ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
སྲིད་སྐྱོང་མཆོག་གིས་ལས་ཁུར་བཞེས་ནས་ལོ་བཞི་འཁོར་མཚམས་འདིར་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གནང་གཏན་འཁེལ་བ།
ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༥ ཉིན་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་བློན་ཁྲི་པའི་ལས་ཁུར་དམ་འབུལ་གནང་ནས་ལོ་བཞི་ཧྲིལ་པོར་འཁོར་བའི་དུས་ཚོད་དང་བསྟུན་བཀའ་དྲུང་ཡིག་ཚང་གི་བཀའ་འབྲེལ་འོག་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་ཏེ། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ནས་ ༥ བར་རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་རྣམ་པ་བཅས་མཉམ་འཛོམས་ཐོག་མཆོད་འབུལ་སྨོན་ལམ་གྱི་འདུ་འཛོམས་རྒྱས་པ་ཞིག་གནང་གཏན་འཁེལ་ཡོད།
ཐེངས་འདིའི་མཆོད་འབུལ་སྨོན་ལམ་དེ་བཞིན་སྲིད་སྐྱོང་མཆོག་བཀའ་བློན་ཁྲི་པའི་ལས་ཁུར་དམ་འབུལ་གནང་ནས་ལོ་བཞི་ཧྲིལ་པོར་འཁོར་བ་དང་། ལས་ཡུན་དེའི་རིང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བྱིན་མཐུ་དང་། གཞུང་བསྟེན་ཆོས་སྲུང་རྣམས་ཀྱི་འཕྲིན་ལས་གདོང་གྲོགས་སོགས་ལ་བརྟེན་ཕྱི་ནང་ལས་དོན་ཆེ་ཕྲ་གང་ཅི་གེགས་མེད་ལམ་ལྷོངས་བྱུང་བའི་བཀའ་དྲིན་གཏང་རག་མཚོན་ཕྱིར། ༸གོང་ས་མཆོག་གི་སྐུ་ཚེའི་ཚེ་སྒྲུབ་དང་། ད་ཕན་བོད་བསྟན་སྲིད་མི་རིགས་རང་དབང་སོགས་ཀྱི་དོན་དུ་གཞིས་བྱེས་གཉིས་སུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་རྒྱལ་གཅེས་པ་སྤྱི་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་རང་ལུས་མེར་སྲེག་གནང་མཁན་འདས་གསོན་འབྲེལ་ལྟོས་ཡོངས་ཀྱི་ཆེད་དུ་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གདུང་འབོད་གསོལ་འདེབས་ཞུ་སླད་དུ་ཡིན་འདུག་པ་བཅས། །
དངོས་གནས་སྲིད་སྐྱོང་མཆོག་ལ་གལ་ཆེ་མིན་པའི་ལས་ལྷག་མང་པོ་འདུག རང་རློམ་གྱི་ཁྱབ་བསྒྲགས་འདི་འདྲ་བྱས་ནས་ལོ་ལྔའི་ལས་ཡུན་རྫོགས་འགྲོ་ཉེར་ཡོད།
དེང་སྐབས་སྲིད་སྐྱོང་མཆོག་ཨ་སྒོར་གྱི་འདམ་རྫབ་ནང་དུ་ཟུག་འདུག་པའི་གནས་ཚུལ་ཞིག་དྲ་ལམ་ཁག་ཏུ་ཁྱབ་ཀྱིན་ཡང་འདུག
དཀྲོགས་གཏམ་ལ་འགན་འཁུར་ནས་སྲིད་སྐྱོང་ལ་འོས་འཕེན་མཁན་ཡོད་ན་ལས་དེ་མི་གནས་ཚུལ་དེ་ཚོ་ཁུངས་བསྐྱེལ་མེད་པ་གསལ་པོ་རེད་ཁུངས་བསྐྱེལ་ཡོད་ན་སོ་སོའི་དངོས་མིང་འོག་ཁྲིམས་ཁང་ལ་གཏུགས་རོགས་གནང་དང་ཕོ་ཁྱོ་ག་རེད་དེ་མིན་བཙན་བྱོལ་སྤྱི་ཚོགས་འདི་མ་དཀྲུགས་ན་ཡག་གི་རེད་།
དེ་འདྲའི་ཆོས་དད་ཡོད་ན། ངས་བྱས་ན་གངས་སྐྱིད་ནས་གཙུག་ལག་ཁང་བར་སྲིད་སྐྱོང་མཆོག་རྐྱང་ཕྱག་འབུལ་ནས་ཕྱིན་ན་སྡིག་སྤོང་དགེ་སྒྲུབ་དེ་བས་ཡག་པ་ཡོང་གི་རེད། གཞན་མ་གཏོགས་གཞུང་གི་ལས་བྱེད་ཀྱི་དུས་ཚོད་དང་འགྲོ་སོང་ཕྲོ་རླག་རང་རེད། ཁ་ཆེ་གཞུང་དེ་ཚོས་ཀྱང་ལོ་རེར་དེ་འདྲ་ཆོས་འབུལ་བྱས་སྲོལ་གོ་ཐོས་མེད། ཉེ་འཁོར་གྱི་རྒྱ་གར་སྲིད་བློན་མོ་དྷི་མཆོག་གི་གཞུང་ལོ་གཅིག་འཁོར་བའི་ཉིན་ཧིན་དུ་ལྷ་ཁང་ལ་མཆོད་འབུལ་ཕྱིན་པ་གོ་ཐོས་མེད། དངོས་གནས་འོས་བསྡུ་སླེབས་ལ་ཉེ་བར་རྡ་སའི་པོ་དང་མོ་རྒན་ཚོ་མགོ་བསྐོར་བཏང་རྒྱུ་འཆར་གཞི་རང་རེད། ད་སྲིད་སྐྱོང་ཕུད་རན་འདུག
ཧཧཧ་ངོ་ཚ་ཡག་མེད་པས་བློ་སིང།
ངོ་མ་ཡིད་ཐང་ཆད་གི མདོར་ན་ང་ཚོ་གླེན་པའི་སར་བཞག་པ་རེད།
ད་བཙན་བྱོལ་བའི་མི་མང་ཚོས་བརྟན་བཞུགས་ཕུལ་ན་ག་འདྲ་འདུག
ང་་ཆོས་བྱེད་མང་དྲག་ནས་བོད་རང་བཙན་ཤོར། ད་དུང་ཡང་ཆོས་རང་བྱེད་ཨ། སྲིད་སྐྱོང་དང་། ཚོགས་གཙོ་སོགས་དམངས་གཙོའི་ཀ་བ་གསུམ་ག་སྡ་་ས་རི་མགོ་ལ་བྱ་བྲལ་ལ་ཕེབས་ན་ཡག་ཤོས་རེད། ད་བགད་མོ་ཤོར་། ད་དུང་གཞུང་བརྟེན་དགྲ་ལྷ་ཧཧཧ་
ཆོས་སྐྱོང་རང་མགོ་མ་ཐོན་པར། མགོ་ནག་མི་ལ་སྐྱོབ་རོག། བོད་འདི་སྨོངས་པའི་གཉེད་ལས་མ་གྲོལ་བར་། ཁྱི་རྒན་རྒྱ་འདྲེ་ལ་ཁེ་སང་རང་རེད།
ཧཧཧཧཧཧ་་་་་ད་ཡིན་ན་རྡ་སར་༼སྲིད་སྐྱོང་སྨོན་ལམ༽འཚོགས་རྒྱུ་ཡིན་པ་འདྲ། རྣམ་པ་ཚོ་གཟིགས་དང་། རྒྱ་བོད་དཀའ་རྙོག་དེ་ག་འདྲ་བྱ་ནས་སེལ་ཐུབ་ས་རེད་དམ། རྗེས་སུ་སྨོན་ལམ་དང་དགུ་སྟོན་་་་བརྒྱ་སྟོན་སོགས་བང་སྒྲིགས་འདུག་ཡ་་་་་་
དཔེ་་ཡག་པོ་རེད། བོད་མི་ཚང་མས་ཚོགས་བསགས་སྒྲིབ་སྦྱང་ཧ་ཅང་གལ་ཆེན་རེད། བསོད་ནམས་ཡག་པོ་བསགས་ན་ང་འཚོའི་འདོད་དོན་འགྲུབ་ངེས་རེད། སྟོན་པ་ཐུགས་རྗེ་ཅན་གྱིས་བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ་ཅེས་གསུངས་ཡོད། མི་ལ་རེ་བ་བཅོལ་བ་ལས་ལྷ་ལ་གསོལ་བ་བཏབ་ན་བཟང་ཟེར་ལེ་རེད། ཞིབ་འཇུགས་བྱས་ན་ངོ་མ་ཡིན་ནི་རེད། ང་ཚོ་མྱི་ལོ་ལྔ་བཙུ་ལྷག་ལ་ཨ་རི་དང་རྒྱལ་སྤྱི་ཟེར་ནས་རེ་བ་རྐྱང་རྐྱང་རྒྱབ་པ་རེད། ག་འདྲ་འདུག དེ་ལས་ལས་རྒྱུ་འབྲས་དང་མཆོག་གསུམ་ལ་ཡིད་ཆེ་བློ་བཀེལ་བྱས་པའི་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད་པ་མིག་མཐོང་ལག་ཟིན་མི་ནམ།
ལེགས་གསོལ། སྲིད་སྐྱོང་དམ་འབུལ་སྨོན་ལམ་ལ་འགྲོ་ངེས་ཡིན།
ལེགས་གསོལ། ལེགས་གསོལ།་
ཆོས་ལ་ཡིད་ཆེས་མེད་མཁན་ཡིན་ན་ནང་པའི་སྤྱི་ཚོགས་ནང་བསྡད་ནས་ཕན་ཐོག་ཡོད་པ་མ་རེད་གུང་ཁྲན་ལ་སྐྱབས་བཅོལ་རོགས་།
སྲིད་སྐྱོང་མཆོག་ལོ་བཞི་ནང་སྒྲུབ་འབྲས་གསོན་པའི་མཆོད་འབུལ་རྗེས་རྒྱུ་ཡིན་ན་ཡང་་ང་ཚོས་མདུན་དུ་ལས་སྣེ་གཅིག་ཀྱང་མངོན་གསལ་འདོད་པོའི་སྒྲུབ་འབྲེས་ཞིག་མཐོང་མ་སོང་བའི་དེ་ལས་མཆོད་འབུལ་དེ་མ་འོངས་པའི་སྲིད་སྐྱོང་རགས་རྒྱུ་ཡིན་ཞེས་གསལ་སྒྲགས་བྱེས་ན་ལེགས།
སྲིད་སྐྱོང་མཆོག་ལོ་བཞི་ནང་སྒྲུབ་འབྲས་གསོན་པའི་མཆོད་འབུལ་རྗེས་རྒྱུ་ཡིན་ན་ཡང་་ང་ཚོས་མདུན་དུ་ལས་སྣེ་གཅིག་ཀྱང་མངོན་གསལ་འདོད་པོའི་སྒྲུབ་འབྲེས་ཞིག་མཐོང་མ་སོང་། ་དེ་ལས་མཆོད་འབུལ་དེ་མ་འོངས་པ་༢༠༡༦་ལོའི་་སྲིད་སྐྱོང་རགས་རྒྱུའི་ཆེད་དུ་ཡིན་ཞེས་གསལ་སྒྲགས་བྱེས་ན་ལེགས།
སྲིད་སྐྱོང་ལགས། དགོངས་དག་ཐུགས་ལྡན་ཞུ།
དེ་རིང་ང་ཡོང་ཡ་འདོད་པ་མེད། ནང་ནས་སྐྱེས་མ་ང་གཉིས་སྒྱོ་རྒྱབ་ནས་སྡད་ན་སྐྱིད་པ་འདུག
སྲིད་སྐྱོང་ཁྱེད་རང་གི་སྨོན་ལམ་ཡག་པོ་གནང་ཞོག
ང་རང་ལས་བྱེད་མང་པོ་ཞིང་ཉོབ་སོང་།
སྲིད་སྐྱོང་ལ་ཉོབ་སོང་། ཧ་ཝར་ཊི་ལ་ཉོབ་སོང་།
ཁ་ཆེན་པོ་བཤད་མཁན་ལ་ཉོབ་སོང་།
སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་ལས་ཡུན་རྫོགས་རན་སྐབས་དུས་འཁོར་དབང་ཆེན་དང་རིན་མིན་ཆོས་འབུལ་སོགས་གོ་སྒྲིག་གནང་སྟངས་ལ་བལྟ་ཚེ་སྲིད་སྐྱོང་འོས་ཐོབ་ཆེད་མང་ཚོགས་བློ་འགུག་གིས་ཆབ་སྲིད་འཁྲབ་སྟོན་ཞིག་ཡིན་པར་གསལ་པོ་རྟོགས་ཐུབ་རྒྱུ། མཆོད་འབུལ་ཁོ་ནའི་བོད་ནང་གི་སྡུག་བསྔལ་སེལ་ཐུབ་ཐབས་མེད།
སྲིང་སྐྱོང་ལགས་ད་མཆོད་འབུལ་ལས་ཆབ་སྲིད་ལས་འགུལ་མང་ཙམ་སྤེལ་ཐུབ་ན་རྩ་དོན་ལ་ངོ་མ་ཕན་ལེ་རེད། སྲིད་སྐྱོང་ཞབས་སྟེགས་ལ་འགྲན་རྩོད་གནང་མཁན་རྣམས་བགྲོ་གླེང་གནང་སྐབས་སྲིད་སྐྱོང་བློ་སེང་ལགས་ཀྱི་ལོ་ངོ་བཞིའི་རིང་ལས་དོན་འཐུས་ཤོར་སོགས་ཀྱི་ཐད་ཐེར་འདོན་བྱ་ངེས་ཡིན་པ་མ་ཟད། སྲིད་སྐྱོང་བློ་སེང་ལགས་ཀྱི་སྐོར་ཉེ་ཆར་ཨ་རི་གསར་ཤོག་ན་གནས་ཚུལ་འདོ་འཐོན་འདུག་པས་གཟིགས་རོགས་ཞུ། http://www.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/ དེ་བཞིན་ཨ་རི་དོན་གཅོད་ནས་ལན་འདེབས་གནང་འདུག་པ་དྲ་ཐག་འདིར་གཟིགས་ http://www.tibetanpoliticalreview.org/articles/mmoynihanreplytoofficeoftibetontibetchinaatthesamewashingtonlobbyist ད་བར་སྲིང་སྐྱོང་མཆོགས་བཀའ་ཤག་སྔོན་མས་སྐུ་ལས་བསྐྱོན་ནས་ཁོང་སྐབས་འབྲས་བུ་སྨིན་པ་དག་ངས་གཏང་རབ་དང་ཇོན་རབ་གསུང་བཞིན་ཡོད་ནའང་། དཀའ་ངལ་ནང་ལྷུང་དུས་བཀའ་ཤག་སྔོན་མས་ལས་དོན་ལ་མཇུག་འཁྱོངས་ཞུ་ཁུལ་གཡོག་ཐབས་བྱ་བཞིན་པ་ནི་བཟང་སྤྱོད་འགལ་བ་ཡིན།
བསོད་ནམས་བསགས་པའི་མི་ཡིས་བསམ་པ་ཀྱང་འགྲུབ་་་ཅེས་གསུངས་སོ་་་་
༡༽ ཐུགས་རྗེའི་བྱིན་མཐུ་དང་། འཕྲིན་ལས་གདོང་གྲོགས་སོགས་ལ་བརྟེན་ཕྱི་ནང་ལས་དོན་ག་རེ་ལ་གེགས་མེད་ལམ་ལྷོངས་བྱུང་ཡོད་དམ།? ༢༽ ག་རེ་བྱས་པའི་བཀའ་དྲིན་གཏང་རག་རེད་དམ།? ༣༽ མཆོད་འབུལ་བྱས་པར་གྲུབ་འབྲས་ག་ཚོད་བྱུང་བ་དང་འབྱུང་རྒྱུ་རེད་དམ།? དངོས་གནས་གང་དྲགས་འདི་འདྲའི་ཐབས་སྡུག
བློ་ལྡན་གཙུག་ལག་ཤེས་པ་དང་། བསོད་ནམས་ཆེ་ཞིང་ཡ་རབས་རྣམས། མི་རིགས་རྒྱན་དུ་གྱུར་པས་ན། མང་ཚོགས་སེང་གེར་དགའ་མོས་བྱེད།
སྲིད་སྐྱིད་སྐྱོང་གིས་ཕྱོགས་རིས་བྱས་ཏེ་གངས་སྐྱིེད་ཀྱི་ལས་བྱེད་ཚོའི་སེམས་ལ་ན་ཚ་བསླངས་བཅུག་པ་དེས་ཁོ་སུ་ཡིན་མིན་ཤེས་ཡོད། བདེན་པ་མ་རེད་བསམ་ན་དྲིས་དང། གསལ་པོ་ཆགས་ཀྱི་རེད། ཁོང་གིས་ག་དུས་ཡིན་ནའང་དངུལ་རྐྱང་རྐྱང་བཤད་ཀྱི་རེད། དེས་ཅི་ཡང་མི་ཤེས་པ་ཚོའི་སེམས་བཀུག་སྲིད་ཀྱི་རེད། བསམ་བློ་བཏང་ཤེས་མཁན་ཚོས་ཁས་ལེན་བྱེད་ཀྱི་མ་རེད། ཁོ་མི་དངོས་གནས་དེ་མ་རེད། http://www.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/ལ་གཟིགས།
བློ་བཟང་སེང་གེས་མཆོད་འབུལ་ཚོགས།། བཀྲ་ཤིས་དབང་འདུས་སྐྱོན་བརྗོད་བྱས།། སྤེན་པ་ཚེ་རིང་གད་མོ་ཤོར།། ཀླུ་མཁར་བྱམས་ཀྱིས་ངོ་ལོག་རྒྱབ།། ཧཧཧཧཧཧཧཧ ད་ཡིན་ན་ལྟད་མོ་འདུག
བློ་སེང་ཡིན་ཤག་འགྱིང་ནས་བསྡད། །
བཀྲ་དབང་བྱས་རབས་བཤད་ནས་ལངས། །
སྤེན་ཚེ་གཞན་སྐུལ་ལངས་དགོས་བསྒྲགས། །
ཀླུ་བྱམས་ཁོང་ཁྲོས་མ་བཞག་ལངས། །
སྨོན་ལམ་འཚོགས་དོན་འགྲུབ་པར་ཤོག །
བློ་སེང་འཇོན་དེ་རང་སྲེག་རེ་བྱུང་དུས་སྨོན་ལམ་རེ་འཚོགས་རྒྱུ་རང་རེད། ཁོང་དེ་འདྲའི་སྨོན་ལམ་འཚོགས་ཡར་འགའ་མཁན་ཡིན་ན་གྲྭ་འཁྱམས་བྱས་ནས་ཆོས་རྒྱུད་འདྲ་མིན་གྱི་སྨོན་ལམ་འཚོགས་སར་ཕེབས་ན་བཟང་། དེ་མིན་ཆབ་སྲིད་ནི་ཅང་མི་མཁྱེན་པ་འདྲ། བོད་པའི་ཁ་དཔེ་ནང་། ཐད་ནས་ལྟ་དུས་བློན་པོ་མཁས། ལག་ཏུ་ལེན་དུས་ཧེ་རུ་ཁ་ཟེར་ཡའི་དཔེ་མཚོན་དེ་བློ་སེང་འཚམས་ཤོས་ཆགས་སོང་། བློ་སེང་ལ་ཨ་རིར་ཕེབས་ལམ་བཟང་དང་། ཨ་འཚོགས་རྡ་་སར་ཕྱགས་ཕེབས་གནང་ཞུ་འདོད་བྱུང་སོང་།
༼ཐེེངས་འདིའི་མཆོད་འབུལ་སྨོན་ལམ་དེ་བཞིན་སྲིད་སྐྱོང་མཆོག་བཀའ་བློན་ཁྲི་པའི་ལས་ཁུར་དམ་འབུལ་གནང་ནས་ལོ་བཞི་ཧྲིལ་པོར་འཁོར་བ་དང་། ལས་ཡུན་དེའི་རིང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བྱིན་མཐུ་དང་། གཞུང་བསྟེན་ཆོས་སྲུང་རྣམས་ཀྱི་འཕྲིན་ལས་གདོང་གྲོགས་སོགས་ལ་བརྟེན་ཕྱི་ནང་ལས་དོན་ཆེ་ཕྲ་གང་ཅི་གེགས་མེད་ལམ་ལྷོངས་བྱུང་བའི་བཀའ་དྲིན་གཏང་རག་མཚོན་ཕྱིར༽ བློ་སེང་དམིགས་ཡུལ་གྲུབ་ཚར་བ་འདྲ།
ད་ལྟད་མོ་འདུག ཆོས་ཁུངས་མ་འཁྱོལ་དུས་སྲིད་འཁྲབ། སྲིད་ཁུངས་མ་འཁྱོལ་དུས་ཆོས་སྒྲུབ། ཆོས་སྲིད་ཁུངས་མ་འཁྱོལ་བས་བོད་དོན་སྟོར།