ཤར་ཕྱོགས་ཁུག་རྟ།
འོས་འདེམས་བྱས་པའི་དབུ་ཁྲིད་ལ་འོས་འཕེན་པས་དྲི་བ་དང་རྗེས་འདེད་གཏོང་རྒྱུ་མཚམས་ཆད་མི་རུང་། དེ་མཚམས་ཆད་པ་ཡིན་ན་མི་མང་གིས་མང་གཙོའི་འོས་འགན་ཏག་ཏག་ཅིག་བསྣམས་ཀྱི་མེད་པའི་རྟགས་ཐོན་པ་རེད། མི་མང་གིས་ཐུགས་འགན་བཞེས་སྟངས་ནི་དུས་ལས་མ་ཡོལ་བ་ཞིག་ཡོང་རྒྱུ་ཁག་པོ་ཡིན་པས། ངེས་པར་དུ་སྤྱི་ཚོགས་ནང་གི་གཟུར་གནས་ཤེས་ལྡན་སྤྱི་སེམས་ཅན་ཚོའི་བསམ་ཚུལ་ལ་ཉན་དགོས་པ་གལ་ཆེན་ཡིན།
ང་ཚོ་ཚང་མ་མི་ཞིག་ཡིན་པའི་ཆ་ནས། ལྷན་སྐྱེས་སུ་ཡོད་པའི་ཞེན་ཁོག་དང་། དགའ་ཞེན། ཡང་ན་བསམ་བློ་ཞིབ་ཚགས་མ་བཏང་བར་བློ་ལམ་ནོར་དུ་ཕྱིན་པའི་ཞེན་ཁོག དགོས་དབང་དང་ཁེ་ཕན། ཕྱིར་ནུར་བྱེད་ས་མི་འགྲོ་བའི་ཞེན་ཁོག་གི་རིགས་ལ་རྒྱབ་བསྙེས་ཏེ། རང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་དྲི་བ་མ་བཏང་བར། གཟིམ་ཁུག་ཏུ་བཅུག་ན། དེ་ནི་མི་མང་ལ་འགན་མ་འཁུར་བ། ལོ་རྒྱུས་ལ་འགན་མ་འཁུར་བ་ཞིག་ཆགས་རྒྱུ་ནི་གདོད་མི་ཟ་བ་ཞིག་ཡིན།
ངེད་ཀྱིས་སྲིད་སྐྱོང་གི་ཕྱག་ལས་གནང་སྟངས་སྐོར་རྟག་ཏུ་དོན་དག་རང་ལ་མཛུབ་མོ་བཙུགས་ཏེ་ཚོར་བ་རྣོན་པོས་རྗེས་འདེད། དྲི་བ་གཏོང་སྐབས། ཡང་དག་མིན་པའི་ཞེན་ཁོག་གི་གཞན་དབང་དུ་སོང་བ་ཁག་ཅིག་དང་། བསམ་གཟས་ནས་གླེང་ཕྱོགས་ཀྱི་རྙོག་དྲ་བཟོ་མཁན། རྒྱ་ཕྱོགས་ཀྱི་གསོ་ཕྲུག་སྒོར་ཟུར་ལྔ་བ་དང་། ལངས་ཕྱོགས་ཀྱི་ན་ཚས་སྤྱི་དོན་ལ་གྱོང་གུད་གཏོང་མཁན་རིགས་བཅས་ཁག་ཅིག་གིས་རྒྱུ་མཚན་ལ་རྒྱུ་མཚན་ལྡན་པའི་བགྲོ་གླེང་དང་། བསམ་ཚུལ་གསུངས་ཐུབ་ཀྱི་མེད་པ་ནི་རྒྱུན་ལྡན་ཞིག་རེད། དེ་ནི་ཧང་སངས་པ་ཞིག་མིན་ནའང་། གཤམ་དུ་ངས་སྙིང་བསྡུས་ཀྱིས་གླེང་འདོད་པའི་གནད་དོན་ཁག་གི་ཐད་དུའང་། སྔར་བཞིན་བཟང་སྤྱོད་དང་གཏན་ཚུགས་བྲལ་བའི་ལན་པོ་སློག་མཁན་ཡོང་ངེས་པ་ནི་གསལ་བོ་རེད། ཡིན་ནའང་། དེ་དག་མིའི་སྤྱི་ཚོགས་ཀྱི་ཆོས་ཉིད་ལྟ་བུ་ཞིག་ཡིན་པས། ང་ཚོས་མཉམ་དུ་གཤམ་གྱི་གནད་དོན་འདི་དག་གི་སྐོར་བསྐྱར་དུ་བསམ་གཞིགས་ཤིག་བྱ།
གཅིག ༸གོང་ས་ཐམས་ཅད་མཁྱེན་པས་རྒྱལ་སྲིད་བཙན་གྱིས་རྩིས་སྤྲོད་གནང་སྟེ། དུས་ཡུན་མི་ལོ་དྲུག་ཙམ་འགོར་ལ་ཉེ་ཞིང་། དེའི་རིང་ང་ཚོར་ཐོབ་པའི་གྲུབ་འབྲས་ཅི་ཞིག་རེད། གྲུབ་འབྲས་སྤྱི་ཡོངས་ནས་གླེང་རྒྱུ་ནུས་པ་ཞིག་མིན་ནའང་། ཆབ་སྲིད་དང་བཙན་བྱོལ་ནང་གི་གནས་བབ། བོད་མིའི་འཐབ་རྩོད་ཀྱི་སེམས་ཤུགས་བཅས་པ་གནས་ཚད་གོང་མཐོར་སྤེལ་ཐུབ་ཡོད་མེད་ངེས་པར་དུ་བསམ་ནུས་ཐུབ་པ་ཞིག་དགོས་ངེས་སྙམ། རྒྱལ་སྤྱིའི་སྟེང་གི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཚད་གང་དུ་སླེབས་ཡོད། ང་ཚོའི་སྲིད་སྐྱོང་ཁྲི་ལ་འཁོད་ནས་བཟུང་། མི་མང་གིས་གཅིག་གྱུར་ངོས་འཛིན་དང་མཚན་འདོགས་ཅི་ཞིག་གནང་ཡོད་པ་རེད་དམ་ཟེར་ན། ‘’སྲིད་སྐྱོང་ཕྱོགས་བསྐྱོད་པ་’’ཞེས་པའི་མཚན་འདི་གནང་ཡོད། ཐོག་མར། ལོ་དང་པོ་ནས་གཉིས་དང་ཕྱེད་ཀ གསུམ་པའི་བར་དེ་ནི་དབུས་བོད་མིའི་སྒྲིག་འཛུགས་དང་མི་མང་གཉིས་ཀའི་དཔལ་དང་རྒྱན་དུ་ངོས་འཛིན་གནང་མཁན་བྱུང་ཡོད་ལ། རྒྱལ་སྤྱིའི་ནང་གོ་བརྡ་མ་འདྲ་བ་ཞིག་འཕྲོད་ཡོད་པའི་ལབ་གླེང་ཡང་བྱུང་ཡོད། དེ་ལ་བསྟུན་ནས་སྲིད་སྐྱོང་རང་གི་ཞལ་ནས་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཚུལ་ཡང་གསུངས་ཡོད། ཡིན་ནའང་། ཁ་ཡོད་ལག་ཡོད་དང་། མངོན་སུམ་མིག་ལ་སྟོན་རྒྱུ་ཡོད་པའི་རྒྱལ་སྤྱིའི་སྟེང་གི་རྒྱབ་སྐྱོར་ག་རེ་ཐོབ་སོང་། རྒྱབ་སྐྱོར་ཞུ་དུས། སྲིད་གཞུང་ཁག་གི་བསྒྲགས་གཏམ་དང་གྲོས་ཚོགས་ཁག་གི་གྲོས་ཆོད་མ་འདྲ་བ་ག་རེ་འཇོག་བཅུག་ཡོད་མེད་དེ་རེད། གནས་ཚུལ་དེ་ལ་ཞིབ་ལྟ་བྱས་ཡོང་དུས། གནད་དོན་གཙོ་བོ། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞིབ་ཚགས་རྒྱལ་སྤྱིའི་ཐོག་གོ་བརྡ་གསལ་བོ་སྤྲོད་ཐུབ་ཡོད་མེད་ཐད་རང་བཞིན་གྱིས་དྲི་བ་སླེབས་ཡོང་བ་དེ་རེད། དེའི་ཆ་ནས་རང་སྲེག་བསྟུན་མར་བྱུང་བར་རྒྱལ་སྤྱིའི་ཆབ་སྲིད་རྒྱབ་སྐྱོར་གྱི་གནས་བབ་ཕྱོགས་བསྡོམས་ཞུ་རྒྱུ་ཡོད་མེད་དང་། ཞུས་ཡོད་མེད། དེའི་སྐོར་དབུ་ཁྲིད་ཀྱི་ལམ་སྟོན་ཚད་ལྡན་ཕེབས་ཐུབ་ཡོད་མེད་བཅས་ནི་ད་བར་མ་བྱུང་བའི་གནས་ཚུལ་ཞིག་ཡིན་པས། ༡ ད་བར་བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས་རྣམས་རྒྱལ་སྤྱིའི་ནང་གོ་བརྡ་སྤྲོད་རྒྱུའི་ཚད་ལྡན་ཡིག་ཆ་དང་གཏམ་བཤད་གཉིས་ཀ་གནང་ཐུབ་མེད་པ་དང་། ༢ རང་ལུས་མེར་སྲེག་ལ་རྒྱབ་སྐྱོར་ཅི་ཐོབ་དང་ཚད་མཐོའི་ཞི་རྒོལ་ལེའུ་དེར་ཁྱོན་ཡོངས་ནས་བསྡོམས་རྒྱག་ཐུབ་མེད་པ་བཅས་ནི་དེ་རིང་ང་ཚོས་མཐོང་ཞིང་། ང་ཚོར་ཐོབ་པའི་གྲུབ་འབྲས་ཡིན་སྟབས། ཀློག་པ་ཚོར་འདིའི་ཐད་བསམ་ཚུལ་ཅི་ཞིག་ཡོད་མེད་དེ་འདོན་དགོས་པ་གལ་ཆེན་རེད་སྙམ།
གཉིས། བོད་རྒྱ་འབྲེལ་མོལ་རྩ་ཆད་བྱུང་བའི་སྐོར་རེད། ངེད་ནས་སྐབས་དུས་སོ་སོར་འབྲེལ་མོལ་སྐོར་དཔྱད་གཏམ་འབྲི་ཁུལ་བྱས་པ་ཀློག་མཁན་ཚོར་ངེས་ཆུབ་བྱུང་ཡོད་སྟབས། རྒྱས་པར་གླེང་མ་དགོས་ཀྱང་། ད་ཆ་འབྲེལ་མོལ་བསྐྱར་མཐུད་ཀྱི་ནུས་པའི་མ་འདང་བའི་འཐུས་ཤོར་དེ་རིམ་གསལ་དུ་འགྲོ་བཞིན་པ་མ་ཟད། སྲིད་སྐྱོང་འདི་བའི་ལོ་ལྔ་ཚན་དང་པོའི་སྐབས་ནས་འབྲེལ་མོལ་བསྐྱར་མཐུད་ཆེད། རྒྱུ་མཚན་ལ་གཞི་བཅོལ་བའི་དམིགས་ཚད་ཡང་དག་པ། ལས་འཆར་ཡང་དག་པ། སྲིད་བྱུས་བསྒྲགས་གཏམ་ཡང་དག་པ་བཅས་གང་ཡང་ས་ཐོག་ཏུ་འབུད་མ་ཐུབ་པ་ནི། སྲིད་སྐྱོང་གི་གཏམ་བཤད་ཁག་ཏུ་མཁས་མཛངས་ལྡན་པའི་དབུ་ཁྲིད་ཚོའི་གནང་སྟངས་ཇི་བཞིན་གསལ་ཁ་གང་ཡང་འདོན་ཐུབ་མེད་པ་དེས་རང་བཞིན་གསལ་བཤད་བྱས་ཡོད་པས། བོད་རྒྱ་འབྲེལ་མོལ་མ་ཡོང་བའི་རྒྱུ་མཚན་ཕྱོགས་གཉིས་ལ་ཡོད་པའི་ནང་། ༡ ང་ཚོའི་ཕྱོགས་ཀྱི་འཐུས་ཤོར་ནི། ང་ཚོའི་དབུ་ཁྲིད་ཀྱི་ནུས་པའི་མ་འདང་བ་དེ་ཕྱོགས་གང་སར་གསལ་བོ་ཆགས་ཡོད། ༢ དབུ་ཁྲིད་ཀྱི་མཁས་མཛངས་ནུས་སྟོབས་ཀྱིས་འདང་ན་འབྲེལ་མོལ་ཡོང་ཡོད་པ། ལོ་རྒྱུས་ལ་བལྟ་མི་དགོས་པར་འདས་ཟིན་པའི་ལོ་འགའི་སྔོན་གྱི་གནས་སྟངས་ལ་འཁྱུག་ཙམ་བལྟས་པས་ཤེས་ཐུབ། ངེད་ནས་སྐབས ༡༦ པའི་གྲོས་ཚོགས་ཚོགས་ཐེངས་ ༢ པའི་སྐབས་འབྲེལ་མོལ་སྐོར་གྱི་སྐར་རྟགས་ཅན་གྱི་དྲི་བ་ཞིག་ལས་འཕྲོས་ཏེ་དྲི་བ་འགའ་ཞུས་པར། སྲིད་སྐྱོང་གིས་’’གསང་བའི་ངང་འབྲེལ་མོལ་སྐོར་གང་མིན་ཚད་གནང་གི་ཡོད་སྐོར་དང་། གལ་སྲིད་ང་ལ་འགན་འཁུར་ཐུབ་ན། ལན་འདེབས་ཞུས་ཆོག་’’ཅེས་གསུངས་པ་རེད། རྒྱུ་མཚན་དེའི་འབྲེལ་མོལ་བསྐྱར་མཐུད་ཀྱི་ཐབས་ལམ་ལ་ལྗིད་ཁོག་དང་གདེང་ཚོད་ཅི་ཙམ་ཡོད་མེད་རང་བཞིན་གྱིས་གསལ་བཤད་བྱས་ཡོད་ལ། ངེད་ལྟ་བུ་ཞིག་ལ་འགན་འཁུར་ཐུབ་ན་ཞེས་ཞུ་ཕོད་པ་དེས་ཡ་གའི་ཕུག་ན་སྟོང་པ་སྟོང་རྐྱང་ཆགས་ཡོད་པའི་རྟགས་བསྟན་པ་རེད།
གསུམ། ད་ཆ་ ༥ དང་༥༠ ་ཞེས་པའི་ལས་འཆར་གྱི་ཁ་བྱང་ཞིག་བསྒྲགས་བཞིན་པ་ཡིན། འོན་ཀྱང་དེའི་སྲིད་བྱུས་ཀྱི་གནས་ཚུལ་ཞིབ་ཚགས་ཏེ། རིགས་པའི་གཞུང་ལུགས་དང་ལྡན་པའི་ཡིག་ཆའམ་གཏམ་བཤད་གང་ཡང་། གྲོས་ཚོགས་དང་སྤྱི་ཚོགས་གཉིས་ཀར་གནང་ཐུབ་མེད། དེའི་ཆ་ནས་ལོ་ལྔ་ཚན་དང་པོའི་གནས་སྟངས་དང་ལྟའི་གནས་སྟངས་གཉིས་ཀས་མ་འོངས་ལོ ༤ ཅི་ལྟར་འགྲོ་མིན་གསལ་བོར་བསྟན་ཡོད། གནད་དོན་གལ་ཆེ་འགའི་ཐད་ཕྱག་ལས་གནང་སྟངས་ཀྱིས་ཁྱོན་ནས་འདང་གི་མེད་ཅིང་། དེ་དག་རིགས་འགྲེས་བཏང་ཚེ་ ༥ ་དང་ ༥༠ ་ལྗིད་ཁོག་མཐོང་མི་ཐུབ་པ་ཞིག་མིན། དཔེར་ན། ༡ གཞུང་ཞབས་འདེམས་སྒྲུག་ཞུ་ཕྱོགས་ནང་དམིགས་བསལ་བསྐོ་གཞག་ཟེར་བའི་ཆ་རྐྱེན་ཞིག་གསར་འཇུག་བྱས་པ་དང་། ༢ གསར་འབྱོར་བོད་མི་ཚོར་མཐུན་རྐྱེན་སྦྱོར་ཕྱོགས་ཀྱི་སྲིད་བྱུས་ཚད་ལྡན་ཞིག་མེད་ཁར་དེའི་ཐད་བརྩམས་པའི་ལས་གཞི་མང་པོ་ཞིག་ཀླན་ཀའི་གཞི་རྩ་ཆགས་བཞིན་པ་སོགས་ཀྱིས། ༥ དང ༥༠ ཟེར་བས་གོང་ཞུས་ལྟར་རྣམ་དཔྱོད་ལྡན་པའི་སྤྱན་ལམ་དུ་འོས་འཚམ་གྱི་གནས་བབ་ཟིན་གྱི་མེད་པ་གསལ་བོ་ཆགས་ཟིན་པས། མ་འོངས་པའི་སྲིད་སྐྱོང་རྣམས་ལ་ལོ་ལྔ་ཚན་སོ་སོའི་ནང་ལས་འཆར་དང་སྲིད་བྱུས་ཚད་ལྡན་མི་དགོས་པའི་མིག་དཔེ་ངན་པ་ཡོང་སྲིད་པའི་སེམས་ཁྲལ་ངེད་ལ་ཤིན་དུ། རབ་ཏུ། ཀུན་ཏུ་ལྕི་ཡང་བྱ་ཐབས་ཟད།
བཞི། ང་ཚོའི་གཞིས་ཆགས་ཁག་དང་། སིད་ཚོང་ཁག སློབ་ཡོན་ཐད་བཅས་ཕྱོགས་ཚང་མར་ཐད་ཀར་སྒོར་མོ་དང་འབྲེལ་བའི་ལས་གཞི་མང་པོ་ཞིག་རྩོམ་བཞིན་པ་དང་། དེ་དག་ཕར་སྤྲོད་པ། གཡར་བ། སྤར་བ་བཅས་ཀྱི་ནང་འདུ་བ་རྐྱང་རེད། དཔེར་ན། རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོ་རྩེད་ཐང་གསར་རྒྱག་གིས་མཚོན། ‘’གཞིས་ཆགས་ཡར་རྒྱས་’’ཟེར་བའི་ཚིག་འོག་བཅུག་པའི་ལས་གཞི་མང་པོ་ཞིག་བརྩམས་ཡོད་པར་ཞིབ་ལྟ་བྱས་ཚེ། ལས་གཞི་དེ་དག་གི་མགོ་རྩོམ་པའི་དུས་ཚོད་གང་ལ་གཏད་ཡོད་མེད། ཁྱབ་བསྒྲགས་ཅི་ལྟར་བྱས་ཡོད་མེད། གླེང་རྙོག་ག་རེ་བྱུང་ཡོད་མེད་བཅས་ལ་བལྟས་ཚེ། འཕྲལ་ཕུགས་གང་སར་ཕན་པའི་ཚད་ལྡན་གྱི་དམིགས་ཡུལ་ངེས་པ་རྙེད་པ། སྒྲུབ་ཐབས་བརྟན་ཅིང་བརླིང་བ། འཛུགས་བསྐྲུན་ཕྱོགས་སུ་མ་ལྷུང་བ་ཞིག་ཡོང་ཐབས་མེད་པ་རིམ་པར་གསལ་བོ་ཆགས་ཡོང་གི་རེད། མ་གཞི་ནས་ལས་གཞི་འདི་དག་གི་ཁྲོད་གཞུང་དངུལ་འགྲོ་གྲོན་གཏོང་ཕྱོགས་ཐད་ལབ་གླེང་མང་པོ་བྱུང་བཞིན་པ་ནི་རྒྱུ་མཚན་ལྡན་པ་ཞིག་ཡིན། གང་ཡིན་ཞེ་ན་ཕྱོགས་གཅིག་ཏུ། བཙན་བྱོལ་བོད་མི་ཚོ་འཛུལ་ས་ཙམ་ཡང་མེད་པར་དཀའ་ངལ་འཕྲད། ཞུ་འབོད་འཐེན་བཞིན་པའི་སྒང་ཡིན་པས་མཚོན་ཐུབ། དཔེར་ན། ༡ ཨུ་རུ་ནཱ་ཅལ་མངའ་སྡེའི་ཁུལ་ནས་བོད་མི་ཆིག་སྟོང་ཁ་ཎ་ཏར་Canada གཞིས་སྤོར་བཏང་བའི་སྐོར་ས་གནས་ས་ཐོག་ཏུ་གནས་ཚུལ་ཅི་བྱུང་མང་པོས་མཁྱེན་མེད་ལ། དེའི་སྐོར་ལས་བསྡོམས་ཚད་ལྡན་ཞིག་༸གོང་ས་མཆོག་དང་མི་མང་གཉིས་ཀར་ཕུལ་ཐུབ་མེད། ༢ དེ་བཞིན་ལ་དྭགས་ཁུལ་དུ་ལག་བསྟར་བྱས་མེད་པའི་༼རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་ལ་བྱང་མཐའ་མཚམས་འབྲོག་པ་རྣམས་ལ་དམིགས་བསལ་ལྟ་སྐྱོང་གི་ལས་གཞི་༽ཟེར་བ་ཞིག་གི་འོག མི་མང་གི་དཀའ་ངལ་མང་དག་ཅིག་སེལ་རྒྱུའི་ཞལ་ཤོབ་གང་སར་གསུངས་བ། ༣ དུས་དབང་ཐེངས ༣༤ པའི་ལས་བསྡོམས་ཞིབ་གསལ་གྲོས་ཚོགས་དང་མི་མང་གཉིས་ཀར་སྙན་སྒྲོན་ཞུས་མེད་པ་ལྟ་བུ་སོགས་རེད། འགྲོ་བཞིན་པའི་ལས་འཆར་མང་པོར་ཞིབ་སྐབས་སྒོར་མོ་རྐྱང་བས་ཐག་གཅོད་བྱ་ཡུལ་གྱི་ཁྱབ་ཁོངས་སུ་ལྷགས་པ་འདི་སེམས་སྐྱོ་དགོས་པ་ཞིག་རེད། ལས་དོན་འདི་དག་ནི་བཙན་བྱོལ་ནང་གི་ཕྱུག་བདག་ཚོང་པ་སྒེར་བ་སྐོར་ཞིག་གི་ཚོང་ལས་བསྡུར་ན་གནས་ཚད་དམའ་བོ་ཆགས་ཡོད་ལ། ༸གོང་ས་མཆོག་གི་ཐུགས་རྗེ་སྐུ་དྲིན་ཉག་ཅིག་ལ་བརྟེན་ནས་རོགས་སྐྱོར་འཚོལ་རྒྱུར་དཀའ་ངལ་གང་ཡང་མེད་དུས། སྲིད་སྐྱོང་གིས་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་དོན་ཙམ་ཁོ་ནར་བརྩིས་ཏེ་བསྒྲགས་ཤིང་ངོམས་ཏེ་བཞུགས་ན་རྩ་བ་བོར་ནས་ཡལ་གར་འཇུས་པ་རང་ཆགས་པ་མ་ཟད། ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་མཆོག་གི་ཆབ་སྲིད་མཛད་འཕྲིན་ཞི་དབྱིངས་སུ་མནལ་ཚུལ་བསྟན་པ་མིན་ནམ་སྙམ་མཁན་བྱུང་མི་སྲིད་པ་ཅི་ལ་ཡོད།
དེའི་ཆ་ནས། གནད་དོན་མང་པོ་བསྡོམས་ནས་དཔྱད་ན། ང་ཚོའི་ཆབ་སྲིད་གཟིམ་འདུག སྲིད་སྐྱོང་མཆོག་གཟིམ་འདུག ང་ཚོས་མུ་མཐུད་འདི་ལྟར་གཟིམ་བཅུག་ན་ཏག་ཏག་སྡོད་ཀྱི་མ་རེད་སྙམ་ཏེ། གོ་བདེ་བའི་ལམ་ནས་ཀློག་པ་པོ་ཚོར་དྲན་སྐུལ་ཙམ་ཞུས་པ་ཡིན། ཀློག་པ་པོ་ཁྱེད་རྣམས་ང་དང་མཉམ་དུ་དཔལ་ལྡན་སྲིད་སྐྱོང་མཆོག་ལ། ‘’Good Morning’’ ཞུ་རུ་འགྲོ། །
༢༠༡༧ ཟླ ༥ ཚེས ༣ ཉིན་གུང་།
སིད་ཚོང་ཁག་ལ་པེད་ཤག་གཡར་རྒྱུ་དང་།
ཚད་ལྡན་པའི་བུད་མེད་ནུས་སྤེལ་སྲིད་བྱུས་སོགས་ལ་སྲིད་སྐྱོང་ཁོ་རང་རང་མདུན་ལ་ཐོན་ཏེ། ཞེ་དྲག་གི་དོན་དག་གལ་ཆེན་དེ་འདྲ་ཡོད་མདོག་དང་ཡིན་མདོག་གནང་སོང་། ངས་སྐབས་དེར་དངོས་གནས་སྙིང་རྗེ་སོང་། སྔོན་ཟམ་གདོང་རིན་པོ་ཆེ་དང་རྒྱལ་ལོ་དོན་གྲུབ་སོགས་བཀའ་ཁྲི་ཡིན་དུས། གཟི་བརྗིད་ཆེན་པོ་རེད་འདུག་དྲན་སོང་། ད་དེང་ཤག་ཐབས་ཤེས་ཟད་པ་རང་རེད། ཆབ་སྲིད་སྐོར། དངོས་གནས་རང་ག་གེ་གོ་རྒྱུ་ཚོར་རྒྱུ་མི་འདུག
་་་་་་་་་དུས་དབང་ཐེངས ༣༢ པའི་ལས་བསྡོམས་་་་་་་་་་་་་ ཟེར་ན་གང་རེད་དམ། ལགས།
ད་ཡང་ཁོ་ར་བཟི་བ་འདྲ་གོང་ས་མཆོག་ལོ་༥༠ལྷག་གསེར་ཁྲི་དེ་ལ་འཁོད་ནས་གང་ཡང་མ་རག་པ་དང་སློབ་དཔོན་ཟམ་གདོང་ཚང་ལོ་ངོ་བཅུ་ལྷག་ཁྲི་དེ་ལ་འཁོད་ནས་གང་ཡང་མ་འགྲུབ་པ་དེ་ད་ལྟ་སྲིད་སྐྱོང་ལོ་དྲུག་བསྐྱོང་བའི་ཐོག་གཡུག་གི་འདུག ཡིནའ་གལ་མི་འདུག་སྐུ་ཉིད་སྐུ་སེམས་ཐང་པོ་མེད་པ་མི་མང་ཆེ་བས་མཁྱེན་ཡོད་རེད།
ཤར་ཁུག་གིས་ལས་འགན་གཙོ་བོ་དེ་སྲིད་སྐྱོང་བློ་སེང་ལ་མ་ཉེས་ཁ་གཡོག་བྱ་རྒྱུ་དང་བོད་རྒྱ་མིའི་མངའ་འོག་ཡིན་པར་བསྒྲུབ་རྒྱུ་དེ་རེད། བདེན་མིན་ཁོ་རང་གིས་བྱ་ལུགས་ལ་ལྟོས་དང་།
དེ་རིང་རྒྱ་མི་ཕྱུག་བདག་郭文贵ཡིས་བཤད་པའི་སྐད་ཆ་ཁག་ལ་ཉན་པ་ཡིན། ཁོ་རྒྱ་ནག་གཞུང་གིས་སྐྱབས་མགོན་རིན་པོ་ཆེའི་མདུན་དུ་ཆེད་གཏོང་བྱས་པའི་ཕོ་ཉ་རེད། ཁོས་བཤད་ན་”ཏཱ་ལའི་བླ་མས་གོ་བའི་རྒྱ་ནག་གི་གནས་ཚུལ་བརྒྱ་ཆ་བརྒྱད་ཅུ་རྫུན་མ་ཡིན་པ་དང་། དེ་དང་འདྲ་བར་རྒྱ་ནག་གིས་གོ་བའི་ཏཱ་ལའི་བླ་མའི་གནས་ཚུལ་དག་ཀྱང་བརྒྱ་ཆ་བརྒྱད་ཅུ་རྫུན་མ་རེད། ངས་བསམ་ན་ཕྱོགས་གཉིས་ཀྱི་བར་དུ་ཕན་ཚུན་རྒྱུས་ལོན་གསལ་པོ་མ་བྱུང་བའི་དཀའ་ངལ་མ་གཏོགས་གཞན་གང་ཡང་མི་འདུག་”ཟེར། འདི་དངོས་གནས་ཡིན་ན་སྔོན་ཆད་ཀྱི་འབྲེལ་མོལ་གྱི་ནང་དོན་ཁག་ཤེས་དགོས་མཁན་ཚོའི་སར་སླེབས་མེད་པ་གསལ་པོར་གྱུར་འདུག
ད་ཁོ་རེ་རྒྱ་རི་ཚང་ལ་ཞེ་དྲག་དབྱུག་མ་ཡོང་ཨ། བྱས་པ་ཅན་དང་འབྱོན་པ་ཅན་ལྷག་པར་ལྷ་སྲས་ཚང་གི་ངན་གཡོག་ཨ་ན་མ་ན་དེ་ཁོང་རེད་གོ།
སྲིད་སྐྱོང་བློ་སེང་སླེབས་ནས་བོད་ལ་སྐྱིད་པའི་ཉི་མ་ཤར་མ་བྱུང་། ལོ་རྒྱུས་ནང་ལ་མི་འདིས། ་༧ རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ལས་བཙན་བྱོལ་བོད་པ་ཞོ་ལྟར་ཆགས་པའི་སྐབས་ལ་ཁྲག་ལྟར་དཀྲུགས་སོང་ཞེས་ཞུ་རྒྱུ་ཡིན། དངོས་ཡོད་ཡིན། མ་དགའ་ན་སྡུག་གྱོང་ཡིན།
རྒྱ་དང་རྒྱའི་ལག་ཆ་ཚོས་ང་ཚོ་བོད་རྒྱ་ཆེའི་མི་དམངས་གྱིས་སྲིད་སྐྱོང་ལ་྄ཐུགས་ཁྲལ་རྩ་བ་ནས་མ་གནང་ལགས་།
༄༅། ཤར་ཕྱོགས་ཁུག་རྟ་ལགས་ནས་་་བོད་གངས་ཅན་ལྗོངས་ཀྱི་སྲིད་སྐྱོང་ལ་ཟུར་ཟའི་
བསམ་ཚུལ་་་མེད་དང་མེད། མིན་དང་མིན། མི་འདུག་དང་མི་འདུག། བྱུང་མིན་དང་བྱུང་མིན།
མ་རེད་དང་མ་རེད་སོགས་གཡག་ཞ་རའི་རྕ་ཟ་བ་བཞིན་མིག་ཡ་གཅིག་གི་སྐད་ཆ་མང་དག་བཤད་
འདུག་པར། ཤེས་ལྡན་གྱི་སྐད་ཚིག་གང་ཡང་མི་འདུག། ཪིག་ལྡན་པ་ཞིག་ཡིན་ན་ལེགས་ཉེས་དཔྱད་ནས་
བཤད་དགོས་པ་མ་གཏོགས་རང་ཉིད་གཅིག་པུའི་བསམ་ཚུལ་བཤད་ན་རིག་ལྡན་ཡིན་པར་མི་འདོད།
སྲིད་སྐྱོང་ནས་གང་ཐུབ་ཐུབ་གནང་སོང། མི་ཞིག་ཡིན་པའི་ཆ་ནས་་་མི་ལ་ནོར་འཕྲུལ་དང། ཤིང་ལ་རྫེར་
པ་ལོས་ཡོང། ལར་ནས་ཤར་ཕྱོགས་ཁུག་རྟ་སློབ་སྦྱང་གནང་སྐབས་སློབ་ཚན་་་མིན་མ་གཏོགས་་་ཡིན་སྦྱོང་
ཡོད་ས་མ་རེད། ཡིན་མིན་གཉིས་ཀ་སྦྱོང་དགོས་ཕ་ཡི་བུ། ཡོད་མེད་གཉིས་ཀ་ཤེས་དགོས་མ་ཡི་བུ།
མིག་ལྡན་གཉིས་ཀའི་བལྟ་དགོས་ཤར་ཁུག་ལགས། རྒྱབ་མདུན་གཉིས་ཀ་བརྩི་དགོས་རིག་ལྡན་ཚོ།།
xx་ཁྱོད་ཀྱི་ཁ་ལ་རང་དོན་མ་གཏོགས་སྤྱི་དོན་ཞིག་གང་ན་ཡོད་གི
།བོད་ས་རྒྱ་འོག་ཤོར །
།རང་བཙན་དབུ་མར་ཤོར །
།བོད་ཡིག་རྩ་གཏོར་ཤོར །
།བཀའ་བསྟན་ཕྱིའི་ཤོར །།
དེང་སང་གསང་ལས་པའི་ཡོ་བྱད་ཤིན་ཏུ་ལེགས་པས ། དྲྭ་ལམ་དམིགས
བསལ་ཁྱད་ཆོས་དེའི་ནང་སྒྲ་དངབརྙན་ལ་སོགས་ཐད་གཏོང་བྱས་ཀྱང་།
བདེ་སྲུང་དང་སྤྱི་ཚོགས་དྲྭ་ངོས་སུ་མི་འཆར་ཙམ ། མ་མཐོང་ཕྱིར་ན་
མེད་པ་མིན་ནོ །།
པ་མིན
ཤར་ཁུག་ལགས་བཙན་བྱོལ་སྒྲིག་འཛུགས་སྲིད་སྐྱོང་ཟེར་བ་དེ་བོད་མི་དམངས་ཀྱིས་སྐོས་པ་རེད། ཡག་ཀྱང་རུང་སྡུག་ཀྱང་རུང། སྐོས་པའི་མི་དང་བཙུགས་པའི་འབེན་ཆགས་ཟིན་པ་རེད། སྤྲང་པོའི་དབྱུག་པ་ལའང་མགོ་གཞུག་ཡོད་པ་རེད། མི་ཡི་སྤྱི་ཚོགས་ཞིག་ལ་མགོ་གཞུག་ཡོད་པ་གྱིས། ང་སྲིད་སྐྱོང་ལ་དགའ་བོ་མེད་ང་རང་སྒེར་གྱི་ངོས་ནས་་་་དེ་ཡིན་དུས་འོས་ཀྱང་བླུགས་མེད། འོན་ཀྱང་རྒྱ་ཆེ་མང་ཚོགས་ཀྱིས་མང་མོས་ཀྱིས་སྐོས་ཚར་དུས་དེ་ལ་བརྩི་འཇོག་བྱེད་དགོས་པ་རེད། དཔེར་ན་དབུ་མའི་ལམ་བཞིན། ང་རང་དབུ་ལམ་ལ་དེ་ཙམ་འདོད་མོས་མེད། འོན་ཀྱང་བོད་རྒྱ་ཆེ་མང་ཚོགས་ཀྱི་འཐུས་ཚབ་གྲོས་ཚོགས་ཀྱིས་གཏན་ལ་ཕབ་དུས་དེ་ལ་བརྩི་འཇོག་བྱེད་ཀྱི་ཡོད། བློ་མི་བདེ་ས་ལ་གླེང་སླང་མང་ཟེར་བ་ལྟར། ཁྱེད་རང་ལ་སྔར་སྲིད་སྐྱོང་གིས་ལས་ཀ་མ་སྤྲད་པའི་སྙིང་ནད་དེས་རྐྱེན་གྱིས་ག་དུས་ཡིན་ནའང་ཅིག་བཤད་པ་ནི་ད་ནི་རྣ་བར་བསུན་ཡོང་གི་འདུག འོ་ན་ཁྱེད་རང་གིས་ཞི་ཅིང་ཕིང་གཟིམ་སྐྱིད་པོ་ཁུག་ཏུ་འཇུག་རྒྱུ་ཡིན་ནམ། ཕལ་ཆེར་རིགས་པའི་དཔེ་་བཀོད་ན། སྒྲ་མི་རྟག་པ་མིན་ཟེར་དུས་སྒྲ་རྟག་པ་ཡིན་ཟེར་གྱི་ཡོད་པ་རེད། དེ་སྐབས་བབ་ཀྱི་དགག་སྒྲུབ་ཀྱི་རིགས་པ་རེད། ཆབ་སྲིད་རིགས་པའི་དབང་དུ་བྱས་ན་བོད་ཀྱི་སྲིད་སྐྱོང་དང་རྒྱ་ཡི་སྲིད་སྐྱོང་གཉིས་འགལ་ཟླ་རུ་ལང་ཡོད། བྱས་ཙང་ཁྱེད་རང་གིས་ཞི་ཅིང་ཕིང་གཟིམ་སྐྱིད་པོ་ཁུག་ཏུ་འཇུག་གི་ཡིན་ཟེར་བ་ཤུགས་ལ་བསྟན་པ་རེད། འོ་ད་སྲིད་སྐྱོང་ཅི་མི་ཤེས་སྲིད་སྐྱོང་སླར་ཡང་སྲིད་སྐྱོང་ལ་འཁོད་པ་འདི་ཡིས་ཁྱེད་རང་གཟིམ་ཡག་པོ་ཁུག་ཏུ་མ་བཅུགས་པ་འདྲ། ད་གང་ཡང་ཡོད་པ་མ་རེད། ལོ་བཞི་ལྔ་ཞིག་ལ་ཁྱེད་རང་སྡུག་སྒོམ་གྱིས་དེ་ནས་བློ་སེང་སླར་ཡང་སྲིད་སྐྱོང་ལ་ཡོང་གི་མ་རེད། ཤ་ཚ།
བྱ་ཆུང་ཁུག་རྟ་གཉིད་སད་ནས་ཉིན་མཚན་ཀུན་ཏུ་ཅི་ཙམ་འཕུར་ན་ཡང་བྱ་རྒྱལ་སྲིད་སྐྱོང་གི་དབང་ཡོན་ལ་གཡོ་འགུལ་གཏོང་མི་སྲིད། དེ་ནི་ཁུག་རྟའི་ཀླད་པ་ལས་མེད་པས་སོ། །བྱ་རིགས་ཆུང་ཆུང་ཞིག་ལ་བློ་ལྡན་རྣམས་ཀྱིས་འགྲན་རྩོད་བྱེད་མི་སྲིད། དེ་ནི་བྱ་ཆུང་དེས་མདུན་གྱི་འཁྲབ་སྟོན་པས་གང་འཁྲབ་པའི་གཟུགས་སྒྲ་སོགས་དབང་བློས་མཐོང་བ་མ་གཏོགས་ཡོད་ཀྱིས་དཔྱོད་པ་བྱེད་པའི་རྣམ་རིག་མེད་པས་ཡིན། དགག་ཚིག་མ་གཏོགས་སྦྱོང་མེད་པའི་ཀླད་སྟོང་ཞིག་གིས་དུས་རབས་འདིའི་འགོ་ཁྲིད་ཟེར་བ་ནི་བྱ་སྒྲུང་བྱེའུ་སྒྲུང་ནང་གི་བྱིས་པའི་འཆར་སྣང་ཙམ་ཡིན་པས་དོན་དངོས་ཐོག་མི་ཡི་སྤྱི་ཚོགས་ལ་བེད་སྤྱོད་གཏན་ནས་མེད།
བྱ་ཆུང་ཁུག་རྟ་གཉིད་སད་ནས་ཉིན་མཚན་ཀུན་ཏུ་ཅི་ཙམ་འཕུར་ན་ཡང་བྱ་རྒྱལ་སྲིད་སྐྱོང་གི་དབང་ཡོན་ལ་གཡོ་འགུལ་གཏོང་མི་སྲིད། དེ་ནི་ཁུག་རྟའི་ཀླད་པ་ལས་མེད་པས་སོ། །བྱ་རིགས་ཆུང་ཆུང་ཞིག་ལ་བློ་ལྡན་རྣམས་ཀྱིས་འགྲན་རྩོད་བྱེད་མི་སྲིད། དེ་ནི་བྱ་ཆུང་དེས་མདུན་གྱི་འཁྲབ་སྟོན་པས་གང་འཁྲབ་པའི་གཟུགས་སྒྲ་སོགས་དབང་བློས་མཐོང་བ་མ་གཏོགས་ཡིད་ཀྱིས་དཔྱོད་པ་བྱེད་པའི་རྣམ་རིག་མེད་པས་ཡིན། དགག་ཚིག་མ་གཏོགས་སྦྱོང་མེད་པའི་ཀླད་སྟོང་ཞིག་གིས་དུས་རབས་འདིའི་འགོ་ཁྲིད་ཟེར་བ་ནི་བྱ་སྒྲུང་བྱེའུ་སྒྲུང་ནང་གི་བྱིས་པའི་འཆར་སྣང་ཙམ་ཡིན་པས་དོན་དངོས་ཐོག་མི་ཡི་སྤྱི་ཚོགས་ལ་བེད་སྤྱོད་གཏན་ནས་མེད།
ཁུག་རྟའི་མིང་གོ་ཙམ་གྱིས་སུན་ཡོང་གིན།
ཁོས་རྒྱ་ཡི་ཁྲག་དར་ཕྱར་བ་དང་གཅིག
བོད་རྒྱ་ཁོངས་ཡིན་རབས་བཤད་པ་དང་གཉིས།
མི་དམངས་ཀྱིས་བསྐོས་པའི་མིར་དམའ་འབེབས་བྱས་པ་དང་གསུམ།
རིགས་ཞེན་ཅན་གྱི་མི་ལ་བརྙས་སྨོད་བྱས་པ་དང་བཞི་སོགས་སུན་དགོས་པའི་རྒྱུ་མཚན་མང་པོ་ཡོད།
བྱ་ཁུག་རྟ། ཤུག་ལྡན་སྐྱབས་བཅོལ་བ། ཁ་ར་སྤུ་ཅན། ཨ་མདོ་མདོ་མེད།
ཕྱི་མ་ནང་སྤྲུག བལ་ཡུལ་རྒྱ་གཞུང་ལ་འབྲེལ་ལམ་ཆད་ནས། ད་ངུ་སྐད་རྒྱོབས་རན་ཡོད། སག་གནང་ཨ་རིའི་གབད་ཡིད་མི་སྣ་ཧལ་ཆེན་ཕེབས་པར་ཡང་ཡང་དེ་ལམ་དུ་མི་འགྲོ་བའི་ཐབས་ལམ་བཟོ་དྲན་ཡོད་འགྲོ། སང་ཉིན་གཙུག་ལག་ཁང་དུ་མདུན་དུ་ཤོག་ངས་བཀའ་མོལ་གསང་གཏམ་ཞུ་ཡག་ཡོད། ཧཧཧཧ
ཆོལ་ཁའི་སྐད་ཆ་དེ་མ་བཤད་ན་བཟང་།
བཀྲ་ཤིས་བདེ་ལེགས
མའུ་ཙི་ཏུང་གིས་་་་་་་་་་་་་བོད་འདི་ཡུན་རིང་གནས་མི་ཐུབ། ཅིའི་ཕྱིར་ཞེ་ན་བོད་མི་ཁོ་རང་ཚོ་ནང་ཕན་ཚུན་ཕྲག་དོགས་དང་། འགྲན་སེམས། སྨད་ར་སོགས་ཀྱིས་མགྱོགས་ནས་མྱུར་དུ་འཇིགས་ཞེས་པའི་གཏམ་དེ་ཡིད་ལ་ཝ་ལེར་ཤར་བྱུང་།།
ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་མཆོག་གི་དངོས་དོན་ཇི་མ་ཇི་བཞིན་བྲིས་པ་ཉུང་ཉུང་ག་ལ་ཡིན། གཏན་ནས་མ་རེད། ཡིན་ནའང་། ང་ཚོ་བསོད་སྐམ་མང་དྲག་ནས། གནད་དོན་གླེང་སློང་གི་ཁ་ཞེན་ཁོག་རྫུན་མས་བསྒྱུར་ཏེ་རྩ་དོན་ཡལ་བར་འདོར་བ་ཞིག་གོམས་གཤིས་སུ་ཆགས་འདུག དེས་འདས་དུས་གནོད་ཡོད་པ་མ་ཟད། ད་ལྟ་གནོད་བཞིན་པ། མ་འོངས་པར་གནོད་ངེས་པ་གཏན་འཁེལ་བ་རེད། གནོད་ས་དེ་ཆུང་ཆུང་ཞིག་མ་རེད། རྩ་དོན་རང་ལ་གནོད་ཀྱི་ཡོད་པ་རེད། བྱབ་ཆུང་ཁ་ཤས་འགག་སར་ཐུག་དུས། སྤྱི་དོན་གཡུགས་ནས་རང་དོན་ལ་འཐམས་ནས་ཤི་འགྲོ་བ་དེ་རེད། ཤར་ཕྱོགས་ཁུག་རྟ་ལྟ་བུའི་བཙན་བྱོལ་ནང་དཔོན་རིགས་རྣམ་དཔྱོད་ཅན་དྲང་བདེན་ལ་གཅིག་ཏུ་གཞོལ་མཁན་མང་ཚེ། ང་ཚོ་འདི་ལས་རེ་བ་ཆེ་ཙམ་ཡོད་པ་དེ་གསལ་བོ་རེད། དཔེར་ན། ཤར་ཕྱོགས་ཁུག་རྟ་མི་གཅིག་རེད། སྲིད་སྐྱོང་འཁོར་དང་བཅས་པ་ཆུང་ཆུང་མ་རེད། བདེན་དོན་གླེང་གི་ཡོད་ཙང་། མི་གཅིག་གིས་ཤོག་ཁག་གཅིག་གི་ཁ་གཏད་གཅོག་ཐུབ་ཀྱི་ཡོད་པ་དེ་རེད། མ་གཞི་ནས་སྲིད་སྐྱོང་གིས་རང་སྐྱོན་ངོས་ལེན་དང་སྤྱི་དོན་སྤྱི་དོན་གྱི་ས་ནས་གླེང་དགོས་པ་གལ་ཆེན་རེད། སྤྱི་དོན་ཐོག་སྐྱོན་བརྗོད་མཁན་བྱུང་ན། གང་ཟག་དེའི་སྒེར་ལ་བསམ་གནག་པ་སོགས་ཀྱི་ལས་བྱེད་པ་ནི་བྱབ་ཆུང་རེད། རང་ཉིད་ཡར་རྒྱས་སུ་གཏོང་མཁན་ནི་ནམ་ཡང་སྐྱོན་བརྗོད་མཁན་ཚོ་རེད། དེ་ནི་ཆོས་སྲིད་གཉིས་ཀའི་གཞུང་ལུགས་དང་མཐུན་པ་རེད། དེའི་ཆ་ནས། སྲིད་སྐྱོང་སྐུ་དངོས་དང་། དེའི་འོག་གི་ཞེན་ཁོག་གི་སྐྲན་ནད་ཕོག་པའི་ཨབ་ཕྲུག་བྱབ་ཆུང་པ་ཚང་མས་སྤྱི་དོན་རས་སུ་མི་འབོར་རྒྱུ་གལ་ཆེན་རེད།
བྱ་ཁུག་རྟ་དང་བྱ་ཁུ་བྱུག་གཉིས་ཀྱིས་བྱ་སྐད་ག་ཚད་རྒྱབ་ཀྱང་་་བློ་གྲོས་ཡོད་པ་རྣམས་ཀྱིས་དུད་འགྲོའི་རྨོངས་སྐད་ཡིན་པར་ཤེས་ཀྱི་རེད།
ཁུ་བྱུག ཁུག་རྟ། སེང་གེ་གསུམ།
དུད་འགྲོ་ཡིན་པ་འདྲ་ནའང་།
རྨོངས་པས་མནར་བ་སེང་གེ་རེད།
ཤར་ཕྱོགས་རྒྱ་ཡི་ཁུག་རྟ་དང། ལྷོ་ཕྱོགས་མོན་གྱི་ཁུ་བྱུག་གཉིས། གངས་ཅན་་བོད་ཀྱི་སེང་གེ་གསུམ་།སོ་སོས་ལས་དོན་མི་གཅིག་ཀྱང་། འཛོམས་ས་དྷརྨ་ས་ལ་རེད་།
ཁུ་བྱུག་ཟེར་བ་འདི་ཁུག་རྟ་ཁོ་རང་རེད་བཞག རྩོམ་གཤིས་ལ་བལྟས་ན། མི་འདི་ཚོར་ངོ་ཚ་ཡ་མི་འདུག སྙིང་རྗེ།
དཔའ་བོ་ཤར་ཁུག་ལགས། ༧གོང་ས་མཆོག་དང་། བཀའ་ཁྲི་ཟུར་པ་རྣམ་པའི་འོག་ཆབ་སྲིད་ཀྱི་གྲུབ་འབྲས་ཐོབ་ཇི་ཙམ་ཐོབ་མིན་ལ་མ་ལྟོས་པར་བོད་རྒྱ་ཞི་མོལ་ལན་མང་བསྐྱངས་ཡོད། ད་ཧ་ཝ་མཐོ་སློབ་ཆབ་སྲིད་མཁས་དབང་ཟེར་བའི་མི་ང་རྒྱལ་ཆེན་པོ་འདིས་རྒྱ་བོད་ཞི་མོལ་ལན་གཅིག་ཀྱང་ཐུབ་མེད། ད་ང་ཚོ་ཁོས་འོས་ཤོག་སྐབས་༧གོང་ས་མཆོག་པོ་ཏ་ལ་གདན་འདྲེན་ཞུ་རྒྱུ་ཡིན་མིན་འགྲེལ་བཤད་འགུག་བསྡད་ཡོད། ཁོང་གིས་ཕ་ཡུལ་གཅིག་པ་ཚོས་ཤ་ཚ་གནང་སྟེ་སྲིད་སྐྱོང་གི་ལས་འགན་དེ་ངོ་དེབ་ཐོག་མིག་ཤེལ་ནག་པོ་གྱོན་པའི་འདྲ་པར་འབྱར་རྒྱུ་དེ་ཙམ་མ་རེད་ཅེས་ལབ་རོགས་གནང་དང་། བོད་གཞིས་བྱེས་གཉིས་དང་ལྷག་པར་སྐུ་ལུས་མེར་བསྲེག་བཏང་བའི་དཔའ་བོ་དཔའ་མོ་རྣམ་པའི་རེ་འདུན་སྒྲུབ་རྒྱུ་དེ་རེད་ཅེས་ཞུ་རོགས། ད་ཁོང་སྒེར་དོན་བཞག་ཏེ་སྤྱིད་དོན་ལ་འབད་ན་ཡག་པ་མིན་འགྲོ།
ཁུག་རྟའི་མིང་གོ་ཙམ་གྱིས་སུན་ཡོང་གིན།
ཤར་ཕྱོགས་ཁུག་རྟ་ཤར་ནས་ཕེབས་པ་དང་། །སྲིད་སྐྱོང་སངས་རྒྱས་ལྷོ་ནས་ཕེབས་པ་གཉིས། །
བྱང་གི་སྡ་སར་མཇལ་བའི་བཀའ་དྲིན་གྱིས། །གཞིས་བྱེས་གཉིད་ལ་ཤོར་དོགས་ཉེན་ཁ་མེད། །
གཡོ་སྒྱུ་རྫུན་ལ་གོམས་པའི་ཁམས་པ་དང་། །ལག་པས་འབྲི་ལ་དགའ་བའི་ཨ་མདོ་གཉིས། །ངག་འཇམ་བསྟུན་མཁས་ལྡན་པའི་དབུས་གཙང་གསུམ། །ལི་ཐང་སློབ་བཟང་སེང་གེའི་འབངས་མི་ཡིན། །ཁ་རྩོད་མ་རྒྱག་ཁོང་གི་བཀའ་ལ་ཉོན། །དམ་བཅའ་གསུམ་ལས་ཆིག་སྒྲིལ་གཙོ་བོར་བཟུང་། །
བྱང་སེམས་ཁ་ནས་སྒྲོགས་པའི་ཆོལ་ཁ་གསུམ།
དུག་གསུམ་ཁོག་ནས་འབར་བའི་བོད་རིགས་ཚོ།
རྒྱལ་བའི་བཀའ་ལ་ཉན་ཤེས་ལེགས་དཔྱད་ནས།
ཆིག་བསྒྲིལ་དར་གྱི་མདུད་པ་མ་བཤིག་རོགས།
བློ་སེང་ལེགས་རུང་སྡུག་རུང་མང་མོས་ཀྱིས།
བཙུགས་པའི་འབེན་དང་སྐོས་པའི་མི་ཞིག་ཡིན།
སྔ་རབས་མང་བཀུར་རྒྱལ་པོར་གུས་པ་བཞིན།
ད་ལྟ་མང་གཙོའི་དབུ་ཁྲིད་གོང་བཀུར་རོགས།
གཡོ་རྒྱུ་རྫུན་ལ་གོམས་པའི་རྒྱ་དམར་དང།དེའི་མཐུན་རྐྱེན་སྒྲུབས་མཁན་ དྭ་འབུ་ཚོགས།ཕྱི་དགྲ་ནང་ལ་མ་ཁྲིད་ཕ་བཟང་བུ།བོད་མི་དམར་བསད་བཏང་བ་ཉུང་ཉུང་མིན་།
ཤར་ཕྱོགས་ཁུག་རྟ་ལགས། ངས་གསལ་པོ་བྱས་ནི་ཞུས་ན། ་ཁྱེད་རང་གིས་བོད་སྤྱི་དོན་བསམས་ནི་སྲིད་སྐྱོང་མཆོག་ལ་སྐྱོན་བརྗོད་བྱས་པ་ཞིག་རྩ་བ་ཉིད་ནས་མ་རེད། དེ་ནི་སྲིད་སྐྱོང་མཆོག་གིས་ཁྱེད་རང་ལས་གནས་ནས་ཕུད་པའི་སྙིང་ནད་བསངས་ཆེད་ཡིན་པ་རྡ་སའི་ལམ་ཟུར་གཡས་གཡོན་ལ་ཡོད་པའི་ཁྱིས་ཀྱང
ཤེས་ཚོད་རེད། བྱས་ཙང་ཁྱེད་རང་གཉིད་མང་ཙམ་ཁུག་ཐུབ་ན་བོད་པའི་སྤྱི་ཚོགས་ནང་ལབ་རྒྱུ་གླེང་རྒྱུ་ཉུང་དུ་འགྲོ་རྒྱུ་གདོན་མི་ཟ།།
དགོས་མེད་ཀྱི་ལབ་རྒྱུ་གླེངརྒྱུ་ཉུང་དུ་འགྲོ་རྒྱུ་གདོན་མི་ཟ།། ནོར་བཅོས་ཡིན།
འུག་པ་ཁུག་ཏ་ཁ་ཏ་གསུམ། བྱ་རྒྱལ་ཁྱུང་ལ་འགྲན་མི་ཐུབ། དབུས་པ་ཁམས་པ་མདོ་པ་གསུམ། ལི་ཐང་སེང་གེར་འགྲན་མི་ཐུབ།
ལི་ཐང་བློ་སེང་ལོ་བཞིའི་རྗེས། །ཆོལ་ཁ་གསུམ་པོའི་མིག་ནང་དུ། །རྒྱལ་འཚོང་ཨ་ཐར་ལས་སྡུག་ཅིང་། །དཀྲུགས་རྒན་འཇུ་ཆེན་ལས་རྫོབ་པའི། །མི་རུ་འགྱུར་རྒྱུ་ངེས་གཏན་ཡིན། །ཡིད་མི་ཆེས་ན་སྒུག་ནས་ལྟོས། །