སྨན་པ་དཀོན་མཆོག་ཚེ་བརྟན་གྱིས་བསྒྱུར།
(གསལ་བཤད། ཡི་གེ་འདི་ནི་ཉེ་ཆར་ཚེ་རིང་སྐྱིད་ཀྱིས་ཕོ་མོའི་གནད་དོན་སྐོར་ལ་སྤེལ་བའི་འགྲེལ་བཤད་དེ་ལ། སོ་སོ་བོད་ཀྱི་བུད་མེད་ཞིག་ཡིན་པའི་ཆ་ནས་ལྟ་ཚུལ་གླེང་བ་ཙམ་ཡིན་པ་ལས། ངའི་ལས་ཀ་བྱེད་སའི་ཚབ་བྱས་ཏེ་གླེང་བ་མིན། དེ་ཡང་རྒྱ་གར་རྡ་རམ་ས་ལའི་གསོག་སྒར་སློབ་གྲྭའི་སློབ་མ་ཚོ་དང་བགྲོ་གླེང་སྐབས་ཚེ་རིང་སྐྱིད་ལགས་ཀྱི་འགྲེལ་བརྗོད་དེ་དག་ལ་ངས་ཉན་པ་དང་དེ་ལ་མོས་མཐུན་མ་བྱས་པའི་དབང་གིས་ང་རང་སྒེར་གྱི་གནས་བབ་ཐོག་ནས་ཡི་གེ་འདི་ཚེ་རིང་སྐྱིད་ལགས་ལ་འབྲི་བཞིན་ཡོད།)
ཚེ་རིང་སྐྱིད་ལགས།
ཁྱེད་ཉིད་ཞུགས་པའི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གྱི་བགྲོ་གླེང་དེའི་དྲི་བ་དྲིས་ལན་སྐབས། སློབ་ཕྲུག་ཞིག་གིས་ཁྱེད་ཉིད་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཞིག་ཡིན་མིན་དྲིས་བྱུང་།ཁྱེད་ཀྱི་ལན་ནི་ཁྱེད་རང་གིས་རང་ཉིད་བུད་མེད་ཐོབ་ཐང་རྩོད་མཁན་ཞིག་ཡིན་པར་ངོས་འཛིན་མེད་པ་མ་ཟད། ཁྱེད་རང་ལ་བོད་ཀྱི་བུད་མེད་ཀྱི་ཚབ་བྱས་ཏེ་ལས་ཀ་བྱེད་པའི་འདོད་པའང་མེད་ཅེས་བཤད་བྱུང་།
ཁྱེད་ལ་ལངས་ཕྱོགས་དེ་གདམ་པའི་དབང་ཆ་ལོས་ཡོད།ངས་བོད་ཀྱི་བུད་མེད་ཚང་མ་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཞིག་མིན་པ་ཤེས་ཡོད། ཁྱེད་ཀྱིས་མཚམས་དེ་ལས་འཕྲོས་ཏེ་འགྲེལ་བརྗོད་མ་བྱས་པར་མཇུག་སྡོམ་བརྒྱབ་ཡོད་པ་ཡིན་ན། ངས་ཕལ་ཆེར་ཁྱེད་ལ་ཡི་གེ་འདི་འབྲི་གི་མ་རེད། འོན་ཀྱང་ཁྱེད་ཀྱིས་དེ་ནས་མཚམས་བཞག་མ་སོང་། ཁྱེད་ཀྱིས་མུ་མཐུད་དུ་སྤྱང་གྲུང་ལྡན་པ་དང་ལས་སླ་བོའི་ངང་དོན་དངོས་སུ་ཤིན་ཏུ་རྙོག་འཛིང་ཆེ་བའི་བོད་ཀྱི་བུད་མེད་ཀྱི་གནད་དོན་སྐོར་ལ་གསལ་བཤད་བྱས་འདུག དེ་བས། གནད་དོན་འདིའི་སྐོར་ལ་ཁྱེད་ཀྱི་ལྟ་ཚུལ་ནོར་འཕྱུག་ཅན་དེས་ང་ལ་ཡི་གེ་འདི་འབྲི་བ་ནི་དགོས་ངེས་ཤིག་ཡིན་པ་ཤེས་བཅུག་སོང་།
བོད་མི་སྤྱི་དང་བྱེ་བྲག་ཏུ་བོད་ཀྱི་ཕྱི་རོལ་ཏུ་སྐྱེས་པ་རྣམས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་གི་བུད་མེད་སྐོར་ལ་གོ་རྟོགས་ཆ་ཚང་བ་ཞིག་ཡོང་རྒྱུའི་སླད་དུ་ང་ཚོའི་བོད་ཀྱི་བུད་མེད་རྣམས་འདས་པ་དང་ད་ལྟ་བ་གཉིས་ཀའི་ནང་བརྒྱུད་པ་གང་ཡིན་པ་དེ་ལ་ཆ་སྙོམ་པའི་ལྟ་ཚུལ་ཞིག་སྤྲོད་རྒྱུ་དེ་ནི་གལ་ཆེན་པོ་རེད།
ངའི་མི་ཚེའི་འགྲུལ་བཞུད་ཀྱང་ཁྱེད་དང་འདྲ་བར།མོ་ལོ་ཉི་ཤུའི་སྟེང་མགོ་བརྩམས་ཏེ་རྒྱ་གར་ནང་བཙན་བྱོལ་དུ་སོང་། བཞུགས་སྒར་རྡ་ས་ནས་ལོ་ཁ་ཤས་ལ་བསྡད་མྱོང་། རྗེས་སུ་བྱང་ཨ་རིར་བརྟོལ་ནས་ད་ལྟ་ངའི་བརྩེ་བའི་བཟའ་ཟླ་དང་བུ་མོ་གཉིས་ཀྱི་ལྷན་བསྡད་ཡོད། ཕལ་ཆེར་ངེད་གཉིས་བརྒྱུད་ཡོང་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འདྲ་འདྲ་ཡིན་རྒྱུ་རེད་སྙམ། ཆེད་ལས་ཀྱི་ཐོག་ནས། ང་ནི་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཡིན། ཉིན་རྒྱུན་གྱི་ལས་ཀ་ནི་མི་གཉོམ་ཆུང་། ཞེད་སྣང་གིས་ཞུ་འབོད་བྱེད་མི་ཐུབ་མཁན། བཟའ་འཁོན་དང་བཙན་གཡེམ་གྱིས་མནར་བ་དང་དེ་ལས་ཐར་ཡོད་མཁན་དག་སྟེ་གཟུགས་པོར་རྨས་སྐྱོན་ཕོག་ཞིང་བཙན་གྱིས་གཡེམ་སྦྱོར་བྱས་ཡོད་མཁན་དག་ལ་བདེ་འཇགས་ཀྱི་ཁོར་ཡུག་ཞིག་བསྐྲུན་རྒྱུ་དེ་ཡིན།
བཟའ་འཁོན། བཙན་གཡེམ་དང་འཁྲིག་སྤྱོད་དང་འབྲེལ་ཡོད་ཀྱི་གླེང་གཞི་ནི་ཡ་གླིང་རིག་གནས་ཁྲོད་ཀྱི་སྦས་པའི་རིག་ཚན་ཞིག་རེད། གནད་དོན་འདིའི་རིགས་སོ་སོའི་ཤ་ཉེ་རིང་ལས་ཕྱི་ཕྱོགས་ལ་བསྒྲགས་ན།དེ་ནི་བོད་ཕྱི་ནང་གི་སྤྱི་ཚོགས་ཁྲོད་ཁོང་ཁ྄ོའི་རྣམ་འགྱུར་སྟོན་པའི་གནད་དོན་ཞིག་རེད། དེའི་སྟབས་ཀྱིས། ང་ཚོའི་སྤྱི་ཚོགས་ཁྲོད་བུད་མེད་ལ་བརྙས་དམོད་བྱེད་མཁན་གྱི་ཉེས་ཅན་པ་དག་ལ་ཕལ་ཆེར་ཉེས་དོན་གཏུག་བཤེར་བྱས་མེད།
གལ་ཏེ་མི་ཞིག་གིས་ཁྱེད་ཀྱི་ཆེས་སྤྱིར་བཏང་གི་ལྟ་ཚུལ་སྟེ་བོད་ཀྱི་སྤྱི་ཚོགས་ཁྲོད་ཕོ་མོའི་གནད་དོན་ཕལ་ཆེར་མེད་ཅེས་པ་དེ་ཁས་བླངས་ཚེ། བོད་ཀྱི་སྤྱི་ཚོགས་ནི་འཁོན་འཛིང་མེད་པའི་སྤྱི་ཚོགས་ཤིག་ཡིན་པའི་གནས་སྟངས་དེ་མངོན་སྲིད་པ་རེད། འོན་ཀྱང་། དོན་དངོས་སུ་དེ་ནི་དངོས་ཡོད་ཀྱི་གནས་སྟངས་དང་རྒྱབ་ཏུ་ཕྱོགས་ཡོད་འདུག
ངས་ཁྱེད་ལ་འདིར་དཔེ་མཚོན་ཡག་པོ་ཞིག་སྟེ་བོད་ཀྱི་སྐྱེས་མ་ཀུན་བཟང་སྒྲོལ་མ་ལགས་ཀྱི་མྱངས་ཟིན་བཀོད་ན་འདོད། ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཁོ་མོ་བཙན་གཡེམ་ལས་ཐར་བའི་མྱོང་བ་བྲིས་ཡོད་པའི་དེབ་<<རྡོ་འབུམ>>ནང་དུ་གཞིས་དང་བྱེས་ནས་ཁོ་མོས་མྱངས་པའི་མནར་གཅོད་གླེང་འདུག གཞིས་ནས་སྐྱེས་ཤིང་གཞིས་ནས་འཚར་ལོངས་བྱུང་། སྐྱེས་ས་སྐྱེས་ཡུལ་གཅིག་པའི་སྐྱེས་མ་འདིའི་དེབ་དེས་ང་རྩ་བ་ཉིད་ནས་སེམས་འགུལ་ཐེབས་བཅུག་སོང་། ངས་དེབ་དེ་བཀླགས་ནས་ཆེས་མཐའ་མཇུག་གི་ལེའུ་རྫོགས་རྗེས་ངའི་སེམས་ལ་དྲི་བ་ཞིག་ཡང་བསྐོར་བསྐྱར་བསྐོར་གྱིས་ཤར་བྱུང་། གལ་ཏེ་ཀུན་བཟང་ལགས་ཀྱི་ཁྱོ་ག་དེ་བོད་པ་ཞིག་ཡིན་ཚེ།ཁོ་མོའི་ལོ་རྒྱུས་གཤའ་མ་དེ་སྤྱི་ཚོགས་སྟེང་བསྒྲགས་པར་སྐུལ་སློང་དང་སྤོབས་པ་སྩོལ་སྲིད་དམ། འདིའི་ལན་ནི་ཕལ་ཆེར་སྲིད་ཀྱི་མ་རེད།
བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དང་རྩོམ་པ་པོ་འཇམ་དབྱངས་སྐྱིད་ལགས་ཀྱིས་དངོས་སུ་ནན་ཏན་གྱིས་བཅའ་འདྲི་བྱས་ཏེ་བཟའ་འཁོན་དང་བུད་མེད་ལ་བརྙས་དམོད་ཐེབས་པའི་དངོས་བྱུང་གི་གནས་ཚུལ་མང་པོ་ཞིག་བོད་ཀྱི་སྤྱི་ཚོགས་ཁྲོད་བྱུང་ཡོད་པ་རགས་ཟིན་དུ་བཀོལ་ནས་པར་བསྐྲུན་བྱས་ཡོད་པ་རེད།དེང་སང་། དེང་རབས་ཀྱི་ཆ་འཕྲིན་ཚན་རྩལ་བརྒྱུད་ནས་ཐད་ཀར་བོད་ཀྱི་བུད་མེད་ཀྱི་སོ་སོའི་ལོ་རྒྱུས་མང་པོ་ཞིག་ཀྱང་གོ་ཐུབ། ཉེ་དུས་ཀྱི་གནད་དོན་གཞན་ཞིག་ནི་གཉན་ནད་ཨཱེ་ཙའི་སྐོར་བོད་ཀྱི་ས་ཆ་མང་པོར་ཁྱབ་བཞིན་པའི་སྐྱི་གཡའ་བའི་མྱུར་ཚད་དེ་རེད།
རྒྱུ་མཚན་ཁག་གཅིག་ནི། ང་ཚོའི་བག་འཁུམས་པའི་སྤྱི་ཚོགས་ཁྲོད་སྐྱེ་འཕེལ་སྐོར་གྱི་འཕྲོད་བསྟེན་ཆ་འཕྲིན་དང་དེ་འབྲེལ་གྱི་དཔྱད་ཡིག་མང་པོ་ཞིག་མེད་པས་རེད།བོད་ཀྱི་སྨད་འཚོང་མ་ལ་བཙན་ཤུགས་ཀྱིས་མཚན་ཤུབས་མ་སྤྱད་པར་འཁྲིག་པ་སྤྱོད་པའི་གནས་སྟངས་ཀྱིས་རེག་དུག་གི་འགོས་ཚད་དང་ཁྱབ་ཚད་ཇེ་ཆེར་འགྲོ་བཞིན་པ་རེད།
ང་བོད་ལ་ཐེངས་ཁ་ཤས་བསྐྱོད་དུས་ཤེས་རྟོགས་བྱུང་བ་ནི།བསམ་བློ་ཅན་དང་སྤོབས་པ་ཅན་གྱི་བོད་ཀྱི་བུད་མེད་སྐོར་ཞིག་མཉམ་རུབ་ངང་དངས་བླངས་ཀྱིས་དམངས་ཁྲོད་ཀྱི་རུ་ཁག་བཙུགས་འདུག སྐྱེས་མ་དེ་དག་ལས་མང་ཆེ་ཤོས་ནི་སྨན་པ། དགེ་རྒན་དང་རྩོམ་པ་པོ་རེད། ཁོ་ཚོས་གྲོང་སྡེ་སོ་སོ་དང་འབྲོག་ཁུལ་གྱི་སྐྱེས་པ་ཕོ་མོ་དག་ལ་གཉན་ནད་ཨཱེ་ཙའི་སྐོར་སྔོན་འགོག་དང་གསོ་བཅོས་སོགས་ཀྱི་སྐོར་ངོ་སྤྲོད་བྱེད་བཞིན་འདུག ང་ལ་བཤད་རྒྱུར། ཆེས་དཀའ་ཁག་ཆེ་བ་ནི་སྐྱེས་པ་དག་སློབ་གསོ་འདིའི་ལས་གཞི་ལ་ཞུགས་སུ་འཇུག་རྒྱུ་དེ་རེད་ཟེར། ཚེ་རིང་སྐྱིད་ལགས། བུད་མེད་ཁོ་ན་ལ་སློབ་གསོ་སྤྲད་ན་གནད་དོན་ཐག་གཅོད་ཐུབ་བམ།ང་ཚོས་སྐྱེས་པ་ཚོ་ལའང་སློབ་གསོ་སྤྲོད་དགོས་འདུག
ཁྱེད་ཀྱིས་མངོན་སུམ་འཛེམ་མེད་དང་དབང་གྲགས་ཡོད་པའི་སྒོ་ནས་ང་ཚོའི་སྤྱི་ཚོགས་ཁྲོད་ཕོ་མོ་འདྲ་མཉམ་གྱི་གནད་དོན་མེད་པ་ཁྱབ་བསྒྲགས་བྱས་སོང་། འོན་ཀྱང་། དོན་དངོས་སུ་དེ་འདྲ་མ་རེད།དོན་ངོ་མ།ཕོ་མོ་འདྲ་མཉམ་གྱི་འབྲས་བུ་མངོན་རྒྱུར་ང་ཚོས་འགལ་རྐྱེན་མང་པོ་ཞིག་དང་འཐབ་རྩོད་བྱེད་དགོས་པ་བསྙོན་མེད་རེད། གལ་ཏེ་ཁྱེད་ཀྱིས་ང་ཚོ་བོད་པ་ནི་བོད་ཀྱི་སྐྱེས་མ་ཞིག་ཡིན་པར་གནད་དོན་མེད་ཅེས་ལབ་ཚེ། དོན་དངོས་སུ་ཤིན་ཏུ་ནས་ལྡོག་ཡོད་དེ།དེ་ནི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འགོག་རྐྱེན་རེད་འདུག ང་ཚོ་བོད་ཀྱི་གནས་བབ་ནི་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་སྐབས་མ་རེད་ཅེས་ལབ་ན། དེ་ནི་ཧ་ཅང་གི་བསླུ་བྲིད་ཀྱི་བསམ་བློའི་འདུ་ཤེས་ཁོ་ན་ཞིག་རེད་འདོད།
དེང་དུས་བོད་ཀྱི་རིག་གནས་ཀྱིས་སྤྱི་ཚོགས་ཀྱི་གནད་དོན་ཁག་བགྲོ་གླེང་བྱེད་པར་སྐུལ་སློང་མེད་དེ་དཔེར་ན་བཙན་གཡེམ་དང་བཟའ་འཁོན་གྱི་གནད་དོན་ལྟ་བུ། དེ་བས།ཕོ་མོའི་གནད་དོན་གྱི་རྙོག་དྲས་གཙེས་བའི་སྡུག་མྱོང་མཁན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཆ་རྐྱེན་བསྐྲུན་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་གཞག་རླབས་ཆེན་ཞིག་ཏུ་འཁུམས། སྐུ་ཉིད་ནི་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་སྟབས། བོད་ཀྱི་དེང་རབས་ཀྱི་གནད་དོན་འདི་དག་ལ་བསམ་བློ་གཏོང་རྒྱུ་ནི་གལ་ཆེན་རེད་ལ། བོད་ཀྱི་སྤྱི་ཚོགས་དང་རིག་གནས་བརྒྱུད་སྤྲོད་བྱེད་རྒྱུའང་གལ་ཆེན་རེད་སྙམ།
བོད་ཀྱི་ལོ་རྒྱུས་ཁྲོད་བོད་ཀྱི་རིག་གནས་ཀྱི་གནས་བབ་ལས་བུད་མེད་ཀྱི་ཐོབ་ཐང་ནི་སྐྱེས་པ་ལས་དམའ༼བོད་ཨ་མདོའི་ཕྱོགས་སུ༽ རྒྱུ་མཚན་ནི་རྩ་བའི་རྩ་བ་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་དྲག་པས་ངོ་བོའི་སྟེང་ནས་སྐྱེས་པ་ནི་མོ་ལས་མཆོག་ཏུ་བརྩི།
བོད་ནས་འཚར་ལོངས་བྱུང་བའི་བུ་མོ་ང་ལ་མཚོན་ན། ངའི་དྲན་འཛིན་གྱི་མེ་ལོང་ངོགས་སུ་ནམ་ཡང་འཆར་བ་ནི་ངའི་དྲིན་ཆེན་གྱི་ཨ་མས་རྟག་པར་སྐྱེ་བ་རྗེས་མར་ཕོ་ལུས་ཤིག་འཐོབ་པར་སྨོན་ལམ་རྒྱག་པ་དེ་རེད། ངའི་ཨ་མའང་བོད་ཀྱི་སྐྱེས་མ་གཞན་དང་འདྲ་བར་ཡིག་རྨོངས་པ་ཞིག་ཡིན། ༼སྐྱེ་བ་རྗེས་མར་ང་བུ་ཚ་ཞིག་གི་སྐྱེ་བར་ཡོང་གི་སྨོན་ལམ་རྒྱག༽ དེས་མ་ཚད། ངའི་ཨ་མས་མི་ཚེ་གང་བོར་ཁུར་ཡོང་བའི་སེམས་གཏིང་གི་སྡུག་བསྔལ་གྱིས་ངའི་ནུ་སྲིང་ཚོ་དང་སྡེ་བའི་སྐྱེས་མ་དག་ལའང་ཤན་ཤུགས་ཆེན་པོ་ཐེབས་ཡོད། ཡིད་སྐྱོ་བ་ཞིག་ནི།ཁོ་ཚོའང་ངའི་ཨ་མ་ནང་བཞིན་ཡིག་རྨོངས་ཡིན། ངའི་སེམས་ལ་རྟག་པར་བསམ་གྱིན་བསྡད་ཡོད་པ་ནི་དོན་དངོས་ལ་བསྙོན་པའི་ཁོ་ཚོའི་ཐུན་མོང་གི་འདོད་པ་སྟེ་སྐྱེ་བ་རྗེས་མར་ཕོ་ལུས་ཐོབ་རྒྱུར་སྨོན་པ་དེ་རེད།
ང་ཚོས་ད་ལྟ་ལན་འདེབས་དགོས་་བའི་དྲི་བ་ནི་རྒྱུ་མཚན་ཅི་ཡིན།
ངས་བོད་ཀྱི་སྐྱེས་པ་ཞིག་གིས་སྐྱེ་བ་རྗེས་མར་མོ་ལུས་ཤིག་འཐོབ་པར་སྨོན་ལམ་འདེབས་པ་གོ་མྱོང་མེད། ཕོ་མོ་འདྲ་མཉམ་གྱི་གནད་དོན་ཤུགས་ཆེ་བའི་བོད་ཀྱི་རིག་གནས་ཁྲོད་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་གཏམ་དཔེ་མང་པོ་ཞིག་ཁྱབ་བརྡལ་དུ་སོང་ཡོད་པ་དཔེ་མཚོན་དུ་བཀོད་ན། བུ་མོ་ཞིག་ཡིན་དུས་ལག་ལས་ཀར་མཁས་དགོས། ལག་ལས་ཀར་མཁས་ན་ཁྱོ་ག་ཡག་པོ་རྙེད། མ་བུ་མོ་འགྲོ་ས་གནས་ཡིན། ཕོ་ཁ་མ་གྲག་གོང་ལ་མོ་ཁ་གྲག་ལྟ་བུ་རེད།
འདི་འདྲའི་གཏམ་དཔེ་ལས་རྟོགས་ཐུབ་པ་ནི་བོད་ཀྱི་སྐྱེས་མ་་ཞིག་ཡིན་ན་གཉོམ་ཆུང་དང་ཞི་དུལ་ཅན་ཞིག་ཏུ་གསོ་སྐྱོང་བྱེད་དགོས་པ་དང་སྐྱེས་པ་ཕོ་ཞིག་ཡིན་ན་ཁ་བདེ་ལྕེ་བདེ། བཤད་ཕོད་པ་ཞིག་ཡིན་དགོས། དེ་འདྲའི་བོད་ཀྱི་དུས་ཡུན་རིང་བའི་སྲོལ་རྒྱུན་གྱིས་བོད་ཀྱི་བུད་མེད་ཀྱིས་སྐྱེས་པ་དག་ལ་སྲི་ཞུ་དང་བརྩི་བཀུར་བྱེད་དགོས་བ་ངམ་ངམ་ཤུགས་ཀྱིས་བསྟན་ཡོད། ང་ཚོའི་ཡུམ་ཆེན་ཚོ་དང་བུ་མོ་ཚོ། ནུ་སྲིང་ཚོས་དྲི་བ་འདོན་དབང་མེད་པའི་སྒོ་ནས་ཕོས་དབང་བསྒྱུར་བའི་སྤྱི་ཚོགས་ཀྱི་བཀོད་སྒྲིག་ལ་ཚེ་གང་བོ་སྲི་ཞུ་དང་ངོ་སྲུང་བྱས་བ་རེད།
ཚེ་རིང་སྐྱིད་ལགས། ངས་ཁྱེད་ཀྱི་གཏམ་བཤད་དེ་བོད་ཀྱི་བུད་མེད་ཀྱིས་བྱིས་པ་གཉོར་སྐྱོང་དང་ཁྱོ་ག་ལ་བརྩི་བཀུར། མི་ཚེ་ཁྱིམ་ཚང་གི་ཆེད་དུ་བློས་གཏོང་སྐོར་བཀླག་དུས། ཁྱེད་ཀྱིས་ཁྱིམ་ཚང་གི་གྲུབ་ཆ་གཅིག་སྟབས་བདེ་ངང་བསྐྱུར་ཡོད་དེ། སྐྱེས་པ་ཕོ་ཡིས་ཀྱང་ཁྱིམ་ཚང་གི་ལས་ཀ་ལ་ཐུགས་ཁུར་བྱེད་དགོས་པའི་སྐོར་རེད། དཔེར་ན། གཏམ་དཔེར། བྱ་གཤོག་ཆད་ཡིན་ན་འཕུར་མི་ཐུབ་ཟེར་བ་རེད།
ངས་བསམ་ན་འདི་འདྲའི་གཏམ་དཔེ་ནི་བོད་ཀྱི་སྤྱི་ཚོགས་དང་སྦྱར་ན་འོས་བ་ཞིག་རེད། གལ་ཏེ་ང་ཚོས་ཡང་དག་པའི་སྒོ་ནས་སྤྱི་ཚོགས་ཐུན་མོང་འཕེལ་རྒྱས་སུ་གཏོང་དགོས་ཚེ། ང་ཚོས་ངེས་པར་ཏུ་རྩ་བའི་ཆ་ནས་བུད་མེད་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་གཏོང་དགོས། ང་ཚོས་ངེས་པར་ཏུ་སྲོལ་རྒྱུན་རྙིང་པའི་ནད་རྙིང་སྟེ་བུད་མེད་ཀྱིས་རྒྱུ་མཚན་མེད་པར་སྐྱེས་པ་ལ་ཞབས་ཞུ་དང་གཡོག་པོ་བྱེད་དགོས་པའི་ལྕགས་སྒྲོག་དེ་གཏོར་དགོས་སོ།ལག་ལེན་ཁྲོད་ཤིན་ཏུ་ནག་ནོག་གི་དྲི་མས་སྦག་པའི་སྤྱི་ཚོགས་ཀྱི་གདོང་པ་དེ་བཀྲུ་དགོས་ན་གོམ་པ་རིམ་བཞིན་སྤོ་དགོས་པ་རེད།
མ་འོངས་པའི་དམིགས་ཡུལ་ངེས་ཅན་འདི་བསྒྲུབ་པར། ང་ཚོས་ངེས་པར་དུ་ཐོག་མ་ནས་བུ་མོ་སྐྱེས་བའང་བུ་ཞིག་སྐྱེས་བ་ནང་བཞིན་རྩ་ཆེན་པོར་བརྩི་དགོས་ལ། དེང་གི་སྤྱི་ཚོགས་ཁྲོད། བུད་མེད་ཀྱི་འབོད་སྐུལ་ནི་སྐྱེས་པ་དང་འདྲ་བར་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པར་རིན་ཐང་འདྲ་འདྲ་རེད། ཁྱོ་གས་རང་གི་ཆུང་མ་ལ་སྡིག་དམོད་དང་གཅར་རྡུང་བྱེད་པ་ནི་རྩ་བ་ཉིད་ནས་གུ་ཡངས་དང་སྣང་མེད་ལ་འཇོག་མི་ཉན་ལ། བུད་མེད་ལ་གཅར་རྡུང་བྱེད་མི་ཆོག་པའི་རྩ་བའི་ཤེས་བྱ་དེ་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་སུ་ལག་བསྟར་བྱེད་རྒྱུ་དང་། ལུས་སེམས་གཉིས་ཀྱི་ཆ་ནས་བུད་མེད་ཀྱིས་སོ་སོའི་རིན་ཐང་ནི་སྐྱེས་པ་དང་འདྲ་མཉམ་ཡིན་པ་ཚོར་རྒྱུ་ནི་དགེ་མཚན་དུ་མཐོང་། འདི་འདྲའི་འདྲ་མཉམ་ནི་བོད་ཀྱི་བུད་མེད་རྒན་གཞོན་དར་གསུམ་གྱིས་རེ་བ་རྒྱག་བཞིན་ཡོད།
ཁྱེད་ཀྱི་གཏམ་བཤད་ནང་དུ་ཕོ་མོ་འདྲ་མཉམ་ནི་སོ་སོའི་ནུས་པ་ལ་རག་ལས་པ་ལས་དེ་རྩོད་དགོས་པ་ཞིག་མ་རེད་ཟེར། ཁྱེད་ཀྱི་ལྟ་ཚུལ་ལ་གཏན་ཚིགས་ཀྱི་གནད་དོན་ཞིག་ཡོད་དེ། བུ་མོ་གཞོན་སྐྱེས་མ་དང་བུད་མེད་ལ་སྐུལ་སློང་དང་སྤོབས་པ་སྤྲད་ནས་བློ་སྒོ་ཆེ་བསྐྱེད་ཀྱིས་དྭངས་སྐྲག་མེད་པར་སོ་སོའི་བསམ་ཚུལ་ཐད་བརྗོད་དང་སྤོབས་པ་ཆེ་རུ་མ་བཏང་ན་། བུད་མེད་ཀྱི་སོ་སོའི་ནུས་ཤུགས་དང་འཇོན་ཐང་དེ་ཇི་ལྟར་མངོན་ཐུབ་སྲིད།
ལོ་རྒྱུས་ཁྲོད་བུད་མེད་ཀྱིས་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་བྱས་ཡོད། ཁྲིམ་འཛུགས་ཚོགས་པས་བུད་མེད་ཀྱི་ཐོབ་ཐང་དེ་དངས་བླངས་ཀྱིས་སྤྲད་པ་ཞིག་མ་མེད། འདྲ་མཉམ་ནི་སྤྲད་འདོད་ནས་བསྩལ་བ་ཞིག་མ་རེད། ཨ་རི་ལ་མཚོན་ན།སྤྱི་ལོ་གཅིག་དགུ་ཉི་ཤུ་ལོའི་ཐེངས་བཅུ་དགུ་པའི་རྩ་ཁྲིམས་བསྒྱུར་བཅོས་མ་བྱས་བར་བུད་མེད་ལ་འདེམས་ཤོག་འཕེན་པའི་དབང་ཆ་ཨ་རིའི་གྲོས་ཚོགས་ཀྱིས་སྤྲད་མེད། སྙིང་སྟོབས་ཅན་དང་འཇོན་ཐང་ཅན།ཀུན་སློང་ལྡན་པའི་བུད་མེད་ཀྱི་ཚོགས་པ་མང་པོ་ཞིག་གིས་སྟོབས་ཤུགས་གཅིག་བསྒྲིལ་གྱིས་འདེམས་ཤོག་འཕེན་པའི་དབང་ཆ་ཐོབ་པར་འཐབ་རྩོད་བྱས་བ་རེད་ལ། དེང་གི་དུས་སུ་ཐོབ་ཐང་དེ་ཨ་རིའི་བུད་མེད་ཀྱིས་ལོངས་སུ་སྤྱོད་བཞིན་ཡོད་དོ། ཁོ་ཚོར་ཆེས་མཐའ་མཇུག་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་ནི། ཁོ་ཚོའི་ཞུམ་པ་མེད་པའི་ཀུན་སློང་དང་བརྩོན་འགྲུས། འཐབ་རྩོད་བཅས་ཀྱིས་རེད།
ངས་བལྟས་ན་མོ་དབང་རིང་ལུགས་ནི་བོད་པ་ཁ་ཤས་་དང་ལྷག་པར་ཏུ་རྒན་རབས་པ་ཚོའི་ངོར་ཕལ་ཆེར་ཐ་སྙད་གསར་པ་ཞིག་དང་སྐྱི་གཡའ་བའི་མཚན་ཉིད་ཅིག་ཡིན་རྒྱུ་རེད་འདོད། གནད་དོན་འདིའི་སྟེང་། སྤྱི་ཚོགས་ཀྱི་བྱ་འགུལ་གསར་པ་མང་ཆེ་ཤོས་ལ་རྒོལ་མཁན་ཡོད་པས་ངས་ཁྱེད་ཀྱི་རྒོལ་ལན་སྤེལ་རྒྱུ་ཡིན་པ་ཤེས་ཡོད། མོ་དབང་རིང་ལུགས་ཀྱི་སྲོལ་་འབྱེད་མཁན་མང་པོ་ཞིག་ནི་དང་ཐོག་དྲག་སྤྱོད་པ་ཡིན་པར་རློམ་པ་རེད། དམིགས་ཡུལ་དེ་འགྲུབ་ཆེད། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དག་གིས་ཐོག་མའི་ལོ་འགའི་འགུལ་སྐྱོད་ནི་ཀུན་གྱིས་དང་ལེན་མི་བྱེད་པའི་བྱ་སྤྱོད་ཀྱི་ལས་གཞིའི་རྣམ་པར་སྤེལ་བ་ཞིག་རེད།
འོན་ཀྱང་། ཁྱེད་ཀྱིས་བོད་ཀྱི་གཞོན་སྐྱེས་བུད་མེད་དང་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དག་གིས་ནུབ་ཕྱོགས་ཀྱི་རིག་གནས་ལ་ལད་ཟློས་དང་འུར་སྒྲོག་བྱེད་གི་ཡོད་ཚུལ་གྱི་སྐད་ཆ་རྩུབ་པོ་དེ་བཤད་པ་ནི། ཁྱེད་ཀྱིས་ངོ་མ་དགོས་མཁོ་མེད་པའི་སྐད་ཆ་ཞིག་འཕངས་པ་ལགས་ཏེ། དོན་ངོ་མར་ཁོ་ཚོས་ཀུན་གྱི་བདེ་སྐྱིད་ལ་བསམ་པ་དང་། ལྷག་པར་ཏུ་ཉམ་ཐག་ཞུ་འབོད་ཀྱི་ནུས་བ་མེད་པ་དག་ལ་དམིགས་ནས་སྤེལ་བའི་བྱ་འགུལ་ཞིག་རེད། ཁྱེད་ཀྱིས་སྤྱི་ཚོགས་ཀྱི་ལས་དོན་གསར་པ་འདི་ནི་གང་ཟག་སྒེར་བ་ཁ་ཤས་ཀྱིས་སོ་སོ་ལ་དོ་སྣང་བྱེད་པར་དམིགས་པའི་སྒེར་གྱི་དམིགས་ཡུལ་ཡིན་ཚུལ་བརྗོད་ཡོད་མོད། ཁོ་ཚོས་ཐབས་ཕྱོགས་འཚོལ་ཞིབ་དང་གླེང་སྟེགས་གསར་བསྐྲུན་གྱིས་གཞིས་དང་བྱེས་ཀྱི་མི་རབས་དང་རིག་གནས་ཀྱི་བར་ལ་ཟམ་ཆེན་ཞིག་འཛུགས་པར་འདོད་པ་རེད།
དེ་བས། ཁྱེད་ལ་འདྲི་རྒྱུ་ཞིག་ནི་ཁྱེད་ལ་དོན་དངོས་སུ་བདེན་དབང་ཡོད་དམ་མེད།ཁྱེད་ཀྱིས་ཚོད་དཔག་གིས་གསལ་བཤད་དེ་ལྟར་བྱས་པར་དཔེར་མཚོན་བཀོད་དང་། ང་ཚོས་ཁྱེད་ཀྱི་གསལ་བཤད་དེ་ཡང་དག་པར་གོ་བ་ལེན་ཐུབ།
རེད། ང་ཚོ་བོད་ལ་མོ་དབང་རིང་ལུགས་ཀྱི་ཐ་སྙད་འདི་མེད་པས། ང་ཚོས་ནུབ་ཕྱོགས་རིག་གནས་དང་དེའི་ཆེད་སྤྱོད་ཀྱི་ཐ་སྙད་ལ་ལད་མོ་་བྱས་པ་ལྟ་བུར་མངོན་མོད། མོ་དབང་རིང་ལུགས་ནི་རིག་གནས་ཀུན་གྱི་ཁྲོད་ཅི་འདྲའི་བུད་མེད་ལ་ཕན་པ་ཞིག་ཡིན་པ་ལ་ལད་མོ་བྱས་པ་ནི། བོད་ཀྱི་བུད་མེད་ཚོ་ལ་ཕན་སྲིད་པའི་བྱ་གཞག་ཉག་གཅིག་ཏུ་འཁུམས།
ཁྱེད་ཀྱིས་ཉེ་ཆར་སྐྱབས་མགོན་རིན་པོ་ཆེ་ལ་ནིག་ཡོག་དུས་བབ་ཀྱིས་བཅར་འདྲི་བྱས་བ་དེ་མཐོང་བྱུང་ངམ། སྐྱབས་མགོན་རིན་པོ་ཆེ་ཁོང་གིས་ཀྱང་ཁོ་རང་ཉིད་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་བྱེད་མཁན་ཞིག་དང་། བུད་མེད་ལ་ལྷན་སྐྱེས་ཀྱི་བརྩེ་བ་དང་རིག་སྟོབས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་འཇིག་རྟེན་འདི་ནི་བུད་མེད་ཀྱིས་དབུ་ཁྲིད་ན་ལེགས་པའི་ཞིང་ཁམས་ཤིག་ཏུ་དགོངས་འདུགདེ་དང་ཆ་འདྲ་བར། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཀྱང་ཁོང་གི་དེབ་ཅིག་གི་ནང་དུ། བུད་མེད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོབ་དང་། སྤོབས་པ་ཡོད་པའི་ངང་ཕོ་མོ་འདྲ་མཉམ་ཐད་གསར་བརྗེ་ལྡན་པའི་དགོངས་འཆར་ལྷུག་པོ་དང་འབྲེལ་བའི་ལེའུ་ཞིག་དམིགས་ཀྱིས་བསལ་ནས་བྲིས་ཡོད།
དེ་བས། ཁྱེད་ཀྱི་བཤད་ཚུལ་ལྟར་ན། ཁོང་རྣམ་པ་གཉིས་ཀྱིས་ཀྱང་ནུབ་ཕྱོགས་རིག་གནས་ལ་ལད་མོ་བྱས་པ་རེད་དམ།
ཕན་ཚུན་གྱི་ལེགས་པའི་ཆ་དེར་སློབ་སྦྱོང་དང་ལད་མོ་བྱེད་པ་ནི་མིའི་རིགས་ཀྱི་ལྷན་སྐྱེས་གཤིས་ཀ་ཞིག་ཡིན་པ་ཁྱེད་ཀྱིས་རྟོགས་ཡོད་ངེས། ལོ་རྒྱུས་ཁྲོད་ང་ཚོ་བོད་ལ་མཛངས་མ་འགྲན་སྡུར་བྱེད་སྲོལ་མེད་མོད།འོན་ཏེ་ཁྱེད་ཀྱིས་བོད་ཀྱི་མཛངས་མའི་མཚན་གནས་དེ་ཁུར་ཡོད་པའང་ནུབ་ཕྱོགས་རིག་གནས་ལ་ལད་མོ་བྱས་པའི་བརྒྱུད་རིམ་ཁྲོད་ནས་བྱུང་བའི་ཐོན་རྫས་ཤིག་རེད། འོན་ཀྱང་ཁྱེད་ཀྱིས་མཚན་གནས་དེ་ཡོངས་ཁྱབ་ཀྱིས་བརྫད་བྱུང་།
ངའི་རེ་བ་ནི། མ་འོངས་པར་ཁྱེད་ཀྱིས་བོད་ཀྱི་མཛངས་མ་དང་གསར་འགོད་པའི་མཚན་གནས་དེ་བེད་སྤྱོད་ཀྱིས་བོད་ཀྱི་གཞོན་སྐྱེས་བུད་མེད་དང་སྐྱེས་མ་ཚོས།སྤོབས་པ་ཆེར་བསྐྱེད་ཀྱིས་དོན་དངོས་དང་སྤྱི་ཚོགས་ཀྱི་འདྲ་མཉམ་སྐོར་གླེང་བ་ལ་དམའ་འབེབས་མ་བྱེད་རོགས། ངས་ཤེས་པ་ནི་གཞིས་བྱེས་གཉིས་ན་སོ་སོས་དམ་བཅས་ཏེ་ཕོ་མོ་འདྲ མཉམ་ཐད ཀྱི་རྩོད་རྙོག་ལ་འཐབ་རྩོད་བྱེད་པ་ནི། བོད་ཀྱི་སྐྱེས་པ་དང་བུད་མེད། ཁྱིམ་གཞི་འདིའི་གནས་བབ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བར་ཤུགས་རྒྱག་བཞིན་པ་རེད།
ཁྱེད་ཀྱིས་བོད་ཀྱི་མཛངས་མའི་མཚན་གནས་དེ་ཁུར་ཡོད་པས།བོད་ཀྱི་ནུ་སྲིང་མོ་ཚོ་སྣེ་ཁྲིད་དང་སློབ་སྟོན་བྱེད་པའི་ཚབ་མཚོན་མི་སྣ་ཞིག་འཁྱོངས་པར་ཁྱེད་ལ་དམིགས་བསལ་གྱི་ཐོབ་ཐང་དང་གོ་སྐབས་ཡོད་པ་རེད། འདི་ནི་ང་ཚོ་བོད་ཀྱི་བུད་མེད་ཚོས་ཁྱེད་ལ་བཅིངས་བའི་རེ་བ་སྟེ་ཁྱེད་ཀྱིས་མ་འོངས་བར་བོད་ཀྱི་གཞོན་ནུ་མ་ཚོས། ང་ཚོའི་རྒྱབ་སྐྱོར་དང་ལམ་སྟོན་བྱེད་པར་རེ་བ་ལ་སྣེ་ཁྲིད་བྱེད་རྒྱུ་དེའོ།
བོད་ཀྱི་བུད་མེད་ཚོར་ནང་པའི་ལུགས་ལ་ཐོབ་ཐང་མ་སྤྲད་པ་གང་ཡང་ཡོད་པ་མ་རེད། གང་ཡིན་ཞེས་ན་བུད་མེད་ཀྱིས་འདི་བྱེད་ཆོག་དང་འདི་བྱེད་མི་ཆོག་ཟེར་བ་ཞིག་མེད། དེང་དུས་དགེ་སློང་མའི་སྡོམ་རྒྱུན་དགོས་ཀྱི་ཡོད་ཟེར་ནས་ཐོབ་ཐང་ཞིག་རྩོད་ཀི་ཡོད་པ་འདྲ་བོ་མཐོང་སོང་། དགེ་སློང་མའི་སྡོམ་རྒྱུན་ནི་བུད་མེད་ཚོ་མ་འཇོན་ནས་རྒྱུན་སྐྱོང་མ་ཐུབ་པ་ལས་གཞན་བཀག་སྡོམ་བྱས་པ་སོགས་གང་ཡང་མ་རེད། རྡ་སའི་དགེ་ལྡན་ཆོས་གླིང་བཏབ་ནས་ལོ་ངོ་སུམ་བཅུ་ལྷག་སོང་ཡོད་པ་རེད། འོན་ཀྱང་བགེ་བཤེས་དང་མཁན་པོ་ཚད་ལྡན་ཞིག་ད་བར་དུ་ཐོན་ཐུབ་ཡོད་པ་མ་རེད། བཙུན་མའི་དགོན་གྱི་དགེ་རྒན་ཡོད་ཚད་གྲྭ་བས་བྱས་ཡོད་པ་རེད། འདི་ནི་སུ་ཞིག་གིས་ཐོབ་ཐང་མ་སྤྲད་པ་མ་རེད། བུད་མེད་ཚོས་མ་འཇོན་པ་ཁོ་ན་རེད། གཟུགས་པོ་ཆ་ནས་ཕོ་མོ་གཉིས་ལ་སྟོབས་ཆེ་ཆུང་ཡོད་པ་གསལ་པོ་རེད། དེས་རྐྱེན་གྱིས་སྐབས་རེ་བུད་མེད་ལ་གཅར་བརྡུང་སོགས་ཀྱི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་རེད། འདི་ནི་རང་བཞིན་གྱི་སྟོབས་ཆེ་ཆུང་ལས་བྱུང་བ་མ་གཏོགས་ཐོབ་ཐང་སྤྲད་མ་སྤྲད་གང་ཡང་མིན། བུད་མེད་ཚོ་སྐྱེས་པ་ལས་འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཐོབ་ཐང་མ་རེད། བུད་མེད་ཚོར་སེམས་ཤུགས་ཆུང་བས་རེད། དེ་མིན་བོད་ཀྱི་ཆོས་དང་རིག་གཞུང་གང་གིས་ཐད་ནས་ཕོ་མོ་འདྲ་མཉམ་ཡིན། ནུབ་ཕྱོགས་ཡུལ་ལ་ཆ་བཞག་ནའང་སྲིད་འཛིན་རེ་གཉིས་ལས་མེད། དེ་ནི་བུད་མེད་ཚོར་ཐོབ་ཐང་མ་སྤྲད་པ་གང་ཡང་མིན། །
ཧ་ཧ་་་་་་ཚེ་རིང་སྐྱིད། དངོས་གནས་དེ་ལྟར་བཤད་ཡོད་ཚེ་ཅུང་ཐལ
འདུག་ད་་་་་
འདི་རྩོམ་ཡིག་ལེགས་པོ་ཞིག་ཏུ་མཐོང་སོང་། ཡིན་ནའང་བོད་ཡིག་སྒང་ནས་འབྲི་ཐུབ་མེད་པ་ནི་བུད་མེད་བསམ་བློ་བ་དང་བུད་མེད་ཐོབ་ཐང་གླེང་མཁན་ཞིག་གི་ཞན་ཆ་གཙོ་བོ་རེད། རྒྱུ་མཚན་ཁྱོད་ཀྱི་ཁ་ཕྱོགས་ས་དེ་བོད་པའི་སྤྱི་ཚོགས་ཡིན་པས་རེད། ལྷག་པར་དུ་ཡིག་རིགས་གཞན་པ་ལ་བརྟེན་ནས་བྲིས་པ་དེ་སྤྱི་ཚོགས་ནང་མཐོང་འཇོག་གི་མ་རེད། རེ་བ་ལ་རྗེས་མ་འདི་ལས་ཆེད་རྩོམ་རྒྱས་པ་བོད་ཡིག་ཐོག་ཡོང་རྒྱུར་སྒུག་བསྡད་ཡོད།
ཚེ་རིང་སྐྱིད་ནི་གནས་ལུགས་དང་རྒྱུ་མཚན་གཞི་ལ་བཅོལ་ནས་གཏམ་བཤད་བྱེད་མཁན་ཞིག་མ་ཡིན་པར་སྒེར་གྱི་ཚོར་བ་དང་ན་ཚ་གཙོ་བོར་བཟུང་ནས་སྐད་ཆ་བཤད་མཁན་ཞིག་རེད། གལ་སྲིད་ཨ་རིའི་རྒྱལ་སར་ཡོད་པའི་མ་ཅིག་ཚོགས་པ་སོགས་བོད་ནང་གི་ཤེས་ཡོན་དང་བུད་མེད་ཀྱི་ཐོབ་ཐང་གཙོ་བོར་གཉེར་བའི་ཚོགས་པ་དེ་དག་གིས་ཚེ་རིང་སྐྱིད་ལ་གོ་སྐབས་དང་གདེང་འཇོག་སྐམ་པོ་སོགས་ཕུལ་ཡོད་ཚེ། ཚེ་རིང་སྐྱིད་ཀྱིས་བུད་མེད་ཀྱི་ཐོབ་ཐང་ལབ་ནས་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱི་ཡོད་པ་ཐག་བཅད་ནས་བརྗོད་ཐུབ་མོད། དེ་ཚོས་ཚེ་རིང་སྐྱིད་ལ་ཁ་ཡ་ཙམ་ཡང་བྱེད་ཀྱི་མེད་རྐྱེན་ཚེ་རིང་སྐྱིད་ཀྱིས་སྒེར་གྱི་ཚོར་བའི་ན་ཚ་དེ་རྡ་ལམ་ས་ལར་སྐྱུགས་པ་ཙམ་རེད།
ཧ་ཧ་དང་པོ་རང་གི་རིག་གཞུང་དེ་ངོས་འཛིན་ཤེས་དགོས་པ་རེད། རྗེས་ནས་མི་རིགས་གཞན་དང་བསྡུར་ན་བོད་རིགས་བུད་མེད་ལ་ཐོབ་ཐང་ག་འདྲ་ཡིན་མིན་ཤེས་ཀྱི་རེད། འཇམ་དབྱངས་སྐྱིད་ཀྱིས་རང་གི་ཨ་མའི་བྱེད་སྟངས་ལ་སྐྱུག་མོ་ལངས་ཚུལ་བཤད་ཡོད་པ་རེད། དེ་མིན་བོད་ནང་གི་བུད་མེད་གཞན་ཞིག་གིས་བུད་མེད་ཀྱི་ཐོབ་ཐང་བརྩད་དེ་རང་གི་ཕ་མ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྦྲང་ཆར་ཐོག་བཏོན་པ་རེད།
མདོར་བསྡུས་ནས་བཤད་ན་རང་གི་སྲོལ་རྒྱུན་ལ་དགག་པ་ནི་མའོ་ཙེ་ཏུང་གི་གསུང་རྩོམ་ལ་སློབ་སྦྱོང་བྱས་པའི་འབྲས་བུ་རེད། མི་འདི་ཚོ་གྲལ་གྱིས་ནམ་ཡང་མའོ་ཙེ་ཏུང་གི་བསམ་བློ་བློས་གཏོང་བྱེད་ཐུབ་ཀྱི་མ་རེད་ལ། རིག་གཞུང་ཟེར་བ་ཡང་ནམ་ཡང་ངོས་འཛིན་བྱེད་མི་ཤེས། བུད་མེད་ཐོབ་ཐང་ཟེར་བ་དེ་བརྩད་དེ་རང་གི་ཕ་མ་ལ་སྐྱོན་མཚང་དྲིས་ནས་ཐོབ་རྒྱུ་ཞིག་མ་རེད། རང་སྟེང་ནས་ནུས་པ་བཏོན་ཏེ་ཐོབ་དགོས་པ་ཞིག་རེད།
མཛེས་མ་ཚེ་རིང་སྐྱིད་ཀྱིས་གསུང་པར་རྒྱབ་སྐྱོར་ཡོད། ནུབ་ཕྱོགས་སུ་བུད་མེད་ཀྱི་ཐོབ་ཐང་དང་དབྱེ་འབྱེད་མི་ཆོག་པར་འདྲ་མཉམ་གྱི་ཁྲིམས་སོགས་བྱུང་དོན་ནི། ཁོང་ཚོ་སྔོན་མ་ཤར་ཕྱོགས་ལས་ཧ་ཅང་གི་གདུག་རྩུབ་ཅན་གྱི་སྤྱི་ཚོགས་ཤིག་དང་། བུད་མེད་ཀྱི་ཐོབ་ཐང་ཞིག་ཕར་བཞག་སྟེ། བུད་མེད་ཀྱི་སྟུ་ལ་ཁྱོ་གས་ཟ་བརྒྱབས་ཏེ་གཅིན་སྐྱག་འདོར་ཐུབ་ཙམ་བཟོས་པ་ལྟ་བུ། བུད་མེད་ནི་ཁྱོ་གའི་འདོད་པ་བསྐོང་བྱེད་དང་ཕྲུ་གུ་བཙའ་བྱེད་ཀྱི་ཅ་ལག་ཙམ་དུ་བརྩིས་པ། མི་རིགས་དཀར་ནག་དབྱེ་འབྱེད་ཀྱིས་མི་རིགས་ནག་པོ་ཚོ་དུད་འགྲོ་ནང་བཞིན་དམར་ཧྲེང་མར་ཁྲོམ་ནས་ཚོང་རྫས་བྱེད་པ་དང་། ཨ་རི་དང་ཨོ་སི་ཁྲི་ལི་ཡ་སོགས་ཀྱི་གདོད་མའི་མི་རིགས་རྣམས་རི་དྭགས་ནང་བཞིན་གང་བྱུང་མང་བྱུང་གསོད་པ་སོགས། ནུབ་ཕྱོགས་རང་གི་བློ་གཟུ་བོར་གནས་པའི་མཁས་དབང་ཚོས་དེབ་བརྒྱ་ཕྲག་མང་པོ་བྲིས་ཡོད་པ་རེད། གནས་ཚུལ་དེ་ཚོའི་སྐོར་བོད་པའི་ནང་ནས་ཀྱང་དགེ་འདུན་ཆོས་འཕེལ་དང་༧གོང་ས་༡༤པ་གཉིས་ཀྱིས་ཤུགས་ཆེན་པོ་གསུང་པ་མཐོང་སོང་། རྒྱབ་ལྗོངས་དེ་འདྲ་ཅིག་གི་འོག་ནུབ་ཕྱོགས་པ་ཚོས་བུད་མེད་ཀྱི་ཐོབ་ཐང་དང་མི་རིགས་དཀར་ནག་གི་ཐོབ་ཐང་རྩོད་དགོས་བྱུང་བ་རེད་ད།
བོད་ཆོས་ལྡན་གྱི་རྒྱལ་ཁབ་ནང་སྔར་ནས་བུད་མེད་ལ་མཐོང་ཆུང་ཁྱད་བསོད་ཀྱི་ལོ་རྒྱུས་མེད་པ་མ་ཟད། བོད་ཀྱི་ས་གནས་ཁ་ཤས་ནང་གནའ་སྔ་མོ་ནས་དུས་རབས་མང་པོར་བུད་མེད་ཀྱིས་རྒྱལ་བོ་བྱས་ཏེ་དབང་ཆ་མཐོ་ཤོས་བཟུང་བ་ལོ་རྒྱུས་ནང་བྲིས་ཡོད་ལ། བོད་བཙན་པོའི་རྒྱལ་དུས་སུའང་བུད་མེད་དབང་ཆ་ཅན་མང་པོ་བྱུང་སྟེ་རྙོག་བྲ་ཡང་མང་པོ་བཟོས་མྱོང་ཡོད། ལྷག་པར་བོད་ཀྱི་བུད་མེད་ཚོ་ཁྱོ་ག་ལས་དབང་དང་བསམ་རྒྱུ་འབེལ་བོ་ཡིན་པའི་དཔེ་མཚོན་ཅིག་ནི། སོ་སོ་སྒེར་གྱི་ཁེ་ཕན་ཆགས་ཞེན་གཙོར་བཟུང་གིས་ཐོག་མར་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་དང་མ་ཅིག་ལབ་སྒྲོན་སོགས། རྒྱ་གར་དང་ཨབ་གྷན་གྱི་མི་འཁྱམ་དེ་འདྲ། མི་རིགས་གཞན་ལ་ཆང་ས་བརྒྱབས་པ་དང་འཁྲུག་སྤྱོད་བྱེད་མཁན་མང་པོ་བྱུང་ཡོད་ལ། དེ་རྗེས་ཁ་ཆེ་ཀ་ཤེ་མེར་གྱི་ཚོང་རིགས་ལ་བོད་པའི་བུད་མེད་གྲངས་མེད་ཀྱིས་ཆང་ས་བརྒྱབས་ཡོད། ཐ་ན་ཕྱི་གླིང་མགོ་སེར་གྱི་རིགས་ལའང་དང་པོར་བོད་པའི་བུད་མེད་ཚོས་ཕར་ཆང་ས་བརྒྱབས་ཡོད། འདི་ཚོའི་སྟེང་ནས་བོད་པའི་ཕོ་ཁྱོ་ག་རྣམས་བུད་མེད་ལས་རྗེས་ལུས་དང་། བུད་མེད་རྣམས་ཧ་ཅང་འཁྲུག་པོ་རེད། དེའི་སྟེང་ནས་བོད་པའི་སྤྱི་ཚོགས་དེ་བུད་མེད་སྟེང་ཇི་ཙམ་གུ་ཡངས་པོ་ཡིན་པ་མཚོན་ཐུབ།
ལྷག་པར་དབུས་གཙང་མངའ་རིས་དང་བཅས་པ་ནས་བུད་མེད་རྣམས་སྐྱེས་པ་ཕོ་ལས་ཧ་ཅང་དབང་ཆེན་པོ་དང་། ཁྱོ་ག་རྣམས་ནང་གི་ཨ་མ་ལབ་དུས་ཞེད་ཐག་ཆོད་འགྲོ་གི་རེད་ད། མི་བདེན་གི་བསམ་ན་ལྷ་ས་ལྟ་བུར་ལྟོས་དང་། བུད་མེད་ཚོས་ཆང་ཚོད་མེད་འཐུང་། མ་ཇང་རྩིས་ཏེ་སྐྱིད་སྐྱིད་ཞེ་གཅིག་བཏང་བསྡད་ན། ཁྱོ་ག་ཚོས་ཕྲུག་གུ་ལ་བདག་བྱས། ལས་ཀ་བྱས་ཏེ་ཁྱིམ་ཚང་གི་ཁ་གསོ་དགོས་པ་རེད། ད་དུང་བུད་མེད་ཚོར་ཟུར་གསལ་ཡོད་པའི་སྟེང་ཁྱིམ་དུ་སླེབས་ན་ཁྱོ་ག་ལ་གཤེ་གཤེ་རོ་འདྲ་ཅིག་བཏང་གི་རེད། ད་དེ་འདྲ་ལ་དུ་དུང་ཐོབ་ཐང་ལྷག་མ་འདྲ་སྤྲོད་དགོས་རེད་དམ།
ཁམས་ཕྱོགས་སུ་བུད་མེད་ཀྱིས་ཁྱོ་ག་ལ་གུས་བརྩི་དང་རང་བཞིན་གྱིས་ཁྱོ་ག་མཐོང་ཆེན་བྱེད་པ་བདེན་པ་རེད་མོད། བུད་མེད་ལ་དེ་འདྲ་སྡུག་པོ་བཏང་གི་མ་རེད་ལ། གལ་ཏེ་བཏང་ན་བུད་མེད་ཀྱི་ནང་མིས་ཀྱང་གྱོད་བྱས་ཏེ་ལས་སླ་བོ་བཞག་གི་མ་རེད།
ཨ་མདོ་ཕྱོགས་སུ་བུད་མེད་སྟེང་རྙོག་བྲ་གང་འཚམས་རེ་ཡོད་ན། དེས་བོད་ཀྱི་གནས་ཚུལ་ནམ་ཡང་མཚོན་མི་ཐུབ། ཨ་མདོའི་ཕྱེད་ཀ་རྒྱ་ནག་དང་དེ་ལས་ཀྱང་ཁ་ཆེ་རང་གི་རིག་གཞུང་གོམས་གཤིས་ནང་བསྟུམས་ཡོད་པས། རྒྱ་ཁ་ཆེ་ཚོའི་སྤྱོད་ལམ་བུད་མེད་སྟེང་ཧ་ཅང་གིས་གདུག་་རྩུབ་ཆེན་པོ་རེད། དེ་མིན་གྱི་ཨ་མདོའི་ཕྱེད་ཀ་དེ་འབྲོག་པ་དང་དེའི་ནང་ནས་སོག་པོའི་རིག་གཞུང་གིས་ཁྱབ་ཡོད་པས། སོག་པོ་མགོ་ལེབ་ཚོ་ཡང་བུད་མེད་སྟེང་བཟོད་སྒོམ་ཆུང་ཆུང་རེད་དེ། རྒྱ་ཁ་ཆེ་ལས་དྲག་ཙམ་ཡོད་རེད།
གང་ལྟར་དེ་འདྲ་ལ་བརྟེན། ཨ་མདོའི་བུད་མེད་ཀྱི་གནས་སྟངས་བོད་ཀྱི་ཐོག་དཔེ་འགེབས་བྱེད་མི་ཐུབ་པར་མ་ཟད། ལྷག་པར་ནུབ་ཕྱོགས་ཀྱི་བུད་མེད་ཐོབ་ཐང་སོགས་བོད་ཀྱི་སྟེང་ཁྱོན་ནས་མི་མཛའ། དོན་དངོས་སུ་བོད་ཀྱི་སྐྱེས་པ་ཚོས་བུད་མེད་སྟེང་སྐད་འབོད་བྱེད་དགོས་པའི་གནས་སུ་གྱར་གྲབས་ཡོད་རེད། བཙན་བྱོལ་སྤྱི་ཚོགས་ནང་ལྟ་བུར་བོད་པ་བུད་མེད་ཚོ་སྐྱེས་པ་ཕོ་ལས་ལྡབ་འགྱུར་གྱི་མ་རབ་དང་འཁྲུག་པོ་ཡོད་རེད། བོད་མོ་ཚོ་རྒྱ་གར་དང་ཕྱི་མི། གྲ་ལོག་སོགས་ཀྱི་རྐུབ་ལ་ཤོར་ཏེ་ཁྱོ་ག་རྣམས་སྨྱོན་པ་ཆགས་བསྡད་པ་དང་སེམས་ཁམས་ཐང་ཐང་མེད་པ་ཆགས་བསྡད་པ་མང་པོ་ཡོད་པ། ད་དེ་ལྷག་གི་ཐོབ་ཐང་ཞིག་དགོས་ཚེ། བོད་ཀྱི་སྐྱེས་པ་ཚོར་མུ་གེའི་སྟེང་ལ་ཟླ་ལྷག་ཟེར་བ་དེ་ཡོང་ས་རེད་ད།
ནུབ་ཕྱོགས་ཀྱི་བུད་མེད་འཐབ་རྩོད་པའི་སྐོར་གྱི་གློག་བརྙན་ལ་བལྟ་ཡ་མང་དྲགས་པ་རེད།
ངས་ཁ་སྔོན་ནས་དྲི་བ་ཁག་ཅིག་དྲིས་ཡོད་་ http://www.khabdha.org/?p=74206
འདན་མ་སྐྱབས་ཟེར་བ་འདིས་རིགས་རྒྱུད་ཀྱི་མཆེད་ཁུངས་བཤད་ཀྱི་འདུག་གམ་་དགོད་བྲོ་བ་ལ། ང་ཨ་མདོ་ཞིག་ཡིན། བོད་ནས་ཡོང་བ་ཡིན། མ་རེད། ཨ་མདོ་ནས་ཡོང་བ་ཡིན། མདོ་སྟོད་ཁམས་པས་བུད་མེད་ལ་ལག་པ་མི་འགྱོག་ཨེ་་་ཧ་ཧ་ཧ་་་མདོ་སྟོད་ཁམས་པ་དང་། མདོ་སྨད་ཁམས་པ་བསྡུར་བ་ཡིན་ན་བུད་མེད་ལ་ཚོད་མེད་དུ་ཉེས་རྡུང་གཏོང་མཁན་མདོ་སྟོད་ཁམས་པ་རེད་ལ། བུད་མེད་གདོན་རྫས་སུ་བརྩི་མཁན་ཡང་མདོ་སྟོད་ཁམས་པ་རེད། ནག་ཆུའི་རྩོམ་པ་པོ་བསྟན་པ་ཡར་རྒྱས་ཀྱི་བརྩམས་སྒྲུང་༼ ཁྲག་གི་ཟེགས་མ་མཁའ་རུ་འཕྱོ་བའི་གངས་རི་དམར་པོ་༽ཞེས་པར་གཟིགས་མྱོང་ངམ། མདོ་སྟོད་ཁམས་པ་ཚོས་བུད་མེད་ལ་ག་རེ་བྱེད་ཀྱིན་འདུག ཧ་ཧ་ཧ་་་ སྤྱིར་ན་མདོ་ཁམས་སྟོད་སྨད་ལ་དམག་མིའི་གཤིས་ཀ་ཡོད་པས་རྩུབ་པོ་ཡོད་རེད། སྐྱག་པའི་ནང་ན་བཟང་ངན་ཡོད་ནི་མ་རེད།
ཕ་རོ་མ་རོ་ཟེར་ནས་སྐྱེས་དམན་ལ་རྡུང་མཁན་དང་་ཨ་བ་ཨ་མ་ཟེར་ནས་སྐྱེས་དམན་ལ་རྡུང་མཁན་ནི་མདོ་ཁམས་སྟོད་སྨད་གཉིས་ཀའི་ནང་དུ་ཡོང་གི་ཡོད་པ་འདྲ་ཡང་། གཉིས་ཀའི་སེམས་ལ་ཕོ་ཁྱོ་གས་བུད་མེད་ལ་ལག་འཇོག་པ་ནི་ངོ་ཚ་དགོས་པ་ཞིག་ཏུ་ཏན་ཏན་བརྩི་གི་རེད།
བོད་ལ་མཚོན་ནའང་་་ལྷ་ས་ཁུལ་དུ་བུད་མེད་ལ་མཐོང་ཆེན་པོ་རེད་མ་གཏོགས་ས་ཡུལ་གཞན་དུ་གཅིག་མཚུངས་རེད། དེའི་རྐྱེན་གྱིས་དེ་ནི་སྐྱེས་པ་ཚོས་ངོས་ལེན་བྱེད་ཐུབ་དགོས་པ་ཞིག་རེད་ལ། ལོ་རྒྱུས་ཀྱང་རེད།
དེང་སང་དེ་ལྟ་བུ་ཧ་ཅང་ཉུང་ཉུང་ངམ་་་ཕལ་ཆེར་ཡོང་གི་མེད་པ་རེད། དེ་མིན་རོགས་རྩོད་ལ་བརྟེན་ནས་ཕོ་གྱོད་མོ་གྱོད་ཡོང་བཞིན་པ་ནི་འདོད་ཆགས་མ་ཟད་བར་དུ་ཡོང་ངེས་པ་ཞིག་རེད་དོ།
བོད་མོའི་ཐོབ་ཐང་རྩོད་མཁན་ཚོས་བརྗོད་བཞིན་པའང་འདིའི་རིགས་མ་རེད་དོ།
ཡག་པོ་བྲིས་འདུག མདོ་སྟོད་སྨད་ཀྱི་ཕོ་མཆོག་མོ་དམན་སྐོར་ལ་ནོར་ཡོད་མེད་གནད་དོན་མ་རེད། རྩོམ་འཕྲིན་འདིའི་ལངས་ཕྱོགས་དང་ཀུན་སློང་དཔེ་མི་སྲིད་པའི་ཡག་པོ་རེད། དེ་ལས་ཀྱང་ང་ཚོར་འདི་ལྟ་བུའི་སྐྱེས་མ་དགོས་པ་རེད་མ་གཏོགས་ལབ་རྒྱག་མཁས་པའི་ཚེ་རིང་སྐྱིད་ལྟ་བུ་མང་སོང་བ་རེད་འདོད། ཚེ་རིང་སྐྱིད་ཡ་ཚེ་རིང་སྐྱིད་་་ཧ་ཧ་་་སྐད་ཆ་དེ་འདྲ་བཤད་ཡོད་པ་བདེན་ན་སྔོན་ཆད་ཚེ་རིང་སྐྱིད་རྡ་སར་ཡོད་དུས་ཀྱི་སྐད་ཆ་དག་གང་དུ་སོང་བ་རེད། ད་དུང་ཁྱོས་བཤད་པས་”ངས་བུད་མེད་ཀྱི་ཐོབ་ཐང་རྩོད་ཀྱིན་མེད་མོད། ཐོབ་ཐང་ལེན་དགོས་ཟེར་ནས་བཤད་ཀིན་ཡོད། སྐྱེས་པ་ཚོའི་བརྙས་བཅོས་ཁུར་ནས་མི་འདུག་པར་ཕོ་མོ
འདྲ་མཉམ་གྱི་ལྟ་ཚུལ་ཞིག་བོད་བུ་མོ་ཀུན་གྱི་སེམས་ལ་འཇོག་དགོས”་ཟེར་བའི་དམ་བཅའ་དེ་ཚོ་འགྲུབ་སང་བ་ཨེ་རེད། ཧ་ཧ་ཧ མ་གཞི་མི་ཞིག་གི་བསམ་བློ་འགྱུར་བ་ཐེབ་པ་ཧང་སང་རྒྱུ་ཡོད་མ་རེད། འདི་ལ་ཨ་ཅང་ཅང་ཤོད་མི་དགོས་པ་ཞིག་རེད། འོན་ཀྱང་གནད་དོན་འདི་ལྟ་བུ་དང་གནས་ཚུལ་འདི་འདྲ་བ་ལ་ཚེ་རིང་སྐྱིད་ཀྱི་སྔ་ཕྱིའི་བར་གི་སྐད་ཆ་དེ་དག་བསམ་ན་ཧ་ཧ་གནད་དོན་ཞིག་ཡོད་པ་ཐག་ཆོད་རེད། གོང་གི་མངོན་སུམ་སྨྲ་བ་ཟེར་བ་དེར་གནས་ལུགས་རྩ་བ་ནས་མེད་པར་སྟོང་བཤད་ཙམ་ཞིག་ཡང་མ་རེད། ཡང་མིན་ན་ཚེ་རིང་སྐྱིད་ཨ་རི་ནས་སྐྱུནམང་སོང་བས་བོད་ནང་གི་སྐྱེས་མའིནགནསནསྟངས་བརྗེད་སང་བ་ཨེ་ཡིན་ལ། ཧ་ཧ ད་དུང་ཚེ་རིང་སྐྱིད་ཕོ་མོའི་ཐོབ་ཐང་དང་ནུབ་ལུགས་ཀྱི་གོམ་སྲོལ་བོད་ལ་འདྲེན་པར་དེ་འདྲ་རང་མཉེས་པོ་མེད་མཁན་གྱི་སྐུ་ཞབས་འཇོན་པོ་ཞིག་ལ་སེམས་ཤོར་བ་མང་དྲག་པ་མིན་འགྲོ ཧ་ཧ་ཧ ཀུ་རེ་ཡིན
རྩོམ་འདི་ཡག་པོ་བྲིས་འདུག དོན་དངོས་དང་སྦྱར་ནས་བྲིས་འདུག བོད་པའི་སྤྱི་ཚོགས་ཁྲོད་བུད་མེད་ལ་མཐོང་ཆུང་དང་བརྙས་དམོད་བྱེད་མཁན་མང་། ཁ་ནས་མ་གྱུར་སེམས་ཅན་ཐམས་ཅད་ལབ། ལག་ནས་ལག་ལེན་ཅི་ཡང་མི་བྱེད་པ་ང་ཚོའི་མི་རིགས་འདི་རེད།
ཚེ་རིང་སྐྱིད་ཀྱི་ཡོན་ཏན་འདྲ་ཡོད་ན་འགྲིག་འདུག རྒྱ་ཡིག་བོད་ཡིག་གཉིས་ཆ་ཡག་པོ་འདུག ཚེ་རིང་སྐྱིད་ཀྱིས་གཏམ་བཤད་བྱས་པ་དེ་ངས་ཀྱང་བཀླགས་མྱོང་། ཡག་པོ་བཤད་འདུག་བསམ་བྱུང་། ཁྱེད་རང་ཚོས་བུད་མེད་ཀྱི་ཐོབ་ཐང་རྩོད་དགོས་པ་མ་རེད། འཇོན་ན་ཁྱེད་རང་ཚོའི་ཕྱག་ཏུ་ཡོད་པ་རེད། བོད་ཀྱི་ཆོས་རིག་གང་གིས་ཀྱང་བུད་མེད་ཚོར་མཐོང་ཆུང་བྱས་མེད། མ་ཅིག་ལབ་སྒྲོན་གྱི་སྐབས་དེར་བོད་ཀྱི་བླ་ཆེན་ཡོངས་རྫོགས་ཀྱིས་མོ་ལ་བརྩི་བཀུར་བྱས་ཡོད། དེ་དང་དེ་བཞིན་བོད་ས་ཡོངས་རྫོགས་ན་དེ་འདྲ་ཡོད་པར་སྣང་། ནུབ་ཕྱོགས་ཡུལ་ན་མི་རིགས་ནག་པོ་ཚོར་གཉའ་གནོན་བྱས་ཡོད་ཟེར་བའང་ཨེ་བདེན་ན། སོ་སོས་མ་འཇོན་ན་མིའི་གཡོག་ཏུ་འཚུད་ཀྱི་ཡིན་པ་འཇིག་རྟེན་གྱི་ཆོས་ཉིད་རེད། འཇོན་ན་ལྟོས་དང་། ད་ལྟའི་ཨ་རིའི་སྲིད་འཛིན་ནི་མི་རིགས་ནག་པོ་རེད། སུ་ཞིག་གིས་གཉའ་གནོན་བྱས་མི་འདུག་གོ །
མ་ཅིག་ལབ་སྒྲོན་གྱི་སྐད་ཆ་ཞིག་འདུག་ག བདེན་པ་རེད། འཇོན་ན་ཚང་མས་བརྩི་བཀུར་བྱེད་པ་རེད། ཚེ་རིང་སྐྱིད་ལྟ་བུ་རེད།འཇོན་སོང་བས་ཚང་མས་ཚེ་རིང་སྐྱིད་ཟེར་ནས་ཁ་ལ་འཁྱེར་གི་ཡོད་པ་རེད། འཇོན་མཁན་ཚོས་མི་འཇོན་མཁན་ཚོར་མཐོང་ཆུང་དང་སྣང་མེད་བཏང་ན་དེ་ཅི་ཞིག་རེད། འགན་མ་ཁུར་བ་ཟེར་བ་རེད། ལྷག་ཏུ་སྐྱེས་མ་འཇོན་མཁན་ཚོས་ཞིང་འབྲོག་མང་ཚོགས་ཀྱི་སྐྱེས་མ་དེ་ཚོར་འགན་མ་ཁུར་བའི་སྐད་ཆ་དེ་འདྲ་བཤད་ན་རང་ཉིད་དང་རང་ཉིད་ཀྱི་སྤྱི་ཚོགས་ངོས་མ་ཟིན་པ་རེད། མི་འཇོན་མཁན་དང་ཤེས་ཡོན་མེད་མཁན། ཡིག་སྨོང་བའི་ཞིང་འབྲོག་སྐྱེས་མ་ཚོས་སྐད་ཆ་དེ་འདྲ་བཤད་ན་གླེང་གཞི་བཟོན་གང་ཡང་ཡོད་མ་རེད། རྒྱུ་མཚན་ཁོ་ཚོར་ཁག་མེད་ཅེས་པའི་ལན་ཁོ་ན་ལས་ཡོད་མ་རེད། འུ་ཚོའི་འཚོ་བའི་ཁྲོད་དུ་སྐྱེས་མ་ཚོས་ནམ་རྒྱུན་ཁ་ནང་གོམ་ལོབས་སུ་སོང་ཡོད་པའི་སྐད་ཆ་ནི། “བུ་མེད་ཟེར་བ་དེ་ལས་མ་དག་པ་རེད་ལ། སྐྱེ་བ་བུ་མེད་ཅིག་བླངས་ཟིན་པས་ཁྱོ་གར་གཡུག་རྒྱུག་བྱེད་པ་ལས་དབང་རེད། སྐྱེ་བ་རྗེས་མར་བུ་མེད་ཅིག་གི་ལུས་མི་ལེན་པར་ཤོག” ཁྱོད་ཀྱི་མ་ཡུམ་དྲིན་ཆེན་མ་འདུས་པའི་ང་ཚོའི་ཨ་མ་དག་གི་ཁ་ནང་ནས་སྐད་ཆ་འདི་རྒྱུན་ལྡན་ཡིན། ཁོ་མོ་ཚོས་དེ་ལྟར་བསམ་ཡང་བསམ་པ་རེད། དེ་ལྟར་བསམ་པའི་རྒྱུ་མཚན་བག་ཆགས་ཤིག་ལ་ཐུག་པ་རེད། བག་ཆགས་དེ་བཟོ་མཁན་སུ་སུ་རེད། སྔ་མོའི་མི་སྣ་རླབས་ཆེན་དེ་ཚོ་རེད། འཇོན་པོ་དེ་ཚོ་རེད། དེ་བས་དེ་དག་གི་བྱས་ཉེས་ཡིས་མི་གང་མང་ཞིག་སྡུག་ལ་སྤྱར་སོང་བ་རེད། ཁ་དཔེར་”མཁས་པ་འཆུག་ན་འདོམ་གང་”ཟེར་བ་དེ་འདྲ་ལ་བཤད་པ་རེད། ཧེའི་ཐཱི་ལི་ལྟ་བུའི་དཔེ་མཚན་ཧ་ཅང་མང་ག
ཚེ་རིང་སྐྱིད་ནི་མགོ་རྣ་མཐོ་བའི་རང་མཐོང་ཅན་ཞིག་ལས་བསམ་བློ་ཅན་དང་དྲང་ཚུབ་ཅན། ལེགས་སྤེལ་ཉེས་འགོག་ཅན་དེ་འདྲ་མ་རེད། མོ་རང་གི་སྐྱོན་ཆ་ཟུར་ཙམ་གླེང་ན་སྟོད་རླུང་འཚང་ནས་ཤི་འགྲོ་ནི་རེད། འོན་ཀྱང་བོད་དང་སྙན་ངག་ལ་དགའ་མོས་ཡོད་ཚུལ་སྟོན་པར་ལེགས།
གང་བཤད་པའི་དོན་དེར་དགག་བཞག་བྱེད་པ་གཙོ་འདོན་མི་བྱེད་པར་མི་གཤིས་ལ་དམའ་འབེབས་གཏོང་བ་དེ་ནི་བཙན་བྱོལ་ནང་གི་དུས་རབས་བར་མའི་རྩོམ་པ་ོོ་ཚོས་བཞག་པའི་ན་ཚ་སྡུག་ཤོས་ཤིག་ཏུ་མཐོང་སྣང་བྱུང་། ཐེངས་འདིར་ཡང་མཆན་འགོད་པ་ཚོས་ཚེ་རིང་སྐྱིད་ལ་དམའ་འབེབས་གཏོང་བ་དེས་མཚོན་ནུས། ཁོ་བོའི་བསམ་ཚུལ་ལྟར་ན་བོད་ཀྱིལོ་རྒྱུས་ནང་བོད་ཀྱི་བུད་མེད་ཚོར་ཐོབ་ཐང་འདྲ་མཉམ་ཡོད་མེད་ཇི་ལྟར་ཡང་ད་ལྟ་བུད་མེད་ཚོ་སྐད་ངན་ཤོར་ས་གཅིག་ནི་ཁྱོ་གས་སྐྱེ་དམན་བརྡུང་རྐྱང་བྱེད་པའི་ཧམ་པ་ཚ་པོའི་ལུགས་སྲོལ་ངན་པ་དེ་རེད། དེ་འདྲ་ང་ཚོའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱུན་གཏན་ནས་མཐོང་རྒྱུ་ཡོད་པའི་བྱ་ངན་ཞིག་རེད། དཔེར་ན་དེ་སྔོན་རྡ་སར་ཁྱོ་ག་ཞིག་གིས་རྟག་པར་རང་གི་བཟའ་ཟླ་བརྡུང་རྐྱང་བྱེད་ཀྱི་ཡོད་པར་ཕྱིས་སུ། ཁོའི་ཨ་ཕ་བོད་ནས་སླེབས་དུས་སྐྱེ་དམན་དེའི་གཉེན་ཉེ་ཚོས་ཁོའི་་ཨ་ཕར་དེ་ལྟར་བྱེད་མི་རུང་བའི་ཁ་ཏ་བྱེད་རྒྱུའི་རེ་སྐུལ་ཞུ་དུས། ཧང་སངས་དགོས་པ་ཞིག་ལ་ཁོའི་ཨ་ཕས་དེ་ལས་ལྡོག་ཏེ་ཁྱོ་གས་སྐྱེ་དམན་བརྡུང་ན་འགྲིག་ཚུལ་དང་དེ་ལུགས་སྲོལ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་པ་ལྟ་བུ་ཡིན།
ཁྱོ་གས་སྐྱེ་དམན་ལ་བརྡུང་བརྡེག་བྱས་པ་དེ་ཐོབ་ཐང་ཡོད་མེད་མ་རེད། ཕོ་མོ་སྟོབས་ཆེ་ཆུང་དབང་གིས་བྱུང་བ་ཞིག་ལགས། འདི་ནི་མིའི་རང་གཤིས་མ་བསྒྱུར་བར་དུ་མཚམས་འཇོག་ཁག་པོ་རེད། ས་ཆ་གང་ནའང་བྱུང་དང་འབྱུང་བཞིན་པ་རེད། ཡིན་ཡང་ནུབ་ཕྱོགས་ཁུལ་ནས་འདི་འདྲ་བྱུང་དུས་མང་ཆེ་བས་ཉེན་རྟོག་པར་བརྡ་གཏོང་གི་ཡོད། དེའི་སྟོབས་ཀྱིས་བརྡུང་བརྡེག་གཏོང་མཁན་ཉུང་བ་རེད། ང་ཚོའི་བོད་པ་ཚོས་ཀྱང་ཁྱོ་གས་བརྡུང་བརྡེག་བྱུང་ཚེ་ཉེན་རྟོག་པར་བརྡ་གཏོང་དགོས་པ་རེད།
ཡིན་ཡང་བོད་པ་ཕལ་མོ་ཆེས་རང་འཇགས་འཇོག་ཅི་ཐུབ་བྱེད་ཀྱི་རེད། སྔོན་ཆད་ཁྲི་ཀ་ན། ཁྲི་ཀའི་པང་པན་ཟེར་ནས་རྒྱ་དཔོན་ཞིག་ཡོད། རྒྱ་བོད་ཚང་མ་ཁོང་ལ་མི་སྐྲག་མཁན་མེད་ཚོད། ཡིན་ཡང་ཁོང་གི་སྐྱེ་དམན་གྱིས་ཁོང་ལ་བརྡུང་གི་རེད་ཟེར། དེ་འདྲ་མི་རིགས་ཚང་མར་བྱུང་གི་འདུག །
ཚེ་རིང་སྐྱིད་ལ་འདི་འདྲ་ཞིག་བྲིས་པ་ནི་ཤིག་གི་མགོ་ལ་སྟ་རེ་ཁོ་ནའོ།
བུད་མེད་ལ་རྡུང་རྡེག་གཏོང་མཁན་སྡུག་ཤོས་དེ་ཨ་མདོ་བ་ཚོ་རེད། ཕྱི་ལ་གསར་རྗེ་དང་། དེང་རབས།་སྙིང་སྟོབས་དང་གསར་གཏོད་ཟེར། ནང་ལ་སྦུག་ག་ཕྲ་བའི་བློ་མིག་དེ་ལ་མ་ཕྱིན་ན། གསར་གཏོད་དང་རྣམ་དཔྱོད། བློ་དཀྱེལ་སོགས་རུམ་ལ་བཅུག་ནས། བརྡུང་རྐྱང་དང་། བུད་མེད་ཀྱི་སྐྲ་འཐེན་པ་དང་། ལུས་ས་ལ་འདྲུས་པ། ངོ་ལ་ཆིལ་མ་འདེབས་པ། འགྲམ་པར་ལྕག་རྒྱག་པར་ཐེ་ཚོམ་མེད་མཁན་ནི་ཨ་མདོ་བ་ཚོ་རེད།
སྙན་ངག་དང་རིག་གཞུང་། སློབ་གསོ་དང་། མི་ཆོས་རིང་ལུགས་ཀྱི་བྲོ་བ་ཅིག་ཀྱང་མེད་པའི་ཁྱོ་བོ་ཚོ་ནི་ད་གཟོད་རྩོད་གཞི་འདིའི་གླེང་ལ་འཇོག་དགོས།
རེད་རེད། སྐད་ཆ་ཁ་ཤས་བདེན་པ་རེད། ཕོ་མོ་ཕན་ཚུན་གཅིག་གི་གཅིག་ལ་གུས་བརྩི་མེད་ན། ཐལ་ཆ་ཆེ་བའི་མ་རབས་ཀྱི་བྱ་སྤྱོད་ལུས་ངག་གཉིས་ཀ་ནས་ཕོ་མོ་གཉིས་ཀའི་ཕྱོགས་ནས་ཡོང་སྲིད། གུས་བརྩི་ལ་ཁྲིམས་ཀྱིས་བཅུན་པའི་གུས་བརྩི་དང་བསམ་བློའི་ནུས་པ་འཕེལ་བའི་སྤྱི་ཚོགས་ནང་རང་བཞིན་གྱི་གུས་བརྩི་གཉིས་ཡོད། དང་པོ་ཁྲིམས་ཡོད་པའི་ཡར་ཐོན་གྱི་སྤྱི་ཚོགས་ནང་བསླ་ཡང་གཞན་དུ་དཀའ་ཙམ་རེད། གཉིས་པ་དེ་རེ་ཞིག་རྒྱ་ཆེ་བའི་བོད་པའི་སྤྱི་ཚོགས་ནང་དལ་གྱིས་ཡོང་རྒྱུ་རེད་ཀྱང་རེ་ཞིག་དེ་ཙམ་བསླ་བ་མ་རེད།
ཕོ་མོ་ལས་སྟོབས་ཆེ་བ་ཡོད་ཙང་། ཕོས་མོ་ལ་བསྡུང་དུས་ཕོའི་སེམས་ནང་འདི་བརྙེས་བཅོས་བྱས་པ་རེད་བསམ་ནས་ངོ་ཚས་མི་བྱེད་རྒྱུ་དེ་ཡར་ཐོན་གྱི་བསམ་བློ་རེད་ལ། བསམ་པ་དེ་འདྲ་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་ཡོང་ཐབས་བྱེད་པ་ལ་མ་རུངས་པ་གང་ཡང་མེད།
བསོད་ནམས་དབང་འདུས། ན་ཉིང་དེ་ཤེད་ཅིག་ལ་སོ་སོའི་སྐྱེས་དམན་གྱི་སྣ་བཅད་པ་དང་ནུ་མ་བཅད་པའི་གནས་ཚུལ་གཉིས་བྱུང་སོང་བ་དེ་ས་གནས་གང་ཡིན་ཨེ་ཤེས། ཧ་ཧ་ཧ ད་ཆོལ་ཁའི་དབྱེ་བ་འདྲ་ཕྱེས་བསྡད་ནས་གང་ཡོང་། སྐྱག་པ་དཀྲུག་ན་དྲི་མ་ཁ་རོགས་མ་རེད་དམ།
རྩོམ་ཡིག་ཡག་པོ་བྲིས་འདུག ནང་དོན་དང་ཚིག་སྦྱོར་གང་གི་ཐད་ནས་ཡག་པོ་མཐོང་སོང་། གནས་ཆུང་སྐུར་རྟེན་ཁོག་ལ་གནས་ཆུང་ཞུགས་པ་ལྟ་བུ་མིན་ཚེ། ངོ་མ་སྲིང་མོ་ཐར་གྱིས་ཡག་པོ་བྲིས་འདུག མ་མཐོང་ནས་ལོ་བཅུ་ཕྲག་སོང་བའི་རིང་ལ་བསམ་བློ་བ་ཆེན་པོ་ཆགས་འདུག་བསམ།
ད་ཕོ་མོ་རྡུང་རྡེག་གི་ཐད་ནས། ས་ཆ་རེ་རེར་གྲངས་ཀ་བརྒྱབ་ན་རེད། འདི་ལ་གསར་བ་དང་རྙིང་བ་ལ་ཁྱད་མེད་པ་མཐོང་སོང་། ང་ཚོ་ཕ་ཡུལ་ནས་སྡེ་བ་ཆུང་ཆུང་ཞིག་ལ་ཆ་བཞག་ནས་བཤད་ན། བརྒྱ་ཆ་བཀུག་ནས་བཤད་ན། སྐྱེས་སྨན་གྱིས་ཁྱོ་ཀ་ལ་རྡུང་མཁན་ལྔ། ཁྱོ་ཀས་སྐྱེས་སྨན་ལ་རྡུང་མཁན་ལྔ་བཅུ། ཕན་ཚུན་གཅིག་གིས་གཅིག་ལ་ལག་འཛིང་མི་བྱེད་མཁན་བཞི་བཅུ་ཞེ་ལྔ་བཅས་སྡོམ་ཐོ་ཡིན། ང་ཚོས་འདི་ལྟར་ལོ་ལྔ་རེའི་མཚམས་ནས་ས་ཁུལ་སོ་སོར་སྡོམ་ཐོ་རེ་བརྒྱབ་ན། རྡུང་རྡེག་གི་འགལ་བ་འདི་སེལ་ཐུབ་རྒྱུ་རེད་བསམ་གི འདི་ལྟར་མ་བྱས་པར་སྤྱི་བཤད་ཁོ་ན་བྱས་བསྡད་ན། བྱ་རྒོད་ས་ལ་མ་བབས་པར་བར་སྣང་ཁམས་ནས་ལྡིང་སྐོར་བརྒྱབ་བསྡད་པ་དང་གཅིག་པ་རེད། ཤ་ས་ཐོག་ན་ཡོད་ན་ཡང་ས་ཐོག་ནས་རུལ་རྒྱུ་རེད། མུ་མཐུད་ཡིན་ད།
འདི་ལྟ་བུ་ལ་རྩོམ་ཟེར་བ་རེད། ང་ཚོས་བརྗོད་བྱའི་རིག་ཚན་གང་དེའི་རིག་གནས་ཀྱི་རྨང་གཞིའི་སྟེང་ནས་གནད་དོན་ག་གེ་མོ་ཞིག་ལ་དཔྱོད་པར་རིགས་པ་མ་གཏོགས། ཐོག་མར་རྩོམ་པ་པོ་གང་ཞིག་གམ་དེའི་བརྗོད་བྱའི་མི་སྣ་གང་རུང་བ་དེར་སྐྱོན་བརྗོད་པར་རྩོམ་མཁན་དག་ནི་ཁ་སྐད་ཀྱིས་བརྗོད་ན་ཡིག་ངོ་ཙམ་ཆོད་པའི་རིག་གནས་མེད་མཁན་དག་ཡིན་ལ། དེར་ཡ་ལན་སྤྲོད་མཁན་རྣམས་ཀྱང་རིགས་སུ་མཐུན་པ་དག་ལས་འདའ་མེད། ང་ཚོའི་སྤྱི་ཚོགས་སམ་མ་མཐར་ཡང་རྩོམ་སྟེགས་ལ་ཁས་འཆོས་པའི་ཁོར་ཡུག་འདི་ཚ་འཁྲུལ་ལྟ་བུའི་འཆལ་གཏམ་ལས་གྲོལ་ནས་འདི་ལྟ་བུའི་ལྟ་བ་བརྗེ་རེས་ཀྱི་ལྗིད་གོག་དང་རྩོམ་གཤིས་ལྡན་པའི་བརྩམས་ཆོས་ལ་ཕྱོགས་ཐུབ་པ་ཡིན་ན་ཅི་མ་རུང་ཨང་།
བོད་ཀྱི་མཛེས་མ་ཚེ་རིང་སྐྱིད་ལགས་བོད་གངས་ཅན་པའི་སྲིད་སྐྱོང་འོས་འགྲན་ལ་བཞེངས་བྱུང་ན། ངས་ནི་ང་རང་གི་འོས་ཤོག་རིན་ཐང་ཅན་དེ་ཁོང་མོ་ལ་འབུལ་ཐག་ཆོད་ཡིན། ཀི་ཀི་བསྭོ་བསྭོ་ལྷ་མོ་རྒྱལ་ལོ། །
ཚེ་རིང་སྐྱིད་ཀྱིས་བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་གནས་སྟངས་དང་། བོད་པའི་རིག་གནས་སེམས་ཁམས་གཉིས་གཞིར་བཞག་གི་སྐད་ཆ་བཤད་འདུག དེར་རྒྱབ་སྐྱོར་ཡོད། མཁས་དབང་དགེ་ཆོས་ཀྱིས། ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་པ།།་དེ་སྲིད་མཁས་པའི་ངག་ནི་ལྐུགས་པར་འགྱུར།། གསུངས་ཡོད་པ་རེད། གནས་ལུགས་ཀྱི་ཟླ་ལ་རྒྱུ་མཚན་དྲངས་ནས་བཤད་ཡོང་དུས། ནུབ་ཕྱོགས་ན་ཡོད་པའི་བོད་པའི་བུད་མེད་འགའ་རེས། ཅི་ཞིག་མགོ་ཚོས་ཡོད་མདོག་དང་། སེམས་ཤུགས་བླ་མེད་ཅིག་འཕར་མདོག དུ་དུང་ཅི་ཞིག་འཇོན་ཡོད་རབས། ཅི་ཞིག་ཡར་རྒྱས་སུ་བཏང་ཡོད་རབས་བཤད་བཞིན་པའི་ལས་འགུལ་དང་བསམ་ཚུལ་ཉི་ཚེ་བ་དེ་དག་མེ་ཏོག་ཅིག་ཡིན་པའི་དབང་དུ་བཏང་ན། རྙིད་འགྲོ་གི་ཡོད་པ་རེད། སྐམ་འགྲོ་གི་ཡོད་པ་རེད། དེ་ལ་མ་བཟོད་ནས་སྐྱོབ་ཐབས་ཤིག་བསལ་གྱིན་ཡོད་པའི་་ཚོར་སྣང་བྱུང་སོང་། ཡིན་ནའང་། དོན་དངོས་ནི་དེ་འདྲ་མིན་པ་འདྲ། ཡིག་གེ་འདི་ནི་བོད་པའི་བུད་མེད་ནང་ཁུལ་གྱི་འཐབ་འཛིང་ཞིག་རེད་ལབ་ནའང་འགྲིག་པ་ཞིག་རེད། བོད་པའི་བུད་མེད་ཀྱི་ཆེད་དུ་ལས་ཀ་བྱེད་པའི་སྲིང་མོ་ཐར་དང་སྲིང་མོ་ཐར་འདྲ་བོ་ཚང་མས། བོད་པའི་རིག་གནས་སེམས་ཁམས་དང་། བོད་པའི་བུད་མེད་ཚོས་རང་ཉིད་ལ་འཛིན་པའི་རིག་གནས་སེམས་ཁམས་ལ་རྒྱུས་ལོན་ཡག་པོ་ཞིག་བྱས་ཡོད་ན། ཡི་གེ་འདི་འབྲི་མི་དགོས་པ་ཞིག་རེད་བསམ།
གང་ལ་ཟེར་ན། བཟའ་འཁོན། བཙན་གཡེམ་དང་འཁྲིག་སྤྱོད་དང་འབྲེལ་ཡོད་ཀྱི་གླེང་གཞི་ནི་ཡ་གླིང་རིག་གནས་ཁྲོད་ཀྱི་སྦས་པའི་རིག་ཚན་ཞིག་རེད་༽ཟེར་བ་ནི། རྦད་དེ་ནོར་འཁྲུལ་ཤོར་བའི་ལྟ་སྟངས་ཤིག་རེད། འདི་ཙམ་ཡང་མ་ཤེས་ན། རྒྱུས་ལོན་ཟེར་བ་དེ་ཅི་ཞིག་རེད། ཡི་གེ་འདི་ནི་འགལ་འཛོལ་ཧ་ཅང་མང་བའི་ཡིག་ཚོགས་ཤིག་རེད།
སྲིང་མོ་ཐར་གྱིས་ཚེ་རིང་སྐྱིད་ལ་༼སྐུ་ཉིད་ནི་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་སྟབས། བོད་ཀྱི་དེང་རབས་ཀྱི་གནད་དོན་འདི་དག་ལ་བསམ་བློ་གཏོང་རྒྱུ་ནི་གལ་ཆེན་རེད་ལ། བོད་ཀྱི་སྤྱི་ཚོགས་དང་རིག་གནས་བརྒྱུད་སྤྲོད་བྱེད་རྒྱུའང་གལ་ཆེན་རེད་སྙམ།༽ཞེས་བྲིས་འདུག ཚེ་རིང་སྐྱིད་ནི་མི་སྣ་གལ་ཆེན་ཞིག་ཡིན་པའི་གདེང་འཇོག་དང་ངོས་འཛིན་དེ་མ་བརླག་པའི་སྟེང་ནས། རེ་འདུན་ཤུགས་ཆེན་ཞུས་འདུག་པ་འདི་རླབས་ཆེན་རེད། ཡི་གེ་འདིའི་ནང་གི་གནད་འགག་དང་རྩ་ཆེ་བའི་གནད་དོན་གཅིག་དེ་འདི་རེད་དྲན།
ལན་པ་ཀུན་གྱི་རྩ་བ་ནི། བུད་མེད་ལ་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེ་བ་དེ་རེད། འདི་ནི་སུས་ཀྱང་བཅོས་སུ་མེད་པ་རེད། ཕོ་མཆོག་མོ་དམན་གྱི་ལྟ་སྟངས་ཡོང་སའི་གཞིའང་འདི་རེད། སྤྱི་ཆ་ནས་བུད་མེད་ཚོ་ཕོ་ནང་བཞིན་རང་རྐང་ཐུབ་རྒྱུ་ཧ་ལམ་ཁག་པོ་རེད། གཅིག། སེམས་ཁམས་ཀྱི་ཆ་ནས་དང་། གཉིས། ལུས་པོའི་ཆ་ནས་རེད། སེམས་ཁམས་ཀྱི་ཆ་ནས་མོ་ལ་གཞན་བརྟེན་གྱི་སེམས་ཆེ་དང་། ལུས་པོའི་ཆ་ནས་མོ་ནི་ཞན་པོ་དང་། ཕོ་ལས་གང་ཅི་ཆ་ནས་སྟབས་མི་བདེ་བ་རེད། འདི་དག་ནི་རང་བྱུང་དུ་གྲུབ་པ་རེད་མ་གཏོགས། སུ་ཞིག་གིས་བསམ་བཞིན་དུ་དང་། དབང་ཡོད་བྱས་ཏེ་བྱུང་བ་མ་རེད། གཞན། བོད་ཀྱི་བུད་མེད་ཚོར་གཞན་པའི་བུད་མེད་ཚོ་ནང་བཞིན། (ནུབ་ཕྱོགས་ཀྱི་བུད་མེད) ཐོབ་ཐང་མེད་པ་དང་། འདྲ་མཉམ་མ་ཡིན་པའི་ཆ་ཡོད་པ་དེའང་དངོས་ཡོད་རེད།
བོད་ཀྱི་བུད་ཚོས་ཕྱི་ནང་གི་ཤེས་ཡོན་ཀུན་ལ་སློབ་སྦྱོང་ཡག་པོ་གནང་དགོས་ཡ་དེ་གལ་ཆེན་རེད། ལྟ་རྒྱ་མཐོང་རྒྱ་དགོས་ཡ་དེ་ཡང་གལ་ཆེ་བར་སེམས། བུད་མེད་ཡིན་པའི་རྒྱུ་མཚན་གྱིས་ཆེད་དུ་གཉེར་ནས་བུད་མེད་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་པ་ནི་ཤིན་ཏུ་མ་རུང་བའི་བྱ་བ་ཡིན་པས་ཀུན་གྱིས་མཚམས་འཇོག་དགོས་པའི་དུས་ལ་བབས་སོ། ལུས་སེམས་ཀྱི་གནས་སྟངས་ག་རེ་ཡིན་ནའང་ཡིན་དུ་ཆུག།རང་ཉིད་ལ་བདེ་སྐྱིད་ཀྱི་མི་ཚེ་ཇི་ལྟར་དགོས་པ་བཞིན། བུད་མེད་ཚོ་ལའང་དེ་ལྟར་བདེ་སྐྱིད་ཀྱི་མི་ཚེ་འདྲ་མཉམ་ལོངས་སུ་སྤྱོད་པའི་བསྐལ་པ་ཡོད་པས། དེ་སུས་ཀྱང་རང་འདོད་ཀྱིས་འབུར་འཇོམས་གཏོང་མི་ཉན་ནོ ། །