ལ་མོོ་ཚུལ་ཁྲིམས།
ཁ་སང་དེ་རིང་ཨ་མེ་རི་ཁའི་རྒྱལ་ཁབ་ཏུ་སྲིད་འཛིན་ཁྲོམ་ཕུའུ་ཁྲིམས་ལ་སྦྱོར་བའི་ལས་བྲེལ་ཧ་ཅང་ཆེ། གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྐུ་ཞབས་ཁྲོམ་ཕུའུ་ལགས་གནས་སྟངས་འདི་འདྲ་ཞིག་ལ་ཇི་ལྟར་གྱུར་ལུགས་ཀྱི་བགྲོ་གླེང་ཚ་ཚ་འུར་འུར་བྱེད་བཞིན་ཡོད། རེད་ཡ་ཁ་སང་གྲོས་ཚོགས་འོག་མའི་ནང་མང་མོས་ཐག་གཅོད་ཀྱིས་སྐུ་ཞབས་ཁྲོམ་ཕུའུ་དངོས་སུ་ཁྲིམས་ལ་སྦྱོར་བའི་ཉེས་འཛུགས་བྱས་སོང། དེ་རིང་མང་ཚོགས་ཀྱི་ཁྲོད་དུ་ཁྲིམས་ལ་སྦྱར་བའི་ཉེས་འཛུགས་འདི་ཕོག་རྗེས། དེའི་འཕྲོར་ཁྲོམ་ཕུའུ་ཡི་མགོ་ལ་ག་རེ་ཡོང་རྒྱུ་ཡིན་མིན་སོགས་ལ་ལབ་གླེང་སྣ་ཚོགས་བྱེད་བཞིན་འདུག
ཁ་ཤས་ཀྱིས་ད་ནི་ཁོང་སྲིད་འཛིན་ནས་གནས་དབྱུང་བཏང་ཚར་བ་རེད་ཟེར་བ་དང་། ལ་ལས་ད་ཁོང་མགྱོགས་པོ་གཏོང་རྒྱུ་རེད་ཟེར། ཡང་ཁ་ཤས་ཀྱིས་ཁྲིམས་ལ་སྦྱོར་བའི་ཉེས་འཛུགས་ཀྱིས་ཁྲོམ་ཕུའུ་ལ་ཅི་ཡང་བྱེད་ཐུབ་གིན་མ་རེད་ཟེར། སྲིད་འཛིན་ཁྲོམ་གྱིས་ད་ནང་ཞོགས་ཀར་གསར་འགྱུར་བརྒྱུད་ལམ་ཁག་ཏུ། གྲོས་ཚོགས་ཀྱིས་ང་ལ་ཁྲིམས་སྦྱོར་གྱི་ཉེས་འཛུགས་བྱས་པ་དེར་ང་ལ་ཚོར་བ་གང་ཡང་མི་འདུག་ཅེས་བཤད་བཞིན་ཡོད།
སྤྱིར་བཏང་ཁྲིམས་སྦྱོར་ཉེས་འཛུགས་གྱི(Impeachment )འགྲོ་སྟངས་འདི་ནི་གྲོས་ཚོགས་ཀྱིས་སྲིད་གཞུང་གི་གནད་ཡོད་མི་སྣ་ལ་སྟངས་འཛིན་བྱེད་ལུགས་དང་། ཁོང་ཚོའི་བྱས་ཉེས་ཁྲིམས་ལ་སྦྱོར་བའི་ལུགས་སྲོལ་ཞིག་ཡིན། ཨ་མེ་རི་ཁའི་རྩ་ཁྲིམས་ཀྱི་ལེའུ་དང་པོའི་ནང་གྲོས་ཚོགས་ནས་དེ་ལྟར་བྱེད་ཆོག་པའི་ཁྲིམས་ཡིག་གསལ་པོར་བྲིས་ཡོད། དེ་ཡང་ཁྲིམས་སྦྱོར་ཉེས་འཛུགས་ཀྱི་(Impeachment )བཅའ་ཁྲིམས་སུ་སྲིད་གཞུང་གི་གནད་ཡོད་མི་སྣ་སུ་ཞིག་གིས་རྒྱལ་ཁབ་ལ་ངོ་ལོག་བྱས་པ་དང་། ལྐོག་རྔན་བླངས་བ། ཡང་ན་ཉེས་སྐྱོན་གང་རུང་ཞིག་བཟོས་པ་ཡིན་ན་ཁྲིམས་སྦྱོར་ཉེས་འཛུགས་ (Impeachment )བྱས་ཆོག་པ་ཡིན་ཞེས་གསལ་བོར་འཁོད་ཡོད། ད་ཐེངས་གྲོས་ཚོགས་ཀྱིས་ཁྲིམས་ཡིག་འདི་གཞི་ལ་བཞག་ནས་སྲིད་འཛིན་ཁྲོམ་ཕུའུ་ལ་ཉེས་འཛུགས་བྱས་པ་ཞིག་རེད།
སྐུ་ཞབས་ཁྲོམ་ཕུའུ་ལགས་སྲིད་འཛིན་ལ་བསྡད་ནས་ལོ་ངོ་གཉིས་ལས་འགྲོ་གིན་མེད་མོད། ཁོང་གིས་སྤྱི་རྒྱུ་སྒེར་བདག་བྱས་པ་དང་། ར་ཤི་ཡ་ལ་འགོ་བཏགས་ཏེ་ཨ་རིའི་འོས་སྡུད་ལ་གནོད་སྐྱོན་བཏང་བ་འདི་གཉིས་ཀྱིས་ཁོང་ཁྲིམས་སྦྱོར་ཉེས་འཛུགས་ (Impeachment )ཀྱི་ཁྲིམས་ཀྱི་དྲྭ་རྒྱའི་ནང་ཚུད་པ་རེད།
དངོས་ནས་བཤད། ཁྲིམས་སྦྱོར་ཉེས་འཛུགས (Impeachment)ནི་སྐྱོན་འཛུགས་ཀྱི་ཐོག་མའི་གོམ་པ་ཞིག་ལས། ཁྲིམས་སྦྱོར་ཉེས་འཛུགས་འདི་བྱས་པ་ཙམ་གྱིས་སྲིད་འཛིན་ཁྲོམ་ཕུའུ་གནས་དབྱུང་གཏོང་བའི་ངེས་པ་མེད། གལ་ཏེ་སྲིད་འཛིན་ཁྲོམ་ཕུའུ་སྲིད་འཛིན་གྱི་གོ་གནས་ནས་གནས་དབྱུང་གཏོང་དགོས་ན་ད་དུང་གོམ་པ་ཆེན་པོ་གཅིག་སྤོ་དགོས་ཏེ། གྲོས་ཚོགས་གོང་མའི་མང་མོས་ཐག་གཅོད་ཀྱི་གོམ་པ་དེ་སྤོ་དགོས་པ་རེད། གྲོས་ཚོགས་གོང་མའི་ཐག་གཅོད་ཀྱི་གོམ་པ་དེ་ནི་ཁོང་གི་བྱས་ཉེས་གཏན་ཁེལ་གྱི་གོམ་པ་དེ་རེད། བྱས་ཉེས་གཏན་ཁེལ་གྱི་གོམ་པ་དེ་སྤོས་རྗེས། ཆེས་མཐོ་ཁྲིམས་ཁང་གིས་གཞི་ནས་བཅད་ཁྲ་བཏང་སྟེ་ཁོང་སྲིད་འཛིན་ནས་གནས་དབྱུང་གཏོང་སྲོལ་ཡོད་པ་ཞིག་ཡིན།
དེང་གི་ཆ་ལ་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་མི་འབོར་མང་ཙམ་ཡོད་པ་དང་། དེ་དག་ཚང་མ་སྐུ་ཞབས་ཁྲོམ་གྱི་ཤོག་ཁག་རྐྱང་བ་ཡིན་པས། གྲོས་ཚོགས་གོང་མའི་ནང་ཁོང་གི་བྱས་ཉེས་དེར་ཧ་ལམ་ཐེར་འདོན་བྱེད་པའི་རེ་བ་ཆེན་པོ་མེད། གལ་སྲིད་གྲོས་ཚོགས་གོང་མའི་ནང་ཁོང་གི་བྱས་ཉེས་གཏན་ཁེལ་མ་བྱས་ན་གྲོས་ཚོགས་འོག་མའི་ཁྲིམས་སྦྱོར་ཉེས་འཛུགས(Impeachment)ཀྱིས་སྲིད་འཛིན་ཁྲོམ་ལ་ག་རེ་བྱེད་ཐུབ་གིན་རེད་ཅེ་ན། དངོས་ནས་བཤད་ན། ཁྲིམས་སྦྱོར་(Impeachment)ཉེས་འཛུགས་ཀྱིས་ཁོང་ལ་ཉེས་པ་བཙུགས་པ་ཞིག་ལས། ཉེས་པ་དེ་གཏན་མ་ཁེལ་ན་ཁོང་སྲིད་འཛིན་ནས་གནས་དབྱུང་གཏོང་མི་ཐུབ་པ་གསལ་བོ་རེད། འོན་ཀྱང་ཁྲིམས་སྦྱོར་ཉེས་འཛུགས་འདིའི་རྐྱེན་གྱིས་ཁོང་ཉིད། ཉིས་སྟོང་ཉི་ཤུ་ལོའི་སྲིད་འཛིན་གྱི་འོས་གཞིར་ལངས་རྒྱུའི་ཐད་ལ་དོ་ཕོག་ཏན་ཏན་འགྲོ་རྒྱུ་རེད་བསམ། རྒྱུ་མཚན་ནི་ཁོང་ནི་ཉེས་པ་ཕོག་པའི་མི་ཞིག་ཏུ་གྱུར་པས་ཡིན་ནོ། ། གང་ལྟར་ཁོང་གནས་དབྱུང་གཏོང་བ་ལ་ད་དུང་རིམ་པ་ཁ་ཤས་བགྲོད་དགོས་དུས། ཉུང་མཐར་ཡང་ལོ་ཕྱེད་ཀའི་རིང་ལ་ད་དུང་འདིའི་ཐད་རྩོད་གླེང་བྱེད་གི་རེད་བསམ།
ཨ་རི་བ་ཚོའི་རྩོད་གླེང་བྱེད་ལུགས་འདི་ལས་ང་ཚོའི་ཤེས་རྒྱུ་ཞིག་ནི་ཨ་རིའི་མི་མང་ནི་ཁྲིམས་ལ་ཡིད་ཆེས་བྱེད་མཁན་ཞིག་དང་། སྲིད་འཛིན་ཐེ་བའི་མི་སུ་ཞིག་ཡིན་ཡང་། ཁྲིམས་ཀྱི་གོང་ན་ཡོད་མི་ཆོག་པའི་ལམ་ལུགས་དེ་ལ་ཚང་མས་མགྲིན་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་། ཐེངས་འདིའི་ཤོག་ཁག་གཉིས་ལས་གྲུབ་པའི་གྲོས་ཚོགས་ཀྱི་རྩོད་གླེང་ཁྲོད་དུའང་། ཁོང་ཚོས་ཁྲིམས་ཀྱི་དགོངས་དོན་ནི་བདེན་རྫུན་དབྱེ་འབྱེད་ཀྱི་བླ་ན་མེད་པའི་དྲག་ཆས་དེ་ཡིན་པ་ར་སྤྲོད་བྱས་ཡོད། འདི་ལས་དངོས་གནས་ཀྱི་མང་གཙོའི་ལམ་ལུགས་འདི་ཇི་ལྟར་སྐོར་བ་འཁོར་བཞིན་ཡོད་པ་མཐོང་ཐུབ་ལ། བོད་པའི་སྤྱི་ཚོགས་འདི་ལ་མཚོན་ནའང་གཞན་གྱི་བྱེད་སྟངས་ལས་བསླབ་བྱ་བླངས་སྟེ། ཁྲིམས་སྐྱོང་གི་འདུ་ཤེས་ཅུང་ཙམ་རེ་སྐྱེ་ཐུབ་ན་རང་གི་སྤྱི་ཚོགས་འདི་སྲ་བརྟན་དང་རྒྱུན་གནས་ཡོང་པ་ལ་ཕན་ཐོགས་ཅུང་ཙམ་རེ་ཡོང་རྒྱུ་རེད་བསམ།
ཨ་རིའི་སྲིད་འཛིན་གནས་དབྱུང་གི་ཕྱོགས་ལ་རྩོད་པ་ཁ་ཤས་ཤིག་ཡོད་ཀྱང་དངོས་དེ་སྲིད་འཛིན་གྱི་དབང་ཆ་ལོག་པར་སྤྱད་དེ་མ་འོངས་པའི་སྲིད་འཛིན་འོས་མི་དམངས་གཙོ་ཚོགས་པའི་མི་ཇོའི་བྷ་སྦྲན་ལགས་ལ་Ukraine ཡོའུ་ཁུ་རན་ནས་ཞིབ་འཇུག་བྱེད་རོགས་ཀྱི་རེ་འབོད་བཏོན་པ་དེ་རེད། དངོས་གནས་བཤད་ན་སྲིད་འཛིན་གནས་དབྱུང་དུ་གཏོང་མི་ཐུབ་པ་གསལ་པོ་རེད། འོན་ཀྱང་དམངས་གཙོ་ཚོགས་པས་ཐབས་བརྒྱ་ཇི་སྟོང་གིས་མ་འོངས་པར་འོས་འདེམས་ལ་གནོད་སྤྱད་ཅི་ཐུབ་བལྟ་བཞིན་པ་དེ་ཁོ་ན་ལས་མ་འདས་སོ། ད་ལྟའི་སྲིད་འཛིན་འདི་ཆབ་སྲིད་པ་ཞིག་མིན་སྟབས་ཁོང་གིས་ཕྱག་ལས་གནང་སྟངས་གཞན་དང་མི་འདྲ་བ་མ་གཏོགས་དོན་དངོས་སྲིད་འཛིན་ཡག་པོ་རེད། ཁྱད་པར་དུ་ཨ་རིའི་དཔལ་འབྱོར་ལ་ཁེ་ཕན་ཆེན་པོ་ཡོད་པ་རེད། །
རང་རྡོར་ཁྱེད་རང་ཀུན་དང་མི་མཐུན་པ་རྐྱང་རྐྱང་བཤད་ནས་མ་སྡོད་དང་། དྲ་གྲོགས་ལགས།།
ཨ་རིའི་སྲིད་འཛིན་གནས་དབྱུངས་གཏོང་བ་ལ་གྲོོས་ཚོགས་གོང་མས་རྒྱབ་སྐྱོར་ཐོབ་དགོས་པ་ནས་ཁག་པོ་ཆགས་ཡོད་པ་ནི་གྲོོོས་ཚོགས་གོང་མའི་འཐུས་མི་མང་བ་དེ་ཁོ་རང་གི་ཕྱོགས་གཏོགས་ཡིན་པ་ནས་ལས་སླ་པོའི་ཐོག་ནས་སྲིད་འཛིན་གནས་དབྱུངས་གཏོོོ
ང་ཆོག་ཆོག་ཞིག་ཨ་ཡོད་ན།
གང་ལྟར་དམངས་གཙོ་ཚོགས་པའི་འདོད་ཐོག་ལ་འགྲོ་མི་སྲིད། ཚང་མ་སེམས་བདེ་མོ་བྲོས།
ཀརྡོ་ལགས། ངས་གཞན་དང་མ་མཐུན་པ་ག་རེ་བཤད་འདུག ཤོད་ད་ཉན་ཀི་ཡིན། །
རང་རྡོར་ལགས།
གླང་དར་གྱིས་ཆོས་རྒྱལ་ཁྲི་རལ་བཀྲོངས་རྐྱེན་གྱིས། བོད་བསིལ་བུར་ཐོར་བ་ཀུན་བཤད་ལ་རྒྱབ་འགལ་དང་། ད་ལྟའི་ཨ་རིའི་སྲིད་འཛིན་ཀྲོ་རོམ་འདི་ནི། མི་ཀླད་མེད་ཤེས་མེད་ཅིག་ཡིན་པ་ཀུན་བཤད་ལ་ཁྱེད་ཀྱིས་འགལ་ཟླར་གསུང་བཞིན་པ་འདི་ཅི་ཡིན་ནམ། ལགས།།
ཀརྡོ་ལགས། ཁྱེད་ཀྱིས་གཡག་ཞར་གྱིས་རྩ་ཟོས་པ་བཞིན་ཕྱོགས་གཅིག་མ་གཏོགས་གཉིས་མ་མཐོང་བའི་སྐྱོན་རེད། ནམ་ཡང་མིས་བཤད་པར་ཉན་མི་རུང་། རང་གིས་རྣམ་དཔྱོད་ཀྱི་རྩལ་བེད་སྤྱོད་གཏོོང་དགོས་པ་རེད། སྤྱིར་ཆབ་སྲིད་པ་ཞིག་ཡིན་པ་ནས་བཟུང་དྲང་མོ་དྲང་རྐྱང་ཞིག་ཁག་པོ་རེད། ངས་ད་ལྟའི་སྲིད་འཛིན་འདི་མི་སྐྱོན་མེད་ཅིག་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད། འོན་ཀྱང་སྲིད་འཛིན་འདི་གཞན་དག་དང་བསྡུར་ན་ཁོང་ཡག་པོ་རེད། ཁོང་ནི་ཧ་ལས་པ་ཁ་རུ་ཁ་ཐུག་ཅིག་རེད། དེའི་སྐྱོན་གྱིས་མི་མང་པོ་ཞིག་ལ་ཕོག་ཐུག་ཤོར་ཀྱི་ཡོད་པ་ལས་གཞན་ཅང་མ་རེད། ཁྱེད་ཀྱིས་ལྟོས་དང་ད་ཐེངས་ཁོང་སྲིད་སྟེགས་ནས་ཕུད་མི་ཐུབ་པར་མ་ཟད་སྐྱར་དུ་ལོ་རྗེས་མར་སྲིད་འཛིན་ལ་ཐོབ་ངེས་རེད། གལ་ཏེ་མ་ཐོབ་ན་དེ་དུས་ཁྱེད་ཀྱིས་ང་ལ་འཁོར་གསུམ་ཞིག་སྐོར་ཆོག ང་སྡོད་སའི་གྲོང་ཁྱེར་ནང་དུ་མི་བརྒྱ་ཆ་དགུ་བཅུ་ཡས་མས་ཤིག་གིས་ད་ལྟའི་སྲིད་འཛིན་འདིར་དགྲ་ལྟར་ལྟ་བཞིན་ཡོད་པ་རེད། དེ་ནི་ཁོང་ཚོར་རང་སྐྱ་ཐུབ་པའི་རྣམ་དཔྱོད་མེད་སྟབས་གཞན་གྱིས་ཤུགས་རྐྱེན་ཐེབས་པའི་རི་བོང་ཅལ་འདྲོགས་ཙམ་རེད། ང་ནི་རང་ཚུགས་ཐུབ་མཁན་གྱི་མི་བརྟན་པོ་རྣམ་དཔྱོད་ཅན་ཞིག་ཡིན་སྟབས་རི་བོང་ཅལ་འདྲོགས་ནམ་ཡང་བྱེད་མི་སྲིད། གཞན་ཡང་ང་གཅིག་བུ་ཙམ་མ་ཡིན་པར་མཆན་པ་གཞན་དག་ཚོས་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་ལྟོས་དང་། ལྷ་སྲས་དར་མ་ཡང་དེ་དང་བཞིན་རེད། ཁྱེད་ཀྱིས་ཕྱོགས་ཚང་མ་མཐོང་བའི་སྐྱོན་རེད། །
ནོར་བཅོས།
ལྷ་སྲས་དར་མ་ཡང་དེ་དང་དེ་བཞིན་རེད། ཁྱེད་ཀྱིས་ཕྱོགས་ཚང་མ་མ་མཐོང་བའི་སྐྱོན་རེད། །
རིག་རྡོར་ལགས་སུ།
་
ལྷ་སྲས་དར་མ་ཁྱོད་ཀྱི་ལུགས། །
གླང་ཕྲུག་དར་མ་ང་ཡི་ལུགས། །
ལྷ་སྲས་དར་མ་བོན་པོའི་ལུགས། །
སྨོན་ལོག་སྤྱོད་ངན་ང་ཡི་ལུགས། །
་
གླང་དར་བསད་པ་ཁྱེད་ཀྱི་ལུགས། །
གླང་དར་བསྒྲལད་པ་ང་ཡི་ལུགས། །
ཁྲི་རལ་བསྒྲལད་པ་ཁྱོད་ཀྱི་ལུགས། །
ཁྲི་རལ་བཀྲོངས་པ་ང་ཡི་ལུགས། །
་
ཡུམ་བརྟན་རྒྱབ་སྐྱོར་ཁྱོད་ཀྱི་གཤིས། །
སོད་སྲུངས་བསྲུང་དགོས་ང་ཡི་གཤིས། །
བོན་ལུགས་བོད་ཕན་ཁྱོད་ཀྱི་ལུགས། །
ནང་ཆོས་བོད་ཕན་ང་ཡི་ལུགས། །
་
གླང་དར་མེད་རྐྱེན་བསིལ་ཐོར་དང་། །
ཁྲི་རལ་བཀྲོངས་རྐྱེན་བསིལ་ཐོར་གཉིས། །
མི་འདྲ་སོ་སོའི་ལས་འབྲེལ་དང་། །
སྨོན་ལམ་བཟང་ངན་ཐེབས་ལས་བྱུང་། །
་
ད་ནས་འདི་སྐོར་མ་གླེང་ན། །
ཁ་བརྡར་གཙང་ལ་དམ་ཚིག་གཙང་། །
ང་རང་གཉིས་ཀྱང་དམ་ཚིག་གཙང་། །
ཀློག་མཁན་ཚོ་ཡང་དམ་ཚིག་གཙང་། །
་
ཀརྡོས་སྤྲིངས་སོ།།
གླེན་བཤད་རྐྱང་བཤད་ནས་ངོ་ཚ་རྒྱུ་ཟེར་ནོ་མེད་ཀི། ཁྱོད་ལྟ་བུ་རྫུན་མ་དང་། ཧམ་བཤད་བྱེད་མཁན་ཞིག་ད་བར་དུ་འཕྲད་མྱོང་མེད། ཁྱེད་དང་ངེད་གཉིས་སྔོན་ནས་སྨོན་ལམ་ལོག་པ་བདེན་པ་ཡིན་ས་རེད། ངས་ཅི་བཤད་ཀྱང་ཁྱོད་ཀྱིས་འགོག་ངེས་རེད། བདེན་པ་ཡོད་མེད་དང་གནས་ལུགས་ཡོད་མེད་ལ་ཁྱོད་ཀྱིས་ནམ་ཡང་བལྟ་མི་ཤེས། སྙིང་རྗེ། །
གཞན་ཞིག་གསལ་པོ་བཤད་རྒྱུ་ཞིག་ལ། གླང་དར་གྱི་དབུ་ལ་རྭ་སྐྱེས་ཡོད་ཟེར་བ་དང་། སྲོང་བཙན་གྱི་དབུ་ལ་འོད་དཔག་མེད་ཀྱི་སྐུ་ཡོད་ཟེར་བ་ཚང་མ་བདེན་པ་མིན་པ་དེང་དུས་ཀྱིས་མཁས་པ་ཚོས་སྨོས་པ་རེད། །
དགྲ་གནོན་ཁྲོམ་ལ་ཉེས་འཛུགས་བྱས་རུང་། ཉེས་པ་གཏོང་མི་ཐུབ། ཁོང་གི་ཤོག་ཁག་གིས་ཁྲིམས་ཁང་དང་གྲོས་ཚོགས་གོང་མ་འཇུས་ཡོད། དོན་མེད་དངུལ་དང་དུས་ཚོད་འཕྲོ་བརླག་རེད།
ཀརྡོ་ལགས། འདི་ལ་ངེས་པར་དུ་གཟིགས་རོགས་ཞུ། ཁྱེད་ཀྱིས་ག་དུས་ཡིན་ཀྱང་ཁྱེད་རང་ནོར་མེད་བསམ་གྱི་འདུག གོང་གི་ཁྱེད་ཀྱི་མཆན་
༼ད་ལྟའི་ཨ་རིའི་སྲིད་འཛིན་ཀྲོ་རོམ་འདི་ནི། མི་ཀླད་མེད་ཤེས་མེད་ཅིག་ཡིན་པ་ཀུན་བཤད་ལ་ཁྱེད་ཀྱིས་འགལ་ཟླར་གསུང་བཞིན་པ་འདི་ཅི་ཡིན་ནམ། ༽འོག་གི་དེར་ལྟོས་དང་དེ་ནས་ད་ལྟའི་སྲིད་འཛིན་འདི་གང་འདྲ་ཞིག་ཡིན་མིན་ཤེས་ཐུབ། །ད་ལྟའི་སྲིད་འཛིན་འདི་ཨ་རིའི་མི་མང་དགའ་སའི་ཨང་དང་པོར་བཞག་འདུག །
http://tibettimes.net/2019/12/31/182757/
#13 རང་བྱུང་རིག་པའི་རྡོ་རྗེ ་ལགས།
རྒྱ་ནག་ལ་དེ་མཚུངས་གདེམས་བཅུག་ན། ཞི་ཅི་ཕིང་ཨང་དང་པོ་དང་། རྒྱལ་མཚན་ནོར་བུ་ཨང་གཉིས་པར་བདམས་སྲིད་པ་རེད། འདིས། སྡུག་ཤོས་ལ་དགའ་ཤོས་བྱས་པ་ལ་ང་མི་མཚར་རོ། རིག་རྡོར་ལགས།