བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
ཁ་སང་དགུང་མོར་ཨ་རིར་འབྱོར་དུས་སྲིད་འཛིན་གསར་པའི་འོས་བསྡུ་ཡིས་ཨ་རི་བ་མང་པོ་ཞིག་ད་དུང་གཉིད་མ་ཁུག་པར་སྡོད་པའི་བཟོ་འདུག དེར་མ་ཟད་རྒྱ་གར་སོགས་ནས་ཀྱང་ཨ་རིའི་སྲིད་འཛིན་སྐོར་ལ་བསམ་ཡུལ་ལས་འདས་པའི་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱིན་འདུག དེ་དང་ལྷན་ངས་ཀྱང་འདིར་བསམ་ཚུལ་འགའ་ཞིག་བཤད་ན་བསམ། ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ཟིང་ཆ་ཆེན་མོའི་ཁྲོད་ནས་ད་ལོར་སྐུ་ཞབས་ཊོམ་ལ་རྒྱལ་ཁ་འཐོབ་རྒྱུ་ཕལ་ཆེར་གཏན་ལ་འཁེལ་བ་རེད་ཅེས་འོས་བསྡུའི་རྒྱུད་རིམ་བར་མའི་སྐབས་ཀྱི་གནས་སྟངས་ལ་གཞིགས་ནས་གྲོགས་པོ་འགའ་དང་ལྷན་དུ་གླེང་མོལ་ཡང་ཡང་བྱུང་།
སྤྱིར་སྐུ་ཞབས་ཊོམ་གྱི་མི་སྤྱོད་དམ་གཤིས་ཀར་མི་གཞན་ལ་བརྩི་མཐོང་མི་བྱེད་པ་སོགས་སྣང་ངོར་མཛེས་པོ་དེ་ཙམ་མེད་ན་ཡང་། ཁོང་སྲིད་འཛིན་གྱི་འོས་སྟེགས་སུ་ལངས་སྐབས་ཁོས་བཤད་པའི་འཆར་གཞི་ཡོད་ཚད་མ་འོངས་པར་འགྲུབ་ཐུབ་མིན་གང་ལྟར་ཨ་རིའི་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་རླིང་ཡོང་བར་མི་རིགས་རིགས་ཞེན་གྱི་གནས་བབ་སྲ་བརྟན་ཡོང་ཐབས་གཙོ་བོར་བཟུང་སྟེ་གཏམ་བཤད་ཡང་ཡང་སྤེལ་བ་དང་། དེའི་ཆེད་དུ་ལྷོ་ངོས་ཀྱི་རྒྱལ་མཚམས་སུ་རྩིག་པ་རྒྱག་རྒྱུ་དང་། ཕྱི་མི་ནང་དུ་ཡོང་བ་ཇེ་ཉུང་དུ་གཏོང་རྒྱུ། ཁྱད་པར་དུ་ཁ་ཆེའམ་འཇིགས་བསྐུལ་བའི་ཕྱོགས་གཏོགས་མཐའ་ན་མིང་མཐས་བརྒྱན་པ་ཞིག་ཡིན་ཚེ་ཨ་རིའི་ས་ཐོག་ཏུ་གོམ་པ་སྤོ་བར་དམ་བསྒྲགས་བརྩན་པོ་བྱ་རྒྱུ་སོགས་གཙིགས་སུ་བཟུང་ནས་བཤད་པ་རེད། ཁོས་གང་བཤད་པ་རྣམས་མི་རིགས་སེར་པོ་ཚོས་ཡུན་རིང་སེམས་ལ་བརྣག་པའི་ཕུགས་འདུན་ནམ་རེ་བ་ཉག་གཅིག་དེ་ཡིན་ལ་སྐུ་ཞབས་ཊོམ་གྱིས་སྲིད་འཛིན་འགྲན་རྩོད་ཀྱི་ལྡིང་ཆའི་ཐོག་གསལ་བོར་བཤད་ཐུབ་པ་བྱུང་བ་རེད།
དཔེར་ན་ཨ་རིའི་མངའ་སྡེ་མང་ཆེ་བའི་ནང་ཤར་ཕྱོགས་པ་སོགས་སྐྲ་ནག་པོའི་རིགས་ལ་མཐོང་སྣང་ག་འདྲ་ཞིག་ཡོད་པ་ང་ཚོས་ཤེས་ཤེས་པ་རེད། ལྕམ་ཁུ་ལེན་ཏྲོན་ལ་མཚོན་ན། སྲིད་འཛིན་ཨོ་བྷ་མ་ལྕམ་དང་བཅས་པས་རྒྱབ་སྐྱོར་ཚད་ལས་བརྒལ་བ་ཞིག་བྱས་པ་དང་གཅིིག གཉིས་ནས་ཁོ་མོས་མ་འོངས་པར་ད་ལྟའི་ཨོ་བྷ་མའི་སྲིད་གཞུང་གི་ལམ་ཁར་ཤར་བསྐྱོད་ཙམ་ལས་འགྱུར་བ་གསར་པ་ཆེན་པོ་ཞིག་གཏོང་བའི་འཆར་གཞི་གསལ་བོ་མེད་པ་དང་། གསུམ་ནས་ཨ་རིའི་ཕྱུག་བདག་རིང་ལུགས་པ་དང་། མེ་མདའ་བདག་བཟུང་བ། ཡང་ན་མི་རིགས་སེར་པོ་མང་པོ་ཞིག་ད་ལྟའི་ཨོ་བྷ་མའི་མདུན་གྱི་སྲིད་གཞུང་ལ་ཐང་ཆད་ནས་ཡོད་པས་འོས་བསྡུའི་རྒྱལ་ཁ་ཡང་ཁུ་ལེན་ཏྲོན་ལ་མ་སྤྲད་པ་རེད་དྲན།
འདི་ནས་ཨ་རིའི་སྲིད་འཛིན་དང་བོད་ཀྱི་སྲིད་སྐྱོང་བར་མཚུངས་བསྡུར་ཞིག་བྱས་ན། ཟླ་ཤས་སྔོན་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་ཆེས་ཟིང་ཆ་ཆེ་བའི་བོད་ཀྱི་སྲིད་སྐྱོང་འགྲན་བསྡུར་ལ་མཚོན་ན། སྐུ་ཞབས་བློ་བཟང་སེང་གེ་ལགས་ལྕམ་ཁུ་ལེན་ཏྲོན་དང་། སྐུ་ཞབས་ཀླུ་མཁར་བྱམས་ལགས་སྐུ་ཞབས་ཊོམ་དང་མཚུངས་པར་མཐོང་། སྐུ་ཞབས་བློ་སེང་གིས་ནུབ་ཕྱོགས་པའི་འོས་བསྡུའི་ཀླད་རྩའི་ཟུངས་ཤུགས་ཕྲ་རག་མང་པོ་ཞིག་འགུལ་བསྐྱོད་ཡང་ཡང་བཏང་སྟེ་བོད་མི་རིགས་འཐོམས་སུ་བཅུགས་ཤིང་། ཀླུ་མཁར་བྱམས་ཀྱིས་རང་གི་ལུས་སྲོག་དང་བཅས་པར་འཇིགས་ཞུམ་སྤུ་ཙམ་མ་བྱས་པར་ཁ་ཚ་དགོས་གཏུག་ཅན་གྱི་གཏམ་བཤད་མང་པོ་མང་པོ་ཞིག་སྤེལ་ཡོད། གང་ལྟར་བོད་མི་མང་གིས་སྙིང་སྟོབས་ལྡན་པའི་སྐུ་ཞབས་ཀླུ་མཁར་བྱམས་ཕམ་དུ་བཅུགས་པ་རེད་ལ། ཨ་རིའི་མི་མང་གིས་འཇིགས་ཞུམ་མེད་པར་སྨྲ་བའི་སེང་གེ་སྐུ་ཞབས་ཊོམ་ལགས་རྒྱལ་དུ་བཅུགས་པ་རེད། དེ་ཙམ་ཡིན།
སྐུ་ཞབས་ཀླུ་ཁར་བྱམས་ལགས་བསད་མཁན་ངོ་མ་དེ་ཟམ་གདོང་བླ་མས་གཙོས་སྐུ་སྒེར་ཡིག་ཚང་ནང་གི་མི་xxxxཁ་ཤས་ནས་༧སྐྱབས་མགོན་རིན་པོ་ཆེའི་མཚན་བེད་སྤྱོད་བཏང་ནས་ཆེད་མངགས་བསད་པ་ཞིག་ལས་བོད་མི་དམངས་ཀྱི་ཞེ་གཏིང་ནས་ངོས་ལེན་མེད་པ་ཞིག་མིན་པ་ཚང་མའི་མཁྱེན་དགོས།
ཨ་རིའི་ནང་ལ་རེཊ་ ཨིན་དྲིཡྰན་ནམ། ཨ་རིའི་གདོད་མའི་མི་རིགས་དང་གཅིག ཨ་རིའི་མི་རིགས་དཀར་པོ་དང་གཉིས། ཨ་རིའི་མི་རིགས་ནག་པོ་དང་གསུམ་ལས། ཨ་རིའི་མི་སེར་པོ་ཞེས་པ་ཞིག་མེད། ཡང་ཤར་ཕྱོགས་པ་སོག་རིགས་སམ་མོང་གོལ་གྱི་རིགས་ལ་མི་རིགས་སེར་པོར་བཏགས་ཀྱང་། ཤོད་སྲོལ་དེ་ཡང་ཕལ་ཆེར་ཉམས་ཟིན།
ཛམ་གླིང་མོ་པ་གཅིག་གིས། ཨ་རིའི་སྲིད་ཐོབ་རྒྱུ་ཡིན་པའི་ལུང་བསྟན་དང་། ཐོབ་ན་ཡང་། ཟླ་བ་དང་པོའི་ཚེས་ཉི་ཤུའི་སྔོན་ལ་འདས་གྲོངས་སུ་འགྱུར་བ་ཡང་བཤད་འདུག་ཟེར། ད་དེ་བདེན་པ་ཡིན་མིན་ལྟ་རྒྱུ་རེད།
མི་རིགས་སེར་པོ་ཟེར་ན་ཨེ་ཤེ་ཡའི་་མི་རིགས་ལ་ཟེར། མི་རིགས་དཀར་པོ་དབྱིན་ཇི་མགོ་སེར་ལ་ཟེར།
ཁྲོ་བོ་རྒྱལ་པོ་སྒྲོ་ནར་ཁྲོམ། །ཁྱོད་ནི་གཟི་བརྗིད་དཔལ་དང་ལྡན།།
འཛམ་གླིང་དཔོན་པོ་ཐམས་ཅད་ཀྱིས། །ཀྲོམ་རྒྱལ་ཁྱོད་ལ་ཚོད་མི་དཔོག །
ཞི་བདེའི་རྒྱ་མཚོ་འདར་ཡོམ་ཡོམ། །དཀྱིལ་ཤར་ཡུལ་གྲུ་འདར་གསིག་གསིག །
མོ་རྩིས་ཆོས་ལུགས་ངན་གཡོ་ཡིས། །ཁྱོད་ལ་བར་ཆད་མེད་པར་ཤོག །
སྐུ་བསྭོ་རྒྱལ་ལོ་ཀྲོམ་རྒྱལ་ལོ།།
ཨ་རི་སྲིད་འཛིན་དང་བོད་ཀྱི་སྲིད་སྐྱོང་གཉིས་ཀྱི་བར་ལ་མཚུངས་བསྡུར་བྱས་པ་འདི་ནི་། ཆབ་སྲིད་གང་ཡང་མ་ཤེས་པའི་རྟག་རེད་འདུག་་་་་ངོ་མ་ཚ་།
མི་ཤེས་ཤེས་ཁུལ་བྱས་ནས་བྲིས་འདུག
རང་བཙན་ཡོད་པའི་མང་གཙོའི་རྒྱལ་ཁབ་ཀྱི་འོས་བསྡུའི་ལས་རིམ་དང་
མི་ཡུལ་དུ་སྐྱབས་བཅོལ་ནས་སྤྱི་ཚོགས་ཆུང་ཆུང་ཞིག་གི་མང་གཙོའི་
འོས་བསྡུའི་ལས་རིམ་གཉིས་མཚུངས་བསྡུར་ནམ་ཡང་བྱ་ཐབས་མེད་པ་
ཞིག་མ་རེད་དམ་?
གྲྭ་བར་སྲིད་མི་འོས། ད་ཆོས་ཚོགས་ནང་ཆོས་ཀྱི་འཁོར་ནས་སྡོད་ཐུབ་པ་གནང་རོགས། སྐུ་མཁྱེན།
༅༅། ཨ་རི་མང་གཙོའི་རྒྱལ་ཁབ་ཀྱི་སྲིད་འཛིན་དང། བོད་སྐྱབས་བཅོལ་གྱི་མང་གཙོ་གཉིས་
མཚུངས་བསྡུར་བྱས་པ་ནི་མདང་སྐྱེས་བྱིས་པ་འདྲའོ།
ཨ་ཕོའི་འཁྲབ་པ་དང་ཝ་མོའི་འཁྲབ་པ་གཉིས་རྩ་བ་ནས་མི་འདྲ་།
ཡང་ཨ་རིའི་སྲིད་འཛིན་བདམས་ཐོན་གསར་པ་ནས་འཛམ་གླིང་ནང་དམག་ཆེན་གཉིས་པ་སླེབས་པ་
ལྟར་གྱི་ཞེད་སྣང་བྱེད་པ་ནི། རི་བོང་ས་རྡིབ་པའི་སྡུག་བསྔལ་བྱེད་དགོས་ཡ་མི་འདུག་
ག་རེ་བཤད་ཀྱང་དོན་དངོས་སུ་ལག་བསྟར་མི་ཡོང་བ་ལོང་བས་བལྟས་ཀྱང་ཁམས་གསུམ་མཐོང་་
ལྟར་རེད།
དཔེར་ནས་་་ཀྲོམ་ལགས་ནས་་་མེག་སི་ཀོ་དང་ཨ་རིའི་བར་གྱི་ས་མཚམས་ལ་རྡོ་བརྕིགས་རྒྱག་གི་
ཡིན་ཞེས་འུར་གཏམ་བཤད་སོང་བར་དངོས་གནས་དེ་འདྲ་ཡོང་གི་རེད་པས། ཡོང་ཡ་ཡོད་པ་མ་རེད།
ཨ་རིའི་ནང་ཁྲིམས་འགལ་བྱས་ནས་བསྡད་མཁན་ས་ཡ་གཉིས་གསུམ་ཡོད་པ་རྣམས་རང་གནས་
སུ་ཕྱིར་འདོན་བྱེད་ཀྱི་ཡིན་བརྗོད་སོང་བ་དེ་འདྲ་དངོས་གནས་ཡོང་གི་རེད་དམ།
གཅིག་ནི་འཛམ་གླིང་འདིའི་སྟེངཡར་ཐོན་ཅན་གྱི་མང་གཙོའི་རྒྱལ་ཁབ་ཆེ་གྲས་ཞིག་དང། གཅིག་ནི་མང་གཙོའི་རིང་ལུགས་འདི་ཡང་ྋརྒྱལ་བ་རིན་པོ་ཆེས་མར་ཤུགས་གནོན་བསྐྱོན་ཏེ་འབུད་རྒྱག་བཏང་བཞག་པའི་བཟོ་འདྲ་ཞིག་མ་གཏོགས་བོད་མི་མང་ཚོགས་མི་རེ་ངོ་རེའི་བསམ་བློའི་ནང་དེའི་ཐོག་ལ་གོ་རྟོགས་དང་ཡིད་ཆེས་ཡོད་པའི་དབང་གིས་དེ་ལ་དགའ་སྣང་གི་ཐོག་ནས་འབད་བརྩོན་མ་བྱས་པ་ཡིན་དུས། ཨ་རི་ལྟ་བུའི་རྒྱལ་ཁབ་དང་མཚུངས་བསྡུར་ཡོང་གཞི་མེད་པ་ལྟ་བུར་མངོན།
ང་ཚོ་བོད་པ་ཚོ་མནའ་ནས་ད་བར་གཞན་ཟེར་ཅལ་འདྲོགས་དང་། འགན་ལེན་མེད་པའི་གཏམ་ཞེ་ཅིག་སྤེལ་ཏེ་བསྡད། ད་དུང་ཡང་དམངས་གཙོ་ལ་ཁ་ཁ་ཡོད་པའི་བཟོ་ཞིག་བཤད་ནས་བོད་མི་རྣམས་ཡང་སྐྱར་རྨོངས་པའི་ལམ་དུ་མུ་མཐུད་འཇུག་འདོད་པ་ནི་ཀྱེ་མ་ཧུད།
བོད་མིའི་མང་གཙོ་ནི། མེ་ཏོག་པདྨ་གསར་པ་དང་འདྲ། སྐྱོན་ཆུང་ལ་རྩ་བ་མི་བརྟན། ཨ་རིའི་མང་གཙོན་ནི། ལྕགས་སྒྲོག་གིས་བསྡམས་པའི་ཤིང་སྡོང་དང་འདྲ། མང་གཙོ་བརྟན་ཡང་སྲོལ་ངན་གྱིས་བཅིངས་ནས་བསྡད་ཡོད་རེད། རྒྱ་གར་གི་མང་གཙོ་ནི། ཤིང་སྡོང་རྒྱས་ཀྱང་། ཤིང་ཏོག་གཅིག་ཀྱང་ལག་ཏུ་མི་སོན་པ་དང་འདྲ། རྒྱ་ནག་གི་མང་གཙོན་ནི། ཤིང་གིས་བསྡམས་པའི་ལྕག་སྒྲོག་དང་འདྲ། གཅིག་སྡུད་རིང་ལུགས་ལ། མང་གཙོའི་ཤིང་པགས་གཡོག་པ་དང་གཅིག་པ་རེད།
གྲྭ་བས་སྲིད་ཀྱི་ཐོག་ལ་ཐེས་ཇུས་བྱེད་ན་དྲང་བདེན་ཞིག་གཏན་ནས་ཡོང་མི་སྲིད་།