Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲད་སྐྱིད་བྱང་བློ་གྲོས་རྒྱ་མཚོ་ལགས་སུ་བཅར་འདྲི།

Posted on 2011-10-042011-10-04 By ཁ་བརྡ་ 3 Comments on སྲད་སྐྱིད་བྱང་བློ་གྲོས་རྒྱ་མཚོ་ལགས་སུ་བཅར་འདྲི།

123

གསར་འགོད་པ། སྤྱན་ཆབ།
དྲི་བ། ཐོག་མར་སྐུ་ངོ་ལགས་ཀྱིས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གསུང་གནང་རོགས།
ལན། ངའི་མིང་ལ་སྲད་སྐྱིད་བྱང་བློ་གྲོས་རྒྱ་མཚོ་དང་ང་རང་བོད་ནས་སྐྱེས་པ་རེད།རང་ལོ་༡༢སྟེང་དུ་ཕ་མས་རྒྱ་གར་དུ་དབྱིན་ཇི་སྤྱང་བར་བཏང་བ་རེད།དེ་དུས་སྤྱི་ལོ་༡༩༥༧སྤྱི་ཟླ་༧ནང་རེད། དེ་རྗེས་སྤྱི་ལོ་༡༩༥༩ལོར་བོད་ས་ཤོར་པ་དང་ངའི་ཕ་མ་ཚོ་རྒྱ་གར་དུ་ཡོང་མ་ཐུབ་པས་ང་རང་སློབ་གྲྭ་ནས་ཐོན་དགོས་ཁེལ་བ་རེད་མོད་ངའི་སློབ་གྲྭའི་(Dr Grahom’s Howes Kalimpong)ང་ཡི་གནས་སྟངས་ཤེས་རྟོགས་བྱུང་པས་ཡང་བསྐྱར་སློབ་གྲྭར་ཚུད་བཅུག་པ་དང་དེ་ནས་ཟླ་བ་ཁ་ཤས་བསྡད་རྗེས་ཕ་མ་ཚོ་ཚུར་ཕེབས་ནས་ཁྱེད་ཀྱིས་འདི་ལྟར་བྱས་ན་འགྲིག་གི་མ་རེད་སློབ་གྲྭ་ནས་དགོངས་པ་ཞུ་དགོས་སྐོར་དང་བོད་གཞུང་ལ་སྐད་བསྒྱུར་དཔེ་མི་སྲིད་པའི་དཀོན་པོ་ཡོད་པས་ཁྱེད་རང་བོད་གཞུང་ལ་ཞབས་ཞུ་ཞུ་བར་འགྲོ་དགོས་སྐོར་གསུངས་པས་ངས་སློབ་གྲྭ་ནས་རྩ་དགོངས་ཞུས་པ་ཡིན་ལ་དེ་དུས་ང་རང་ལོ་༡༤ཡིན།
ང་རང་ལོ་ཆུང་ཆུང་ཡིན་པ་དང་ལོ་གཉིས་ཀྱི་རང་གི་སློབ་སྦྱོང་གིས་གཞུང་ལ་ཞབས་ཞུ་ཞིག་གང་ནས་ཞུ་ཐབས་མེད་པས་ང་ཚོའི་སློབ་གྲྭ་ཐོག་མ་མ་སུ་རིར་འཁྱུག་ཙམ་བཞག་རྗེས་ལོ་གཉིས་ལ་དཱན་མ་རུ་སློབ་གྲྭར་བཏང་པ་རེད།
སྤྱི་ལོ་༡༩༦༢ལོར་དཱན་མ་ནས་ཕྱིར་ཐོན་པ་ནས་ལོ་ངོ་༡༥ལྷག་ལ་བོད་གཞུང་དུ་ཞབས་ཞུས་ནས་བསྡད་པ་ཡིན།
བར་སྐབས་དེ་ཞིག་ཏུ་སིད་སིར་གནས་བཞུགས་ངའི་གྲོགས་པོ་ཞིག་གིས་ཁྱོད་རང་སིད་སིར་ཕེབས་ན་ཁྱེད་རང་དང་རང་གི་བུ་ཕྲུག་གི་མ་འོངས་བར་ཡག་པོ་ཡོད་པའི་སྐོར་དང་ཁོ་བོས་ཕྱག་རོགས་གནང་དགོས་གསུངས་པས་ངས་བོད་གཞུང་གིས་དགོངས་པ་གནང་ན་གཅིག་བྱས་མ་གནང་ན་གཉིས་བྱས་ནས་ཨུ་ཚུགས་སྒོ་དགོངས་པ་ཞུས་ནས་ཕར་སིད་སིར་ཕྱིན་པ་ཡིན།
དེ་སྤྱི་ལོ་༢༠༠༧བར་དུ་སིད་རིར་བསྡད་པ་དང་ལས་ཀའི་རྒན་ཡོལ་ཞུས་ནས་ལོ་དེར་ཕྱིར་རྒྱ་གར་དུ་ལོགས་ནས་ནོར་བུ་གླིང་ག་རུ་ཁང་པ་ཅིག་བརྒྱབས་ནས་བསྡད་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།
དྲི་བ། ད་ལོར་ནོར་བུ་གླིང་ག་རུ་ཁྱོད་རང་གིས་གཙོ་སྐྱོང་མཛད་པས་གློག་ཀླད་འཛིན་གྲྭ་ཚུགས་པ་དེའི་སྐོར་ནས་ཉུང་ཙམ་གསུངས་རོགས།
ལན། སྤྱིར་རྩ་བའི་ཆ་ནས་འདི་ནས་བསྡད་ན་རེད་སིད་སིར་བསྡོད་སྐབས་ཡིན་ན་འདྲ་གཞུང་དང་མི་རིགས་ལ་ག་རེའི་སྐོར་ནས་ཡིན་ན་ཞབས་ཞུ་ཞུ་ཐུབ་ན་སྙམ་པའི་སེམས་ཤུགས་དེ་ཡོད་ལ་ད་དུང་དུའང་ཡོད། སྔོན་ཆད་སིད་སིར་བསྡོད་སྐབས་ཀྱང་གཟའ་སྤེན་པ་ཉི་མ་ནམ་ཞར་ལ་ཚོགས་ཆུང་འགན་འཛིན་དང་དེ་མིན་སློབ་གྲྭའི་འགན་འཛིན། ཟློས་གར་འགན་འཛིན། དེ་མིན་ན་ཡང་རོལ་ཆས་འགན་འཛིན་དང་དགེ་རྒན་སོགས་དེ་འདྲ་བྱས་ནས་ད་ལྟའི་བར་དུ་འདི་ལྟར་ལོ་ངོ་༢༨ལ་ཞབས་ཞུ་ཞུས་ནས་བསྡད་པ་ཡིན།
དེ་ནས་འདིར་རྒྱ་གར་ནང་ཚུར་ཡོང་ནས་ལྟ་དུས་གར་ས་གང་དུ་གད་སྙིགས་ཀྱི་ཁེངས་བསྡད་ཡོད་པ་མཐོང་བས་གཙོ་ཆེ་བ་འཕྲོད་བསྟེན་ཕྱོགས་ནས་རྒྱ་བོད་གཉིས་ཆའི་ཚོགས་ཆུང་ཞིག་འཛུགས་ཐུབ་ན་བསམ་མོད་འདིར་ང་རང་གཅིག་པུ་ཡིན་པས་དེ་བྱེད་ཐུབ་མ་སོང་།
ད་བསམ་བློ་ཞིག་བཏང་ཡོང་དུས༸གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ཐུགས་རྗེ་ལ་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་བསམ་ན་འཚོ་བ་སོགས་ཧ་ཅང་ཡག་པོ་རེད། དེ་ནས་རང་ངོས་ནས་རང་གིས་དཀའ་ལས་བརྒྱབས་པའི་དངུལ་ཅུང་ཙམ་ཡོད་པ་ཆུད་ཟོས་སུ་མ་བཏང་བར་བོད་པའི་ན་གཞོན་ཚོའི་ཤེས་ཡོན་ཡར་རྒྱས་ཀྱི་ཆེད་དུ་གཏོང་ཐུབ་ན་བསམ་ནས་བོད་དབྱིན་གཉིས་ལས་ཀྱང་བོད་རང་གི་ཡི་གེ་གཙོར་གྱུར་བའི་སློབ་གྲྭ་ཞིག་འཛུགས་ཐུབ་ན་བསམ་མོད་དེ་ཡང་ད་དུང་ཡག་པོ་འཁྱོངས་མ་སོང་།
དེ་ནས་ད་འདི་ག་ནོར་བུ་གླིང་གའི་ཞི་བདེ་གླིང་དྲ་རྒྱ་ཁང་གི་བདག་པོ་ལམ་བཟང་དང་ངེད་གཉིས་ཀྱིས་གཅིག་མཐུན་གཅིག་གྲོགས་ཀྱིས་གློག་ཀླད་འཛིན་གྲྭ་ཞིག་འཛུགས་ཐུབ་ན་ཡག་པའི་སྐོར་ནས། ༼སྤྱིར་གློག་ཀླད་དུ་དགོས་ཡོད་དགོས་མེད་ཀྱི་ཤེས་བྱ་ཧ་ལས་པའི་མང་པོ་ཡོད་ནའང་༽ང་ཚོར་ཡིག་ཆ་ཉར་སྟངས་དང་རྩིས་རྒྱག་སྟངས་སོགས་ཡིག་ཚང་ནང་གི་ལས་བྱེད་མི་སྣ་མ་ཡིན་པའི་མི་སྒེར་པ་ཚོའང་ཧ་ཅང་གལ་ཆེན་ཡིན་པས་ཁོ་རང་གིས་འཛིན་གྲྭ་བཀོད་སྒྲིག་བྱས་ཞིང་སྟངས་འཛིན་བྱས་ཏེ་ངས་དེའི་འགྲོ་སོང་ཚང་མ་བཏང་ནས་ཟླ་གཉིས་ལ་འཛིན་གྲྭ་གཉིས་ཚུགས་པ་དང་འཛིན་གྲྭ་རེར་མི་བཅ ུ་གཉིས་ཡར་མར་ཁྱོན་མི་ཉེར་ལྔ་ཙམ་ཞུགས་འདུག ངས་བསམ་ན་དེ་གང་ལ་གང་འཚམ་ཡག་པོ་བྱུང་འདུག སྤྱིར་གློག་ཀླད་ལ་དབྱིན་ཇི་རྨིང་གཞི་དགོས་པས་ཞེ་དྲག་ཡག་པོ་བྱུང་ཐབས་ཀྱང་མི་འདུག གང་ཡིན་ཟེར་ན་སློབ་ཕྲུག་མང་ཆེ་བ་དབྱིན་ཇི་ཆུ་ཚད་ཅུང་དམའ་བོ་ཡིན་པས་རེད། ཡིན་ན་ཡང་གནད་འགག་དེ་རིགས་གལ་ཆེན་ཡིན་པ་ངོ་སྤྲོད་ཙམ་བྱས་པར་ཡག་པོ་བྱུང་སོང་བསམ། བར་སྐབས་དེ་ཞིག་ནས་ཕྱི་རྒྱལ་སྤ་སེ་ཡོད་མཁན་ཚོ་ཟླ་གསུམ་རེའི་རྗེས་ནས་རྒྱལ་ཁབ་གཞན་དུ་ཕྱིར་བསྐྱོད་བྱེད་དགོས་པའི་ཁྲིམས་ལུགས་དེའི་དཀའ་ངལ་འཕྲད་ནས་ང་རང་ཕྱིར་སིད་སིར་བསྐྱོད་དགོས་བྱུང་སོང་པ་རེད། དེར་ཟླ་གཅིག་གཉིས་ཞིག་བསྡད་ནས་ད་ལྟ་ཕྱིར་ཐོན་མ་ཐག་ཡིན་ལ་ལམ་བཟང་ཡང་བསྡད་མི་འདུག དྲ་རྒྱ་དེའང་མི་གཞན་གྱིས་ཉར་འདུག་མོད་ངེད་སྐད་ཆ་བཤད་པའི་འབྲེལ་བ་ཅང་བྱུང་མ་སོང་། ཡིན་ན་ཡང་མུ་མཐུད་ནས་དེ་རིགས་ཀྱི་ཞབས་ཞུ་ཞུ་བའི་སེམས་ཤུགས་ཡོད་ལ་ད་ལན་འདིར་བརྟག་དཔྱད་ཞིབ་འཇིག་བྱས་ནས་ཕན་ཐོག་ཡོད་པར་བསམ་ན་ཟླ་ཤས་ནས་ང་རང་ཕྱི་ལོགས་སུ་ཐོན་དགོས་ཡོད་སྟབས་ང་རང་གིས་འགྲོ་སོང་གཏོང་ཐུབ་ཙམ་བཏང་ནས་མ་ཐུབ་སར་འགྲོ་སོང་བཙལ་ཏེ་བསགས་ནས། ང་རང་བོད་པ་གཅིག་པུ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་ཡོངས་ཀྱི་དཀའ་ངལ་ཡོད་མཁན་དག་ལ་ཞབས་ཞུ་ཞིིག་རྒྱུའི་དམིགས་ཡུལ་ཡོད་ཀྱང་དེ་ད་དུང་འགྲུབ་མིན་མི་ཤེས། གལ་སྲིད་འགྲུབ་སོང་བ་ཡིན་ན་ལོ་རྗེས་མར་འགོ་འཛུགས་གནང་རྒྱུ་ཡིན།
དྲི་བ། ལགས་སོ། སྔོན་མར་ཁྱེད་རང་ཚོའི་སྐབས་ཀྱི་གཞུང་ཞབས་པ་རྣམས་དང་དེང་དུས་ཀྱི་བོད་མིའི་སྒྲིག་འཛུགས་སྲི་ཞུ་བ་རྣམས་ཀྱི་གཤིས་སྤྱོད་བར་ན་ཁྱད་པར་ཅི་ཡང་མཐོང་གི་འདུག་གམ།
ལན། ཡོད་དང་ཡོད། དེ་ས་དང་གནམ་གྱི་ཁྱད་པར་འདུག་བསམ་སོང་། ང་ཚོའི་སྐབས་དེ་དུས་ད་ལྟའི་ནང་བཞིན་དེ་འདྲའི་གཞུང་ཞབས་པ་མང་པོ་ཡོད་པའང་མ་རེད་མོད། ཡོད་པ་དེ་ཚོ་ཡར་བཀའ་བློན་ནས་མར་ཡིག་བསྐྱེལ་བའི་བར་ཏུ་དངོས་གནས་༸རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་ཁོ་ན་བརྩིས་ནས་རྡོ་ལ་ཨུ་ཁུང་ཕུག་གི་ཡིན་ཟེར་མཁན་ཤ་སྟག་ཡོད་པ་རེད།
སྐབས་དེར་ང་ཚོའི་གཞུང་ཞབས་པ་དག་ལ་རྩྭ་གདན་གྱི་ཉལ་ཁྲི་གཅིག་གནང་གི་རེད་ལ་ཁང་པ་ཆུང་ཆུང་གཅིག་གི་ནང་དུ་ལས་བྱེད་པ་མི་བཞི་ལྔ་མཉམ་དུ་བསྡད་ཡོད་པ་དེ་ལས་གཞན་ཅི་གང་ཡང་ཡོད་པ་མ་རེད།
དེ་ནས་ཕོགས་ཐོབ་ཀྱི་ཕྱོགས་ནས་ཀྱང་སྔོན་ཆད་༸རྒྱལ་བ་ཐབས་ཅད་མཁྱེན་པ་ཚུར་རྒྱ་གར་དུ་ཆིབས་བསྒྱུར་གནང་སྐབས་ཀྱི་སྐུ་འཁོར་མི་ལྔ་བཅུ་ཙམ་ཞིག་ཡོད་པ་རེད་དེ་དག་ལ་རྒྱ་གར་གཞུང་གིས་ཟླ་རེར་ཧིན་སྒོར་༥༠རེ་གནང་གི་ཡོད་རེད་ཅེས་གོ་མྱོང་མ་གཏོགས། དེའི་ཕན་ནས་སྐུ་སྒེར་གཞུང་གིས་བསྣོན་འབེབ་བཀའ་བློན་མཆོག་ལ་ཟླ་རེར་ཧིན་སྒོར་༡༢༥དང་བཀའ་བློན་ཕྱག་རོགས་ལ་ཧིན་སྒོར་༡༡༥ འགན་འཛིན་ཚོ་ལ་༡༠༥ཡིན་པ་ཡོད། དྲུང་ཆེ་ཚོ་ལ་༩༥ དྲུང་གཞོན་ཚོ་ལ༨༠ དབྱིན་དྲུང་ང་ཚོའི་གྲངས་ལ་༧༥དེ་འདྲ་བྱས་ནས་རིམ་པས་ཧིན་སྒོར་༥༠ཙམ་གྱི་བར་དུ་ཡོད་རེད། ༼གད་མོ་དགོད་བཞིན༽
དུས་སྐབས་དེའི་ལས་བྱེད་མི་སྣ་ཚོར་བསམ་ན་ང་ཚོ་བོད་པ་རང་གི་རིག་གཞུང་ལ་ཡག་ཐག་ཆོད་ཡོད་པ་རེད་མ་གཏོགས་འཛམ་གླིང་སྤྱིའི་གནས་སྟངས་དང་བསྡུར་བ་ཡིན་ན་སྐྱོ་བོ་རེད། གང་ཡིན་ཟེར་ན། ཕྱོགས་གཅིག་ནས་དབྱིན་ཇི་སྐད་ཡིག་ཤེས་མཁན་སྐུ་ངོ་བསྟན་འཛིན་དགེ་བཤེས་ལགས་དང་ངེད་གཉིས་རྒན་ཤོས་དང་ཡུན་རིང་ཤོས་རེད། ཁོང་ད་ལྟ་ད་དུང་བཞུགས་ཡོད་པ་རེད་ལ་དེ་དུས་བོད་པ་རང་ཡིན་པ་ཉུང་ཉུང་རེད། དེ་དུས་སུ་སྐད་བསྒྱུར་ཤར་བའི་མི་རིགས་དང་ཁ་ཆེ་བ་བོད་དབྱིན་གྱི་སྐད་ཤེས་མཁན་དེ་འདྲ་འདུག་ལ་དེ་གྲངས་ཕོག་ཐོབ་ཀྱང་མཐོ་ཤོས་རེད་ཟླ་རེར་ཧིན་སྒོར་༢༠༠རེད། ༼གད་མོ་དགོད་བཞིན༽ཁོང་ཚོར་བོད་གཞུང་གི་ཧིན་སྒོར་༢༠༠རེ་སྤྲོད་ཀྱིན་ཡོད་རེད་ལ་ཁོང་ཚོ་དྲག་གྲས་རེད།
ལས་ཀ་བྱེད་ཕྱོགས་ནས་དཔེར་བཞག་སྟེ་ཞུས་ན་དེ་དུས་ཀྱི་འཛིན་སྐྱོང་ཤུགས་ཆེ་ཤོས་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ལམ་བཟོ་ཁག་རེད། དེ་ལས་ཀྱང་ལམ་བཟོ་རུ་ང་ཚོའི་མི་མང་པོ་ཅིག་ཚུད་བསྡད་ཡོད་པས་གཙོ་བོ་ཞིག་ཆགས་བསྡད་ཡོད་རེད། ང་ཚོའི་ལས་འགན་གཙོ་བོ་ཅིག་ནི་ཟླ་རེ་ནས་ཟླ་རེར་ལམ་བཟོ་ཁག་ལ་བལྟ་སྐོར་ཏུ་ཕྱིན་ནས་ཁོང་ཚོར་དཀའ་ངལ་ག་རེ་ཡོད་མེད་དེར་བལྟ་རུ་གཏོང་གི་ཡོད་པ་རེད། ང་རང་ནང་སྲིད་དབྱིན་དྲུང་ཡིན་པའི་རོགས་ལ་དྲུང་ཆེ་ཡང་ན་དྲུང་གཞོན་གང་རུང་རྒྱུན་ལས་ཕྱག་རོགས་རེ་དང་བཅས་འགྲོ་སྐབས་མཚམས་ལན་རེར་ང་ཚོ་རང་གི་གཞུང་དེ་སྐྱོ་བོ་ཡིན་པའི་ཚོར་བ་དེ་ཤུགས་ཆེན་པོ་ཡོད་ཙང་ཕར་ཚུར་མེ་འཁོར་གྱི་གླ་ཆ་དེའང་སྤྲོད་མ་དགོས་ན་བསམ་ནས་ཀེ་ལོ་མི་ཀྲིར་མང་པོར་རང་རང་གི་རྡོག་ཁྲེས་ཁུར་ནས་རྐང་ཐང་དུ་འགྲོ་མྱོང་ཡོད། དེའི་སྐབས་དེར་བསམ་ན་དེང་སང་ཡག་པོ་དགོས་པ་རེད། མི་ཚེ་ཕྱེད་ཀར་སློབ་གྲྭར་འགྲོ་ཐུབ་ཀྱིན་པ་དང་གཞུང་གི་གསོལ་བོ་ཡིན་ནའང་འདྲ། རྒྱབ་སྐྱོར་མཐུན་རྐྱེན་ཡིན་ནའང་འདྲ། ཕྱོགས་གང་ཅིའི་ཐད་ནས་ས་དང་གནམ་གྱི་ཁྱད་པར་ཡོད་པས་ཡག་པོ་ཞེ་དྲག་ཡོད་དགོས་པ་རེད་མོད། ཡང་དེང་སང་གོ་ཐོས་ལྟར་ལས་ཁུངས་ཁག་གི་ན་གཞོན་སྲི་ཞུ་བ་རེ་འགས་མི་མང་ལ་མཐོང་ཆུང་བྱབ་ཆུང་བྱེད་བཞིན་པ་དང་སྣེ་ལེན་ཞུ་སྟངས་ལན་པོ་མེད་པ་སོགས་ཤུགས་ཆེན་པོ་ཞིག་གསུང་གི་འདུག་ལ་ང་རང་ལའང་ཁྱབ་ཆེན་པོ་ཞིག་གི་ཉམས་མྱོང་བྱུང་། དེ་སོགས་སྐྱོ་བོ་རེད་བསམ་གྱིན་འདུག ད་དེང་སྐབས་བཀའ་བློན་ཁྲི་བ་གསར་བ་ཕེབས་ཡོད་པ་རེད། འཛིན་སྐྱོང་ལ་སོགས་པ་གང་ཅིའི་མི་དང་མིའི་བར་ལ་གུས་ཞབས་ཡོད་ན་ཡག་པོ་ཡོད་རེད། ༼ང་ཚོའི་སྐབས་འདྲ་པོ་ཞིག་ཡིན་ན་སྤྲང་བོ་ལའང་གུས་ཞབས་བྱེད་ཀྱིན་ཡོད་རེད། གད་མོ་དགོད་བཞིན༽ད་ངས་གོང་ནས་ཞུས་པ་བཞིན་ང་ཚོའི་སྐབས་ཀྱི་གནས་སྟངས་དང་ད་ལྟའི་བར་ལ་ཕྱོགས་གང་ཅིའི་ཐད་ནས་ས་དང་གནམ་གྱི་ཁྱད་པར་ཡོད་རེད་ཟེར་བ་དེ་ཡིན།
དྲི་བ། ལགས་སོ། ཡིན་ན་སྔོན་ཆད་ཁྱེད་རང་གནས་བཞུགས་བྱེད་སའི་སིད་སིའི་བོད་རིགས་དག་གི་གཤིས་སྤྱོད་གང་འདྲ་ཡིན་ནམ།
ལན། དེ་ལ་ཡག་སྡུག་གཉིས་ཡོད་པ་རེད། ཡག་པོ་དེའི་རིགས་ག་རེ་རེད་ཟེར་ན།ང་རང་ཚོའི་བོད་པའི་སྤྱི་ཚོགས་འདི་གཞིས་ཆགས་ཁག་ཁག་བྱས་ནས་ཚུར་འདུས་པ་ཡིན་པས་བོད་པའི་སྒྲིག་འཛུགས་འདྲ་ཞིག་ཚུགས་ནས་༸རྒྱལ་བ་ཐམས་ཅད་མཁྱེན་པ་ལྟ་བུར་མཚོན་ན་དུས་ཐོག་ནམ་ཡིན་ལ་ཕེབས་བསུ་ཡིན་ནའང་འདྲ། སུམ་ཅུའི་དུས་དྲན་ལྟ་བུའི་དུས་ཆེན་སྣ་ཚོགས་ཡིན་ནའང་འདྲ། ལོ་གསར་ལྟ་བུ་ཡིན་ནའང་འདྲ། བོད་པ་རང་གི་ལུགས་སྲོལ་དང་གཤིས་སྤྱོད་ཧང་སངས་པ་ཚགས་ཚུད་པོ་ཡག་ཐག་ཆོད་ཡོད་པ་རེད།
ཡང་དེ་མ་ཡིན་པའི་ན་གཞོན་གྱི་ནང་ན་ཆོས་དད་པ་མེད་པ། ཆོས་ལ་དོ་སྣང་མེད་པ། བོད་ཡིག་ལ་དོ་སྣང་མེད་པ། བོད་སྐད་ལ་དོ་སྣང་མེད་པ་མ་ཟད་ཕྱི་མི་དང་ལྷན་དུ་གཉེན་སྒྲིག་བྱེད་རྒྱུར་ཞེད་སྣང་འཚེར་སྣང་མེད་པ་དེ་འདྲ་ཡང་ཤུགས་ཆེན་པོ་ཆགས་ཀྱིན་འདུག དེ་ཡིན་པས་ཁོང་ཚོས་མ་འོངས་པ་བོད་ཀྱི་རིགས་གཞུང་དང་ཡིད་སྲོལ་གོམས་གཤིས་ལ་སོགས་པར་མུ་མཐུད་ནས་ཞེ་དྲག་ཡག་པོ་ཞིག་བྱེད་ཐུབ་རྒྱུ་རེད་བསམ་པ་དེ་ཧ་ཅང་བརྒྱ་ཆ་ཉུང་ཉུང་འདྲ་ཞིག་རེད།
སྤྱིར་བཏང་བོད་གཞུང་དང་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱིས་འདི་འདྲའི་ས་ཆ་སྐྱིད་པོ་ཞིག་གི་ནང་དུ་སླེབས་བསྡད་ཡོད་པ་རེད་མོད་ཀྱང་དེ་ལ་བཀའ་དྲིན་གྱི་བསམ་གཞིག་ཡོད་མཁན་ཞེ་དྲག་ཞིག་ངས་མཐོང་གི་མི་འདུག་ལ་དེ་སོགས་ཐབས་སྐྱོ་བོ་འདྲ་ཞིག་མཐོང་གི་འདུག ང་རང་ཡང་ཕར་སིད་སིར་ལོ་ངོ་༢༨རིང་བསྡད་ནས་འཐུས་མི་དང་འགན་འཛིན་དགེ་རྒན་ལ་སོགས་པའི་ལས་ཀ་མང་པོ་བྱས་ནས་གཟའ་སྤེན་པ་ཉི་མར་ནམ་ཞར་ལ་སོ་སོས་རླངས་འཁོར་བཏང་ནས་སོ་སོས་འགྲོ་སོང་བཏང་ནས་གླ་ཆ་ཅི་ཡང་མེད་པར་རང་ངོས་ནས་ཅི་ནུས་གང་ཐུབ་ཀྱིས་ཤུགས་བརྒྱབ་ནས་བོད་པ་རང་གི་རིགས་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་བྱེད་པར་སྔོན་མར་བོད་གཞུང་ལ ་ཞབས་ཞུ་ཞུས་སྡོད་སྐབས་ནས་གནད་འགག་དེ་ཤུགས་ཆེན་པོར་མཐོང་གི་ཡོད་ཙང་ལས་འགུལ་འདྲ་མིན་ཅི་ཡང་བྱས་པ་ཡིན་མོད་འགུལ་ལྕོག་ཅི་ཡང་ཐེབས་ཀྱིན་མེད་པ་དེ་སྐྱོ་བོ་འདྲ་ཞིག་མཐོང་གི་འདུག
དྲི་བ། ལགས་སོ། རྒན་ལགས་ཀྱིས་ད་ལན་གྱི་བཅར་འདྲི་འདི་བརྒྱུད་ནས་བོད་མི་ཡོངས་ལ་དམིགས་བསལ་སྐད་ཆ་འདྲ་གསུང་རྒྱུ་ཡོད་དམ།
ལན། སྤྱིར་བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་ཕྱི་རྒྱལ་ཁག་གི་བོད་མི་ཚོ་སྐྱོ་བོ་ཡོད་པ་ཐག་ཆོད་རེད་ལ་འདིར་རྒྱ་གར་གྱི་བོད་པ་ཚོའང་སྐྱོ་བོ་མཐོང་གི་འདུག བོད་ཡིག་ལ་དོ་སྣང་མེད་པ། བོད་སྐད་དུ་བསྲེས་སླད་ཤོར་པ། མི་རྒན་གཞོན་གྱི་གོ་རིམས་ཀྱི་གུས་ཞབས་མེད་པ་དེ་ལས་བོད་ནང་གི་བོད་པ་ཚོ་ངོ་མ་སྤྱོད་པ་གཙང་མ་གཙང་མ་རེད། འདིར་ད་དུང་ཤེས་ཡོན་གཙུགས་སུ་མི་འཛིན་པར་དཔལ་འབྱོར་གྱི་རྗེས་སུ་ཤུགས་ཆེར་ཕྱོགས་པ་འདིས་བླ་མ་སློབ་མ་འགལ་བསྡད་ཡོད་པ། གྲོགས་པོ་གྲོགས་མོ་འཁྲུག་བསྡད་ཡོད་པ། བཟའ་ཟླ་ཕན་ཚུན་འཐོར་བསྡད་ཡོད་པ་དེ་སོགས་ཤུགས་ཆེན་པོ་མཐོང་གི་འདུག་ལ་ཐབས་སྐྱོ་བོ་རེད་བསམ་གྱིན་འདུག དེ་ཕྱིར་ད་ལན་ངས་བཅར་འདྲི་འདི་བརྒྱུད་ནས་གཅིག་ཞུས་པ་ཡིན་ན་གལ་སྲིད་ཕན་ཐོན་ན་མ་ཐོག་ནའང་བསམ་ཚུལ་དེ་འདྲ་ཡོད་པ་རྣ་བའི་ཐོས་པ་ཙམ་གྱིས་གོ་ཞིག་ཆོད་ཨེ་ཡོང་བསམ་པའི་རེ་བ་ཡོད།

བཅར་འདྲི།

Post navigation

Previous Post: ༧གོང་ས་མཆོག་གིས་སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༤ ཉིན་རྒྱབ་བསྩལ་བའི་བཀའ་ལན་ཚན་པ་གཅིག
Next Post: གཡུ་དྲུག་དཀར་ལ་ཀླུ་སྨྱོན་རྩོམ་རིག་བྱ་དགའ་འོས།

Comments (3) on “སྲད་སྐྱིད་བྱང་བློ་གྲོས་རྒྱ་མཚོ་ལགས་སུ་བཅར་འདྲི།”

  1. འབྲོང་བུ་སོག་ཚ། says:
    2011-10-08 at 1:23 pm

    གོང་གི་བརྩོམ་དེ་ཁྱེད་རང་གིས་བརྩམས་པ་ཡིན་དང་། དགེ་ཆོས་ཀྱི་བཤུས་པ་ཡིན།??

  2. བཙན་བྱོལ་བ་ says:
    2011-10-08 at 1:36 pm

    ཁྱེད་ཀྱི་བོད་མི་རིགས་ལ་བཅངས་པའི་ལྷག་བསམ་ནི་ལྷད་མེད་དང་ཁ་ཞེ་གཉིས་མེད་རེད་འདུག་པས་བཅོས་མིན་ཐུགས་རྗེ་ཆེ། ཁྱེད་ཀྱི་མཛད་རྗེས་ལ་འདིར་མཆན་འདེབས་མཁན་རྣམས་ཀྱིས་ངོ་བསྟོད་དང་བཀའ་དྲིན་མཚམས་འདྲི་ཞུ་བཞིན་མེད་ན་ཡང་ཁྱེད་ཀྱི་སྙིང་སྟོབས་ནི་སྙིང་སྟོབས་རང་ཡིན་པས་མུ་མཐུད་ལས་དོན་ཧུར་ཐག་བརྩོན་རོགས་ཞུ།

  3. ཞོལ་ཕྲུག says:
    2011-10-08 at 4:19 pm

    སྲད་སྐྱིད་བློ་གྲོས་རྒྱ་མཚོ་ལགས་ཀྱི་མི་ཚེའི་ལོ་རྒྱུས་ཀློག་རྒྱུའི་གོ་སྐབས་རགས་པར་དགའ་པོ་བྱུང་།
    ཁྱེད་ཀྱིས་མི་ཚེ་གཅིག་བོད་མི་རིགས་ཀྱི་ཆེད་དུ་ཞབས་འདེགས་བསྒྲུབས་གནང་འདུག་པར་རྗེས་སུ་ཡི་རངས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (66)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (34)
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (26)
  • ཨེ་ལི་སི། (15)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme