སྤོབས་པ་མཐའ་ཡས།
ཕོ་རྩལ་སྣ་དགུ་ལ་མ་བྱང་མེད་པའི།།
སྲིད་འཛིན་ཕུ་ཊིན་གྱི་འཇོན་ཐང་མཐོང་དུས།།
འཇིག་རྟེན་མི་ཟས་དེ་ཟ་སྟངས་འདྲ་ཡང་།།
ཟས་རིན་འཇལ་སྟངས་ཀྱི་ཁྱད་པར་མཐོང་ངེས།།
ཕོ་རྒོད་སྟག་འདྲ་དང་གཟིག་འདྲ་འཛོམ་དུས།།
སྲིད་འཛིན་ཕུ་ཊིན་ཁྱོད་སེང་གེ་འགྱིང་འདྲ།།
ཕྱི་འཁྲེགས་ནང་འཁྲེགས་ཀྱི་ཕོ་རྒོད་དར་མ།།
གཞོམ་གཞིག་ཀུན་བྲལ་གྱི་ངར་ལྕགས་སྡོང་པོ།།
གནམ་གྲུ་གཏོང་སྐབས་སུ་གླག་རྒོད་ལྡིང་ལྡིང་།།
ཆུ་སྐྱལ་བྱེད་སྐབས་སུ་གསེར་ཉ་འཁྱུག་འཁྱུག།
རྟ་མཆོག་ཞོན་སྐབས་སུ་རླུང་འཚུབ་འགྱུ་འགྱུ།།
མེ་མདའ་འཕེན་སྐབས་སུ་ཐོག་རྒོད་འབབ་འབབ།།
གངས་ཤུད་བྱེད་སྐབས་སུ་སྐར་མདའ་ཆད་ཆད།།
དྲག་རྩལ་རྩེད་དུས་སུ་གློག་ཞགས་འཁྱུག་འཁྱུག།
འཁྱགས་སྤོལ་རྩེད་སྐབས་སུ་ཁུག་རྟ་འཕུར་འཕུར།།
རྐང་འཁོར་ཞོན་སྐབས་སུ་སྒྱོགས་མདེལ་རྒྱུ་རྒྱུ།།
གངས་དང་ཆར་བ་ཡིས་གྲང་རྒྱུ་མི་འདུག།
ནགས་དང་གཅན་གཟན་གྱིས་འཇིགས་རྒྱུ་མི་འདུག།
དགྲ་དང་ངོ་རྒོལ་གྱིས་ཞུམ་རྒྱུ་མི་འདུག །
ཁྱོད་ཀྱི་མགོ་སྟེང་ན་གནམ་ལས་མི་འདུག །
རང་ཡུལ་ཨུ་རུ་སའི་ལ་རྒྱ་བསྲུང་ནས།།
ཞི་དྲག་གསང་གསུམ་གྱི་རྩལ་ཤུགས་ངོམ་ནས།།
འཛམ་གླིང་ཆེ་རྒུ་ཡི་མགོ་བོའི་སྟེང་ན།།
ཁྱེད་ཀྱི་ལྷམ་ཀོག་དེས་དབང་ཞིག་བསྐུར་སོང་།།
ཨ་རི་ཡུ་རོབ་གཉིས་རྐང་པས་མནན་སོང་།།
རྒྱ་གར་རྒྱ་ནག་གཉིས་ལག་པས་བཀྱག་སོང་།།
ཨའོ་སི་ཁྲལ་ལི་ཡའི་སྲིད་བློན་སྨྱོན་པས།།
ཁྱེད་ཀྱི་སྐྱག་པ་ལ་འགྲན་ས་མ་རེད།།
དུག་སྦྲུག་ལྟོ་དམར་གྱི་མིག་ཟུང་མངའ་ཞིང་།།
གླག་མཆུ་གུག་པོ་ལྟར་སྣ་རྩེ་རྣོ་བ།།
སེང་གེ་དར་མ་བཞིན་ཤ་རྒོད་རྒྱས་པའི།།
ཕོ་རྒོད་ཕུ་ཊིན་འདི་ཇེ་བས་ཇེ་རྫིགས།།
ཆབ་སྲིད་ལངས་ཕྱོགས་ཀྱི་བཟང་ངན་མི་བཤད།།
ཆོས་ལུགས་དད་མོས་ཀྱི་འཁོར་ཕྱོགས་མི་གླེང་།།
སྐྱེས་བུ་སྒེར་ངོས་ཀྱི་འཇོན་ཐང་བསམ་ན།།
སྲིད་འཛིན་ཕུ་ཊིན་ལས་བརྗིད་ཅིག་མི་འདུག །
༼ནགས་དང་གཅན་གཟན་(གྱིས)་འཇིགས་རྒྱུ་མི་འདུག།
དགྲ་དང་ངོ་རྒོལ་(གྱིས)་ཞུམ་རྒྱུ་མི་འདུག །༽
ར་ཞིས་ཡ་ཡི་བརྡ་སྤྲོད་དཔེ་ལ་བཞག་སྟེ་བྲིས་ཡོད་པ་འདྲ། ཅི་ལབ་ཡོད་གང་ཤེས།
པུ་ཊིན་ལ་ཞི་ཅི་ཕིང་གི་ཞེན་ཆའི་ཆ་གཅིག་དེ་དུས་ད་ལྟ་ཡང་ཡོད། ད་དུང་ཤར་ཡུ་རོབ་ཏུ་བདུག་རྩུབ་དང་། ཡོ་རོབ་དང་ཨ་རིར་མཐུན་ལམ་བྱེད་མི་མཁན་གྱི་མི་གླེན་ལྐུགས་ཅན་ཞིག་དང་། ད་དུང་བཀའ་བཀོད་རྒྱུན་གྱི་བག་ཆགས་ངན་པ་ཡང་ཡོད། སྤོབས་མཐས་དེ་ཙམ་བསྟོད་དོན་དེ་ཤེས་མ་བྱུང་བས་་་་་་་
སྐུ་ཞབས་གཉེར་ཕྱག་པ་ལགས། སྤྱིར་ན་ངས་སྐུ་ཞབས་ཕུ་ཊིན་གྱིས་འཛམ་གླིང་ལ་ཞི་བདེ་བསྐྲུན་མ་བསྐྲུན་གླེང་གི་མེད། སྐྱེས་བུ་སྒེར་གྱི་ནུས་ཤུགས་འཇོན་ཐང་ལས་གླེང་གིན་ཡོད། དེ་ལུགས་རྩོམ་རང་གི་ནང་དུ་གསལ་པོར་བསྟན་ཡོད། སྐྱོན་ཡོད་པ་ཙམ་གྱིས་སྐྱེས་བུ་དེའིཕྱོགས་དང་ཆ་ཐམས་ཅད་སྐྱོན་གྱི་ཕུང་པོར་བསྒྱུར་བ་དེ་ནི་ལེགས་ཉེས་འབྱེད་པའི་མིང་དང་བྲལ་བའི་རྟགས་ཡིན་པས་རང་ཉིད་ཀྱི་རྣམ་དཔྱོད་ཕྲན་བུ་དེ་འཕྲོ་བརླགས་སུ་མི་གཏང་རྒྱུ་ནི་ངས་དྲ་གྲོགས་དྲིན་ཅན་ཚོར་ཞུ་བའི་རེ་བ་ཡོད་ན་མེད་ན་གཅིག་ཡིན།
པུ་ཊིན་ཁོང་། ཀ་ར་ཊི་སོགས་དྲག་རྩལ་ཡོད་ན་ཡང་། ཁོང་གིས་རང་གི་ལུང་པར་མང་གཙོའི་ཐོབ་ཐང་དང་། ཕྱི་ཡི་རྒྱལ་ཁབ་ལ་མཐུན་་མ་གཉིས་པོ་དེ། ཤིན་ཏུ་ཡིད་མ་རངས་པའི་གནས་སུ་མཐོང་ལགས།
ཕུ་ཊིན་མཆོག་གི
https://www.google.hu/search?q=putin&oq=putin&aqs=chrome.0.69i59j0l2j69i60.17309j0j4&sourceid=chrome&ie=UTF-8
ཁོང་རང་གཤེད་ཅན་ཡིན་སྟངས།
Many of Ptin’s actions are regarded by the domestic opposition and foreign observers as undemocratic
འགན་འཁུར་མེད་པའི་ཇུས་ཏོག་རང་རེད་། པུ་ཊེན་གྱི་ལས་ཀ་ལ་སྟོད་་ནས་ང་ཚོར་ཐོབ་རྒྱུ་དང་ཤོར་རྒྱུ་གང་ཡང་མེད་།
ཆབ་སྲིད་་ཤེས་ཀྱི་ཡོད་ན་བོད་དོན་དང་འབྲེལ་བའི་སྐོར་ལ་ཇུས་ཏོག་བགྱིས་།
ཧ་ཧ་
སྤོབས་པ་མཐའ་ཡས་ལགས།པུ་ཌིན་གྱི་རྭ་ཅོ་ལྟ་བུའི་རང་གཤིས་སྐོར་ལ་བྲིས་པ་བསྔགས་འོས་སོ།
ཕུ་ཊིན་འདི་ངོ་མ་མི་ངར་མ་ཞིག་རེད། ཨ་རའི་སྲིད་ཟུར་བྷུ་ཤིས་ཀྱང་དགའ་མོས་ཆེ་ཤོས་བྱེད་ས་ཞིག་ཕུ་ཊིན་ཡིན་པར་བཤད་མྱོང་བ་དྲན།
བྷུ་ཤི་བཟའ་ཚང་དང་ཕུ་ཊིན་མཐུན་པོ་ཡིན་རབས་འདུག
སྤོབས་པ་ལགས། ཕུ་ཏྲིན་བུ་ངར་ཡིན་ན་ཐང་། འོན་ཀྱང་བླུན་པོ་རེད། གང་ཡིན་ཞེས་ན་ཁོང་གིས་རང་གི་རྒྱལ་ཁབ་ཀྱི་ཕུགས་ལ་བསམ་བློ་དེ་ཙམ་གཏོང་ཤེས་ཀྱི་མེད་པ་འདྲ། སྔོན་ཨེ་རག་གི་སྲིད་འཛིན་ས་དམ་ཧོ་སམ་གྱིས་ཀྱང་བུ་ངར་ཡིན་པའི་ཁུལ་བྱས་མཐར། རང་སྲོག་ཤོར་བར་མ་ཟད། ཨེ་རག་ལ་ཕམ་ཉེས་ཅི་ཙམ་ཤོར་ཡོད་མེད་ང་ཚོའི་སྤྱན་ལམ་དུ་གསལ་ལྷང་ངེར་ཡོད་པ་འདི་རེད། ཨུ་རུ་སུ་སྲིད་འཛིན་ལའང་དེ་དང་དེ་ལྟ་བུ་རེད། །
དེང་སང་ང་ཚོའི་སྤྱི་ཚོགས་ཀྱི་ནང་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་ཤེས་མཁན་ཟེར་བ་དེ་དགྲ་བོར་མགོ་འདོགས་མཁན་ཞིག་ལ་གོ་དགོས་ཀྱི་ཡོད་པ་འདྲ། གཞན་ཕུ་ཏྲིན་ལྟ་བུས་རང་རྒྱལ་སྲུང་ཐུབ་མཁན་དང་གཞན་སྡེ་གནོན་ཐུབ་ཞིག་མིན་པ་འདྲ།
ད་དུང་པི་ཊིན་གྱིས་རྒྱོ་རྒྱག་སྟངས་ལ་བསྟོད་པ་ཞིག་ཆད་འདུག་་