའི་སྙན་ངག་པ།།
གོ་འཇོ་ཚུལ་ཁྲིམས་ཟླ་བ་རེད།།
གསེར་སྨྱོན་ཟེར་བའི་དཔྱད་བརྗོད་མཁན།།
གསེར་རྟ་ཚུལ་ཁྲིམས་ནོར་བུ་རེད།།
མ་སྦས་རང་ཤར་བརྗོད་པ་ཡི།།
སྨྱོན་པ་བཞི་ཡི་སྨྱོ་ལབ་འདི།།
སྨྱོན་པ་སྡོད་སའི་སྨྱོ་ཁང་དུ།།
སྨྱོན་པ་བཞི་པོས་བསྡོམས་ཏེ་བྲིས།།
2012/11/8 ཉིན་སྨྱོན་པའི་མིང་ཅན་བཞི་ཡིས་ཐོལ་བྱུང་དུ་བྲིས།
ངོ་ཚ་མེད་པའི་སྨྱོན་པ་བཞི། །
ངན་བྱས་ངོ་སོ་ཁྱེར་མཁན་བཞི།།
ཁྲེལ་དང་བྲལ་བའི་གཅེར་བུ་བཞི།།
མཁས་ཉམས་འདོན་པའི་གླེན་གོག་བཞི། །
སྐད་ཆའི་བབ་ལ་ལྟ་དུས་སྒྲིག་ཁྲིམས་དམ་པོའི་འོག་རང་སྡུག་རང་གིས་ཉོས་པའི་མཇེ་སྐམ་གྲྭ་པ་དེ་འདྲ་ཡིན་ས་རེད། སྙིང་མ་རྗེ།
གླང་དམར་འཐུང་ལ་དོལ་སྨྱོན་ངར། །ཞེས་པའི་གླང་དམར་ཟེར་ན་གང་རེད། གྲིབ་གཟུགས་ལགས།
གླང་དམར་པོའི་འོ་མ་ཡིན་འོང་།
ཀླུ་སྨྱོན་ཆད་འདུག སྨྱོན་པ་བཞིའི་དགོན་པ་གང་ནས་རེད་
གླང་དམར་ཟེར་ན་་་་་་ Red bull ལ་ཟེར།
ཀླུ་སྨྱོན་སྨྱོན་པའི་རྒྱལ་པོ་རེད།།
སྨྱོ་ལབ་རྒྱག་ལ་དེ་བས་མཁས།།
སྐབས་ཐོབས་ང་ཚོའི་ལས་ཡུལ་ནང་།།
སྨྱོན་པ་བཞི་ལས་ལྷག་པ་མེད།།
གྲྭ་རྐྱང་ཡིན་ནའང་ཡིན་དུ་ཆུག།
མཇེ་སྐམ་ཡིན་ནའང་ཡིན་དུ་ཆུག།
སྨྱོན་པའི་རང་རྣམ་དམར་པོ་འདི།།
མ་སྨྱོ་མཁན་ལ་སྙན་པོ་མེད།།
འདི་ནང་གི་དོལ་སྨྱོན་དེ་ངའི་དྲྭ་གྲོགས་མཚམས་གཅོད་སྒྲོལ་མའི་མཛའ་བོ་མིན་ནམ། ཕལ་ཆེར་ཡིན་ས་མ་རེད།
འདི་ག་རེ་ཡིན་པའི་སྐད་ཆ་རེད། “བཙུན་ཆུང་མདུན་དུ་གོ་སྨྱོན་འཚུབ།།
དགེ་སྐོས་མདུན་དུ་ཡོལ་སྨྱོན་འཚུབ།།”
སྨྱོན་པ་བཞི་ཡི་སྨྱོ་གཏམ་འདི། །
ཤར་ནུབ་ཕྱོགས་བཞི་ཀུན་ལ་ཁྱབ། །
སྐྱ་སེར་རྒན་གཞོན་བཞི་ཡིས་བལྟས། །
སྨྱོ་ན་འདོད་ན་བོད་ནང་ལྟོས། །
སྨྱོ་རྒྱུ་དེ་ན་བཤམ་ནས་འདུག །
ཁ་སང་དེ་རིང་སྨྱོ་དུས་མིན། །
སྤུན་ཟླ་མང་བོའི་རྣམ་ཤེས་སླད། །
མ་ཎི་བགྲང་ན་མི་ཆོག་གམ། །
ཀུ་རེ། སྨྱོ་རྩོམ་བདེ་མོ་ཟིག་འཁྱོང་འདུག
སྨྱོན་པ་བཞི་ལ་སྒྲོ་འདོགས་ཅི།
རང་རེ་རྩོམ་ཡིག་ཀློག་པ་ན།
སེམས་རྣལ་དུ་གནས་གཅིག་ཀྱང་མེད།
ཐམས་ཅད་སྨྱོན་པ་མ་ཡིན་ནམ།།
ཡོལ་སྨྱོན་བློ་ཁོག་མེད་དྲགས་པས།།
དགེ་སྐོས་མཐོང་དུས་གཅིན་པ་འཆོར།།
གོ་སྨྱོན་ལགས་ཀྱི་རང་རྣམ་དེ།།
གནས་སྐབས་བརྗོད་པའི་ཡུལ་ལས་འདས།།
ཨ་ཧོ་་་་་་་་་་
ཅི་ཀུང་རྒྱ་ནག་ཡུལ་དུ་སྨྱོས།།
འབྲུག་སྨྱོན་བོད་ཡུལ་དབུས་སུ་སྨྱོས།།
ཀླུ་སྨྱོན་ཨ་རིའི་ཡུལ་ནས་སྨྱོས།།
བེར་སྨྱོན་ཝར་ཎའི་ཡུལ་དུ་སྨྱོས།།
བྲག་སྨྱོན་བལ་པོའི་ཡུལ་དུ་སྨྱོས།།
དེ་ཚོ་སྨྱོན་པ་གྲགས་ཅན་རེད།།
ད་དུང་དེ་ཡིས་ག་ལ་ཚད།།
གུང་ཐང་མི་ལ་རས་པ་དེ།།
མཐོང་ལ་ཆེན་མོའི་ཉག་ཁ་རུ།།
དམ་པ་རྒྱ་གར་མཇལ་དུས་དེར།།
སྨྱོས་པའི་སྨྱོ་གླུ་མང་པོ་འཐེན།།
ད་དུང་དེ་ཡིས་ག་ལ་ཚད།།
ཤེས་རིག་དོན་དུ་རང་གྲོལ་སྨྱོས།།
མི་རིགས་དོན་དུ་དགེ་ཆོས་སྨྱོས།།
སྙན་ངག་དོན་དུ་ལྗང་བུ་སྨྱོས།།
འདོད་ཆགས་དོན་དུ་ཐམས་ཅད་སྨྱོས།།
དེ་ཚོ་འདས་པའི་སྨྱོན་པ་རེད།།
དེང་སང་སྨྱོན་པ་དཀོན་པའི་དུས།།
གློ་བུར་སྨྱོས་པའི་སྨྱོན་པ་བཞིས།།
རང་རྣམ་ཤར་མར་བྲིས་པ་དེ།།
ཉེར་གཅིག་བུ་མོའི་རྣ་རྒྱན་རེད།།
ཨ་ནེ་རྒན་མོའི་སེམས་གསོ་རེད།།
བཙུན་ཆུང་དགའ་བའི་བྱི་རིལ་རེད།།
དགེ་སྐོས་མཉེས་པའི་གཟིགས་མོ་རེད།།
ཁོ་བོའི་མཐོང་ཚུལ་དེ་ལྟར་ལགས།།
ཁོ་བོས་ཞིབ་ཏུ་བལྟས་པ་ན།།
ཐམས་ཅད་མ་ལུས་སྨྱོན་པ་རེད།།
སྨྱོ་ནད་མེད་མཁན་སུ་ཞིག་ཡོད།།
ང་ཡང་སྨྱོན་པ་ཡིན་ད་ཡིན།།
ཁྱེད་ཀྱང་ཕལ་ཆེར་སྨྱོན་པ་རེད།།
སྨྱོན་པའི་འཇིག་རྟེན་འདི་ནས་ནི།།
སྨྱོན་པའི་བསྟན་པ་དར་བར་ཤོག།
དོལ་སྨྱོན་གསེར་སྨྱོན་སོགས་སྨྱོན་པའི་མིང་ཅན།།
དོན་གྱི་སྨྱོན་པ་ཞིག་ཡིན་མིན་མི་ཤེས།།
གྲྭ་སའི་སྒྲིག་ཁྲིམས་འོག་ཆགས་པས་སྨྱོས་ནས།།
ཁ་ནས་གང་བྱུང་ཞིག་ལབ་པ་ཅི་མཚར།།
སྟོན་པའི་འདུལ་ཁྲིམས་ཀྱི་ལྕགས་རིའི་ནང་ན།།
ལས་ངན་གྲྭ་རྐྱང་ཚོའི་ལས་ཅིག་སྡུག་གི།
མཇེ་རྒོད་རྭ་ཅོ་དང་འདྲ་བ་དེ་དག།
གཅིན་པ་གཏོང་བྱེད་ལས་བེད་སྤྱོད་མི་འདུག།
མེ་ཏོག་དཀར་པོ་སྨྱོན་པ་རེད།།
སྨྱོས་པའི་སྨྱོ་ལུགས་གཅིག་བཤད་ན།།
གནས་ལུགས་རྒྱུས་ལོན་མ་བྱས་པར།།
ཁ་ཐུག་ཁ་རྡུང་གཏོང་གིན་སྨྱོ།།
གངས་རིའི་ལྷ་སྲས་གངས་སྨྱོན་རེད།།
སྨྱོས་པའི་སྨྱོ་ལུགས་གཅིག་བཤད་ན།།
སྨྱོན་པའི་འགྲོ་ལུགས་འདུག་སྟངས་ལ།།
རྗེས་སུ་ཡི་རངས་བྱེད་ཀྱིན་སྨྱོ།།
ཨ་རིག་དགེ་མཐོང་དྲ་སྨྱོན་རེད།།
སྨྱོས་པའི་སྨྱོ་ལུགས་གཅིག་བཤད་ན།།
ཐོས་བསམ་བྱེད་པའི་དུས་ཚོད་ཀུན།།
དྲ་རྒྱའི་ནང་དུ་སྤུར་གྱིན་སྨྱོ།།
གྲིབ་གཟུགས་ནག་པོའང་སྨྱོན་པ་རེད།།
སྨྱོས་པའི་སྨྱོ་ལུགས་གཅིག་བཤད་ན།།
ཅི་བཤད་འདི་བཤད་མ་གོ་བར།།
ཧོལ་རྒྱུག་སྐྱོན་སྤོང་བྱེད་ཀྱིན་སྨྱོ།།
ནུབ་ཕྱོགས་གངས་ཕྲུག་སྨྱོན་པ་རེད།།
སྨྱོས་པའི་སྨྱོ་ལུགས་གཅིག་བཤད་ན།།
ཀླུ་སྨྱོན་ཟེར་བའི་བན་རྒན་དེར།།
རྨོངས་པའི་དད་པ་བྱེད་ཀྱིན་སྨྱོ།།
ཀརྡོ་གཉེར་ཕྱག་ཟེར་བ་དེ།།
ལྐུགས་པ་སྨྱོན་པ་གཉིས་ག་རེད།།
ལྐུགས་ལུགས་སྨྱོ་ལུགས་གཅིག་བཤད་ན།།
འཐུང་ཆུ་གྲགས་ཅན་གླང་དམར་དེ།།
མ་གོ་མ་ཤེས་ལྐུགས་རྟགས་སྟོན།།
སྨྱོན་པར་ཁ་ཡ་བྱས་པ་དེ།།
སྨྱོན་པའི་ནང་སྨྱོ་རྒྱལ་ཡིན།།
ལ་དྭགས་བློ་བཟང་འཇམ་དཔལ་དེ།།
དེ་ཡང་སྨྱོན་པ་ཡིན་ཚོད་གདའ།།
སྨྱོས་པའི་སྨྱོ་ལུགས་གཅིག་བཤད་ན།།
ཚང་མར་སྨྱོན་པར་མཐོང་བ་དེ།།
སྨྱོན་པ་ཡིན་པའི་འབྲས་རྟགས་སོ།།
གངས་སེང་ང་ཡང་སྨྱོན་པ་ཡིན།།
སྨྱོན་པའི་ནང་ནས་སྨྱོ་རྒོད་ཡིན།།
སྨྱོས་པའི་སྨྱོ་ལུགས་གཅིག་བཤད་ན།།
ཇོ་མོ་གླང་མ་འགོམས་ནས་བསླེབས།།
ཇོ་མོའི་མདུན་དུ་དེ་བས་སྨྱོ།།
ཨན་ཊིའི་མདུན་ནས་དྲག་ཏུ་སྨྱོ།།
མཚམས་མཚམས་བཙུན་ཆུང་མདུན་དུའང་སྨྱོ།།
སྐབས་རེ་རྒན་མོའི་མདུན་དུའང་སྨྱོ།།
གཅིག་པུར་སྨྱོས་པ་གྲངས་མེད་ཡིན།།
ཐམས་ཅད་སྨྱོས་པའི་གནས་ལུགས་ཀུན།།
གཅིག་གཅིག་གཉིས་གཉིས་བཀླགས་པ་ཡིན།།
སྨྱོན་པ་མིན་པའི་མི་བུ་ང་།།
དེ་འདྲ་བཤད་དུས་སྨྱོ་ལ་ཁད།།
ཐམས་ཅད་སྨྱོན་པ་ཆགས་ས་ལ།།
ཁྱོད་རང་མ་སྨྱོ་གང་འདྲ་ལུས།།
ཁྱོད་ནི་སྨྱོ་ནག་གདུང་གཟར་རེད།།
ད་དུང་སྨྱོན་པ་མིན་ནོ་ལོ།།
སྨྱོན་པའི་འདུ་ར་ཆེན་པོ་འདིར།།
སྨྱོན་པ་ཚོགས་ནས་སྨྱོ་གཏམ་སྤེལ།།
མ་སྨྱོ་མཁན་རྣམས་མ་ཡོང་ཞིག།
སྨྱོན་ནད་འགོས་ན་སྡུག་གྱོང་རེད།
ཆགས་སྨྱོ་དང་རིག་སྨྱོ་ཡི་རྩ་བ་ཤེས་ན།།
རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་ན།།
སྣང་ཚུལ་ལ་སྨྱོ་འཚུབ་འཚུལ་འདྲ་ཡང་།།
དོན་དུ་རང་ངོ་ཤེས་པའི་རྣལ་མའི་མི་ལ།།
བྱམས་སྙིང་རྗེས་ཟིན་པའི་ཀུན་ལེགས་དང་།།
གཙང་སྨྱོན་ཧེ་རུ་ཀ་སོགས་མང་པོ་ཡོད།།
སྨྱོན་པ་མ་ལུས་ཁ་མཐུན་དུས།།
མ་སྨྱོ་མཁན་དེ་སྨྱོ་ནག་རེད།།
ང་ནི་ཚོར་བས་བཟི་བ་ན།།
སྨྱོན་པ་མི་ཆགས་རང་ཆགས་རེད།།
དུག་གསུམ་ནད་ཀྱིས་མནར་བ་ན།།
ཐམས་ཅད་མ་ལུས་སྨྱོན་པ་རེད།།
ཉོན་མོངས་ཀུན་བྲལ་རྫོགས་སངས་རྒྱས།།
སེམས་ཅན་གྱི་ངོར་སྨྱོན་པ་རེད།།
ལྟོས་གྲུབ་རིག་པས་བརྟག་པ་ན།།
མ་སྨྱོ་མཁན་ཞིག་སྲིད་ན་དཀོན།།
སྟོང་ཉིད་མཆོད་ཆང་འཐུང་ཆེ་བའི།།
དོན་དམ་སྨྱོན་པ་དེང་སང་མེད།།
ལབ་བརྡོལ་སྨྱོན་པ་སུས་ཀྱང་རྒྱག།
ཕལ་ཆེར་ལབ་བརྡོལ་བརྒྱབས་ནས་སྨྱོ།།
ཀླུ་སྨྱོན་བེར་སྨྱོན་ལ་སོགས་པའང་།།
ལབ་བརྡོལ་བརྒྱབས་ནས་སྨྱོས་པ་རེད།།
དེ་དག་ཉེ་ཚེའི་སྨྱོན་པ་རེད།།
ངེད་ཀྱང་ཉེ་ཚེའི་སྨྱོན་པ་རེད།།
ཁྱོད་ཀྱང་ཉེ་ཚེའི་སྨྱོན་པ་རེད།།
གཡུ་བྲག་ཟེར་བའི་པོར་ཏོ་དེས།།
བྲིས་པའི་མཆན་དེ་ཤིན་ཏུ་བཟང་།།
མྱོང་ཚོར་རློན་པ་ཕབས་པ་ན།།
མཆན་ཡིག་བཟང་བ་ཆོས་ཉིད་ཡིན།།
རང་གི་མི་ཚེའི་སྡུག་གཏམ་དེ།།
གཞན་གྱི་སྐྱོན་ལ་སྦྱར་ན་ཡང་།།
ཚོར་བས་འབངས་པའི་ཡི་གེ་དག།
ཁྱོད་ཀྱིས་བྲིས་པ་མངོན་སུམ་ཡིན།།
འཐུང་ཆུ་གྲགས་ཅན་གླང་དམར་དེ། །ཟེར་ནས་ལྐུགས་པའི་སྒང་ལ་འཐོམས་སུ་བཅུག་སོང་ངོ་། །
གྲགས་ཅན་གླང་དམར་འཐུང་ཆུ་ཨེ། །
གྲིབ་གཟུགས་ནག་པོས་གླང་དམར་འཐུང་། །
གངས་སེང་དཀར་མོས་སྨྱོས་རྟགས་བསྟན། །
ཀརྡོ་ང་རང་ལྐུགས་པའི་སྒང་། །
གླང་དམར་འཐུང་ཆུས་འཐོམས་སུ་བཅུག །
གངས་གཟུགས་ཟུང་གིས་གསལ་པོར་སྨྲོས། །
སྨྱོན་པ་བཞི་ཡི་གྲས་སུ་མེད། །བླ་སྨྱོན་ང་རང་སྨྱོན་པའི་གཏམ། །བཤད་ན་མི་དགའ་གསང་ན་ལེགས། །བོད་མིའི་ངོ་གདོང་སྦས་ན་དགའ། །
སྨྱོན་པའི་སྨྱོ་ལུགས་དེ་གུང་ཐང་གི་མི་ལ་རས་པ་བཞིན་སྨྱོ་དགོས། དེ་མིན་ཁྱེད་ཚོའི་སྨྱོ་ལུགས་དེ་བུད་མེད་དང་། ཨ་ནི། བཙུན་ཆུང་། ཨན་ཊི་ལ་སྨྱོ་མཁན་ཤ་སྟག་རེད།
ནུབ་ཕྱོགས་གང་ཕྲུག་ལགས་ཀྱིས་ངོ་མ་སྐད་ཆ་བདེན་པ་བཤད་འདུག
ཡ་གི་སྒང་ལ་་་་་་་་གངས་སེང་དཀར་ལགས་ཀྱིས།
གཅིག་པུར་སྨྱོས་པ་གྲངས་མེད་ཡིན།།
ཞེས་གསུངས་པ་དེ་ག་འདྲ་སེ་སྨྱོ་ཡི་ཡོད་དམ་་་་་་་་་་་་་་་་ཧ་ཧ་ཧ་་་་་་་་
བླ་སྨྱོན་མ་རེད་ཀླད་སྨྱོན་རེད།།
སྨྱོ་ལུགས་མི་སྡུག་དགུ་སྡུག་རེད།།
ཨ་ཧ་ཧ་ཧ་ཨ་ཧ་ཧ།།
དུས་རབས་འདི་ཡི་ཀླད་རྙིང་རེད།།
ཤ་ཚ་ཚ་ཚ་ཤ་ཚ་ཚ།།
ཀླད་སྨྱོན་མ་རེད་བླ་སྨྱོན་རེད།།
སྨྱོ་ལུགས་ཅི་བཙོག་གང་བཙོག་རེད།།
ཌ་རུ་དྲིལ་བུ་དཀྲོལ་གྱིན་སྨྱོ།།
རིགས་མའི་སྟུ་ཁུང་ལྡག་གིན་སྨྱོ།།
དབང་དང་བྱིན་རླབས་སྟེར་གྱིན་སྨྱོ།།
རྡོ་རྗེ་ཐོ་བས་བསྣུན་གྱིན་སྨྱོ།།
ཟབ་གཏེར་ཐིག་ལེ་འདོན་གྱིན་སྨྱོ།།
ཡང་གཏེར་བུ་གུ་འདོན་གྱིན་སྨྱོ།།
བླ་སྨྱོན་མ་ཟེར་བློ་སྨྱོན་སྨྲོས།།
ཅི་ཀུང་ཐུར་ལ་མ་འཐེན་རོགས།།
མཇེ་མགོ་གྱེན་ལ་མ་འགྲེང་རོགས།།
མོ་མཚན་མཛུབ་མོས་མ་འདྲུ་རོགས།།
བླ་སྨྱོན་མ་རེད་མཇེ་སྨྱོན་རེད།།
གྱེན་དུ་འཕག་འཚག་བྱེད་ཀྱིན་སྨྱོ།།
ཁུ་བ་དཀར་པོ་སྐྱུག་གིན་སྨྱོ།།
དྲི་ངན་འཚུབ་འཚུབ་བྱེད་ཀྱིན་སྨྱོ།།
མཇེ་སྨྱོན་མ་རེད་སྟུ་སྨྱོན་རེད།།
སྟུ་ཁ་ལྕེ་ཡིས་ལྡག་གིན་སྨྱོ།།
སྟུ་དྲི་སྣ་ཡིས་སྣོམ་གྱིན་སྨྱོ།།
སྟུ་ཆུའི་བྲོ་བ་མྱོང་གིན་སྨྱོ།།
སྟུ་སྨྱོན་མ་རེད་འདོད་སྨྱོན་རེད།།
འདོད་པའི་ཁོལ་པོ་བྱེད་ཀྱིན་སྨྱོ།།
འདོད་པའི་འདམ་དུ་བྱིང་གིན་སྨྱོ།།
འདོད་ཆགས་མེ་ལྟར་འབར་གྱིན་སྨྱོ།།
དགོངས་དག་བླ་སྨྱོན་ལགས་་་་་་་་་་་་་་་་་ཨ་ཧ་ཧ་ཧ་་་་་་་་་་་
འབྲི་གཡག་གཉིས་ནང་གི་གཡག་ལ་འོ་མ་མེད་པ་ལྟར། བ་གླང་གཉིས་ནང་གི་གླང་ལ་འཐུང་ཡ་འོ་མ་ཅིག་མེད།