དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནས་འདྲེན་བཀོད་བྱས།
གཞན་ཡང་ལྷ་ས་ཇོ་ཁང་དགོན་པའི་གནས་དེ་བོད་སྤྱི་ཡོངས་ཀྱི་གནས་སྟངས་ལ་གསལ་པོ་མཚོན་པ་ཡིན། ཇོ་ཁང་ནི་བོད་རིགས་ནང་པ་ཚོས་རྩ་ཆེ་ཤོས་རྩི་ས་ཞིག་ཡིན། དེའི་ནང་རྟེན་གཙོ་བོ་ཇོ་བོ་རིན་པོ་ཆེ་ནི་རྒྱ་ནག་ནས་གདན་འདྲེན་ཞུས་པ་ཞིག་ཡིན། དེ་བཞིན་དེའི་ནང་གཙོ་བོ་གཅིག་སྲོང་བཙན་སྒམ་པོ་མཆོག་དང་ཁོང་གི་བཙུན་མོ་རྒྱ་ས་དང་བལ་ས་གཉིས་ཡོད་པའི་དགོན་པ་དེ་ད་ལྟའི་ཆར་བཙོན་ཁང་ལྟ་བུར་གྱུར་ཡོད།
ཆ་ཚང་འབྲེལ་ཐག་འདི་ནས་གཟིགས http://bod.asia/2013/04/སྲིད་སྐྱོང་མཆོག་གིས་ཆེ/
ལྷ་ས་ཇོ་བོ་རྒྱ་ནག་ནས་གདན་དྲངས་ཟེར་བ་དེ་བདེན་པ་མིན་པ་འདྲ།
༡་དེའི་བཟོ་རྒྱུན་དང་རྒྱུ་ཆ་ནི་བལ་པོའི་ལི་སྐུ་ཞིག་རེད།
༢་བཞུགས་ས་དེ་ཡང་བལ་བཟའ་ཁྲི་བཙུན་གྱིས་བཞེངས་པའི་གཙུག་ལག་ཁང་ན་ཡོད་པ་ལས་རྒྱ་བཟས་བཞེངས་པའི་ར་མོ་ཆེ་ན་མི་འདུག
༣་རྒྱ་བཟའ་བོད་དུ་གདན་དྲངས་ཚུལ་ནི་ཐང་ཡིག་ལ་ཡོད་པ་མ་ཟད་རྫོངས་བ་གང་ཁྱེར་ཡོང་བ་ཡང་རགས་རིམ་ཞིག་འདུག་མོད་ཇོ་བོ་འདི་འདྲ་ཞིག་ཡོད་ཚུལ་རྩ་བ་ནས་མི་འདུག
༤་ལྷ་ས་ཇོ་བོའི་ལོ་རྒྱུས་སུ་ཐོག་མར་རྒྱ་གར་རྒྱལ་པོ་ཞིག་གིས་རྒྱ་ནག་རྒྱལ་པོ་ཞིག་ལ་སྐྱེས་སུ་བརྫངས་ཚུལ་དང་དེ་ནི་རྒྱ་ནག་ལ་ནང་ཆོས་ཐོག་མར་དབུ་བརྙེས་དུས་ཡིན་པ་འདྲ་ཞིག་བྲིས་འདུག་མོད་དེ་འདྲ་རྒྱ་གར་ནག་གི་ཆོས་འབྱུང་ལ་གཏན་ནས་མི་འདུག
ཧཧཧཧ སྤོབས་པས་ཡང་བཙིར་འདེད་བྱས་འདུག
ཇོ་བོ་རིན་པོ་ཆེ་རྒྱ་ནག་ནས་གདན་འདྲེན་ཞུས་པ་ཟེར་བ་དེ་ད། བློ་བཟང་སེང་གེར་ཁག་ཡོད་པ་མ་རེད། དེབ་ལ་གཟིགས་ནས་གསུངས་ཡ་མེད་ནའང། དེ་འདྲ་ཞིག་ཡིན་པ་བོད་མི་ཚོའི་ངག་རྒྱུན་ལ་འཇགས་བསྡད་ཡོད་པ་རེད། ཟོག་རྫི་ལུག་རྫི་ཚོས་ཤུར་ཤུར་སྐྱོར་གྱི་ཡོད་པ་ནང་བཞིན་བློ་བཟང་སེང་གེས་ཀྱང་ཡིན་ཤག་བྱས་ནས་ངག་རྒྱུན་དེ་གསུངས་པ་ཡིན་རྒྱུ་རེད། ཡིན་ནའང། རང་ཉིད་ལ་མྱོང་བ་ཐོབ་མདོག་མདོག ཞིབ་འཇུག་བྱས་ནས་གསལ་བོ་བྱུང་མདོག་མདོག་གསུངས་མེད་པ་སྟབས་ཡག་རེད། ཧཧཧཧཧ
ཡིན་རྒྱུ་སྐུ་བརྙན་དེ་རྒྱ་གར་ནས་ཕར་བརྫངས་བ་ཞིག་ཡིན་མིན་གསལ་ཐག་མ་ཆོད་ཀྱང། ༼ བོད་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ ༽་ནང་ཐང་བོད་འབྲེལ་བའི་སྐོར་ཕར་ཚུར་འབྲེལ་བ་གཏིང་ཟབ་པོ་ག་ཚོད་ཅིག་བྱུང་མིན་རྒྱ་ནག་རང་གིས་ཞིབ་ཚགས་ཤིག་བཀོད་པ་དེའི་ནང།༧ བཅོམ་ལྡན་༧ཤཀ་ཀྱ་མུ་ཎའི་སྐུ་བརྙན་བག་རྫོང་དུ་གནང་ཡོད་པ་གསལ་འདུག་བསམས།
མ་ནི་བཀའ་འབུམ་དང་། བཀའ་ཆེམས་ཀ་ཁོལ་མ། དུས་རབས་བཅུ་གཅིག་པ་ཡས་མས་ནས་བྱུང་བའི་གཏེར་མ་མང་པོ་ཞིག་ཁུངས་སུ་བྱས་ནས་རྒྱ་བཟས་ཇོ་བོ་གདན་དྲངས་ཚུལ་ཞིག་བཤད་བསྡད་འདུག རྒྱ་ནག་གོང་མ་རིམ་བྱོན་མང་པོ་ཞིག་བོད་ཀྱི་བླ་མ་རྣམ་པའི་སྦྱིན་བདག་ཆེན་པོ་ཡིན་སྟབས་ཆོས་འབྱུང་འབྲི་མཁན་ཚོས་རྒྱའི་ཕྱོགས་ལ་རྟོག་བཟོའི་བསྟོད་བསྔགས་མང་པོ་བྱས་ཡོད་པའི་གྲས་ནས་ཇོ་བོ་ཡང་རྒྱ་བཟས་རྒྱ་ནག་ནས་གདན་དྲངས་ཚུལ་ཞིག་བཟོས་པ་མིན་ནམ་ཡང་སྙམ། ཁྲི་སྲོང་ལྡེའུ་བཙན་དང་། ཁྲི་ལྡེ་སྲོང་བཙན་གྱི་བཀའ་ཆེམས་འཁྲུལ་མེད་དག་ན་ཇོ་བོ་འདི་དམིགས་བསལ་གྱིས་གསུངས་པ་ནི་གང་ཡང་མི་འདུག
ལྷ་སའི་ཇོ་བོ་འདི་ཡོང་ཁུང་རྒྱ་གར་ཡིན་ཡང་བོད་ལ་གདན་དྲངས་ས་རྒྱ་ནག་ནས་དྲངས་པ་མ་རེད་དམ། ཡང་མཁས་དབང་རྣམས་པ་ལ་དམིག་གསལ་འདྲ་གསུང་རྒྱུ་ཡོད་གཟོ་འདུག་ད། སྲིད་སྐྱོང་གིས་རྒྱ་ནག་ནས་གདན་དྲངས་པར་གསུང་པ་དེ་ཐོག་མའི་ཡོང་ཁུང་གསུང་པ་ཨེ་ཡིན་ནམ།
འདི་ནའང་སྤོ་བོ་དང་ཤ་ཁུ་སོགས་ཀྱིས་བཤད་མི་དགོས་པ་ཞིག་བཤད་ཀི་འདུག
ད་ལྷ་སའི་ཇོ་བོ་དེ་རྒྱ་དཀར་ནག་གང་ལས་མ་བྱུང་བ་ས་སྐྱེས་རྡོ་སྐྱེས་ཀྱི་སྐུ་ཞིག་ཡིན་ཟེར་ན་མི་འགྲིག་གམ། ཡིན་ཅིག་མིན་ཅིག་བོད་ཀྱི་ཚང་མ་རྒྱ་དཀར་ནག་ལ་བཏུག་དགོས་པ་འདི་་་་ངོ་མ་ཡིད་སྐྱོ་ཡོང་གི་འདུག སྤོབས་མཐས་བཤད་པ་བཞིན་མ་ནི་བཀའ་འབུམ་དང་བཀའ་ཆེམས་བཀའ་ཁོལ་མ་སོགས་དུས་རབས་བཅུ་གཅིག་པའི་སྐད་ཆ་དེ་ཚོ་ལའང་དེ་ཙམ་གྱི་ཆ་འཇོག་བྱེད་རྒྱུ་མེད་པ་འདྲ། མཆན་བུ་གསུམ་པ། སྤོབས་མཐའི་མཆན་བུ་དེ་ལ་རྒྱབ་སྐྱོར་
སྲིད་སྐྱོང་མཆོག་གིས་ལྷ་ས་ཇོ་ཁང་དགོན་པ་ཟེར་བ་ཞིག་གསུངས་འདུག ང་ནི་ལྟ་རྒྱ་མཐོང་རྒྱ་ཆུང་བས་ལོས་ཡིན ད་ལྟའི་བར་དུ་ལྷ་སའི་གཙུག་ལག་ཟེར་བ་ཞིག་གོ་མྱོང་མ་གཏོགས་ལྷ་ས་ཇོ་ཁང་དགོན་པ་ཟེར་བ་ཞིག་གོ་མ་མྱོང་་་་་་་་ ལོས་ཡིན མཁས་པས་གསུངས་ཅི་ཡང་བདེན ཧཧཧཧཧཧཧཧཧཧཧ
ལྷ་སའི་ཇོ་ཁང་དགོན་པ་མ་རེད་ན་གྲོང་ཁྱིམ་རེད་དམ། ད་དུང་གད་མོ་འདྲ་ཞིག་ཤོར་ཁུལ་བྱེད། ག་རེ་ཡིན་པའི་ཁུལ་རེད། ཧཧཧ