སྲིད་དབང་སྒེར་འཛིན་ལམ་ལུགས་ནས་མང་གཙོའི་ལམ་ལུགས་བར། བཅིངས་གྲོལ་གྱི་ཆེད་རྟོག་འཆར་གྱི་སྒྲོམ་གཞི་ཞིག་༼From Dictatorship to Democracy༽ཞེས་པ་འདི་ནི་ཨེལ་བྷཊ། ཨེནས྄ྭཊིན། ལྟེ་གནས་ཁང་གི་མཁས་དབང་ཇཱིན། ཤརྤ་ཡིས་བརྩམས་ཤིང་། པདྨ་ཚེ་དབང་ཤཱསྣྟིས་གངས་ལྗོངས་བོད་ཀྱི་སྐད་དུ་བསྒྱུར་ཡོད། དེབ་འདི་ནི་བསྒྱུར་མཁན་སྐུ་ཞབས་མཆོག་གིས་ཁ་བརྡ་དྲ་བར་བརྒྱུད་འགོད་བྱེད་འཐུས་ཀྱི་བཀའ་འཁྲོལ་དང་འབྲེལ་འདིར་བཀོད་ཡོད། ད་དུང་རྩོམ་པ་པོའི་དྲ་རྒྱ་ནས་ཀྱང་ཕབ་བཤུ་བྱེད་ཐུབ་པ་འདུག དྲ་རྒྱའི་ཁ་བྱང་དག་འདི་ན་ཡོད། དེ་ནས་གཤམ་གྱི་འབྲེལ་ཐག་ལ་བསྣུན་ན་དེབ་ཆ་ཚང་གཟིགས་ཐུབ་ཅིང་། FDTD-Tibetan དེབ་ཀྱི་དཀར་ཆག་དེ་གཟིགས་བདེའི་ཕྱིར་གཤམ་དུ་དྲངས་ཡོད།
དཀར་ཆག
སྔོན་གླེང་།
དང་པོ།
སྲིད་དབང་སྒེར་འཛིན་ལམ་ལུགས་ལ་དངོས་སུ་གདོང་ལེན་བྱེད་པ།
རྒྱུན་མཐུད་པའི་དཀའ་རྙོག་ཅིག
འཚེ་བའི་ལམ་ནས་རང་དབང་ངམ།
གཞུང་སྲིད་བཙན་འཕྲོག་དང་། འོས་བསྡུ། ཕྱི་རྒྱལ་གྱི་མགོན་སྐྱབས།
མི་སྙན་པའི་བདེན་པ་དེར་གདོང་ལེན།
གཉིས་པ།
གྲོས་མོལ་གྱི་ཉེན་ཁ་ཁག
གྲོས་མོལ་གྱི་ཚད་འཛིན་དང་དགེ་མཚན།
གྲོས་མོལ་བྱས་པའི་མགོ་སྒུར་རམ།
གྲོས་མོལ་ནང་གི་དབང་ཆ་དང་དྲང་བདེན།
ཁས་ལེན་རུང་གི་སྲིད་དབང་སྒེར་འཛིན་པ་དག
ཞི་བདེ་ཅི་འདྲ་ཞིག
རེ་བ་འོས་པའི་རྒྱུ་མཚན།
གསུམ་པ།
དབང་ཆ་གང་ནས་བྱུང་ངམ།
སྤྲེའུའི་རྗེ་བོའི་སྒྲུང་གཏམ།
དགོས་ངེས་པའི་སྲིད་དོན་དབང་ཆའི་འབྱུང་ཁུངས།
མང་གཙོ་ཅན་གྱི་དབང་ཆའི་ལྟེ་གནས།
བཞི་པ།
སྲིད་དབང་སྒེར་འཛིན་ལམ་ལུགས་ལ་ཞན་ཆ་ཡོད།
ཨེཀལིས་ཡི་རྐང་མཐིལ་ངོས་འཛིན་པ།
སྲིད་དབང་སྒེར་འཛིན་ལམ་ལུགས་པའི་ཞན་ཆ་རྣམས།
སྲིད་དབང་སྒེར་འཛིན་ལམ་ལུགས་པའི་ཞན་ཆར་རྒོལ་བ།
ལྔ་པ།
དབང་ཆ་བེད་སྤྱོད་བྱེད་པ།
འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་བྱེད་སྒོ།
འཚེ་བ་སྤངས་པའི་གོ་མཚོན་དང་སྒྲིག་ཁྲིམས།
ཕྱི་གསལ་ནང་གསལ་དང་། གསང་བ། ཚད་མཐོ་བའི་གནས་ཚད།
དབང་ཆའི་འབྲེལ་བར་འཕོ་འགྱུར།
འགྱུར་བའི་ཐབས་ལམ་བཞི།
སྲིད་དོན་གྱི་བཀའ་བརྩི་དང་ལེན་མི་ཞུ་བའི་མང་གཙོ་ཅན་དུ་བསྒྱུར་བའི་ནུས་པ།
འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་རྙོག་འཛིངས།
དྲུག་པ།
འཐབ་བྱུས་ལྡན་པའི་འཆར་འགོད་ཀྱི་དགོས་པ།
དོན་དངོས་ཀྱི་འཆར་འགོད།
འཆར་འགོད་བྱེད་པར་འགོག་རྐྱེན།
འཐབ་བྱུས་ལྡན་པའི་འཆར་འགོད་ནང་གི་ཐ་སྙད་གལ་ཆེ་བཞི།
བདུན་པ།
འཐབ་བྱུས་འཆར་འགོད།
ཐབས་ལམ་གྱི་གདམ་ཁ།
མང་གཙོའི་ལམ་ལུགས་ཆེད་དུ་འཆར་འགོད།
ཕྱིའི་རོགས་སྐྱོར།
གཞི་རྒྱ་ཆེ་བའི་འཐབ་བྱུས་ཞིག་བཟོ་བ།
ལས་འགུལ་འཐབ་བྱུས་ཀྱི་འཆར་འགོད།
མཐུན་ལམ་མི་བྱེད་པའི་འཆར་སྒོའི་ཁྱབ་སྤེལ་བྱེད་པ།
དྲག་གནོན་དང་དེ་ལྡོག་པའི་ཐབས་ལམ།
འཐབ་བྱུས་ལྡན་པའི་འཆར་གཞི་ལ་བརྩི་སྲུང་།
བརྒྱད་པ།
སྲིད་དོན་གྱི་བཀའ་བརྩི་དང་ལེན་མི་ཞུ་བའི་བཀོལ་སྤྱོད།
དམིགས་བཀར་གྱི་འགོག་རྒོལ།
མཚོན་རྟགས་ཅན་གྱི་འགྲན་རྩོད།
འགན་ཁུར་གྱི་ཁྱབ་སྤེལ།
སྲིད་དབང་སྒེར་འཛིན་པའི་དབང་ཆར་དམིགས་པ།
འཐབ་བྱུས་ནང་གི་འཕོ་སྒྱུར།
དགུ་པ།
སྲིད་དབང་སྒེར་འཛིན་ལམ་ལུགས་འཐོར་ཞིག་གཏོང་བ།
འཕེལ་རྒྱས་འགྲོ་བའི་རང་དབང་།
སྲིད་དབང་སྒེར་འཛིན་ལམ་ལུགས་འཐོར་ཞིག་གཏོང་བ།
འགན་ཁུར་དང་བཅས་པའི་ལམ་ལྷོངས་སྐྱོང་བ།
བཅུ་པ།
ཕུགས་ཐུབ་ཀྱི་མང་གཙོའི་ལམ་ལུགས་ཆེད་རྨང་གཞི་འདིང་བ།
སྲིད་དབང་སྒེར་འཛིན་ལམ་ལུགས་གསར་པ་ཞིག་གི་འཇིགས་སྣང་།
གཞུང་སྲིད་བཙན་འཕྲོག་འགོག་པ།
རྩ་ཁྲིམས་ཟིན་བྲིས་བྱེད་པ།
མང་གཙོ་ཅན་གྱི་སྲུང་སྐྱོབ་ཀྱི་སྲིད་བྱུས་ཞིག
དགེ་མཚན་ལྡན་པའི་འགན་ཁུར།
ཟུར་རྒྱན།
འཚེ་བ་སྤངས་པའི་བྱེད་ལས་ཀྱི་ཐབས་ལམ་ཁག
དེབ་འདིའི་དཔར་བསྐྲུན་དང་ཡིག་བསྒྱུར་གྱི་སྐོར་ལ་གསལ་བཤད་ཅིག
དེབ་འདིར་ཆོ་ཡོད་མ་རེད། གོ་ཡ་དཔེ་ཁག་པོ་ཡོད་རེད།
བོད་ཡིག་ཡིན་མིན་ཡང་མི་ཤེས་པ་ཞིག་ཡོད་རེད།
ཨ་ཤུ་རེ་ཁོ། འགྱུར་ཡིག་གི་དོན་གོ་དཀའ་མོ་འདུག དབྱིན་ཡིག་དང་རྒྱ་ཡིག་ཤེས་ན། དེབ་འདི་ལ་གཟིགས་དང་བོད་ཡིག་གི་འགྱུར་འདི་ལྟ་བུ་ཞིག་གཏན་ནས་མིན། བོད་གཞུང་གི་འབྲེལ་ཡོད་ཡིག་སྒྱུར་སྡེ་ཚན་ནས་དེབ་འདི་བོད་ཡིག་ཚད་ལྡན་དུ་བསྒྱུར་ན་ཅི་མ་རུང་།
བློ་སེང་གིས་མདོ་སྨད་མི་མང་ལ་སྔ་ཕྱི་བར་གསུམ་དུ་མཐོང་ཆུང་བཏང་བཞག་པ་གསལ་བོ་རེད།
༡ བཀའ་བློན་འདེམས་ཕྱོགས་ནས་རེད། དེ་ནས་མགོ་རུལ་ཚར་བ་རེད།
༢ བོད་ས་ཡོངས་ནས་མེར་བསྲེགས་གཏོང་མཁན་ཉི་ཤུ་རྩ་གྲངས་ཤིག་ཨ་མདོ་བ་རེད། ཁོང་ལ་འདི་ལྟར་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཁོང་གིས་ཅི་ཞིག་འཇོན་ཡོད་དམ།
༣ ལྷག་པར་མདོ་སྨད་རྔ་པའི་སེར་སྐྱ་མི་མང་བོད་ལ་བཀའ་དྲིན་ཆེན་པོ་རེད། ཀིརྟི་གྲྭ་ཚང་དང་དེའི་འབྲེལ་མཐུད་པ་དེ་བས་ཀྱང་བཀའ་དྲིན་ཆེན་པོ་རེད་དེ། བློ་སེང་གིས་ཀིརྟིའི་ཕྱག་མཛོད་མདོ་སྔགས་ལ་ལན་གནང་སྟངས་དེ་རེད་པཱས།
༤ ལན་གནང་སྐབས་ཁོང་གིས”ཀིརྟི་རིན་པོ་ཆེ་གདན་འདྲེན་ཞུས་པ་ཡིན། གཏམ་བཤད་གནང་རོགས་ཅེས་ལབ་ཡིན་ཟེར།” གསུངས་སྟངས་དེ་འདྲ་རེད་པཱས། དེ་བཀའ་ཤག་གི་ཞེ་དྲག་ཅིག་སྒྲུབ་པའི་ཟོལ་རེད་དམ།
༥ ཕྱག་མཛོད་མདོ་སྔགས་ཀྱིས་བཏོན་པའི་རེ་བ་དེ་རྔ་བ་མི་མང་མདོ་སྨད་མི་མང་གི་རེ་བ་རེད། བོད་གཞུང་གི་ངོས་ནས་དངོས་སུ་བོད་ནང་ལ་ཞིབ་འཇུག་ཅིག་བྱས་ནས། གནས་ཚུལ་མ་རེག་པ་རྣམས་རེག་རྒྱུའི་རེ་བ་བྱས་པ་རེད་དེ། དེ་ལ་ག་རེ་བྱས་ནས་བཀའ་ཁྲིས་ལན་མ་རྒྱབ་པ་རེད་དམ།
༦ བཀའ་ཤག་ཡོད་དགོས་པ་དང་སྲིད་སྐྱོང་ཡོད་དགོས་པའི་རྒྱུ་མཚན་ཅི་ཞིག་རེད་དམ། བོད་ནང་གི་ཆབ་སྲིད་གནས་སྟངས་འོག་དཀའ་ངལ་འཕྲད་པ་རྣམས་ལ་ཞིབ་འཇུག་བྱེད་མི་ཐུབ་ན། ཀིརྟི་གྲྭ་ཚང་གི་འབྲེལ་མཐུད་པའི་ཕྱག་ལས་དེ་འདྲ་ཞིག་བཀའ་ཤག་གིས་གནང་མ་ཐུབ་ན། ད་ང་ཚོ་ག་བར་སླེབས་འདུག དོན་དག་འདི་བོད་ནང་ནས་མཁྱེན་ན་ག་རེ་བྱེད་དམ།
༧ རྒྱལ་བ་རིན་པོ་ཆེས་སྲིད་དབང་རྩིས་སྤྲོད་གནང་བ་ཁྱབ་བསྒྲགས་ལུང་བསྒྲགས་བྱ་རྒྱུར་དགའ་ན། སྲིད་དབང་གི་འགན་ཅུང་ཙམ་འགྲུབ་དགོས་པ་མ་གཏོགས། ཚིག་དེ་ལོ་གཅིག་གི་རིང་སྐྱོར་བསྡད་པས་ག་རེ་ཕན་ཐོག་གི་རེད་དམ།
༨ དངོས་གནས་བྱས་ན། བློ་གཟུ་བོར་གནས་ནས་བཤད་ན། ད་བར་བོད་ཀྱི་རྩ་དོན་ལ་རྩོམ་པ་པོ་འོད་ཟེར་ལགས་ཕན་ཐོག་ཆེ་བ་ལས། བློ་སེང་གིས་བྱས་རྗེས་བཞག་པ་ག་རེ་འདུག་གམ། སྣ་གཅིག་སྟོན་རྒྱུ་འདུག་གམ། ཁ་འགུལ་ཚད་ལ་རང་བསྟོད་རྒྱབ་ནས་རྫིག་ཉམས་བསྟན་ནས་འདུག་རྒྱུ་ལས་ག་རེ་འཇོན་སོང་ངམ།
༩ མཛངས་མ་འོད་ཟེར་གྱི་ལྷག་བསམ་རྣམ་དག་ལ་བོད་སྐད་མི་ཤེས་མདོག་མདོག་གི་མཚང་འབྲུ་བྱས་པ་དེ་ཐབས་སྐྱོ་བོ་མ་རེད་དམ། ༧རྒྱལ་བ་རིན་པོ་ཆེས་སྲིད་དབང་གནང་ས་ཞིག་གི་བྱ་སྤྱོད་རེད་དམ།
༡༠ མཛངས་མ་འོད་ཟེར་ལ་དེ་ལྟར་གསུངས་ཀྱང་ཁོང་མོ་རྒྱ་ཡིག་ལ་ཡོངས་གྲགས་ཚད་ལྡན་རེད། རྒྱལ་སྤྱིའི་རྩོམ་པ་པོའི་མཚན་གནས་ཡོད་པ་རེད། བློ་སེང་གིས་དབྱིན་ཡིག་ཐོག་རྩོམ་བྲིས་པ་གང་ཞིག་འགྲིག་འདུག་གམ།
༡༡ ཐ་ན་ཁོང་གི་འབུམ་རམས་པའི་ཆེད་རྩོམ་ཀྱང་ཚད་ལྡན་ཆགས་ཡོད་པ་མ་རེད། དེའི་ཐད་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་ཞིབ་འཇུག་གནང་ནས་གསལ་བོ་བཟོས་འདུག ད་འོ་ན། བློ་སེང་ལ་ག་རེ་ཡོད་པ་རེད་དམ། བོད་ཡིག་མེད། དབྱིན་ཡིག་མེད། མཛངས་མ་འོད་ཟེར་ཡོན་ཏན་ཆེན་པོ་མ་རེད་དམ།
༡༢ འདི་དག་ཚང་མ་བོད་མི་ཚང་མས་བསམ་བློ་གཏོང་དགོས་པ་རེད། བློ་སེང་ལ་བྱས་རྗེས་ཁབ་རྩེ་ཙམ་ཞིག་འདུག་གམ།
ཁྱི་ཕྲུག་ལགས་སྲིད་སྐྱོང་ལ་ཉིད་ཀྱི་བསམ་ཚུལ་བཤད་པ་ཧ་ཅང་འགྲིག་འདུག་འོན་ཀྱང་ཨ་མདོ་བ་ཚོ་ཞེས་དམིགས་སུ་མ་བཀལ་རོགས་ཁོང་གི་ཕྱོགས་རིས་བྱེད་རྒྱུ་མ་རེད། ཁྱེད་ཀྱི་ཆོལ་ཁའི་ན་ཚ་དེ་མ་སློང་རོགས་ཞུ།
ཁྱི་ཕྲུག་ངོ་མ་ཁྱི་ཕྲུག་ཅིག་རེད་ཨ་མདོ་རྔ་བ་ནས་ངོ་རྒོར་དང་མེ་སྲེག་གི་ལས་འགུར་དེ་བཀའ་ཁྲི་མཆོག་གི་ཆེད་དུ་མ་རེད་ང་ཚོ་ཚང་མའི་ཆེད་དུ་རེད། བཀའ་ཁྲི་མཆོག་གི་མདོ་སྨད་ལ་ནམ་ཞིག་མཐོང་ཆུང་བཏང་སོང་ཁྱི་ཕྲུག་ཁྱོད་ལ་བདེན་དཔང་ཡོད་དམ་ད་དུང་་བཀའ་ཁྲི་མཆོག་དང་ཀིརྟི་གྲྭ་ཚང་བར་དཀྲུགཤིང་སོགས་ཆེས་རྣ་ལ་མི་འགྲོ་བའི་ཚིག་ངན་རྐྱང་རྐྱང་། དུས་ནམ་ཞིག་ཡིན་ན་ཁྱོད་དང་ཁྱོད་ལྟ་བུའི་ཁྱི་ཕྲུག་ཁ་ཤས་ཤིག་ནང་ཁུར་དཀྲུག་ཤིང་ལས་ཅི་ཞིག་འཇོན་ཡོད།