ར་ས་ཕོ་ཉ།
དཔར་ལས་མཁས་ཅན་མང་པོས་སྲས་མོ་ཌ་ཡ་ན་ནི་འདྲ་དཔར་གཟུགས་བྱད་༼འདྲ་དཔར་སོགས་ཀྱི་ནང་མཐོང་གནང་དོད་པོ་ཡོད་མཁན་༽ཅན་ཞིག་ཡིན་པར་བརྗོད་ཅིང་། མི་མང་གི་དུས་དེབ་ཀྱི་ཁ་ཤོག་སྟེང་དུ་ཡང་གཞན་ལས་མང་བ་བཀོད་ཀྱི་ཡོད། འོན་ཀྱང་སྲས་མོ་ཁོང་ནི་བུད་མེད་མཛེས་མའི་སྙིང་པོ་བསྡུས་པ་ཙམ་དུ་མ་ཟད་དཔེ་ཟླ་བྲལ་བ་ཞིག་ཡིན་པ་དང་། ཁོང་མོ་ནི་མི་མང་ལ་ཞེ་དྲག་རྒྱང་རིང་པོ་བྱེད་མཁན་མིན་པས་མི་མང་གི་ཁྲོད་ཡོངས་གྲགས་ཆགས་ཡོད།
སྲས་མོ་ཌ་ཡ་ན་ནི་༡༩༨༧ལོར་རེག་དུག་(AID)ནད་པ་ཚོ་དང་ལྷན་དུ་དཔར་རྒྱག་མཁན་གྱི་སྙན་གྲགས་ཅན་གྱི་མི་ཆེན་དང་པོའི་ནང་ནས་གཅིག་ཡིན་པ་དང་། མི་མང་གིས་རེག་དུག་ནད་གཞི་དེ་མི་ཕན་ཚུན་རེག་ཐུག་བྱས་པ་ལས་བགོས་ཀྱི་ཡོད་པར་ཡིད་ཆེས་བྱེད་པའི་དུས་སུ་མོས་ལས་འགུལ་གྱིས་མི་མང་གི་བསམ་བློ་བཅོས་བསྒྱུར་བྱེད་པར་ཕན་ཐོགས་ཆེན་པོ་བྱས་ཡོད།
ས་འོག་གི་འབར་འདེལ་བེད་སྤྱད་བྱེད་པར་འཛམ་གླིང་སྤྱིའི་བཀག་སྡོམ་ཡོང་རྒྱུའི་རེ་བ་བྱས་པ་དང་གཞན་བུད་མེད་ཚོར་དུད་འགྲོའི་དགེ་རྩའི་ལས་འཆར་དེ་འདྲ་བྱུང་རྒྱུའི་རེ་བ་བྱས་པའི་མི་མང་ཁྲོད་ཀྱི་མོའི་ལོ་རྒྱུས་སྙིང་བསྡུས་དེ་ཚོས་གནོད་འཚེ་ཕོག་ཡུལ་དང་ལས་འགུལ་སྤེལ་མཁན་ཚང་མར་རེ་བ་ཆེན་པོ་སྦྱིན་ཐུབ་ཡོད། མོ་རང་གློ་བུར་གྱི་དོན་རྐྱེན་གྱིས་འདས་པའི་རྗེས་སུ་རང་ལྒེར་གྱི་མིན་པའི་ས་ཆར་ས་འོག་འབར་འདེལ་བེད་སྤྱོད་བྱེད་མི་ཆོག་པའི་ཆིངས་ཡིག་༼ཨོ་ཏ་ཝ་ཆིངས་ཡིག་Ottwa treaty༽ལ་གྲོས་ཆོད་ཀྱི་མཚན་རྟགས་ཐོབ་ཡོད་ཅིང། ཐག་ཆོད་འདིའི་ཐད་ལ་མོའི་རྒྱབ་སྐྱོར་དང་ལས་འགུལ་ཚོགས་པ་དེའི་ནང་གི་མོའི་བྱས་རྗེས་ཀྱི་ཤུགས་རྐྱེན་གཙང་མ་ཐེབས་ཡོད།
ཁོང་མོ་ནི་༡༩༦༡།༧།༡ ཉིན་སྐུ་དྲག་གི་བརྒྱུད་པའི་ནང་འཁྲུངས་པ་དང་རང་ལོ་༢༠ ལ་དབྱིན་ཇིའི་རྒྱལ་སྲས་ཅར་ལེ་charle དང་གཉེན་སྒྲིག་བྱས་ནས་གཞོན་ནུ་མ་ཌ་ཡ་ན་ལ་ཉེས་མེད་ཀྱི་མཛེས་སྡུག་དང་ལྷན་དུ་འཚོ་གནས་ཀྱི་འཛམ་གླིང་ཐོབ། ལོ་བཅོ་ལྔའི་རྗེས་སུ་མི་མང་ཡོངས་གྲགས་སུ་གཟའ་ཚང་ཁ་བྲལ་བྱས་པའི་རྗེས་ཌ་ཡ་ནས་མོའི་རྒྱལ་ཁང་གི་འཚོ་བའི་ལྷག་འཕྲོ་དེ་རང་གི་ཁ་གྱོན་གྱི་དུག་ལོག་དེ་རིན་གོང་སུས་ཇེ་ཆེ་སྤྲད་པ་དེར་༼དགེ་རྩ་ཚོགས་པའི་ཆེད་དུ་༽བཙོང་ནས་མཇུག་སྒྲིལ་བྱས་ཡོད།
དེ་ནས་ཝ་ལེ་སེ་(wales)སྲས་མོ་ཙམ་གྱི་ཚུལ་དུ་ཌ་ཡ་ནས་ལས་ཁུངས་ཀྱི་བྱེད་སྒོའི་ཆ་ཤས་བཟུང་ནས་སྨན་ཁང་སྒོ་ཕྱེ་བ་ལྟ་བུ་བྱས་ཡོད། འདིས་ནི་མོ་རང་ལ་དགེ་རྩའི་མ་དངུལ་བསྡུ་ཚུལ་གྱི་ཐབས་ལམ་སྣ་ཚོགས་ལ་ཐེ་གཏོགས་བྱེད་པར་ཕྱིར་འཐོན་སའི་རང་བཞིན་གྱི་སྒོ་ལྟ་བུའི་མཐུན་རྐྱེན་བྱས་ཡོད། ནད་པ་ལ་བཅངས་པའི་མོའི་རང་བཞིན་གྱི་སེམས་ཚོར་དང་གཤིས་ཀ་ནི་ཆེས་ཡིད་སྨོན་ཤོར་བ་ཞིག་ཡོད།
དེ་ལྟ་ནའང་། མོའི་ལྒེར་གྱི་མི་ཚེའི་ནང་གང་སར་འདལ་བའི་གསར་འགོད་པས་ཧམ་འཛུལ་བྱས་ཤིང་། མི་ཚང་མས་ཁོང་མོ་ངོ་རྟགས་ཆོད་པར་སོང་མུ་འཐུད་མོ་རང་མི་མང་གི་ཁྲོད་ཡོངས་གྲགས་སུ་གནས། མོའི་མི་ཚེ་གསར་པ་མགོ་འཛུགས་ནས་ལོ་ངོ་གཅིག་ཙམ་སོང་བའི་རྗེས་༼༡༩༩༧།༨།༣༡ ཉིན་ཁོང་མོ་རང་གི་དགའ་རོགས་དང་ལྷན་དུ་མོ་ཊ་བརྡབ་སྐྱོན་དབང་གིས་༽རྐྱེན་འདས་སུ་ཕྱིན་ཡོད།
ཡིན་ནའང་ཁོང་མོ་ནི་མུ་འཐུད་དྲན་པར་འོས་པའི་གཞོན་ནུ་མ་དང་མཛེས་སྡུག་ཅན་གྱི་སྲས་མོའམ། སྙིང་དབུས་ཀྱི་རྒྱལ་མོ་ལྟ་བུ་ཡིན་ནོ།།
མོ་དུས་མིན་རྐྱེན་འདས་སུ་སོང་བ་བློ་ཕམ་གྱི་རང་བཞིན་རེད།
ང་རང་སྔོན་མ་དབྱིན་ཇིའི་ཡུལ་ལ་སློབ་གྲྭར་ཡོད་སྐབས། སྲས་མོ་ཁོང་སྐད་གྲགས་ཆེ་ཤོས་ཀྱི་དུས་ཚོད་ཐོག་འཁེལ་ཤིང་། ཁོང་གི་སྐོར་ལ་བརྙན་འཕྲིན་དང་དེབ་མི་ཉུང་བ་བལྟས་པ་ཡིན། ཧ་ལས་པའི་མཛེས་པོ་དང་དམངས་ཁྲོད་ལ་ཕན་པའི་བྱ་བ་བསྒྲུབས་པའི་ལོ་རྒྱུས་བྲིས་འདུག
དུས་མཚུངས་སྲས་མོ་ཁོང་སྒེར་གྱི་ལོ་རྒྱུས་ལ་ལྟ་སྐབས། ཡ་ང་བའི་གནས་ཚུལ་འདུག དཔེར་ན། སྲས་མོ་ཁོང་གིས། བཟའ་མ་ཅི་ཟོས་ཀྱང་། ཕོ་བར་མ་བཞུར་བའི་གོང་ལ་སྐྱུག་གི་ཡོད། དེ་ལྟར་བྱེད་པའི་དགོས་པ་ནི། སྐུ་ལུས་སྐམ་པོར་གནས་པའི་ཕྱིར་ཡིན་སྐད།
དེ་བཞིན་ཁོང་དང་དབྱིན་ཇིའི་རྒྱལ་མོ་དང་ཁོང་གི་ནང་མི་རྣམས་དང་འབྲེལ་བ་ཡག་པོ་མེད་སྟབས། རྒྱུན་པར་ཕོ་བྲང་ནང་གཅིག་པུར་ལུས་པའི་གནས་ཚུལ་ཡོད་པ། ལྷག་དོན་ཁོང་གི་སྐུ་ཟླ། རྒྱལ་སྲས་ཆར་ལི་སི་བུད་མེད་གཞན་ཞིག་དང་བརྩེ་བའི་འབྲེལ་བ་དམ་པོ་ཡོད་སྟབས། ༼རྒྱལ་སྲས་དེས་རྗེས་མ་བུད་མེད་དེ་དང་ཆང་ས་བརྒྱབས།༽སྲས་མོ་ཁོང་ཟུར་དུ་ལུས་པ་སོགས་སེམས་སྐྱོ་དགོས་པའི་གནས་ཚུལ་ཡང་ཤོད་བཞིན་ཡོད།
རྗེས་མ་སྲས་མོ་ཁོང་ཨ་ཆེའི་འབྱོར་ལྡན་ཅན་གྱི་མི་ཞིག་དང་འབྲེལ་བ་བྱུང་ཞིང་། མ་འོངས་པར་ཁོང་དང་གཉེན་སྒྲིག་གི་སྟ་གོན་མཛད་སྐབས། རླངས་འཁོར་བརྡབ་སྐྱོན་བྱུང་ནས་གྲོངས་སོང་བ་རེད་འདུག
ཁོང་གྲོང་རྐྱེན་ལ་ཤོད་སྲོལ་མང་པོ་ཡོད་པའི་ནང་ནས་གཅིག་ནི། རྒྱལ་མོས་རྒྱུད་སྐུལ་བྱས་པའི་སྐོར་གླེང་སོང་། ཡིན་ནའི་ད་བར་དཔང་པོ་མེད་སྟབས། ཁུངས་སྐྱེལ་བྱེད་མ་ཐུབ།
བོད་དང་འབྲེལ་བ་ཡོད་པ་ཞིག་ནི། ཁོང་གི་སྐུ་ཟླ་རྒྱལ་སྲས་ཆར་ལི་ཞུ་བ་དེ། རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཟབ་པོ་ཡོད་ཅིང་། རྒྱུན་པར་རྒྱལ་བ་རིན་པོ་ཆེ་དབྱིན་ཇིའི་ལུང་པར་ཕེབས་སྐབས། ཕོ་བྲང་ནང་མཇལ་འཕྲད་གནང་བ་དང་། རྒྱལ་བ་ཁོང་དབྱིན་ཡུལ་ལ་ཞུགས་རིང་ཁོང་གི་ཕོ་བྲང་ནང་ཞུགས་དགོས་པའི་རེ་འདུན་ཡང་ཐེངས་མང་གནང་འདུག
ཐེངས་གཅིག་རྒྱའི་འགོ་པ་ཅང་ཙེ་མིན་ལ་དབྱིན་ཇིའི་རྒྱལ་མོས་གཞུང་འབྲེལ་གྱི་གསོལ་ཚིགས་འབུལ་སྐབས། སྲས་ཁོང་གིས་གསོལ་ཚིགས་ལ་མ་ཕེབས་པར། རྒྱ་གཞུང་གིས་བོད་མིར་སྡུག་གཅོད་བཏང་བ་དེར་གདུང་སེམས་མཉམ་སྐྱེད་གནང་འདུག
རྒྱལ་བ་རིན་པོ་ཆེ་རྒྱལ་སྲས་ཁོང་མཇལ་བར་ཕེབས་སྐབས། ཕྱི་རྒྱལ་དཔོན་རིགས་སུ་གཅིག་ལ་གནང་མྱོང་མེད་པའི་ནང་ཚགས་སམ་ཉེ་བའི་འཚོར་བ་གནང་གི་འདུག དཔེར་ན། ཐེངས་གཅིག་གློག་བརྙན་ཐོག་མཐོང་བར། རྒྱལ་བ་རིན་པོ་ཆེ་རྒྱལ་སྲས་ཀྱི་་ཕོ་བྲང་ནང་ཕེབས་རྗེས། འབོལ་སྟེགས་སམ་sofa གཅིག་ཐོག་རྒྱལ་སྲས་ཁོང་དང་མཉམ་དུ་བཞུགས་ནས། ཕྱག་གཉིས་རྒྱལ་བ་ཁོང་གི་དབུ་ལ་བཞག་ནས་”ཨ་ད་རིང་དཀའ་ལས་ཏོག་ཙམ་ཁ་བྱུང་གསུངས་ནས་ངལ་གསོ་སྐྱོན་གནང་གིས་རྒྱལ་སྲས་ཁོང་ལ་ཁ་ཡ་མ་གནང་བ་དང་། རྒྱལ་སྲས་ཁོང་ཡང་རྒྱལ་བའི་ཁྲིད་ལ་ལྷོད་ལྷོད་ཐོག་བཞུགས་ནས་བཀའ་མོལ་མ་གནང་བར་བཞུགས་ཀྱི་འདུག
ཕྱི་ནས་མི་ཞིག་གིས་བལྟས་ན་ཁོང་གཉིས་ཤིན་དུ་ཉེ་བའི་གྲོགས་པོ་གཉིས་ཐུག་པ་ནང་བཞིན་འདུག
ཚངས་དབྱངས་ལགས། ཚིག་དུམ་འདི་བསྐྱར་དུ་བཟོ་བཅོས་འགོད་པར་ཞུ། དོན་མི་བས་སོ།།
རྒྱལ་མོ་འདི་ཧྥ་རན་སིའི་གྲོང་ཁྱེར་ཕ་རེ་སའི་ལོ་བུ་ཝུ་ཞེས་བའི་འགྲེམ་སྟོན་ཁང་དེའི་ཟམ་པའི་ཟུར་ནས་རླུང་འཁོར་བརྡབས་ནས་གྲོངས་བ་རེད་ཟེར། དེ་ནས་བཟུང་ད་དུང་ཡང་ཟམ་པ་དེའི་སྟེང་ནས་རླུང་འཁོར་འགྲོ་ཆོག་གིན་མི་འདུག།
ཚངས་དབྱངས་ལགས་ཀྱི་ཚིག་ལ་ཆད་ལྷག་འགའ་ཤོར་ནས་བསྟན་དོན་འགའ་གོ་ཐུབ་ཀྱི་མི་འདུག་པས་ཡང་བསྐྱར་བཟོ་བཅོས་ཤིག་བྱེད་རོགས།
ཟ་ལེ་རྒྱལ་ལགས།
ཚིག་དུམ་ག་གི་གསལ་པོ་མིན་འདུག་གམ།
སྙན་གྲགས་ཅན་གྱི་མཛེས་མ་དེའི་ལོ་རྒྱུས་ཉུང་ཙམ་རེ་སྔོན་ནས་གོ་མྱོང་མོད་རྒྱུས་ཆ་ཅང་མེད་བཟང་ཐལ།
རྒྱལ་བ་རིན་པོ་ཆེ་རྒྱལ་སྲས་ཀྱི་་ཕོ་བྲང་ནང་ཕེབས་རྗེས། འབོལ་སྟེགས་སམ་sofa གཅིག་ཐོག་རྒྱལ་སྲས་ཁོང་དང་མཉམ་དུ་བཞུགས་ནས། ཕྱག་གཉིས་རྒྱལ་བ་ཁོང་གི་དབུ་ལ་བཞག་ནས་”ཨ་ད་རིང་དཀའ་ལས་ཏོག་ཙམ་ཁ་བྱུང་གསུངས་ནས་ངལ་གསོ་སྐྱོན་གནང་གིས་རྒྱལ་སྲས་ཁོང་ལ་ཁ་ཡ་མ་གནང་བ་དང་།
གོང་གི་ཕྱག་གཉིས་དེ་༧གོང་ས་མཆོག་གི་རེད་དམ་རྒྱལ་སྲས་ཀྱི་རེད།
༧གོང་ས་མཆོག་གི་ཡིན་ན་རྒྱལ་བའི་ཕྱག་གཉིས་ཁོང་གི་མགོ་ལ་བཞག་ནས་ཞེས་བཅོས་ན་ཁ་གསལ།
རྒྱལ་སྲས་ཀྱི་ལག་གཉིས་༧གོང་ས་མཆོག་གི་དབུ་ལ་འཇོག་ཐབས་རྒྱུ་མཚན་གང་གི་སྒོ་ནས་ཀྱང་ཡོང་ཐབས་མེད།
གྲོགས་པོ་ཚོ།
བདག་གི་མཆན་གོང་མ་འདིའི་ཚིག་ཁ་གསལ་དུ་གཏོང་ཁུལ་ལགས།
“རྒྱལ་བ་རིན་པོ་ཆེ་རྒྱལ་སྲས་ཀྱི་་ཕོ་བྲང་ནང་ཕེབས་རྗེས། འབོལ་སྟེགས་སམ་sofa རིང་པོ་ཅིག་གི་ཐོག་རྒྱལ་སྲས་ཁོང་དང་མཉམ་དུ་བཞུགས། དེ་ནས་རྒྱལ་བ་ཁོང་གིས་དབུ་དེ་འབོལ་སྟེགས་ཀྱི་རྒྱབ་སྙེས་སྟེང་བསྙེས་ནས། དེའི་སྟེང་རང་གི་ཕྱག་གཉིས་བཞག་ནས། ”ཨ་ད་རིང་དཀའ་ལས་ཏོག་ཙམ་ཁ་བྱུང་གསུངས་ནས། ངལ་གསོ་སྐྱོན་བཞིན་དུ་བཞུགས། སྐབས་དེར་རྒྱལ་སྲས་ཁོང་ལ་གནས་སྐབས་ཁ་ཡ་མ་གནང་བ་དང་། རྒྱལ་སྲས་ཁོང་ཡང་རྒྱལ་བ་ལ་གཟིགས་ནས་ལྷོད་ལྷོད་ཐོག་བཞུགས་ནས་རེ་ཞིག་བཀའ་མོལ་མ་གནང་བར་བཞུགས་ཀྱི་འདུག
ཕྱི་ནས་མི་ཞིག་གིས་བལྟས་ན་ཁོང་གཉིས་ཤིན་དུ་ཉེ་བའི་གྲོགས་པོ་གཉིས་ཐུག་པ་ནང་བཞིན་ལས། རྒྱལ་ཁབ་མི་འདྲ་བ་གཉིས་ཀྱི་དཔོན་རིགས་ཐུག་པའི་རྣམ་པ་ཅི་ནས་མིན་འདུག”
ད་གསལ་པོ་འདུག་གམ་
ཨོ་ལེས། འདི་མོ་ཞིག་ཡིན་རྒྱུ་རེད། དེ་མིན་ཁ་སང་གི་བཤད་སྟངས་ལྟར་བྱས་ན་སུའི་ལག་པ་སུའི་མགོ་ལ་བཞག་པའམ་གང་ཞིག་ལ་བཞག་མིན་ཡང་གསལ་བོ་ཤེས་ཁྱིན་མི་འདུག
ཕྱི་ནང་གཉིས་ཀ་མཛེས་ལ་གྲགས་པ་གཉིས་ལྡན་གྱི་བུད་མེད་ཅིག་ཡིན་སྲིད།
གནས་གསར་ཐོས་པས་དགའ་པོ་བྱུང་ཡང་། དོན་དེ་ཙམ་མི་གོ་པས་ཁ་གསལ་བཏང་ན་ལགས་པར་མཐོང་། ཐུགས་རྗེ་ཆེ། གང་ལྟར་བོད་པ་ཞིག་གིས་བོད་ཡིག་བེད་སྤྱོད་བཏང་པ་ནི་དགའ་འོས་པའི་གནས་སུ་འཁུམས།
དུས་ཀུན་ཁྱེད་ཀྱི་ཕྱོགས་ནས་གནས་གསར་གོ་བའི་རེ་བ་ཡོད།