ཤར་ཕྱོགས་ཁུག་རྟ།
དེ་སྔ་བློ་བཟང་སེང་གེས་ཨ་རིར་ཁང་པ་ཉོ་སྐབས་སྤྱི་མཚུངས་ལྟར་དངུལ་ཁང་ལ་པེད་ཤག་གཡར་ནས་ཉོས་ཡོད་ལ། དེ་ལྟར་རྩིས་རྒྱབ་ན་ཕལ་ཆེར་ལོ་སུམ་བཅུ་མ་ཟིན་ཙམ་ཞིག་འགོར་གྱི་ཡོད། སྐབས་དེར་ཁོང་གི་དངུལ་བྱང་ཁག་གི་སྟེང་ཁང་རིན་མཉམ་སྤྲོད་བྱ་རྒྱུའི་དངུལ་འབོར་མེད་པའང་ར་འཕྲོད་ཡོད། འོན་ཀྱང་། ཁོང་ལ་བཀའ་བློན་ཁྲི་པ་ཐོབ་ནས་བདུན་ཕྲག་གཅིག་ཙམ་འགོར་མ་ཐག་༢༠༡༡ ཟླ་ ༧ ཚེས་ ༢༩ ཉིན་ཁོང་གིས་ཁང་རིན་བུ་ལོན་ཨ་སྒོར ༢༢༧༠༠༠ ཆ་ཚང་དུས་གཅིག་ཏུ་སྤྲད་འདུག
ད་ལྟ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་དེའི་ཐད་དྲི་བ་ག་རེ་གཏོང་གི་ཡོད་པ་རེད་དམ་ཞེ་ན། ཁོང་ལ་དེ་སྔར་དངུལ་བྱང་སྟེང་ཁང་རིན་སྤྲོད་རྒྱུའི་དངུལ་འབོར་མེད་པ་གསལ་བོ་ཡིན་པ་གཞིར་བྱས། གལ་སྲིད་དངུལ་ཁང་ནང་མེད་པའི་དངུལ་གྲངས་འབོར་ཆེན་ཞིག་གློ་བུར་ཐོབ་ཀྱང་། ཡང་ན་གཞན་གྱིས་སྤྲད་ཀྱང་། ཨ་རིའི་དངུལ་ཁང་ཁག་གིས་དངུལ་རྐྱང་རྩིས་བཞེས་གནང་མི་ཆོག་པ། དེ་ལྟར་གནང་ན་པེད་ཤག་ནག་པོ་ཆགས་ཏེ་ཁྲིམས་སྒྲིག་དང་འགལ་ཡོད་པས་རེད། དེའི་རྐྱེན་བློ་བཟང་སེང་གེ་ལགས་ཀྱིས་སུ་ཞིག་གི་ཅེ་ཁི་ Chueqe རྒྱུད་ཁང་རིན་སྤྲད་མིན་དེ་གསལ་བོ་བཟོ་དགོས་ཞེས་མི་མང་པོས་དྲི་བ་གཏོང་གི་ཡོད་པ་རེད།
སྤྱིར་ཝ་ཞིན་གྲོན་པོ་སི་ཏྲི་ལྟ་བུའི་རྒྱལ་སྤྱིའི་སྟེང་ཆེ་མཐོང་དང་སྐད་གྲགས་ཡོད་པའི་ཚགས་ཤོག་སྟེང་། བོད་ཀྱི་སྲིད་སྐྱོང་ལ་པེད་ཤག་དང་འབྲེལ་བའི་དྲི་བ་ཞིག་ཡོང་བ་ཙམ་གྱིས་བོད་མི་རིགས་ཀྱི་ཆེ་མཐོང་ལ་ཅི་ཙམ་ཕན་གནོད་འབྲེལ་ཡོད་པ་ཚང་མས་མཁྱེན་གསལ་རེད། དྲི་བ་བཏང་བ་དེར་ཁོང་གི་གྲོགས་པོ་དབུ་དཀར་ཚང་ཀེ་རྡོར༼སྐལ་བཟང་རྡོ་རྗེ།༽། ད་ལྟའི་ཨ་རིའི་དོན་གཅོད་དུ་བྱས་རྗེས་དང་གཞུང་ཞབས་ཀྱི་རྒྱུད་རིམ་གང་ཡང་མེད་པར་བསྐོ་བཞག་བྱས་པ་དེས་ལན་འདེབས་ཤིག་བྱས་ཀྱང་། ཨ་རིའི་བུད་མེད་མོ་ནེ་ཧན་ Maura Moynihan གྱིས་དེ་བས་ཀྱང་ལན་འདེབས་དྲི་བ་ཚ་ནན་དུ་སྤེལ་བས། ཁོང་གི་ཁང་པའི་དངུལ་དེ་ཡང་སྙིང་སུ་ཞིག་གིས་སྤྲད་མིན་ནི་ཧ་ཅང་དོགས་གཞི་ཅན་ཞིག་ཆགས་ཡོད་པ་རེད།
དེ་ཧ་ཅང་དོགས་གཞི་ཅན་ཞིག་ཆགས་དགོས་དོན་ནི། བློ་བཟང་སེང་གེ་དེ་སྔར་བཀའ་བློན་ཁྲི་པར་ལངས་སྐབས་ཀྱི་འོས་བསྡུའི་ཁྱབ་བསྒྲགས་ཀྱི་འགྲོ་སོང་ཡོང་ཁུངས་ཐད། དེ་རིང་སང་ཉིན་ཨ་རིའི་གཞུང་གིས་རྒྱ་ནག་གི་སོ་པའི་དོགས་གཞིའི་འོག་བཀག་ཉར་འདྲི་རྩད་བྱེད་བཞིན་པའི་རྒྱ་རིགས་ཚོང་པ་བྷན་དང་ Banja min wey འབྲེལ་བ་ཡོད་པའི་དོགས་སློང་བྱས་འདུག རྒྱ་རིགས་བྷན་གྱི་འབོད་སྐུལ་འོག་བློ་བཟང་སེང་གེ་དེ་སྔར་རྒྱ་ནག་ཏུ་ཚོགས་འདུར་འགྲོ་སྐབས། འགྲོ་རྒྱུར་མཐུན་འགྱུར་ཞུ་མཁན་གྱི་འབྲེལ་ཡོད་མི་སྣ་ཡོངས་རྫོགས་རྒྱ་རིགས་བུད་མེད་རྐྱང་རྐྱང་ཆགས་ཡོད་པ་དང་། བློ་བཟང་སེང་གེ་གདན་འདྲེན་ཞུ་མཁན་ Ms.Huxiao jiang་ ནི་རྒྱ་ནག་གི་བདེ་སྲུང་དང་གསང་བའི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཞིག་ཡིན་པའང་གསལ་བོ་བཟོས་པ་རེད། དེའི་རྐྱེན་གྱིས་ཨ་རིའི་བུད་མེད་རྩོམ་པ་པོ་ Maura Moynihan ལགས་ཀྱིས་སྲིད་སྐྱོང་གི་ཁང་རིན་ཡོང་ཁུངས་མི་སྣ་དེ་དག་དང་འབྲེལ་བ་ཡོད་པའི་དོགས་སློང་གནང་ཡོད་ལ། དེ་རྣམས་གསལ་བོ་བཟོ་ཕྱིར་མུ་མཐུད་ལྕམ་སྐུ་མོ་ནེ་ཧན་གྱིས་དྲི་བ་བཏང་དང་གཏོང་བཞིན་པ་རེད།
ཨིན་ཡིག་གི་ལམ་ནས་ཕྱི་རྒྱལ་མི་སྣས་བོད་ཀྱི་དབུ་ཁྲིད་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེས་ཁང་རིན་ཡོང་ཁུངས་རྩད་གཅོད་དོགས་འདྲི་བྱེད་བཞིན་པ་འདི་རིགས། བོད་ཕྱི་ནང་གི་སྤྱི་ཚོགས་སུ་གནས་ཚུལ་གསལ་བོ་ཞིག་ཆགས་ཀྱི་མེད་ཁར། སྲིད་སྐྱོང་ལས་ཐོག་པས་ཀྱང་གསལ་བཤད་གསལ་བོ་ཞིག་ད་དུང་མ་གནང་བས། གནད་དོན་འདི་རྒྱལ་སྤྱིའི་སྒང་བོད་ཀྱི་ཆེ་མཐོང་དང་༧གོང་ས་མཆོག་གི་མཚན་ཤོས་འགྲོ་གཞིར་གྱུར་དང་འགྱུར་བཞིན་པ་མ་ཟད། བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ལའང་གནོད་པ་ཚབས་ཆེན་ཐེབས་གཞིར་གྱུར་དང་འགྱུར་བཞིན་པ་རེད།
དེ་ཅི་ལྟར་ཞེ་ན། རྒྱལ་སྤྱིའི་གསར་ལམ་གྲགས་ཅན་ཝ་ཞིན་གྲོན་དུས་བབ་རྒྱུད་སྲིད་སྐྱོང་མཆོག་གི་ཁང་རིན་ཡོང་ཁུངས་སྐོར་གྱི་དོགས་གཞི་རྣམས་མཐོང་སྐབས། བོད་ལ་ཤ་ཚ་རྒྱབ་སྐྱོར་ཡོད་པའི་ཕྱི་རྒྱལ་བའི་ཚོགས་སྡེ་དང་མི་སྒེར་མང་པོ་ཞིག་གིས་ཐུགས་ཁྲལ་གནང་བཞིན་པ་གསལ་བོ་རེད། ངེད་ལ་ཨ་རི་བ་གྲོགས་པོ་བོད་དོན་ལ་ཤ་ཚ་ཞིང་དབུ་མའི་ལམ་ལ་བསྟོད་བསྔགས་གནང་མཁན་ཞིག་ཡོད་པ་དེས་ང་ལ་གསུང་རྒྱུར། ”རྙོག་དྲ་འདི་པེད་ཤག་དང་འབྲེལ་སྟབས་མང་ཉུང་ལ་མ་ལྟོས་པར་གནད་དོན་བཙོག་པའི་རིགས་རེད། དེ་ཡང་ཁྱོད་ཚོའི་ཆབ་སྲིད་དབུ་ཁྲིད་ལས་ཐོག་དང་འབྲེལ་བ་ཡིན་སྟབས། ངེས་པར་དུ་གཙང་མ་བཟོ་དགོས་པ་རེད། འདིས་རླབས་ཆེན་༧ཏཱ་ལའི་བླ་མ་མཆོག་གི་ཞབས་འདྲེན་ངེས་རེད་ལ། རོགས་ཚོགས་ཁག་ལའང་བསམ་ཕྱོགས་ཡོང་མི་སྲིད་པ་མ་རེད། ཁྱོད་ཚོ་མང་གཙོ་ཡིན་སྟབས་དྲི་བ་བཏང་ནས་གསལ་བོ་བཟོ་དགོས་པ་རེད་ཟེར།’’ གོང་གི་བཀའ་མོལ་འདི་ནི་དཔེ་མཚོན་གཅིག་རེད། གཙོ་བོ་པེད་ཤག་གི་མང་ཉུང་མ་རེད། པེད་ཤག་དང་འབྲེལ་བའི་རྙོག་གླེང་ཞིག་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུ་ཐོན་ན་བོད་མི་རིགས་སྤྱིའི་ལར་རྒྱར་གནོད་ཀྱི་ཡོད་པ་ཚང་མས་གསུངས་བཞིན་པ་དེ་ག་རང་རེད།
དེ་བཞིན་ནང་ཁུལ་ཆིག་སྒྲིལ་ལ་ཅི་ལྟར་གནོད་དམ་ཞེ་ན། ཁ་ཤས་ཀྱིས་རྙོག་དྲ་འདི་མི་ཅིག་གིས་བཟོས་པ་རེད། ཉིག་གིས་བཟོས་པ་རེད། ཡང་གནས་ཚུལ་ཆ་ཚང་མགོ་མི་འཚོས་མཁན་ཚོས་འོས་བསྡུའི་སྐབས་གཞི་མེད་རྙོག་དྲ་སློང་གི་ཡོད་པ་རེད་ཅེས་བསྒྲགས་ཏེ། རྒྱུ་མཚན་མེད་པར་གནད་དོན་འདི་ཆོལ་ཁའི་ཕྱོགས་སུ་འཐེན་འགྲོ་མཁན། བཙན་གྱིས་སྦྱོར་མཁན། མ་ཤེས་པར་སྦྱོར་མཁན། བསམ་བཞིན་ཁྱད་གསོད་ཀྱིས་སྦྱོར་མཁན་མང་པོ་ཞིག་ཡོང་གི་ཡོད་པ་མཐའ་དག ང་ཚོས་མཐོང་གསལ་ཡིན་སྟབས། གནས་ཚུལ་འདི་གཙང་མ་མ་ཆགས་པར་བསམ་ཕྱོགས་དེ་དག་གཙང་མ་མི་ཆགས་པ། གཟུར་གནས་མཁས་པ་སུ་ལ་དྲིས་ཀྱང་ཧ་ཅང་གསལ་བོ་རེད། ངས་བསམས་པར།་གནད་དོན་འདི་རྒྱལ་སྤྱིའི་སྒང་གི་བོད་དོན་གླེང་སྟེགས་ཁག་གི་གླེང་གཞི་ཞིག་ཀྱ་ཆགས་ཡོད་སྟབས། གལ་སྲིད་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་ཏེ་ག་རེ་གནང་དགོས་པ་རེད་དམ་ཞེས་ཞུས་ན། ཏན་ཏན་དེ་སྲིད་སྐྱོང་མཆོག་གིས་གཙང་མ་བཟོ་དགོས་པ་རེད་ཅེས་བཀའ་ཕེབས་པ་ཐེ་ཚོམ་མི་དགོས་པ་ཞིག་ཏུ་སེམས་ན། ཨ་རིའི་བུད་མེད་རྩོམ་པ་པོ་ལྕམ་སྐུ་མོ་ནེ་ཧན་གྱིས་ཡོངས་བསྒྲགས་དོགས་སློང་བྱས་པ་དང་། དེར་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་ཀེ་རྡོར་གྱིས་ལན་བཏབས་པ། ཡང་དེར་ལྕམ་སྐུ་མོ་ནེ་ཧན་གྱིས་གསལ་བཤད་དོགས་འདྲི་ཚ་ནན་བྱས་པ་བཅས་ཀྱི་སྲིད་སྐྱོང་གི་ཁང་རིན་ཐད་ཀྱི་དོགས་འདྲིའི་ཐད།
ངེད་ཀྱི་རེ་བར། ༡ ཨ་སྒོར་ཉིས་འབུམ་ཉིས་ཁྲི་བདུན་སྟོང་གི་དོགས་འདྲི་འདི་དང་།
༢ ད་ལྟ་ཨ་རིའི་གཞུང་གི་རྒྱ་གཞུང་གི་སོ་པའི་དོགས་གཞིའི་འོག་བཀག་ཉར་འདྲི་རྩད་བྱེད་བཞིན་པའི་རྒྱ་རིགས་ཚོང་པ་བྷན་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འབྲེལ་བ་ཅི་ཡིན།
༣ དེ་བཞིན་རྒྱ་ནག་ཏུ་ཚོགས་འདུར་གདན་འདྲེན་ཞུ་མཁན་རྒྱ་རིགས་བུ་མོ་ཧུའུ་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འབྲེལ་བ་ཅི་ཡིན་བཅས་གནད་དོན་གསུམ་གྱི་ཐད་ངེས་པར་དུ་གསལ་བཤད་ས་རིས་ཐང་གསལ། འཇིག་རྟེན་མིག་ཁ་འབྱེད་པ། རང་གཞན་སུ་ལའང་བློ་དོགས་འབྱུང་མི་དགོས་པ་ཞིག་ཅི་ནས་ཀྱང་བཟང་སྤྱོད་དང་ལྡན་པའི་ངང་གནང་རོགས་ཞུ་རྒྱུ་དང་།
དེ་ནི་སྐུ་ཉིད་ད་ལྟ་སྲིད་སྐྱོང་ལས་ཐོག་ཡིན་པའི་ཆ་ནས། ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གནས་ཚུལ་ཆེ་ཕྲ་བདེན་རྫུན་གང་ཞིག་ཡིན་ཡང་། མི་རིགས་དང་རྒྱལ་ཁབ་ཀྱི་ལ་རྒྱ། མི་མང་གི་རེ་བ་ཡིད་ཆེས་བཅས་ལ་དགོངས་ནས་གསལ་བོ་གསལ་རྐྱང་བཟོ་དགོས་པ་སྨྲས་མེད་ཐོག གསལ་བོ་མ་བཟོས་ན་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཉེར་གཅིག་པ། སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་ཞེས་པའི་ནང་གསེས་དོན་ཚན་དགུ་བ་༼བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ་བཅས།༽ ཞེས་གསལ་བར་འགལ་འདུག་པའི་གླེང་གཞི་སླེབས་ན་དམངས་སེམས་འཁྲུགས་འགྲོ་བ་སྨྲ་ག་ལ་དགོས།
མཐའ་དོན་ངས་གོང་དུ་གང་གླེང་ཡོད་པ་མཐའ་དག་ཚིག་དོན་གཉིས་ཆར་གསལ་བ་དེ་ལྟར། བོད་མི་རིགས་ཀྱི་ཆེད་དུ་ཁུངས་ལྡན་ཚུལ་མཐུན་གླེང་སློང་བྱས་ཡོད་པ་བཞིན། གལ་སྲིད་རྒོལ་གཏམ་གཏོང་མཁན་དང་ཀླན་ཀ་འཚོལ་མཁན་རིགས་བྱ་འདོད་ཡོད་མཁན་ཚོས་ཀྱང་། དེ་ལྟར་ཡིན་ལུགས་ཚུལ་མཐུན་གནང་རོགས་ཞེས་ཞོར་དུ་ཞུ་འདོད་བྱུང་། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
༢༠༡༥། ༡༠། ༧། ཉིན།།
དབུ་དཀར་ཚང་ཀེ་རྡོར་བྲིས་འདུག ངས་བསམ་ན་དབུ་དཀར་ཚང་སྐལ་རྡོར་རམ་མིང་ཆ་ཚང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཨེ་ཡིན་ན་བསམ།
ཡག་པོ་བྲིས་འདུག་་་་་ད་བར་དུ་རྙོག་གླེང་འདི་གང་སར་ཁྱབ་ཟིན་པ་རེད། དེར་བརྟེན་ཕྱི་ནང་གང་ཐད་ནས་བློ་སེང་རང་གིས་གསལ་པོ་བཟོ་དགོས་གལ་ཆེ། དེ་སྔོན་གྲོས་ཚོགས་ནང་ཁང་རིན་སྐོར་ལ་ལབ་གླེང་བྱུང་སོང་ཡང་བློ་སེང་གིས་ལན་འདེབས་གསལ་པོ་རྒྱབ་མ་སོང་ལ་རྒྱ་རིགས་༼ཨ་རི་གཞུང་གིས་དྭོགས་ཡོད་ཉེས་ཅན་ལ༽དང་ནང་འབྲེལ་ཡོད་པའི་སྐོར་སོགས་ལ་གསལ་བཤད་གང་ཡང་བྱས་མ་སོང་བས་ངེས་པར་དུ་མི་དམངས་ལ་དྭོགས་སེལ་བྱ་དགོས་རྒྱུ་ཧ་ཅང་གི་གལ་ཆེའོ།
ཤར་ཁུག་ལ་ཁག་མི་འདུག་དེ་སྔའི་ན་ཟ་དང་རིང་མིན་སྤྱི་འཐུས་བརྔམས་ནས་རེད་བློ་སེང་ནག་པོ་བཟོ་ཐུབ་ན་རང་ཉིད་སྤྱི་འཐུས་ལ་རེ་བ་ནི་སྟོང་སེམས་དང་རྨི་ལམ་རེད་ཤར་ཁུག་སྤྱི་འཐུས་ལ་འོས་འཕེན་
མི་འཕེན་དེ་མདོ་སྨད་མི་མང་ལ་རག་ལས་པ་རེད་ལ་ཀླུ་མཁར་བྱམས་དང་ཤར་ཁུག་འདྲ་བའི་མི་དེ་མ་རྟོག་མདོ་སྨད་ལ་མི་མེད་པ་ཡིན་ནམ་ཕྱི་རྒྱལ་མི་རིགས་བོད་པའི་སྤྱི་ཚོགས་དཀྲུགས་བཞིན་པའི་རྗེས་སུ་འབྲང་མཁན་ཡོད་ན་མི་དེ་ཚོ་ལ་བསམ་ཡོད་བོད་མི་ཚང་མས་ཟབ་ཟབ་གནང་དགོས་པ་དང་བློ་སེང་གི་ཨ་སྒོར་འབུམ་གཉིས་ཐབས་བྱེད་མི་ཐུབ་པའི་མི་ཞིག་གང་ནས་ཡིན་དེང་སང་ཨ་རིའི་ནང་བོད་མི་ཚོའི་དངུལ་ཁང་དང་སྒེར་གྱི་ཚོགས་སྡེ་ཁག་ནས་ཨ་སྒོར་འབུམ་མང་པོ་གཡར་ནས་རང་གི་སྡོད་ཁང་དང་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་བཞིན་ཡོད་པ་དེ་ཚོ་ཤར་ཁུག་གང་དུ་གཉིད་ཤོར་བ་ཡིན་།
ད་གཞི་ནས་གནས་ཚུལ་འདིའི་སྐོར་ལ་ཁ་གསལ་བོའི་གོ་བ་ཞིག་ལེན་ཐུབ་སོང་། སྲིད་སྐྱོང་གིས་རྒྱ་ནག་གི་དངུལ་ཟོས་པ་རེད་ཅེས་ཐག་བཅད་ནས་ལབ་མི་འདུག གང་ལྟར་བྱང་ཆུབ་སེམས་པ་བློ་ལྡན་གྱི།། རིགས་ནི་ཚན་མ་དག་ལས་ཤེས།། གསུངས་པ་ལྟར།། མེ་ཡོད་པ་ལ་བརྟེན་ནས་དུ་བ་ཡོད་པའི་དོགས་གཞི་སྣ་ཚོགས་པ་ཡོད་པ་འདི། མཐོང་ཐོས་དོགས་གསུམ་མེད་པ་ཞིག་གནང་གལ་ཆེ་བ་བོད་མི་ཚང་མའི་རེ་བ་རེད། སྐུ་ཞབས་ཤར་ཕྱོགས་པའི་འཇིག་ཞུམ་མེད་པའི་གནད་དོན་གཏིང་ཟབ་ས་ནས་གོ་བདེར་གླེང་བ་ལ་ཐུགས་རྗེ་ཆེ་ཞུ།
བློ་སེང་སྲིད་སྐྱོང་ལང་དུས་ཤར་ཁུག་སྐད་ངན་ཤོར་སོང་།
བློ་སེང་སྲིད་སྐྱོང་ཐོབ་དུས་ཤར་ཁུག་ག་པར་བྲོས་ག་།
བློ་སེང་དམ་འབུལ་ཞུ་སྐབས་ཤར་ཁུག་གང་དུ་གབ་ག་།
བློ་སེང་ལས་འཆར་བཀོད་སྐབས་ཤར་ཁུག་ཧ་ཧ་ཧ་་་་་་ཧ་ཧ།
བློ་སེང་ལགས་ཀྱིས་ཁང་ཉོའི་སྐོར་ལན་འདེབས་གཤམ་གྱི་སྐར་མ་༢༥དང་སྐར་ཆ་༥༡ཐོག་ལ་གསན་གཟིགས་གནང་རོགས།
https://www.youtube.com/watch?t=1695&v=Rlfivev1rss
ཤར་ཁུག་འདི་སྙིང་རྗེ། སྐྱེས་པ་ཕོ་ཞིག་མ་རེད། ཡང་བསྐྱར་ལོ་ལྔ་ལ་ཤར་ཁུག་ངུ་ཟུག་བྱེད་དགོས་པ་ལོང་པས་བལྟས་ཀྱང་ཁམས་གསུམ་ཟེར་བ་ལྟར་རེད། ཤེས་ཡོན་ཅན་དང་བོད་མི་རིགས་ལ་ཤ་ཚ་ཡོད་ན་བོད་མིའི་དམ་ཚིག་ལ་གནོད་པའི་འཆལ་གཏམ་དེ་འདྲ་མ་བཤད། ༧ གོང་ས་མཆོག་ལ་དད་གུས་ཡོད་ན་བོད་མི་ནང་ཁུལ་དཀྲུགས་ཤིང་གི་རིགས་རྩ་བ་ནས་བཤད་མི་ཉན།
གནད་དོན་འདིར་སྲིད་སྐྱོང་མཆོག་གིས་ཁ་སང་གི་སྲིད་སྐྱོང་འོས་ཞུགས་ཀྱི་དྲིས་ལན་ནང་གསལ་པོ་དག་པོ་གསུངས་སོང་། ཁོང་དང་ཁོང་གི་སྐུ་ཟླས་ཨ་རིའི་ནང་ལོ༡༦རིང་ཕྱག་ལས་གནང་ཡོད་པ་དང་། ཁང་པ་དེའི་གོང་ཚད་འབུམ་གསུམ་ལྷག་དང་ཟླ་རེ་རེ་བཞིན་གཏའ་དངུལ་(mortgagee) འོག་སྤྲད་ཀྱི་ཡོད། སྲིད་སྐྱོང་འོས་ཐོབ་རྗེས། ཧ་ཝ་རི་སློབ་ཆེན་ནང་གི་ལས་ཀ་མཚམས་འཇོག་དགོས་ཙང་ཟླ་རེ་རེར་ཁང་པ་ཉོ་རིན་སྤྲད་པའི་དངུལ་མེད་ཙང་བཟའ་མི་གཉིས་ཀྱིས་ལོ༡༦བསགས་པའི་དངུལ་ཆ་ཚང་སྡེབས་སྤྲོད་བྱས་པ་ཡིན་ཟེར།
ནུབ་ཕྱོགས་ཀྱི་འགྲོ་སྟངས་བྱས་ན་ཁང་པ་ཉོ་སྐབས། གཏའ་དངུལ་ཆེས་ཉུང་ནའང་སྒོར་ཁྲི༨ཡས་མས་ཤིག་དགོས་ཀྱི་ཡོད་པ་དང་། དེ་ནས་ཟླ་རེར་རམ་བདུན་རེ་ནང་དངུལ་སྤྲད་དགོས་ཀྱི་ཡོད་པས། མི་གཉིས་ལ་ལོ་བཅུ་དྲུག་རིང་གསོག་དངུལ་ཉིས་འབུམ་ཡས་ཤིག་ཡོད་སྲིད་པ་དང་། དེ་ནས་གཏའ་དངུལ་ཁར་བསྣན་ནས་སྤྲད་པ་ཡིན་ན་ཏག་ཏག་ཆགས་འདུག
xxxxxབརྗོད་གཞི་འདིའི་སྟེང་ནས་ད་རྙོག་དྲ་མ་བཟོ་རོགས། སྲིད་སྐྱོང་གི་སྲིད་ཇུས་དང་ཕྱག་ལས་དང་འབྲེལ་བའི་སྟེང་ནས་དྲི་བ་འདོན་རོགས།
དེ་མིན་གོང་དུ་བརྗོད་ཀྱིན་པའི་རྒྱ་དང་རྒྱ་མོ་དེ་དག་གོང་ས་མཆོག་དང་པེ་ཅིན་གྱི་མཁས་པའི་བར་བགྲོ་གླེང་བསྡུ་མཁན་ཡང་ཡིན་ཚུལ་འདུག་པས། གཏིང་ཤིན་ཏུ་བསྔོག་ན་གོང་ས་མཆོག་ཀྱང་དེའི་ནང་གི་གཅིག་མ་རེད་དམ།
ད་དེ་འདྲ་དངོས་ཡོད་གནས་ཚུལ་ཨ་ཡིན་ན་ ཁོང་གིས་ལས་ཀ་ཟམ་མདོངས་རེན་པོ་ཆེས་ལས་ཡག་པ་བྱས་སོང་ གོང་གི་གནས་ཚུལ་དེའི་ནང་དངོས་ཡོད་གནས་ཚུལ་ཏོག་རྩམ་ཐོག་རྒྱ་མི་དང་དོལ་ཚོགས་ ཁོང་སྒེར་ལ་མ་དགའ་མཁན་སོགས་ཚང་མ་འབྲེས་པ་ཞིག་མཐོང་གི་འདུག།
སྲིད་སྐྱོང་གིས་འགྲེལ་བཤད་བརྒྱབ་པ་དེ་ལ་འདི་ལྟར་བསམ་བློ་གཏོང་དགོས། ཨ་རིར་ལོ་བཅུ་དྲུག་བསྡད་པ་ཙམ་གྱིས་ ཨ་སྒོར་འབུམ་གསུམ་དང་ཁྲི་དྲུག་བསགས་པ་དེ་འདྲ་ཡོང་མི་སྲིད། ང་ལ་གྲོགས་པོ་ཞིག་ཡོད། ཁོང་གི་ཟླ་ཕོགས་ཡོང་འབབ་སོགས་ལ་བརྟགས་ཚེ་བློ་བཟང་སེང་གེ་ལས་ལྡབ་འགྱུར་གྱིས་ཆེ་བ་ཡོད། འོན་ཀྱང་ད་དུང་ཁང་གླའི་བུ་ལོན་འཇལ་བཞིན་པ་ཡིན།
གལ་སྲིད་བློ་བཟང་སེང་གེའི་ལན་འདི་ཏག་ཏག་དང་བདེན་པ་ཡིན་ཚེ། ལོ་བཅུ་དྲུག་ལ་ཟླ་བ་ ༡༩༢ ཡོད། དེའི་ཡུན་ལ་ཁོང་བཟའ་ཟླ་གཉིས་ཀྱིས་ཆ་སྙོམ་གྱིས་ཨ་སྒོར་ ༢༠༠༠ ཙམ་རེ་གསོག་དགོས་ཡོད། ད་དུང་ལོ་བཅུ་དྲུག་རིང་གི་ཁང་གླ་དང་འགྲོ་གྲོན་རོབ་རྩིས་བྱས་པ་ཡིན་ན། ཁོང་གཉིས་ལ་ཟླ་རེར་ཨ་སྒོར་ ༢༠༠༠ ནས་ ༣༠༠༠ བར་མཁོ། དེ་ལྟར་ན་བཟའ་ཟླ་གཉིས་ཀྱི་ཡོང་འབབ་དེ་ཆ་སྙོམས་ཀྱིས་ཨ་སྒོར་ ༥༠༠༠ ཙམ་ཡིན་དགོས། ལོ་འདི་དག་ནི་བློ་བཟང་སེང་གེ་སློབ་མ་ཡིན་པའི་སྐབས་ཀྱི་དུས་ཚོད་ཀྱང་བརྩི་དགོས། འདི་ལྟར་བྱས་ན་ཁོང་གི་སྐད་ཆ་དེ་ལ་གནས་ལུགས་མེད་པ་ཧ་ཅང་ཤེས་ཡོང་། ཁོང་གི་ཕོགས་ནས་ཁང་གླ་སྤྲོད་དགོས་པ་བཀའ་བློན་ཁྲི་པ་ཆགས་དུས་ཁང་གླ་སྤྲོད་རྒྱུ་མེད་པ་ཆགས་སོང་གསུངས་དུས་གནས་ཚུལ་འདི་གང་ལ་འགྲོ་གི་འདུག་ཅེས་ན། ཁོང་གིས་ཁང་པའི་བུ་ལོན་གསོལ་རས་ཞུས་ཡོད་པ་དེ་གསལ་པོ་རེད། ཡང་ན་དགའ་ལྡན་ཕོ་བྲང་ནས་རེད། ཡང་ན་རྒྱ་མིའི་གྲོགས་པོ་དེ་ཚོ་རེད།
ད་མང་པོ་དཀྲུགས་མ་སྡོད་ལྷག་བསམ་དང་གཞུང་སེམས་འགན་འཁུར་ཡིན་
ན་ཁྲིམས་ལ་གཏུགས་རོགས་དེ་མིན་མང་བཤད་བསྡད་ན་གྱོང་རག་ས་བློ་སེང་
ལ་མགྲན་རྩོད་བྱེད་མཁན་གྱི་སྲིད་སྐྱོང་འོས་ཚོར་རག་གི་རེད་དོ་ཁུང་གཏུག་ས་མེད་པ་མང་པོ་དཀྲུགས་བསྡད་ན་མི་མང་ལྐུག་པ་མ་རེད་དཀྲུགས་མཁན་
དང་རྫུན་སྒྲིག་བྱེད་མཁན་དང་ལམ་སྟོན་བྱེད་མཁན་སྲིད་སྐྱོང་བརྔམ་མཁན་
གྱི་གཡག་རྫི་བ་རྫི་ར་རྫི་ལུག་རྫི་དེ་ཚོ་ཡིན་པ་གསལ་པོ་ལ་སོང་བློ་སེང་
ལ་མི་མང་ནས་འོས་འཕེན་མཁན་མང་དུ་འགྲི་འདུག་གོ་།
ཚིག་འགའ་ཁ་སྣོན་དུ་ཞུས་ཆོག ངས་བལྟས་ན་བློ་བཟང་སེང་གེས་གསོལ་རས་ཞུ་ས་དེ་བོད་ཀྱི་ཕྱོགས་ཤིག་ཡིན་པ་ལས་རྒྱ་ཕྱོགས་ཤིག་མ་རེད་འདོད། དེ་ལྟར་ན་བཀའ་ཤག་གིས་གསོལ་རས་གནང་ནའང་འདྲ། དགའ་ལྡན་ཕོ་བྲང་ནས་གནང་ནའང་འདྲ། དེ་གསང་བ་བྱེད་དགོས་དོན་ཡོད་མ་རེད། བློ་བཟང་སེང་གེས་རང་གི་ལས་ཀ་དང་ནང་མི་བསྐྱུར་ནས་རྒྱ་གར་ལ་ལས་ཀ་བྱེད་དུ་ཕྱིན་པ་དེ་རིན་ཐང་ཆེན་པོ་རེད། འོན་ཀྱང་དོན་ཚན་འདི་ལ་གསང་བ་ལྟ་བུ་བྱས་པ་དེ་ཡག་པོ་མ་རེད། མི་མང་ལ་འགན་འཁྱེར་གྱི་ཡོད་མ་རེད་བསམས་བྱུང་། ད་བོད་མིའི་གསར་འགོད་པ་ཚོས་ལན་མགོ་བསྐོར་གཏོང་བྱད་འདི་ཙམ་གྱིས་ཚིམ་མི་རུང་། ཁོང་བཟའ་ཚོ་གཉིས་ཀྱིས་བསགས་པ་ཡིན་ན། དེའི་ཡིག་ཆ་ཡོད་དགོས་རེད། ལོ་རེའི་ཁྲལ་འཇལ་བའི་ཡི་གེ་དེ་ཚོ་བལྟ་དགོས་པ་རེད། ཕོགས་ཡིག་དེ་ཚོ་ལའང་ལྟ་དགོས་པ་རེད། དེ་ལྟར་མ་བྱས་ཚེ་འདི་སྒོར་མོའི་ཁ་གྲངས་དང་སྒོར་མོའི་གནད་དོན་མ་རེད། འདི་རྫུན་གྱི་གནད་དོན་རེད། རྫུན་ལ་ཆེ་ཆུང་ཡོད་མ་རེད། དེ་མིན་ཁོང་གིས་དྲང་པོར་གསུངས་ན་དེ་ནི་དེ་འདྲའི་རྫབ་ཆེན་ཅིག་མ་རེད། རྒྱ་གར་ལ་ལས་ཀ་བྱེད་དུ་འགྲོ་དགོས་པ་དང་ཁང་པ་ཤོར་འགྲོ་བ་དེ་གཉིས་ཀ་ཁོང་ལ་འོས་བབ་མི་འདུག ལས་ཀ་བྱེད་དུ་ཕྱིན་པ་དེ་ག་རང་ཡག་བྱུང་ཟེར་ཡག་ཡིན་ནོ༎
སྲིད་སྐྱོང་རང་གི་ཁ་ནས་ཨ་སྒོར་འབུམ་གསུམ་དང་ཁྲི་དྲུག་རེད། ཨ་རིའི་རྩོམ་པ་པོ་ལྩམ་སྐུ་མོ་ནེ་ཧན་གྱིས་ཨ་སྒོར་ཉིས་འབུམ་ཉིས་ཁྲི་བདུན་སྟོང་རེད། གང་ལྟར་ཤར་ཕྱོགས་ཁུག་རྟས་བཤད་དོན་ནི། སྒོར་མོ་གསོག་བཞག་པ་དེ Chueqe ག་རེ་རྒྱུད་སྤྲད་པ་ཡིན་ནམ། སྲིད་སྐྱོང་གིས་རང་གི་དངུལ་བྱང་གང་རྒྱུད་དེ་དུས་ནམ་ཞིག་སྤྲད་པ་ཡིན་མིན་དེ་རེད། དེ་གསལ་བོ་བཟོས་བཞག་ན་རྙོག་དྲ་ཡོད་པ་མ་རེད། བློ་བཟང་སེང་གེའི་ནང་ལ་དངུལ་རྐྱང་གསོག་དངུལ་ག་ཚོད་ཡོད་མེད་དེ་གནད་དོན་ཞིག་མ་རེད། དངུལ་རྐྱང་ཕོན་ཆེ་ཞིག་དངུལ་ཁང་གིས་བུ་ལོན་དུ་ལེན་གྱི་མེད་པ་ནི་ཁྲིམས་ཡིན་སྟབས། དེ་གསལ་བཤད་གནང་བཞག་ཡག་གི་རེད།
སྲིད་སྐྱོང་བློ་བཟང་སེང་གེས་་ ༼ ཁང་པ་དེ་གཅིག་ནས་བཀའ་ཤག་གི་དམ་འབུལ་མ་ཕུལ་གོང་ལ་རེད་གདའ། གཉིས་པ་དེ་ཁང་པའི་གོང་དེ་སྒོར་མོ་འབུམ་གསུམ་དང་སྟོང་ཕྲག་དྲུག་ཅུ་རེ་ལྔ་རེད། ཨ་རི་ལ་ཁང་པ་ཉོ་མཁན་མང་ཆེ་བ། ཆ་ཚང་མིན་ན་མང་ཆེ་བ་འབུམ་གསུམ་དང་འབུམ་ལྔའི་བར་རེད། ཨ་རིར་སྐད་ཆ་དྲིས་ན་འབུམ་གསུམ་སྟོང་ཕྲག་དྲུག་ཅུ་རེ་ལྔའི་ཁང་པ་དེ་ག་རེ་རེད་ལབ་ན། བོད་པ་ཚང་མས་ཉོ་བའི་ཁང་པ་རེད་ཟེར་གི་རེད་གདའ། དེ་ནས་ས་ཡའི་སྐད་ཆ་ནི་གང་མ་རེད་ཝ། སོང་ཙང་། ང་དང་ངའི་བཟའ་ཟླ་ལོ་༡༦ ཙམ་ཕ་གི་ལ་ལས་ཀ་བྱས་པ་རེད། དེ་ཙམ་ཞིག་བསགས་ཐུབ་ཀྱི་རེད་ལ། སུས་ཉན་པ་ཡིན་ནའང་ཕལ་ཆེར་དེ་འདྲ་ཞིག་ཡིན་རྒྱུ་རེད་བསམ་གི་རེད། ཡིན་ནའང་ངས་༢༠༡༡ བར་ཧ་ཝ་ཏི་མཐོ་སློབ་ལས་ཀ་བྱས་བསྡད་ཡོད་པ་རེད། ང་དེ་དུས་བཀའ་བློན་ཁྲི་པར་འདེམས་ཡོང་དུས་ལས་ཀ་དེ་མཚམས་འཇོག་དགོས་ཀྱི་ཡོད་པ་རེད། ཟླ་བ་རེ་རེ་ལ་བུ་ལོན་Mogege སྤྲད་ཡ་དེ་ངའི་ཕོག་བླངས། ངའི་ཕོག་ནས་སྤྲད་བསྡད་ཡོད་པ་རེད། ད་ང་ལས་ཀ་མེད་པ་ཆགས་པས་ཕོག་མེད་པ་ཆགས་པ་རེད། ངྷ་རམ་ས་ལར་ཚུར་ལོག་དགོས་ཀྱི་ཡོད་པ་རེད། ད་ང་ཚོས་བསགས་བཞག་པའི་དངུལ་དེ་ནས་སྤྲད་བཞག་ན་བྱས་ཏེ་སྤྲད་པས་བུ་ལོན་བསད་པ་རེད། དེ་ལས་འཕྲོས་པའི་དེ་ལ་སྐད་ཆ་གང་ཡང་ཡོད་པ་མ་རེད། ༽
སྲིད་སྐྱོང་གི་སྐད་ཆ་འདི་ལ་ཤར་ཕྱོགས་ཁུག་རྟས།
བསགས་དངུལ་སྤྲད་ཡོད་ན། སུས་དངུལ་སྤྲད་ཡོད་པ་འདྲ། དངུལ་རྐྱང་ཡིན་ན་དངུལ་ཁང་ནས་མི་ལེན་ཙང་། དངུལ་བྱང་གང་རྒྱུད་ནས་དངུལ་ཁང་ལ་བུ་ལོན་སྤྲད་པ་ཡིན་ནམ། དེ་གསལ་བོ་བཟོ་རོགས། མདོ་དོན་དངུལ་གྲངས་འདི་ཉུང་ཉུང་ཞིག་རེད། ཡིན་ནའང། གསར་ལམ་འཛམ་གླིང་ནང་སྐད་གྲགས་ཅན་ཞིག་ཏུ་ཐོན་པ་ཡིན་པ་མ་ཟད། དོགས་གཞི་འཛུགས་ས་དེ་མི་རིགས་ཤིག་གི་སྲིད་སྐྱོང་ཆགས་ཡོད་སྟབས། མི་སྒེར་བ་ཞིག་དང་འདྲ་གི་མི་འདུག འདི་གཙང་མ་མ་བཟོས་ན་བོད་མི་རིགས་དང་༧གོང་ས་མཆོག་གི་ཞབས་འདྲེན་གྱི་རེད་ལ། ཨ་རིའི་རྩོམ་པ་པོ་མོ་ནེ་ཧན་གྱིས་དངུལ་དེའི་ཡོང་ཁུངས་རྒྱ་རིགས་བྷན་ལ་དོགས་པ་བྱས་པ་ལྟར་དེ་དག་ལ་གསལ་བཤད་གསལ་བོ་གནང་དགོས་ཀྱི་འདུག་སོགས་བཤད་འདུག
བསྟན་འཛིན་སྐལ་བཟང་གིས་བཤད་དོན།
སྲིད་སྐྱོང་གིས་འགྲེལ་བཤད་བརྒྱབ་པ་དེ་ལ་འདི་ལྟར་བསམ་བློ་གཏོང་དགོས། ཨ་རིར་ལོ་བཅུ་དྲུག་བསྡད་པ་ཙམ་གྱིས་ ཨ་སྒོར་འབུམ་གསུམ་དང་ཁྲི་དྲུག་བསགས་པ་དེ་འདྲ་ཡོང་མི་སྲིད། ང་ལ་གྲོགས་པོ་ཞིག་ཡོད། ཁོང་གི་ཟླ་ཕོགས་ཡོང་འབབ་སོགས་ལ་བརྟགས་ཚེ་བློ་བཟང་སེང་གེ་ལས་ལྡབ་འགྱུར་གྱིས་ཆེ་བ་ཡོད། འོན་ཀྱང་ད་དུང་ཁང་གླའི་བུ་ལོན་འཇལ་བཞིན་པ་ཡིན།
གལ་སྲིད་བློ་བཟང་སེང་གེའི་ལན་འདི་ཏག་ཏག་དང་བདེན་པ་ཡིན་ཚེ། ལོ་བཅུ་དྲུག་ལ་ཟླ་བ་ ༡༩༢ ཡོད། དེའི་ཡུན་ལ་ཁོང་བཟའ་ཟླ་གཉིས་ཀྱིས་ཆ་སྙོམ་གྱིས་ཨ་སྒོར་ ༢༠༠༠ ཙམ་རེ་གསོག་དགོས་ཡོད། ད་དུང་ལོ་བཅུ་དྲུག་རིང་གི་ཁང་གླ་དང་འགྲོ་གྲོན་རོབ་རྩིས་བྱས་པ་ཡིན་ན། ཁོང་གཉིས་ལ་ཟླ་རེར་ཨ་སྒོར་ ༢༠༠༠ ནས་ ༣༠༠༠ བར་མཁོ། དེ་ལྟར་ན་བཟའ་ཟླ་གཉིས་ཀྱི་ཡོང་འབབ་དེ་ཆ་སྙོམས་ཀྱིས་ཨ་སྒོར་ ༥༠༠༠ ཙམ་ཡིན་དགོས། ལོ་འདི་དག་ནི་བློ་བཟང་སེང་གེ་སློབ་མ་ཡིན་པའི་སྐབས་ཀྱི་དུས་ཚོད་ཀྱང་བརྩི་དགོས། འདི་ལྟར་བྱས་ན་ཁོང་གི་སྐད་ཆ་དེ་ལ་གནས་ལུགས་མེད་པ་ཧ་ཅང་ཤེས་ཡོང་།
ཡོད་ན་་ཞེས་བཅོ་རོགས།་ཐིག་ཕྲེང་དང་པོའི་ནང་གི།
རག་ར་སྤྲུལ་སྐུས་བརྩམས་བྲིས་གནང་བའི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་དེབ་ཅིག་ཡོད་པ་དེའི་ནང་། དགེ་འདུན་ཆོས་འཕེལ་ལགས་འབྲས་སྤུང་དགོན་པར་ཡོད་སྐབས་ཤིག་ལ་ཨ་མདོ་བ་ཁ་ཤས་མཉམ་འཛོམས་ཀྱིས་དགའ་དགའ་སྤྲོ་སྤྲོ་བྱས་ནི་བཞུགས་པའི་སྐབས་ཤིག་ལ་དགེ་འདུན་ཆོས་འཕེལ་ལགསཀྱིས་༼ ང་ཚོ་ཨ་མདོ་བ་ཚོ་ ཡང་ན་རྩེ་ཕུད་དང་། ཡང་ན་ཐ་ཤལ་ལས། བར་མ་ཡོག་མ་རེད།༽ གསུངས་པ་དེ་འདྲ་པོ་འདུག་ག། ཧ་ ཧ་ ཧ་
སྐད་ཆ་འདི་དག་ཤར་ཁུག་ནས་བློ་སེང་
སྲིད་སྐྱོང་ལ་བཀག་རྒྱུའི་ཆབ་སྲིད་ཀྱི་ལག་ཆ་ལ་བེད་དཔྱད་པ་རེད་ཡིན་ན་ཡང་
ལམ་འགྲོ་མ་སོང་ནས་ཤར་ཁུག་གི་
དཀྲོགས་གཏམ་ཡིན་པ་མི་མང་ནས་
ཤེས་འདུག་ལ་ད་ཤར་ཁུག་སྤྱི་འཐུས་ལ་རེ་བ་ཉིན་སྐར་ཙམ་རེད་འདག་ཧ་ཧ་བ་
རང་གི་མ་འཇོན་མི་གི་ལས་དུས་མིག་ཚ་ཤར་ཁུག་སྙིང་རྗེ་།
ཤར་ཁུག་ཞེས་པའི་དབྱེད་སྦྱོར་བ་ཁྱེད་ལྟ་བུ་ལ་འདི་ལྟར་འདྲི་བའི་ཐོབ་ཐང་ཆ་རྐྱེན་ཚང་བ་ཞིག་ཡོད་བ་མེད་ལོ།
ཤར་ཁུག་ཞེས་པའི་དབྱེན་སྦྱོར་བ་ཁྱེད་ལྟ་བུ་ལ་འདི་ལྟར་འདྲི་བའི་ཐོབ་ཐང་ཆ་རྐྱེན་ཚང་བ་ཞིག་ཡོད་བ་མ་རེད་ལོ།
དེ་སླ་བོ་རེད། དངུལ་ཁང་ལ་དྲིས་ན་ཤེས་ཀྱི་རེད། ཨ་རི་ནས་རྙོག་གྲ་ཞིག་བྱུང་ཚེ་དངུལ་ཁང་གི་གསང་བ་བྱས་ཆོག་གི་མ་རེད། དངུལ་ཁང་གི་གསལ་པོ་བཟོ་ཡི་རེད། སྲིད་སྐྱོང་མཆོག་གིས་དངོས་གནས་གཞན་གྱི་དངུལ་བེད་སྤྱོད་བཏང་ཡོད་ན་ངེས་པར་དུ་དངུལ་ཁང་ལ་འདྲི་དགོས་རེད། དེ་མིན་དོན་མེད་སྐད་ཆ་མང་བོ་བཤད་ན་སྙིང་པོ་ཅི་ཡང་མེད་དོ། སྲིད་སྐྱོང་མཆོག་དང་ལྕམ་གཉིས་ཀྱིས་ལོ་བཅུ་དྲུག་ལ་ལས་དཀའ་བྱས་ཡོད་ན་ཨ་སྒོར་འབུམ་གསུམ་བསགས་སྲིད་པ་རེད། །
ཤར་ཁུག་གིས་ནམ་ཡང་སྤོབས་པའི་སྒོ་ནས་གནས་ལུགས་དང་དྲང་བདེན་ཡོད་པ་རེ་ཤོད་གྱི་འདུག ཡིན་ནའང་དྲང་བདེན་དང་གནས་ལུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཕར་ཞོགས། ད་དུང་ཤར་ཁུག་ལ་མ་ཉེས་ཁག་གཡོག་དང་སྡངས་སེམས་ཅན་མང་པ་འདི་ཧ་ཅང་ཁྱད་མཚར་རེད། ལོ་ཤས་རྗེས་ནས་ཤར་ཁུག་གིས་མ་འོངས་ལུང་བསྟན་ཁ་ཤས་ཁྱེད་ཚོར་ར་འཕྲོད་སྲིད། དེ་དུས་ད་མ་འགྱོད་ཨ་་་་་་་་་་་་
ལོ་བཅུ་དྲུག་རིང་བཟའ་མི་གཉིས་ཀྱིས་ཌོ་ལར་ཇི་ཙམ་བསགས་ཐུབ་ཀྱི་ཡོད་མེད་ཤེས་མ་སོང་། དེ་བཞིན་དུ་བློ་སེང་གི་ཟླ་རེའི་གླ་ཕོགས་ཀྱང་ག་ཚོད་ཡིན་མིན་ཤེས་མ་སོང་། འོན་ཀྱང་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་གནང་མཛད་ནས་ཐད་ཀར་ཞིབ་འཇུག་ཞིག་ལེགས་པོ་ཞིག་གནང་ཐུབ་ན། དགེ་མཚན་ཆེ་བར་འདུག དེ་མིན་སྲིད་སྐྱོང་ཞིག་ལ་མ་ཉེས་ཁ་གཡོག་ཕོག་ནའང་མི་འགྲིགས། ཡང་གནས་ཚུལ་འདི་གསལ་པོ་མ་བཟོས་ནའང་མི་འགྲིགས།
གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་ཀྱི་གནས་ཚུལ་གསལ་པོ་ཞིག་བཟོ་གནང་ཐུབ་ཚེ། མི་དམངས་ཚོས་ཡིད་ཆེས་འདོད་བློ་ཁེངས་པ་ཡོང་རྒྱུ་རེད།
གྲོས་ཚོགས་ནང་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་གསུངས་པ་དེ་ཐབས་ལམ་ཡག་ཤོས་རེད། པེད་ཤག་གི་མང་ཉུང་ནི་གནད་དོན་མ་རེད། མིང་ཆད་འདི་འདྲ་ཞིག་ལྷག་དུས་དངོས་གནས་རྒྱལ་ཁབ་དང་མི་རིགས་ཀྱི་ཞབས་འདྲེན་ཆགས་ངེས་ཡིན་སྟབས། གཙང་མ་བཟོ་གལ་ཆེ་ལ། གཙང་མ་བཟོས་ཏེ་སྲིད་སྐྱོང་དུ་བླངས་ན་གཟི་བརྗིད་ཆེ་བར་བསམས།
དཀྲུགས་ཤིང་གི་སྐད་ཆ་དེ་འོས་བསྡུ་སྔོན་མའི་སྐབས་ནས་བྱུང་ཚར་པ་ཞིག་རེད་ལ་དོགས་སེལ་ཡང་གནང་ཚར་བ་རེད། ཡང་བསྐྱར་གོ་འདོད་མི་འདུག། ཡིན་ནའང་ཨ་རིའི་བུད་མེད་དེ་ང་ཚོ་བཙན་བྱོལ་བོད་མིའི་ནང་སྲིད་ལ་ཐེ་བྱུས་བྱེད་དོན་གང་ཡིན་ནམ།
མཆན་འདེབས་པ་འགར་བསམ་པ་རྣམ་དག་གིས་ཞུ་རྒྱུ། ཁྱོད་ཚོས་རྩ་བའི་གླེང་གཞིའི་དོན་དག་མི་ཤེས་ན། མི་ཤེས་ས་དེ་ནས་ཁ་བཙུམས་ནས་བསྡད་ན་བཟང་བ་ལས། ཆོལ་ཁ་འཐེན་འཁྱེར་གྱི་དཀྲུག་གཏམ་དང་། ཉེས་མེད་ལ་ཉེས་འགེལ་གྱི་ལབ་རྡོལ་དག་རྟོལ་རྐྱང་བྱས་ན། དྲ་ཞུགས་བོད་སྤུན་ཚོ་གཙོའི་བོད་མི་བྱིངས་ཀྱི་མཐུན་སྒྲིལ་ལ་དངོས་བརྒྱུད་གཉིས་ནས་གནོད་ཚབས་ཆེ་ཕྱིར། བོད་དང་བོད་མི་ལ་འདི་ལས་ལྷག་པའི་གནོད་སྐྱེལ་སྟངས་ཤིག་རྩ་ནས་མེད་པར་འདོད། དེ་བས་ན། བོད་ཀྱི་སྤྱི་ཚོགས་ལ་འགན་འཁུར་མཁན་དང་། བོད་མིར་ཞེ་འདང་ཡོད་པའི་ཤེས་ཡོན་པ་ཞིག་ཡིན་ན། ནམ་རྒྱུན་དྲ་ཐོག་ལ་འཇགས་སུ་སོང་བའི་བྱུང་རྒྱལ་གྱི་སྐད་ཆའི་རིགས་ལ། རང་ནུས་ཀྱི་འགན་ལེན་སྟངས་གཞན་ཞིག་གིས་སྣེ་ཁྲིད་དགོས་གལ་མཐོང་། མཚམས་རེར་ཁ་བརྡ་གཙོའི་དྲ་བའི་མཆན་འདེབས་པ་འོ་ཅག་མཐོང་དུས། སེམས་སུ་སྐྱི་གཡའ་བ་ཞིག་རེད། སྣང་ཚུལ་དེ་འདྲའི་དབང་གིས་ང་ཚོས་ཀ་ངོ་ཡིག་ངོ་ཙམ་ཤེས་བཞག་པ་དེའང་མ་འགྲིག་པའི་ཚོར་བ་འོང་གིན་འདུག བསམ་བཞིན་དང་བསམ་བཞིན་མ་ཡིན་པ་གང་ལྟར་ཡང་། བོད་མིས་བོད་པར་ཕན་མ་ཐོགས་ཀྱང་། གནོད་སྐྱེལ་མི་ཉན་པ་དེ་མ་རྗེད།
ཡང་ཤར་ཁུག་གི་སྐད་ངན་ཤོར་འདུག ཕྲག་དོག་ཅན་ལ་འགུ་དུས་མེད་ཟེར་བཞིན། སྙིང་རྗེ་ཨ་རིའི་ཁང་པ་ཉོ་སྟངས་དང་ཨ་རིའི་བོད་མི་ཚོའི་གནས་སྟངས་ཁྱོན་ནས་ཧ་མ་གོ་བའི་རྟགས་རེད། ཨ་སྒོར་འབུམ་གཉིས་ལྷག་ཅིག་ཨ་རིའི་བོད་པ་ཚོ་ལ་མཚོན་ན་ཅི་ཡང་མ་རེད། ཁྱོད་རང་རྒྱ་གར་ནས་ཁ་མ་སོས་ནམ་མ་ལང་ནས་བསྡད་དུས་་་ཚང་མ་དེ་འདྲ་ཡིན་ས་རེད་བསམ་གི་ཡོད་ས་རེད།
འདིར་བློ་སེང་ལ་རྒྱབ་སྐྱོར་བའང་མིན་ལ། ཤར་ཁ་ཏ་ཅན་པོར་རྒོལ་བའང་དེ་བས་མིན། རིག་པས་དཔྱད་ན། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རི་སོགས་ཀྱི་ནང་ལས་ཀ་གང་ལས་ཁྲིམས་ཐོག་ནས་ལས་གླ་བཅག་པ་དང་། རང་ཉིད་ལ་དངུལ་ཡོད་མེད་ལ་མ་ལྟས་པར་ཁང་ས་ཉོ་བ་སོགས་ལ་ངེས་པར་དངུལ་ཁང་ནས་དངུལ་བུན་ལེན་དགོས་ཤིང་། དངུལ་བུན་ཡོད་ན་བཟང་རབས་སུ་གྲགས་པ་ཨ་རིར་གནས་བཞུགས་རྒྱུས་ཡོད་ཚོར་དྲིས་དང་ཤེས་མོད། འོན་ཀྱང་ཤར་གླིང་ཨེ་ཤི་ཡའི་མགོ་ནག་ཚོ་དངུལ་བུན་ཡོད་ན་ངན་ལྟས་སུ་རྩིས་ཏེ། བདག་གིས་ནོར་མེད་ན། བོད་མིའི་བཅའ་ཁྲིམས་སུའང་གཞུང་སྒེར་གང་ལའང་བྱ་བ་སྒྲུབ་དུས་བུ་ལོན་ཡོད་ན་འོས་ཆོས་མ་ཚང་བའི་ཁོངས་སུ་བཞག་ཡོད་པས། བློ་སེང་གིས་སྲིད་སྐྱོང་མ་ཞུས་གོང་བུ་ལོན་གཙང་གསལ་བྱས་པ་ལུགས་དང་མཐུན། གཞན་ཡང་རྙོག་གླེང་ཆེ་ཤོས་ནི། ཁང་བུན་འཇལ་བྱེད་གང་ནས་བྱུང་ཅེས་པར། ཨ་རིར་ཁྲིམས་མཐུན་མིན་པའི་ལས་གླ་དེང་སྐབས་ཟླ་རེར་ཨ་སྒོར་ 2000། ཡས་མས་ཡོད་སྐད། བདག་གི་ངོ་ཤེས་བོད་པ་ཨ་རིའི་མི་སེར་ཅན་ཞིག་མཐོ་འབྲིང་སློབ་གྲྭའི་དགེ་རྒན་ཡིན་པར་ཟླ་རེར་གླ་ཕོགས་ཨ་སྒོར་ 16000། ཡས་མས་ཡོད་ཟེར། དེས་ན་བློ་སེང་མཐོ་སློབ་གྲགས་ཅན་གྱི་དགེ་རྒན་ཆེན་མོ་ཡིན་པས་ཟླ་རེའི་ཡོང་བབས་གོང་གསལ་གཉིས་ལས་མཐོ་བ་ནི། རིག་པས་དཔོག་ནུས་ཤིང་། བློ་སེང་གིས་༼ ང་ལ་གླ་ཕོག་དེ་འདྲ་ཡོད། ངས་ལས་འགོ་བརྩམས་པ་ནས་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་འདི་ཡིན། ༽ ཞེས་ཁྲིམས་ལ་ཐུག་དུས་མ་གཏོགས་མང་ཚོགས་ལ་སྒེར་གནས་བསྒྲགས་མི་སྲིད་ལ། གཞན་གྱིས་ཐེ་ཚོམ་གྱིས་འདྲི་དབང་དེ་བས་མེད་སྟབས། བློ་རྩེ་གཉིས་པས་གང་དྲན་དུ་མི་མང་གིས་བཀོད་ཟིན་སྲིད་སྐྱོང་ཅིག་ལ། དཔང་རྟགས་གསལ་བོ་གང་མེད་པར་ནག་པོ་བཟོ་ཐབས་ལ་འབད་པ་ནི། བློ་གཟུ་བོར་གནས་པའི་གཏམ་དུ་ནམ་ཡང་མི་གོའོ། །
འདིར་རྩིས་པ་མང་པོ་སླེབས་ཤག ཨ་རི་ནས་འབྲིང་རིམ་སྤྱི་ཚོགས་སམ། ཆེད་ལས་མི་སྣའི་ཟླ་རེར་ཡོང་འབབ་མི་གཅིག་ལ་ཨ་སྒོར་བཞི་སྟོང་བརྒལ་ཡོད། ད་དུང་ཉམས་ཞིབ་ལས་གཞིའི་རོགས་དངུལ་རེག་ས་མང་པོ་ཡོད། དེ་ནི་ལས་གཞི་གཅིག་ལ་ཁྲི་ཁ་ཤས་ནས་ཁྲི་ཡས་མས་ཡོད། དབྱིན་ཡིག་ལ་བརྟེན་ནས་ཕྱག་ལས་གནང་མཁན་མི་གཉིས་ལ་ཟླ་རེར་ཨ་སྒོར་སྟོང་ལྔ་ཡོད་ངེས།
ལས་ཀ་ནག་པོ་ལས་མཁན་ཚོར་ཆུ་ཚོད་གཅིག་ལ་ཨ་སྒོར༨ནས༡༠ཡས་མས་རེད། ལོ་རེར་ཕལ་ཆེར་ཆུ་ཚོད༣༠༠༠ཡས་མས་ལས་ཀ་གནང་གི་ཡོད་པས། ཟླ་རེར་ཨ་སྒོར༢༥༠༠ནས༢༠༠༠ཡོང་གི་ཡོད།
གལ་སྲིད་སྲིད་སྐྱོང་མཆོག་གིས་ཨ་རི་ནས་སློབ་གཉེར་དང་ཕྱག་ལས་གནང་བའི་ཡོང་འབབ་ཟླ་རེར་༣༠༠༠ཡས་མས་དང་། སྐུ་ཟླས་ལས་ཀ་ནག་པོ་ལས་ནས་ཟླ་རེར་ཨ་སྒོར༢༠༠༠བསགས་པར་ཆ་བཞག་ནའང་། ཟླ་རེར་ཨ་སྒོར༥༠༠༠ཡོད་ཡོད་པ་རེད་འདུག ད་འདི་ལ་རྩོད་པ་རྒྱག་ས་འདུག་གམ།
ད་་་་་་་་་་་་་དོན་དག་སྣེ་གཅིག་ཀྱང་མེད་པར་ནང་དམེ་རྐྱང་རྐྱང་བཀྲམས་ནས་གཞིས་བྱེས་བོད་མིའི་སེམས་ཁམས་མ་དཀྲུག་ན་ཡག་གི་རེད།
མང་གཙོ་མང་གཙོ་ཁ་ལ་འཁུར་ནས་འཆལ་གཏམ་གཙོག་གཏམ་བསྒྲགས་རྒྱུ་མང་དྲགས་ན་བོད་བསྟན་སྲིད་ཀྱི་དགྲ་བོ་ངོ་མ་འདི་རང་རེད་དཱ།
ཚོགས་གཙོས་མི་བསད་པ་རེད་ཟེར་བ་དང་། སྲིད་སྐྱོང་གི་ཁོང་པ་ཉོས་སོང་ཟེར་བ་འདི་རྣམས་རྒྱུ་མཚན་ཚད་སྒྲུབ་ཅིག་ཡོད་ན། དངོས་གནས་ཁྲིམས་ལ་གཏུགས་ནས་གསལ་པོ་བཟོས་ཤོག་དང་། འགན་འཁུར་ཡོད་པའི་ཕོ་རབ་འཇོན་པོ་རེད།
དེ་མེད་ན་འོས་ཤོག་འཕེན་ལ་རན་པའི་མཚམས་འདིར་འཆལ་གཏམ་ཡིག་འཁྱམ་འདི་ལྟར་ཡང་ཡང་བཀྲམས་ཡོང་ན།
བོད་པའི་རིག་གཞུང་བཟང་པོའི་དྲི་མ་དང་། དེངརབས་ཤེས་ཡོན་ཅན་དུ་ངོམ་པའི་ཀླད་པ་གཉིས་ཀ་མེད་ཁར། མི་གཤིས་ཟེར་བའི་ཚུགས་ཀ་ཞིག་རྩ་ནས་མེད་རྟགས་རང་ཡིན་པས།
ད་སྡུག་ཚོད་བཟུང་ནས་ང་ཚོ་གཅིག་ཏུ་བསྒྲིལ་ན་ཡག་གི་མ་རེད་པས་་་་་་
ཤར་ཕྱོགས་ཁུག་རྟ་དང་་་ཁོའི་ཕྱོགས་ཚོའི་ཇུས་ངན་་་་གཡོ་རྒྱུ་་་དང་མགོ་སྐོར་་མེ་ཏོག་ལྷ་མཛེས་
གུས་མོ་མེ་ཏོག་ལྷ་མཛེས་་ཁང་གཙང་ཇ་ཁང་ཞིག་ཏུ་འཚིག་ཇ་ཕོར་གང་འཐུང་བཞིན་ང་རང་གཅིག་པུ་བསྡད་སྐབས་་་ངའི་རྩར་དུ་ཨ་མདོ་ཕོ་གསར་ཞིག་ཡོང་ནས་་་སྐུ་མཁྱེན་་་འདི་བཟུང་ནས་པར་ཞིག་རྒྱག་རོགས་གྱིས་དང་ཟེར་་་ལག་ཏུ་སྦྱར་ཡིག་ཁ་ཤས་ཁུར་ནས་སླེབས་འདུག་་་ངས་དེ་ཙམ་དོ་སྣང་མ་བྱས་པར་ཁ་ཤས་བརྒྱབ་པ་ཡིན་་རྗེས་སོར་དྲ་ལམ་གང་སར་དུ་་་པར་དེ་ཚོ་ཁྱབ་བསྒྲགས་བྱས་འདུག་ལ་་་གང་བྱུང་མང་བྱུང་བསྒྲིགས་འདུག་་ཞིབ་ཏུ་ལྟ་བའི་སྐབས་སུ་་་མི་རྗེ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་་་་སྙོན་འཛུགས་རྐྱང་རྐྱང་བྱེད་མཁན་གྱི་་མི་ངན་ཤར་ཁུག་ཟེར་བ་དེ་ཁྱབ་བསྒྲགས་ཀྱི་ཡིག་ཆ་ཡིན་པ་གཞི་ནས་ཤེས་སོག་་་གནང་འགྱོད་དང་ངོ་ཚ་ཆེན་པོའི་ངང་བོད་རིགས་སྤུན་ཟླ་ཚང་མ་ལ་ངས་སྙིང་ནསདགོངས་སེལ་ཞུ་རྒྱུ་ཡིན་ལ་་་་ད་ལན་ཁོོ་མོ་མགོ་སྐོར་འོག་ཏུ་ཚུད་ནའང་་་་་དུས་ནམ་ཡང་མི་ངན་དེ་ཚོ་ལ་རྒྱབ་སྐྱོར་རྩ་བ་ནས་མེད་བཅས་ཚིག་ཐག་ཆོད་པོོས་ངང་ནས་བཤད་རྒྱུ་ཡིན་་་་་་་་ཤར་ཁུག་ལོང་བ་དང་སྨྱོན་པ་མིན་ན་འདི་ལ་ལྟོས་དོགས་པ་གསལ་ནུས་་་་་
སྲིད་སྐྱོང་བློ་བཟང་སེང་གེས་་ ༼ ཁང་པ་དེ་གཅིག་ནས་བཀའ་ཤག་གི་དམ་འབུལ་མ་ཕུལ་གོང་ལ་རེད་གདའ། གཉིས་པ་དེ་ཁང་པའི་གོང་དེ་སྒོར་མོ་འབུམ་གསུམ་དང་སྟོང་ཕྲག་དྲུག་ཅུ་རེ་ལྔ་རེད། ཨ་རི་ལ་ཁང་པ་ཉོ་མཁན་མང་ཆེ་བ། ཆ་ཚང་མིན་ན་མང་ཆེ་བ་འབུམ་གསུམ་དང་འབུམ་ལྔའི་བར་རེད། ཨ་རིར་སྐད་ཆ་དྲིས་ན་འབུམ་གསུམ་སྟོང་ཕྲག་དྲུག་ཅུ་རེ་ལྔའི་ཁང་པ་དེ་ག་རེ་རེད་ལབ་ན། བོད་པ་ཚང་མས་ཉོ་བའི་ཁང་པ་རེད་ཟེར་གི་རེད་གདའ། དེ་ནས་ས་ཡའི་སྐད་ཆ་ནི་གང་མ་རེད་ཝ། སོང་ཙང་། ང་དང་ངའི་བཟའ་ཟླ་ལོ་༡༦ ཙམ་ཕ་གི་ལ་ལས་ཀ་བྱས་པ་རེད། དེ་ཙམ་ཞིག་བསགས་ཐུབ་ཀྱི་རེད་ལ། སུས་ཉན་པ་ཡིན་ནའང་ཕལ་ཆེར་དེ་འདྲ་ཞིག་ཡིན་རྒྱུ་རེད་བསམ་གི་རེད། ཡིན་ནའང་ངས་༢༠༡༡ བར་ཧ་ཝ་ཏི་མཐོ་སློབ་ལས་ཀ་བྱས་བསྡད་ཡོད་པ་རེད། ང་དེ་དུས་བཀའ་བློན་ཁྲི་པར་འདེམས་ཡོང་དུས་ལས་ཀ་དེ་མཚམས་འཇོག་དགོས་ཀྱི་ཡོད་པ་རེད། ཟླ་བ་རེ་རེ་ལ་བུ་ལོན་Mogege སྤྲད་ཡ་དེ་ངའི་ཕོག་བླངས། ངའི་ཕོག་ནས་སྤྲད་བསྡད་ཡོད་པ་རེད། ད་ང་ལས་ཀ་མེད་པ་ཆགས་པས་ཕོག་མེད་པ་ཆགས་པ་རེད། ངྷ་རམ་ས་ལར་ཚུར་ལོག་དགོས་ཀྱི་ཡོད་པ་རེད། ད་ང་ཚོས་བསགས་བཞག་པའི་དངུལ་དེ་ནས་སྤྲད་བཞག་ན་བྱས་ཏེ་སྤྲད་པས་བུ་ལོན་བསད་པ་རེད། དེ་ལས་འཕྲོས་པའི་དེ་ལ་སྐད་ཆ་གང་ཡང་ཡོད་མ་རེད་་་
བློ་སེང་ལོ་ལྔར་སྲིད་སྐྱོང་ཁྲི་ལ་བཞུགས་པས་༼བོད་ལ་ནམ་ཡང་རྒྱལ་ཁབ་ཡོད་མ་མྱོང་༽ཟེར།
ད་དུང་ལོ་ལྔར་བསྡད་ན་༼བོད་མི་རིགས་ཟེར་པ་ཞིག་ཀྱང་མེད་༽ལབ་ཀྱི་རེད།
ལོ་ལྔར་ཁྲི་ལ་བཞུགས་པས་༼ཁང་པ་ཉོས༽།
ད་དུང་ལོ་ལྔར་བསྡད་ན་༼ག་རེ་ཉོ་གི་ཡིན་ན།༽
ཤར་ཁུག་འཁོར་དང་བཅས་པས་ག་དུས་ཡིན་ཡང་སྲིད་སྐྱོང་ནག་པོ་བཟོ་ཨེ་ཐུབ་ལྟ་བ་ནི་ཁོ་ཚོའི་ཆད་ལས་རེད། ཁོ་ཚོའི་སྐད་ཆ་ལ་འགན་ཁུར་ཟེར་བ་ཞིག་ལར་ནས་མེད། འདི་ནི་བཙན་བྱོལ་གཞུང་ལ་བདེ་འཇག་མི་སྣ་མེད་པས་རེད། དངོས་གནས་ཁྲིམས་ཀྱི་གནོན་འདོམ་མེད་ན་མི་ཟེར་བ་དེ་ནི་སྨྱོན་པ་སྨྱོན་རྐྱང་རེད། གལ་སྲིད་དམངས་གཙོའི་རྒྱལ་ཁབ་ཨ་རི་དང་རྒྱ་གར་ལྟ་བུ་ཞིག་ཡིན་ན་ཤར་ཁུག་ཟེར་བ་འདི་གནའ་སྔ་མོ་ཞིག་ནས་བཙོན་ཁང་ལ་ཚུད་ཚར་ཡོད་རྒྱུ་རེད།
རྡོ་སེང་གེ་ནི་རྡོ་རང་རེད་བཞག། དྲི་བ་ག་རེ་ལ་དྲིས་ལན་དེ་འདྲ་ཞིག་འདེབས་རན་པ་ཡང་ཤེས་མི་འདུག་པར། སྔ་གཞུག་མེད་པའི་ཚིག་དུམ་ཞིག་གིས་སྤྱི་ཚོགས་ཟང་ཟིང་བཟོ་འདོད་ནི། ཕ་རིའི་སྤང་རྒྱན་རེད། རྗེས་ཕྱོགས་སུ་དྲི་བ་ག་འདྲ་ཞིག་ཡིན་པ་ཤེས་བའི་སྒོ་ནས། སྐད་ཆ་བཤད་ན་ཉན་ནི་དང་ལྟ་ནི་གཉིས་ཀ་ཡོད་སྲིད། དེ་མིན་འུག་པའི་ལུས་ལ་ནེ་ཙོའི་ར་མཆུ་འབྱོར་བ་ཙམ་ལས་མི་འདུག་གོ།
ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་དེ་ཡིན་གཅིག་འདི་ལོ་མདོ་སྨད་ནས་སྤྱི་འཐུས་སུ་བཏང་གལ་ཆེ། གང་ཡིན་ཟེར་ན་བཀའ་ཤག་ལ་བཏང་འཛིན་ནན་མོ་བྱ་ཐུབ་པས་སོ།
ཤར་ཁུག་གིས་དངོས་མིང་ལོངས་སུ་སྤྱོད་དེ་གནས་ཚུལ་སྤེལ་བར་རྗེས་སུ་ཡི་རངས་ཡོད། དེ་མིན་དྲ་འབུ་ཚོའི་སྨྱུག་མིང་འདྲ་མིན་རེ་བཀོལ་ཏེ་ཁ་ནས་གང་འབྱུང་བཤད་པ་ནི་སུ་དང་གང་གིས་ཡིད་ཆེས་བྱེད་དཀའ་བ་ཞིག་ཅི་ལ་མིན། འོན་ཀྱང་བརྗོད་གཞི་འདི་ཡི་ཐོག་སྲིད་སྐྱོང་མཆོག་ལ་ལབ་གླེང་ཞིག་ཡོད་པར་དངོས་ཡོད་ཡིན་པས་དྲྭ་འབུ་ཚོའི་མཐོ་དམའ་ཡི་ཚིག་ཉོག་བཤད་མིན་ལ་མ་ལྟོས་པར་བོད་མི་བྱིངས་ཀྱི་ཐུགས་ཡིད་ཚིམ་པའི་གསལ་བཤད་དམ་དྲི་གཅོད་ཡག་པོ་ཞིག་མ་བྱས་ན་གནས་ཚུལ་འདི་རིགས་སྲིད་སྐྱོང་ཙམ་མིན་པར་བོད་མི་རིགས་ཀྱི་རྐང་འདྲེན་ཞིག་ཅི་ལ་མིན། དེས་ན་གནས་ཚུལ་འདི་རིགས་གཙང་སེལ་ཆགས་རྒྱུར་སྐོམ་པའི་ཆུ་བཞིན་རེ་ཞིང་སྒུག ལྐོག་ལྐོག་སུད་སུད་མ་ཡིན་པར་ཞུམ་པ་མེད་པར་གནས་ཚུལ་ཡག་པོ་སྤེལ་འདུག་གོ
ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་དངོས་མིང་མ་རེད་ད། མགོ་མ་ཚོས་གོང་ནས་ལྕེ་ལ་མ་སྙབ་རོགས། སྲིད་སྐྱོང་ལ་ལབ་གླེང་བཟོ་མཁན་ནི་ཤར་ཁུག་དང་ཤར་ཁུག་ལྟ་བུ་དག་རེད་ལ། དེ་ཡང་སྒེར་མཁོན་ཞེ་འཛིན་གྱིས་གཞི་མེད་རྙོག་གླེང་བཟོས་པ་ཞིག་རེད། ཁ་ནས་གང་ཐོན་བཤད་ཆོག་ན་མི་སུ་ལ་ཡིན་ཡང་ལབ་གླེང་བཟོ་ཐུབ་ཀྱི་རེད། དཔེར་ན་ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་རྒྱལ་བཙོང་བའི་ཞྭ་མོ་གཡོག་པ་ལྟ་བུ་རེད།
སྲིད་སྐྱོང་བློ་སེང་གིས་༼བོད་ལ་ནམ་ཡང་རྒྱལ་ཁབ་ཡོད་མ་མྱོང་༽ཟེར་བའི་སྐོར་ལ་གསལ་བཤད་དམ། སྐྱོད་བརྗོད་ཀྱི་བྱུང་རིམ་ཇི་ལྟ་བུ་ཡིན་མིན་སྐོར་ལ་རྒྱས་ཙམ་གསུངས་རོགས།
བློ་སེང་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྦྱོང་མ་མྱོང་བར་ཁག་མེད། ཨ་རིའི་སྐད་གྲགས་ཅན་གྱི་མཐོ་སློབ་ནང་སྦྱང་བྱ་མང་ནས་ལུས་པ་འདྲ། སྐབས་རེར་དེ་འདྲ་ཡོང་སྲིད་པ་རེད་ལ་་་དཔེར་ན་༼ལྷ་སའི་ཨ་མ་རྒས་མོའི་ལྷ་སའི་ཇོ་བོ་མ་མཇལ༽ཟེར་བ་དེ་འདྲ་ཡོད་ཀྱང་ཡོད།
འབུམ་རམས་པ་བློ་བཟང་སེང་གེ་མཆོག་སྲིད་སྐྱོང་གི་འོས་ཆོས་ཚང་མིན་ཐད་ཞིབ་འཇུག་ངེས་པར་གནང་གལ་ཆེ།
ད་ཡིན་ན་རྩིས་པ་འདི་འདྲ་མང་པོ་སྐད་བཏང་ནས་རྩིས་ཁྲ་རྩིས་ཀྱང་ད་རུང་གཙང་མ་བཟོས་མི་འདུག བློ་བཟང་གི་རྩི་ཁྲ་འདི་བོད་ཚོང་བའི་རྗེས་སུ་མ་གཏོགས་ཁ་གསལ་གལ་ཁག་པོ་རེད།
ཡར་བཤད་མར་བཤད། དགའ་ས་བསྟོད་བསྔགས་དང་མི་དགའ་ས་སྨད་པ་གང་བྱས་ཀྱང་། སྲིད་སྐྱོང་བློ་བཟང་མཆོག་གིས་ལྔ་ལོའི་རིང་ཞི་འཇགས་ལྡན་པའི་རྨང་རྡོ་བཏིངས་ཚར་འདུག ཧ་ཧ་ཧ།
རྩོད་པ་བྱེད་དགོས་པ་མ་རེད་་་སེམས་ཚགས་རེད་ལོ་་་་ཨ་རིའི་དངུལ་ཁང་ལ་སོང་ནས་སྐད་ཆ་དྲིས་དང་གསལ་བོ་ཡོང་གི་རེད་་་་དྲ་འབུ་ཚོ་་་་ལས་ཀ་མེད་སར་ལས་ཀ་རང་རེད་་་་
ཨ་རིའི་རྒྱལ་ཁབ་དང་། ཚོགས་པ་ཁག་དེ་རྣམས་ནེ་པ་ལའི་དང་བོད་པའི་སྤྱི་ཚོགས་འདྲ་བོ་སྦུ་ལུག་ཆོག་ཆོག་དང་། ཡང་ན་ཧ་ཉེས་སྐྱོན་གོ་ནའང་ཡ་ནེང་འཇོག་མཁན་དེ་འདྲ་མ་ཡིན་པ་ངས་བཤད་མི་དགོས་པས་མཁྱེན་གསལ་རེད། གལ་སྲིད་མི་སྒེར་ཐད་ནས་ནག་ཉེས་ཡོད་ན་ཨ་རི་བས་ལྷོད་ཆ་མེ་མི་འཇོག་དེའི་རིགས་ཅན་ལའང་། ཚོགས་པ་ཆེན་པོས་གཟིངས་རྟགས་ཀྱང་གནང་མི་སྲིད། སྙན་གྲགས་ཅན་གཟིངས་རྟགས་གནང་སློབ་ཆེན་ཚོགས་པ་སྐད་གྲགས་ཅན་དེ་ཅི་ཡང་མི་ཤེས་པ་བྱ་ཁུག་རྟ་འབུ་སྲིན་མ་གཏོགས་ཟ་རྒྱུ་མི་དྲན་པ་ནང་བཞིན་མ་རེད། མ་ཟད་རྒྱ་རིགས་དེ་རྣམས་གསང་བ་ཐོག་གོང་ས་མཆོག་མཇལ་ཡོད་པས་བོད་ལ་དགའ་ཞེན་ཅན་ཡིན་པས་དོན་སྙོན་མ་འཛུགས་ན་དགའ་ཡོང་ངོ་། ཅི་སྟེ་གནས་ཚུལ་རིགས་ཤེས་རྟིགས་བྱུང་ཚེ་འགྱོད་ཅང་མཛུབ་མོ་ཁ་ལ་བཙུག་ནས་འདུག་རྒྱུ་བསླེབས་ན་ཕྱིས་ཚར་བ་ཡིན་པས་དགོངས་འཇག་ཞུ