ཐུབ་དབྱིག་གིས།
བཙན་བྱོལ་བོད་མིའི་ཚོས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་བསྒྲུབས་ཏེ། གཞུང་འབྲེལ་མིན་པའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ནས་དངོས་གཞིའི་འོས་མི་གཉིས་སུ་ཡིན་ཧ་ལམ་གསལ་པོ་ཆགས་ཟིན་ཡོད་པ་དང་། འོས་མི་དང་མང་ཚོགས་བཅས་ཀྱིས་སྔོན་འགྲོའི་འོས་བསྡུའི་བརྒྱུད་རིམ་ནང་ཕྱི་ལོ་ ༢༠༡༦ གི་གནས་རྙོག་བསྐྱར་ལོག་མི་ཡོང་བའི་འབད་བརྩོན་གནང་ཡོད། ལྷག་པར་འོས་མི་ཚོས་ཆིག་བསྒྲིལ་དང་མཉམ་ཁྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་གལ་ཆེར་ངོས་འཛིན་གནང་ནས་ཁས་ལེན་བསྒྲགས་གཏམ་དང་གཏམ་བཤད་གནང་སྟེ་ཆིག་བསྒྲིལ་ནི་འཐབ་རྩོད་ཀྱི་རྨང་གཞི་ཡིན་པ་གཅིག་གྱུར་ངོས་འཛིན་གནང་ཡོད།
འོན་ཀྱང་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པར་ཞིབ་འཇུག་བྱས་ཚེ་ཆོལ་ཁའི་བསམ་བློ་ལ་བརྟེན་ནས་འོས་ཤོག་འཕེན་གྱི་ཡོད་པ་གང་ཙམ་གསལ་པོ་ར་སྤྲོད་བྱེད་ཐུབ། ནུབ་ཕྱོགས་ཡུལ་གྲུར་གནས་པའི་བོད་མི་ཚོ་ཆོལ་ཁ་ལ་བརྟེན་པའི་སྤྱི་ཚོགས་མིན་ནའང་། ས་གནས་ཆེ་ཁག་ནང་ཆོལ་ཁ་སོ་སོའི་མི་འབོར་མང་ཉུང་ཇི་ཙམ་ཡོད་པ་གང་ཙམ་ཤེས་རྟོགས་ཐུབ་རྒྱུ་རེད། རྒྱ་གར་དང་བལ་ཡུལ་ནང་གཞིས་ཆགས་དང་དགོན་སྡེ་སོགས་གང་ན་ཆོལ་ཁ་གང་དང་གང་གི་མི་འབོར་ཆེ་བ་ཡོད་པ་དེ་ནི་འོས་བསྡུའི་དེབ་བསྐྱེལ་ནས་གསལ་པོ་ཤེས་རྟོགས་ཐུབ་ངེས་རེད།
ད་བར་ཕྱིར་བསྒྲགས་ཟིན་པའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་དཔྱད་ཚེ་༢༠༡༦བཞིན་གདན་ས་གསུམ་གཙོས་དགོན་པ་གྲ་ཚང་དང་ཆོས་སྡེ་སོགས་ཀྱི་ནང་ཆོལ་ཁའི་ངོ་བོར་འོས་ཤོག་འཕངས་ཡོད་པ་དེར་འགྱུར་བ་དེ་ཙམ་བྱུང་མེད་ཅེས་བརྗོད་ན་མི་འགྲིགས་པ་མེད། འདི་ལོ་དགེ་ལྡན་པའི་མཁན་པོ་ལས་སྣེ་ཚོས་གདན་སའི་དགེ་འདུན་པ་ཚོས་གདན་སའི་ཁོར་ཡུག་ཏུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་མི་ཆོག་པ་མ་ཟད། དགེ་འདུན་པ་ཚོས་དངོས་ཤུགས་ཀྱི་ཐེ་གཏོགས་བྱེད་རྒྱུ་མེད་པ་སོགས་བླང་དོར་ལམ་སྟོན་གྱི་གསལ་བསྒྲགས་ཤིག་གནང་བ་དེས་གདན་ས་གསུམ་དང་དེ་མིན་དགེ་ལུགས་པའི་དགོན་སྡེ་ཁག་གི་ནང་འོས་བསྡུའི་དྲིལ་བསྒྲགས་ཡིག་ཆ་འགྲེམས་སྤེལ་དང་གཏམ་བཤད་གནང་བ་སོགས་མཐོང་རྒྱུ་མེད་ནའང་། འོས་ཤོག་འཕེན་སྟངས་ལ་དེ་ཙམ་འགྱུར་བ་མེད་པ་མངོན་གསལ་རེད།
སྲིད་སྐྱོང་འོས་མིར་ལངས་མཁན་ཁོངས་སྐྱེས་ཁོངས་མདོ་སྟོད་ཡིན་པ་གཉིས་ཡོད་པ་དང་། སྦེལ་ཀོཔ་ལུགས་བསམ་དང་མོན་གྷོ་འདོད་རྒུ་གླིང་གཉིས་ཀྱི་ནང་དེབ་བསྐྱེལ་བྱེད་མཁན་མང་ཤོས་དགེ་འདུན་པ་ཡིན་ཅིང་། འོས་བསྡུའི་གྲུབ་འབྲས་ནང་དབུ་དཀར་ཚང་སྐང་བཟང་རྡོ་རྗེ་ལགས་སུ་འོས་གྲངས་མང་བ་ཐོབ་པ་དེ་ནི་ཕྱི་ལོ་ ༢༠༡༦ ལོར་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་འོས་གྲངས་ཐོབ་པ་དང་ཧ་ལམ་གཅིག་པ་རེད། སྤེན་པ་ཚེ་རིང་ལགས་སུ་ས་གནས་དེ་གཉིས་ནས་༢༠༡༦ལས་འོས་ཤོག་མང་བ་ཐོབ་འདུག་པ་དེ་ནི་འདི་ལོ་དགུན་ཚོང་ལ་འགྲོ་ཐུབ་མེད་པར་བརྟེན་གཞིས་ཆགས་ནང་འོས་ཤོག་འཕེན་མཁན་མང་བ་ཡོད་པ་དེ་རྒྱུ་མཚན་གཅིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་གདན་སའི་ནང་བཞུགས་པའི་དགེ་འདུན་པ་ཚོས་འོས་ཤོག་འཕེན་སྟངས་ལ་འགྱུར་བ་སོང་མེད་ཅེས་བརྗོད་ཆོག
ཡང་རྡ་རམ་ས་ལའི་ནང་མདོ་སྟོད་མི་མང་གི་གྲངས་འབོར་ཆེན་པོ་མེད་ཀྱང་། ༢༠༡༦ ལོར་དབུས་གཙང་མི་མང་འཕོན་ཆེས་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་རྒྱབ་སྐྱོར་བྱས་ནས་ཁོང་ལ་འོས་གྲངས་མང་བ་ཐོབ་ཡོད་ནའང་། འདི་ལོ་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་མང་ཤོས་དང་དེ་རྗེས་འབྲོང་ཆུང་དངོས་གྲུབ་ལགས་ལ་ཐོབ་ཡོད། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་རྒྱ་རི་སྒྲོལ་མ་ལགས་གཉིས་གསུམ་པ་དང་བཞི་པ་རེད། རྡ་རམ་ས་ལ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཡིན་པ་དང་། ས་གནས་དེར་འོས་འཕེན་མཁན་མི་འབོར་ཆེ་ཤོས་ནི་གཞུང་ཞབས་དང་། བོད་ཁྱིམ་སྟེང་གཤོད་གཉིས་དང་སྨན་རྩིས་ཁང་གི་ལས་བྱེད་རྣམས་དང་དེ་དག་གི་ནང་མི་བཅས་ཡིན་པས་ལུང་ཚན་དང་ཆོལ་ཁའི་ཤུགས་རྐྱེན་དེ་ཙམ་མ་མངོན། དེ་མིན་ས་གནས་གཞན་གྱི་ནང་དུ་ཆོལ་ཁ་དང་ལུང་ཚན་གྱི་ཤུགས་རྐྱེན་བྱས་ཡོད་པ་དེ་འོས་ཤོག་གི་གྲངས་ཀ་ནས་གསལ་པོ་ར་སྤྲོད་བྱེད་ཐུབ།
ཕྱོགས་ཡོངས་ནས་དཔྱད་ཚེ་༢༠༡༦སྲིད་སྐྱོང་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ནང་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༢༤༨༦༤ ཐོབ་ཡོད་པ་དང་། ༢༠༢༡སྔོན་འགྲོའི་འོས་བསྡུའི་ནང་ཁོང་ལ་འོས་གྲངས་༢༣༦༧༨ཐོབ་འདུག་པར་གཞིགས་ན་ཁྱོན་བསྡོམས་འོས་གྲངས་ལ་འགྱུར་བ་དེ་ཙམ་སོང་མེད་ནའང་། ས་གནས་སོ་སོར་ཁོང་ལ་འོས་གྲངས་ཐོབ་སྟངས་ལ་བསྡུར་ཚེ་ཁོང་ལ་རྒྱབ་སྐྱོར་ཆེ་རུ་སོང་ཡོད། དཔེར་ན་ཨ་རི་ལྟ་བུར་མཚོན་ན་སྤེན་པ་ཚེ་རིང་ལགས་སུ་སྔོན་འགྲོའི་འོས་བསྡུའི་ནང་འོས་གྲངས་༤༤༠༦ཐོབ་འདུག་པ་དང་། ༢༠༡༦ ལོར་སྔོན་འགྲོའི་འོས་བསྡུའི་ནང་ཁོང་ལ་འོས་གྲངས་ ༡༢༣༦ཐོབ་པ་དང་བསྡུར་ཚེ་འདི་ལོ་འོས་གྲངས་མང་བ་ཐོབ་འདུག སྔོན་འགྲོའི་འོས་བསྡུའི་ལས་རིམ་འགོ་འཛུགས་ཟིན་མཚམས་སྤེན་པ་ཚེ་རིང་ལགས་ལ་དེ་སྔོན་འོས་ཤོག་འཕེན་མཁན་ནས་གང་ཙམ་འབྲོང་ཆུང་དངོས་གྲུབ་ལགས་ལ་རྒྱབ་སྐྱོར་གནང་ནས་ཁོང་གི་རྒྱལ་ཁར་བར་ཆད་ཡོང་དྭོགས་ཀྱི་གླེང་སློང་བྱུང་ཡོད་ནའང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ལ་འགྱུར་བ་སོང་མེད། དེ་ལ་རྒྱུ་མཚན་གསུམ་ཙམ་ཡོད། དང་པོ་ནི་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཁོངས་ནས་མང་པོས་འདས་པའི་ལོ་བཞི་ཙམ་གྱི་རིང་ཁོང་ལ་ཆབ་སྲིད་ཀྱི་བསུན་བརྩིར་ཆེན་པོ་བཟོས་སོང་བ་དེར་སྙིང་རྗེའི་སེམས་ཚོར་ཡོད་མཁན་མང་པོ་ཡོད་པ་དང་། གཉིས་པ་ནི་ཁ་མཆུ་ཨང་ཉི་ཤུ་བའི་བཅད་ཁྲས་ཁོང་ལ་ནག་ཉེས་མེད་པ་གསལ་འདོན་གནང་བ་དེས་མི་དཀར་པོར་ཞྭ་ནག་པོ་གཡོག་སོང་ཞེས་རྒྱབ་སྐྱོར་བྱེད་མཁན་རིགས་གཅིག་ཡོད། རྒྱུ་མཚན་གསུམ་པ་ནི་ཁོང་ནི་འཇོན་ཐང་དང་ཤེས་ཡོན་སོགས་གང་ཅིར་དབུ་ཁྲིད་འོས་པ་གཅིག་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་པ་བཅས་རྒྱུ་མཚན་གསུམ་ལ་བརྟེན་ནས་རྒྱབ་སྐྱོར་བྱས་ཡོད། ལྷག་པར་སྔོན་འགྲོའི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཧ་ཅང་ཚགས་ཚུད་ལྡན་པ་དང་མང་ཚོགས་ལ་གནས་ལུགས་གསལ་བཤད་ཡིད་དབང་འཕྲོག་པ་གནང་བ་བཅས་ཀྱིས་ཁོང་ལ་རྒྱབ་སྐྱོར་གྱི་གནས་བབ་བཟང་པོ་བྱུང་ཡོད། གལ་སྲིད་ཁོང་གིས་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་དེ་ལྟར་མུ་མཐུད་གནང་ནས་མང་ཚོགས་ལ་བརྒྱུད་བསྐུལ་གནང་ཐུབ་ཚེ་ ༢༠༢༡ ལོའི་སྲིད་སྐྱོང་གི་རྒྱལ་ཁ་ཁོང་ལ་འཐོབ་རྒྱུའི་ཚོད་དཔག་བྱེད་ཆོག
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ནི་སྲིད་སྐྱོང་བློ་བཟང་སངྒེ་ལགས་ཀྱི་ལས་མཇུག་སྐྱོང་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་དེ་ལྟར་ནན་བཤད་བྱས་ཡོད་པའི་ཁར་དེང་དུས་ཤེས་ཡོན་ཡོད་མཁན་ཞིག་ལ་ངོས་འཛིན་བྱས་ཏེ། རྒྱབ་སྐྱོར་བྱས་ཡོད་ཀྱང་། ཁོང་ལ་འོས་ཤོག་མང་ཤོས་ཐོབ་ཡུལ་ས་གནས་ལ་དཔྱད་ཚེ་སྦེལ་ཀོབ་ལུགས་བསམ་དང་མོན་གྷོ་འདོད་རྒུ་གླིང་གཉིས་ནས་འོས་ཤོག་འཕོན་ཆེ་ཐོབ་ཡོད་པ་དེས་ཁོང་ལ་གདན་ས་ནས་འོས་ཤོག་འཕོན་ཆེ་ཐོབ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཁོང་གིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གནང་ཡོད་པ་དེ་དག་སྤུས་ཚད་ལྡན་པ་བཟོ་སྒྲིག་བསྔགས་བརྗོད་འོས་པ་གནང་ཡོད་ནའང་། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཆེད་ས་གནས་གང་སར་ཕེབས་ཏེ་གཏམ་བཤད་གནང་བ་སོགས་ཀྱིས་ཕན་ཐོགས་ལས་གླེང་གཞི་མང་བ་བཟོས་ཡོད། ཁོང་ནི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལྟ་བུ་གཏམ་བཤད་གནང་རྒྱུར་མཁས་པོ་མེད་པ་མ་ཟད། འཛིན་སྐྱོང་དང་ཆབ་སྲིད་ཀྱི་ཉམས་མྱོང་གི་ཆ་ནས་གནས་ལུགས་གསལ་བཤད་ཡིད་དབང་འཕྲོག་པ་གནང་ཐུབ་ཀྱི་མེད། འོན་ཀྱང་སྲིད་སྐྱོང་བློ་བཟང་སེངྒ་ལགས་བློས་གཏོང་མ་ཐུབ་པའི་བློ་སྙིང་འབྲང་གསུམ་གྱི་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོང་ལ་རྒྱབ་སྐྱོར་བྱས་ཡོད། ༢༠༡༦ ལོར་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཁོངས་ནས་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་ཡིད་སྨོན་བྱེད་མཁན་ཚོས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་རྒྱབ་སྐྱོར་བྱེད་སྲིད་ཀྱང་། དེའི་ཁོངས་ནས་སྲིད་སྐྱོང་བློ་བཟང་སངྒེ་ལགས་ཀྱིས་ཕྱག་ལས་གནང་ཕྱོགས་ལ་འདོད་བློ་མ་ཁེངས་མཁན་རྣམས་ཀྱིས་རྒྱབ་སྐྱོར་ཐོབ་དཀའ་བ་རེད། སྔོན་འགྲོའི་འོས་བསྡུའི་ནང་དེ་དག་གིས་རྒྱ་རི་སྒྲོལ་མ་ལགས་དང་འབྲོང་ཆུང་དངོས་གྲུབ་ལགས་གཉིས་ལ་འོས་ཤོག་འཕངས་ཡོད།
རྒྱ་རི་སྒྲོལ་མ་ལགས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དེ་འོས་མི་གཞན་ལ་སྐྱོན་བརྗོད་མེད་པར་ཚང་མ་མཉམ་ཁྲིད་ཐུབ་པའི་ལྟ་གྲུབ་ཐོག་གནང་ཡོད་ནའང་། གཏམ་བཤད་གནང་བའི་ནང་དབུ་མའི་ལམ་དང་རང་བཙན་གཉིས་མཉམ་བསྲེས་གནང་བ་མ་ཟད། རང་བཙན་རྩོད་མཁན་ཚོས་རྒྱབ་སྐྱོར་ལ་བརྟེན་རྒྱུའི་ཐབས་ཤེས་གནང་ནས་གཏམ་བཤད་གནང་ཕྱོགས་དེར་སྐྱོན་ཆ་ཕྲན་བུས་བྱུང་ཡོད། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཁོངས་ནས་གང་ཙམ་གྱིས་ཁོང་ལ་རྒྱབ་སྐྱོར་བྱས་ཡོད་ནའང་། འོས་ཤོག་འཕོན་ཆེ་ཡོད་པའི་ས་གནས་ཆེ་ཁག་ནས་ཁོང་གིས་རེ་བ་བྱས་པ་བཞིན་རྒྱབ་སྐྱོར་ཐོབ་མེད་པ་མ་ཟད། ཁོང་གིས་བེུད་ཀྱི་སྲིད་སྐྱོང་དང་པོ་ཆགས་རྒྱུའི་རེ་བ་བཅངས་པ་དེས་ཤུགས་རྐྱེན་དེ་ཙམ་བྱས་མེད། ཁོང་ནི་འབྲོང་ཆུང་དངོས་གྲུབ་ལགས་ཕུད་བཙན་བྱོལ་བོད་མིའི་འཛིན་སྐྱོང་ནང་འགོ་ཁྲིད་ཀྱི་ཉམས་མྱོང་ཡོད་མཁན་གཅིག་ཡིན་པ་མ་ཟད། ནང་སྲིད་བཀའ་བློན་གནང་སྐབས་གཞིས་ཆགས་སོགས་བཙན་བྱོལ་བོད་མིའི་བདེ་དོན་ལ་དངོས་སུ་ཕྱག་ལས་གནང་མཁན་ཞིག་ཡིན་ནའང་། ཁོང་དང་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོས་གྲུབ་འབྲས་དེ་དག་མངོན་གསལ་གྱིས་མང་ཚོགས་ལ་ངོ་སྤྲོད་གནང་ཐུབ་མེད་པའི་ཁར་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་ཐོག་གླེང་ཕྱོགས་བཟོ་གཞིའི་གཏམ་བཤད་གནང་བ་དེས་ཁོང་ལ་གནོད་པ་བྱས་ཡོད། དེ་བཞིན་འཇམ་དབྱངས་ནོར་བ་ལགས་དང་ཤར་གླིང་ཟླ་སྒྲོན་ལགས་གཉིས་དངོས་སུ་ཐོན་ནང་ཁོང་ལ་རྒྱབ་སྐྱོར་བྱས་པ་དེས་ཕན་ཐོགས་བྱུང་ཡོད་དམ། ཡང་ན་གནོད་ཡོད་དཔྱད་ཞིབ་བྱ་རྒྱུའི་གནད་དོན་རེད།
འབྲོང་ཆུང་དངོས་གྲུབ་ལགས་ནི་འོས་མི་གཞན་དང་མི་འདྲ་བར་ཐོག་མ་ཉིད་ནས་བོད་ཕྱི་ནང་གི་མང་ཚོགས་ཀྱིས་འབོད་བསྐུལ་བྱུར་བར་བརྟེན་དངོས་གཞིའི་འོས་བསྡུའི་ནང་ཚུད་པ་ཡིན་ན་དགོངས་ཞུ་གནང་རྒྱུ་མིན་ཞེས་གསུངས་མཁན་སྲིད་སྐྱོང་འོས་མི་གཅིག་ཡིན་པ་མ་ཟད། རང་ཉིད་མང་ཚོགས་ནང་ཕེབས་ཏེ་འོས་བསྡུའི་དྲིལ་བསྒྲགས་དང་ལས་འཆར་སོགས་ཡོངས་བསྒྲགས་གནང་མེད། འོས་འཕེན་མཁན་ཁོངས་ནས་ཁོང་རང་ཉིད་ཀྱིས་སྲིད་སྐྱོང་འོས་མིར་ལངས་པའི་གསལ་བསྒྲགས་གནང་མེད་པ་མ་ཟད། ལས་འཆར་གང་ཡིན་ཡོངས་བསྒྲགས་གནང་མེད་པ་དེས་རྒྱབ་སྐྱོར་ཞུ་རྒྱུར་ཐེ་ཚོམ་བྱེད་མཁན་བྱུང་ཡོད། དེས་ཁོང་ལ་འོས་ཤོག་ཐོབ་རྒྱུར་འགལ་རྐྱེན་བྱས་ཡོད་ངེས། འོན་ཀྱང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་འོས་བསྡུའི་དྲིལ་བསྒྲགས་དང་མང་ཚོགས་ལ་ངོ་སྤྲོད་གནང་རྒྱུ་སོགས་ཧ་ཅང་སྤུས་ཚད་མཐོ་བོ་གནང་བ་དེས་འབྲོང་ཆུང་དངོས་གྲུབ་ལགས་དབུ་ཁྲིད་གང་འདྲ་གཅིག་ཡིན་པ་ངོ་སྤྲོད་གསལ་པོ་བྱེད་ཐུབ་པ་བྱུང་ཡོད། ལྷག་པར་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་འོས་མི་གཞན་ལ་སྐྱོན་བརྗོད་དང་འགྲན་རྩོད་ཀྱི་་ཟུར་ཟ་སོགས་གཏན་ནས་བྱེད་རྒྱུ་མེད་པའི་ལམ་སྟོན་གནང་བ་དེས་སྔོན་འགྲོའི་འོས་བསྡུའི་བརྒྱུད་རིམ་ཞི་འཇམ་ལྡན་པ་ཡོངས་རྒྱུར་ཕན་གྲོགས་བྱས་པར་ངོས་འཛིན་བྱེད་མཁན་ཡོད། འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་སྔོན་འགྲོའི་འོས་བསྡུའི་ནང་མི་མང་གི་་མངོན་འདོད་བཞིན་དངོས་གཞིའི་འོས་གཞིའི་ནང་སླེབས་ན་དགོངས་ཞུ་གནང་རྒྱུ་མིན་པའི་ལངས་ཕྱོགས་བཟུང་པ་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ནང་སྲིད་སྐྱོང་གི་འོས་མི་འདེམས་རྒྱུ་མང་ཚོགས་ལ་འགན་དབང་གནང་ཡོད་པ་དེ་ནུས་ཤུགས་ཆེ་རུ་བཏང་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྒྲིག་གཞིའི་ནང་མ་གསལ་བར་སྲིད་སྐྱོང་འོས་མིར་ལངས་པ་ཡིན་ཞེས་གསལ་བསྒྲགས་བྱས་པ་དེ་སྒྲིག་མཐུན་ཡིན་མིན་ལ་གླེང་སློང་བྱུང་བ་མ་ཟད། སྤྱི་ཁྱབ་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གནས་སྟངས་དེར་མ་འོངས་པར་བསྐྱར་ཞིབ་བྱས་ཏེ་བཟོ་བཅོས་དགོས་མིན་དགོངས་པ་བཞེས་དགོས་ཀྱི་འདུག་ཅེས་བརྒྱུད་ལམ་ཁག་ལ་གསུངས་ཡོད།
ད་ཆ་སྔོན་འགྲོའི་འོས་བསྡུ་ཟིན་ནས་དངོས་གཞིའི་འོས་བསྡུའི་ཕྱོགས་སུ་བསྐྱོད་བཞིན་པ་དང་། དངོས་གཞིའི་འོས་གཞིར་ཚུད་པའི་མི་སྣ་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཕན་ཚུན་ཚིག་མཚོན་བྱ་རྒྱུ་འགོ་འཛུགས་ཟིན་འདུག་པ་དེ་བློ་ཚབས་བྱེད་དགོས་པ་གཅིག་རེད། ༢༠༡༦ལོར་སྔོན་འགྲོའི་འོས་བསྡུའི་སྐབས་ཟང་ཟིང་གི་གནས་ཚུལ་ཧ་ལམ་བྱུང་མེད་ཅིང་། འཁོན་འཛིན་དང་ཤོག་ཁག་གཅིག་གིས་གཅིག་ལ་ཚིག་མཚོན་དང་ཁ་རྡུང་སྐྱོན་བརྗོད་བྱེད་པའི་གནས་སྟངས་དེ་དངོས་གཞིའི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་བྱུང་ཡོད། ༢༠༡༦ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་མཆོག་ལྷ་དགོངས་འཁྲུག་གཞིའི་གནས་ཚུལ་དེ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་བྱུང་ཡོད་པ་དང་། ད་ལམ་སླར་ཡང་ཐབས་སྐྱོའི་གནས་ཚུལ་དེ་མི་ཡོང་བ་བྱ་རྒྱུར་དངོས་གཞིའི་འོས་མི་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་འགན་འཁུར་ལེན་ཆེན་པོ་ཡོད་པ་དང་། ལྷག་པར་འོས་མི་གཉིས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་འགན་འཁུར་ལེན་དགོས་པ་ཡིན། སྔོན་འགྲོའི་གྲུབ་འབྲས་ཀྱི་གྲངས་ཐོ་རྣམས་ལ་དཔྱད་ཞིབ་བྱས་ཚེ་ཆོལ་ཁའི་ཞེན་ཁོག་གི་རྨང་གཞིའི་འོག་ཤོག་ཁ་གཉིས་ཀྱི་འདུ་ཤེས་དེ་ད་ལྟའང་ཤུགས་ཆེར་ཡོད་པ་མངོན་གསལ་རེད། འོས་མི་གཉིས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་ཕྱོགས་༢༠༡༦ལས་བཟང་བ་གནང་མ་ཐུབ་ཚེ་དཀའ་རྙོག་དེ་བསྐྱར་དུ་ཡོང་རྒྱུ་ཡིན་པ་ནི་ངེས་པ་རེད། ད་བར་གྱི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པར་གཞིགས་ན་ ༢༠༡༦ ལོའི་རྙོག་ཟིང་ནང་དངོས་ཤུགས་ཀྱི་འབྲེལ་བ་ཡོད་མཁན་མི་སྣ་གཉིས་མཐའ་མའི་འོས་མིར་གསལ་བསྒྲགས་ཡོང་རྒྱུ་ངེས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོས་༢༠༡༦ ལོར་འོས་བསྡུའི་སྐབས་སྤྱི་ཚོགས་བརྟན་ལྷིང་མ་བྱུང་བའི་རྒྱུ་རྐྱེན་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་འོས་མིའི་མིང་བཏོན་པ་དང་དེ་དག་ལ་རྒྱབ་སྐྱོར་བྱས་པ་དེ་རེད་ཅེས་གསུངས་ནས་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་གནང་ཡོད། དེ་ལ་ཁུངས་བསྐྱེལ་ཐུབ་པའི་རྒྱུ་མཚན་ནི་སུ་ལའང་གསུངས་རྒྱུ་མེད།
ད་ཆ་ཚོད་དཔག་བྱེད་དགོས་པ་དང་འགྲན་རྩོད་ཀྱི་གནད་དོན་ནི་རྒྱ་རི་སྒྲོལ་མ་ལགས་དང་འབྲོང་ཆུང་དངོས་གྲུབ་ལགས་གཉིས་ལ་འོས་འཕེན་མཁན་མི་མང་ཉིས་ཁྲི་ལྷག་ཙམ་ཡོད་པ་དེ་དག་གིས་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་རེད། ཁོང་གཉིས་ཀྱི་སུ་ལ་རྒྱབ་སྐྱོར་གནང་གི་རེད་ཅེས་པའི་དྲི་བ་དེར་གླེང་སློང་ཡོང་གི་ཡོད། ཁོང་གཉིས་ལ་རྒྱབ་སྐྱོར་གནང་མཁན་ཚོས་དངོས་གཞིའི་འོས་མི་གཉིས་ནས་སུ་ལ་རྒྱབ་སྐྱོར་བྱེད་་ཀྱི་ཡོད་པ་དེས་མཐའ་མའི་གྲུབ་འབྲས་ལ་ཤུགས་རྐྱེན་ཆེན་པོ་བྱེད་སྲིད། དབུ་དཀར་སྐལ་བཟང་རྡོ་རྗེ་ལགས་ལ་རྒྱལ་ཁ་འཐོབ་རྒྱུར་འོས་ཤོག་གྲངས་ཆིག་ཁྲི་ལྔ་སྟོང་ཙམ་འཕར་མ་ཐོབ་དགོས་པ་དེ་དཀའ་ངལ་ཆེ་ཙམ་རེད། སྤེན་པ་ཚེ་རིང་ལགས་ལ་ད་ཡོད་ཀྱི་འོས་གྲངས་ཀྱི་ཁར་ལྔ་སྟོང་ལྷག་ཙམ་གྱི་རྒྱབ་སྐྱོར་འཕར་མ་ཐོབ་ན་མ་འོངས་པའི་སྲིད་སྐྱོང་གི་རྒྱལ་ཁ་དེ་ཁོང་ལ་འཐོབ་རྒྱུ་ངེས་པ་ལྟ་བུ་རེད།
དོ་སྣང་བྱེད་དགོས་པའི་གནད་དོན་གཅིག་ནི་འོས་བསྡུའི་དྲིལ་བསྒྲགས་སྐབས་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དངོས་ཤུགས་ཀྱི་ཐབས་ཤེས་དང་བརྒྱུད་བསྐུལ་གནང་གི་ཡོད་མེད་དེ་རེད། འོས་བསྡུའི་སྒྲིག་གཞི་དང་ལམ་ལུགས་ཀྱི་ཆ་ནས་དེ་ལ་གསལ་ཁ་མེད་ཀྱང་། དབུ་ཁྲིད་ཀྱི་འགན་འཁུར་དང་བོད་མིའི་ཆིག་བསྒྲིལ་གྱི་གནས་བབ་ལ་དགོངས་པ་བཞེས་ཚེ་ཁོང་རྒྱང་ཐག་རིང་ཙམ་བཞུགས་ན་དགེ་མཚན་ཆེ་བ་ཡོང་རྒྱུ་རེད། གལ་སྲིད་ཁོང་གིས་བརྒྱུད་བསྐུལ་དང་དྲིལ་བསྒྲགས་ལས་འགུལ་ནང་མཉམ་ཞུགས་གནང་བ་སོགས་གནང་ཚེ་ ༢༠༡༦ ལོར་བོད་མིའི་སྤྱི་ཚོགས་དུམ་བུ་གཉིས་ལ་ཐོར་བའི་མེ་ལྕེ་དེ་ད་དུང་ཆེ་ཆེར་འབར་རྒྱུ་ངེས་པ་རེད།
༢༠༡༦ ལོའི་ངན་ཁག་བརྒྱ་ཆ་༩༠ ཐམ་པ་སྤེན་ཚེ་དང་ཁོང་གི་ཤོག་ཁག་ཚོས་བཟོས་པ་རེད། སྲིད་སྐྱོང་བློ་བཟང་སེང་གེའི་རྒྱབ་སྐྱོར་པ་ཚོས་ཕེབས་བསུ་སོགས་ཀྱི་སྐབས་ལ་ཀི་སྒྲ་རེ་བཏབ་པ་ལས་སྤེན་ཚེའི་ཤོག་ཁག་ཚོས་བྱས་པ་ལྟར་ངོ་ཚ་བྲལ་བའི་བྱ་སྤྱོད་སྤེལ་མ་སོང་། ཁ་མཆུ་ཨང་ཉི་ཤུ་པ་ཟེར་བ་དེ་སྲིད་སྐྱོང་དང་བཀའ་ཤག་ལྷན་རྒྱས་ཀྱིས་མཐུན་སྒྲིལ་དང་གོང་ས་མཆོག་ཐུགས་མ་འཁྲུག་བའི་ཆེད་དུ་རྒྱལ་ཁ་གཞན་ལ་སྤྲད་དེ་གྱོང་ཁ་རང་གིས་བླངས་པ་ཞིག་རེད། ད་ཐེངས་སྤེན་ཚེར་འོས་ཐོབ་རྣམས་ནི་ཁོང་གི་ཤོག་ཁག་ཚོའི་སྒང་ལ་དབུས་གཙང་གི་མི་མང་ཀླད་སྟོང་གང་མང་ཞིག་གིས་ཁ་སྣོན་རྒྱག་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། ད་ནས་བཟུང་སྤེན་ཚེར་སྲིད་སྐྱོང་ནམ་ཡང་འཐོབ་མི་སྲིད་དེ་ཉེ་ཆར་ལ་དྭགས་ནས་བལ་ཡུལ་སོགས་གང་དང་གང་བྱུང་ཡོད་པ། ཀ་དག་སྤྲུལ་སྐུའི་ནང་མི་དང་ཁ་མཆུ་ཨང་ཉི་ཤུ་སོགས་ཀྱི་ཁོང་ལ་སྐྱོན་རི་རབ་ལས་ཀྱང་ཆེ་ཞིང་རྒྱ་མཚོ་ལས་ཀྱང་ཟབ་པ་ཡོད། ད་དུང་དུས་ཚོད་ཡོད་པས་རིམ་བཞིན་ཁོང་གི་སྐྱོན་མང་པོ་ཞིག་གང་ས་གང་ནས་དྲག་ཆར་རླུང་འཚུབ་ལྟར་ལྡང་ངེས་རེད།
མི་ལ་ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་མེད་ན་ཡིག་འཁྱོག་ཁཤས་བྲིས་པ་དེས་སོ་སོས་རྒྱབ་སྐྱོར་ཞུ་སའི་མི་ལ་ཕན་ལས་གནོད་ཆེ་བ་ཡོང་གི་རེད། མ་ཟད་རང་ཉིད་མི་ཕྱོགས་རིས་པ་དང་གྱོང་དོ་ཞིག་ཡིན་པའང་མིས་ཤེས་འགྲོ་གི་རེད།
དཔེར་ན་མཆན་འབྲི་མཁན་མི་ཉག་ཟེར་བ་དེས་འདི་ལྟར་བྲིས་འདུག
“ ཁ་མཆུ་ཨང་ཉི་ཤུ་པ་ཟེར་པ་དེ་སྲིད་སྐྱོང་དང་བཀའ་ཤག་ལྷན་རྒྱས་ཀྱིས་མཐུན་སྒྲིལ་དང་གོང་ས་མཆོག་ཐུགས་མ་འཁྲུག་པའི་ཆེད་དུ་རྒྱལ་ཁ་གཞན་ལ་སྤྲད་དེ་གྱོང་ཁ་རང་གིས་བླངས་པ་ཞིག་རེད། “
ཁ་མཆུ་ཐོབ་པའི་ཆེད་དུ་བློ་སངས་ཁོས་ཕྱི་རྒྱལ་ནས་ཡིག་རྨོངས་པ་ཁ་ཤས་དཔང་པོར་སྐད་བཏང་བ་མིན་ནམ། ཤར་གླིང་ཟླ་སྒྲོན་ལ་ཕྱགས་འཚལ་བ་མ་རེད་དམ། ཐ་བས་ཤེས་ཡོད་དགུ་བཏོན་ཏེ་རང་གི་བྱས་ཉེས་ལས་ཐར་བའི་གཡོ་ཐབས་བྱས་ཀྱང་མཐར་ཁྲིམས་ཁང་ནས་ཕམ་པའམ་ཤོར་བ་རེད།
མ་གཞི་ནས་བློ་སངས་ལྟ་བུས་རྒྱལ་ཁ་གཞན་ལ་སྤྲོད་སྲིད་དམ། ཁོ་རྩ་བ་ནས་མི་དེ་འདྲའི་རིགས་མ་རེད།
ཁོ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕམ་པ་རེད། འདིས་ཁོ་ལ་མ་འོངས་པར་དབང་ཆ་དང་གོ་སྐབས་བེད་སྤྱོད་ཀྱིས་མི་ལ་མ་ཉེས་ཁ་གཡོགས་བྱས་ན་མཇུག་འབྲས་ཅི་ཡོང་ར་སྤྲད་ཡོད་རེད།
མ་གཞི་ང་རང་གི་རེ་བ་རྒྱལ་རི་སྒྲོལ་མ་ལ་རྒྱབ་ཡིན། འོན་ཀྱང་ཕལ་ཆེར་ཁག་པོ་ཆགས་སོང་། ད་ནི་སྤེན་ཚེ་ལ་ཡིན། སྐལ་རྡོར་རྒྱབ་སྐྱོར་པའི་མིང་ཁུར་མཁན་རེ་ཟུང་གིས་ད་ནས་དཀྲུགས་རྒྱུའི་གྲ་སྒྲིགས་བྱས་སོང་། དམིགས་ཡུལ་དཀྲུགས་ཤིང་རྒྱག་རྒྱུ་ཙམ་ཡིན་ན་ནི་གོ་སྐབས་རེད། གཞན་ག་ཚོད་དཀྲུགས་ན་ཐོབ་རྒྱུའི་རེ་བ་ནི་སྤྲོས་བྲལ་རེད། དེ་ནས་སོ་སོའི་བལྟ་རྒྱུ་རེད
མི་ནག་སྐལ་བཟང་ཟེར་བ་དེ་ཆོལ་ཞན་གྱིས་སྨྱོན་པ་ཞིག་རེད་འདུག མི་ལ་མ་ཉེས་ཁ་གཡོག་བྱ་མཁན་བློ་སེང་ཡིན་པ་ལས་གཞན་པ་སུ་གང་ཡང་མ་རེད།
བློ་སེང་གིས་ཐབས་ཤེས་ཡོད་རྒུ་རྩ་དྲུག་བཏོན་པ་རེད། ཡིན་བདེན་པས་ཁོ་ཕམ་པ་རེད།
སྐྱག་ལྐུགས་མི་ནག་སྐལ་བཟང་།
ཐུབ་དབྱིག་གིས་དཔྱད་རྩོམ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་།
དབུས་འོས་བསྡུ་ལས་ཁང་ནས་སྲིད་སྤྱིའི་འོས་བསྡུའི་སྒྲུབ་འབྲས་གསལ་བསྒྲགས་མ་གནང་གོང་དུ་གཞུང་འབྲེལ་མ་ཡིན་པའི་གསར་འགྱུར་སྡེ་ཚན་ནས་སྲིད་སྐྱོང་གི་འོས་བསྡུའི་སྒྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་དེ་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་གསལ་པོ་ཤེས་མ་སོང་ལ་ས་ཁུངས་ཆ་ཚང་གི་འོས་བསྡུའི་སྒྲུབ་འབྲས་སླེབ་ཡོད་མེད་དེ་ཡང་འཐེ་ཚོམ་ནང་ལྷག་པ་བཅས་སྤྱི་ཟླ་གཉིས་པའི་ཚེས་བརྒྱད་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྒྲུབ་འབྲས་དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་ཕེབས་རྗེས་གསལ་པོ་ཆགས་རྒྱུ་ལ་སོང་ཕྱོགས་གཏོགས་འགན་ཁུར་ཚོ་བྲེལ་ཚུབ་མ་ལངས་རོགས་གནང་།
མི་ཉག་སྐལ་བཟང་ཉོན། དབུས་གཙང་པས་ཁམས་པ་གོང་དུ་བཀུར་ན། དབུས་གཙང་ཀླད་ཡོད་དང་། དབུས་གཙང་པས་ཨ་མདོ་གོང་དུ་བཀུར་ན་དབུས་གཙང་ཀླད་སྟོང་པ་ཡིན་པའི་གཏན་ཚིགས་དེ་འདྲ་ཁྱོད་ཀྱིས་མི་ཉག་གམ་ཁམས་པའི་མཁས་པ་སུའི་མདུན་ནས་སྦྱངས་པ་ཡིན།
ཁྱོད་ཨ་རོག་ཚོའི་ཆུ་ལྦུར་མིག་ནི། ཁབ་མིག་ལས་དོག་ཅིང་བློ་རྒྱའང་དེ་འདྲ་རེད། དེར་བརྟེན་འདས་པའི་ལོ་རྒྱུས་ནང་ཁྱོད་ཚོས་ལུང་པའི་ཕུ་ལ་ཇག་པ་བརྒྱབ། མདའ་ལ་རྐུན་མ་མདོར་ན། ཆེ་ས་བསྟན་སྲིད་རླུང་ལ་བཀུར་བ་ནས་ཆུང་ས་ཡུལ་སྡེ་ཕུང་དུ་བཅུག་པ་ཉུང་ཉུང་མ་རེད།
ད་ནི་སྤེན་ཚེར་འོས་འཐོབ་གཏན་ཁེལ་རེད། དེ་ནི་ལས་རྒྱུ་འབྲས་མཛུབ་མོའི་རྩེ་ནས་འཁོར་ཟེར་བ་དེ་རེད།
བློ་སེང་གིས་གྱོང་ཁ་རང་གིས་བླངས་པ་དང་ཁེ་གཞན་ལ་སྤྲད་པ་རེད་ཨས། གད་མོ་མ་སློངས། ཧ་ཧ་ཧ་་་་་་་་
ལྷག་པ་མིང་ཅན་ཉོན། ངས་ཆོལ་ཁ་རྩོད་ཀྱིན་མེད། བོད་ཧྲིལ་པོའི་སྲིད་སྐྱོང་དང་འབྲེལ་ནས་སྲིད་་སྐྱོང་སུ་དང་སུ་ཡིས་བྱས་རྗེས་གང་དང་གང་བཞག་པ་དང་། སུ་ལ་སྲིད་སྐྱོང་གི་འོས་བབ་མེད་པའི་སྐྱོན་གྱིས་བྲག་རི་བརྩིགས་པ་དེར་དབུས་པ་ཀླད་སྟོང་འགའ་ཤས་ཀྱིས་ལྷན་པ་བརྒྱབ་པ་དག་ཐེར་འདོན་བྱེད་བཞིན་ཡོད། རྐུན་ཇག་ཁྲམ་བྱས་པའི་ལོ་རྒྱུས་ལ་ཞིབ་བལྟ་བྱེད་པ་ཡིན་ན་བོད་་ཧྲིལ་པོའི་ས་ཁུག་ལུང་ཁུང་ཚང་མ་བྱུང་མྱོང་ཡོད་ཀྱང་། ལྷག་པར་དུ་དབུས་གཙང་ལྷ་ལྡན་གྱི་ཞིང་དུ་རྐུན་ཇག་ཁྲམ་གསུམ་དང་། སྐུ་དྲག་རིང་ལུགས་ཀྱིས་དབང་བསྒྱུར་གྱིས་བོད་ཧྲིལ་པོ་རྩ་རལ་དུ་སོང་བ་ཡང་དེའི་ལན་པ་རེད། དེ་རིང་ཁ་སང་ཡང་མགོ་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་ནས་འགོ་བཙུགས་ཏེ་རྔ་མར་ཁྱོད་དང་ཁྱོད་འདྲ་ཚོས་བཙན་བྱོལ་གྱི་སྒྲིག་འཛུགས་གོང་བུ་དེ་གཏོར་ཐབས་བྱས་དང་བྱེད་བཞིན་པ་ནི་མིག་མཐོང་ལག་ཟིན་རེད།
འབྲོང་གི་བུ་གི་སྤེན་ཚེ་ལ་ར་བསྡུར་དང་།
སྐལ་པའི་རྡོ་ཡིས་རྒྱ་རིའི་ལམ་སྣ་བཀག་།
ཧཧཧཧཧ
རྣམ་དཔྱོད་ལྡན་པའི་དབུས་གཙང་མི་མང་གི་བཀའ་དྲིན་ལས་ཟམ་གདོང་རིན་པོ་ཆེ་དང་། བློ་བཟང་སེངྒ་བཀའ་ཁྲིར་སླེབས་ཡོད་དབུས་གཙང་མི་མང་ནི་ཁ་བ་གངས་ཅན་ལྗོངས་ཀྱི་མིག་ཡར་ལྟོས་བྱ་ས་ཞིག་ཡིན། ཆོལ་ཁ་དང་ནང་ཁུལ་དཀྲུག་མཁན་གྱི་མི་ངན་དེ་ཚོའི་མངོན་འདོད་ནི་དབུས་གཙང་མི་མང་ལ་སྙོན་འཛུགས་ཀྱིས་ནང་ཁུལ་མི་མཐུན་པ་བཟོ་ཐབས་ཁོ་ན་ཡིན།
ཚོ་ཁག་བཅུ་སུམ དང་། ཆུ་སྒང་གསར་རྙིང་། ཐ་ཝན་མཉམ་དུ་གྲོས་ཆོད་སོགས་གོང་ས་མཆོག་ལ་ངོ་རྒོལ་གྱེན་ལོག་གིས་ད་ལྟ་བར་ལ་བཙན་བྱོལ་ནང་གཡོ་སྐྱོམ་གང་འདྲ་བཏང་ཡོད་མེད་ཞིམ་དྲུན་ས་འོག་ཏུ་སྦས་ཀྱང་དྲི་མ་བར་སྣང་ཁྱབ་པ་སྔོ་ལོ་ལངས་ནས་ཕྱར་ཡོད་པ།
༼དྲ་ལམ་གཞན་ནས་བཤུས།༽
སྤེན་ཚེ་དོན་གཅོད་གནས་སྤོ་དགོས་དོན་གསལ་བཤད་དོན་ཚན་བཅུ་དེ། སྐུ་མདུན་གྱི་མཚན་མཐོང་སྲུང་སྐྱོབ་ཆེད་དུ་རེད། སྤེན་ཚེ་ལ་སྒེར་དོན་མ་གཏོགས་མེད་པས། དེ་ཁས་མ་བླངས
པ་རེད། རྒྱུ་མཚན་གསུམ་གྱི་ཐོག་ནས་ངོ་སྤྲོད་བྱེད།
༡ སྤེན་པ་ཚེ་རིང་གིས་ཨ་རིར་སླེབ་པ་དང་ང་༸ གོང་ས་མཆོག་གིས་བཏང་པ་ཡིན་ཞེས་གང་སར་བཤད། ༢ སྲིད་ཚབ་ནས་ཡར་ག་འདྲ་བྱས་ནས་བསྐོས་ཡོད་ནའང་མར་བརྒྱུད་རིམ་དེ་ག་རང་ནས་ཕབ་པ་རེད་ཅེས་གསུངས། ༣ སྲིད་སྐྱོང་གིས་སྤེན་པ་ཚེ་རིང་སྦེལ་འཇམ་དོན་གཅོད་ལ་བསྐོས་རྩིས་ཡོད་རབས་བཤད།
སྲིད་སྐྱོང་གིས་སྦེལ་འཇམ་དོན་གཅོད་ལ་སྤེན་ཚེ་བསྐོས་རྩིས་ཡོད་ཀྱང་༸གོང་ས་མཆོག་གིས་ཨ་རིར་བཏང་གནང་ཡིན་པ་རྒྱུ་མཚན་གསུམ་གྱི་སྒོ་ནས་ར་སྤྲོད་ཐུབ། དེ་མར་ཕབ་དགོས་ན་༧གོང་ས་མཆོག་གིས་བཀའ་ཁྲོལ་མེད་པ་སུས་ཀྱང་ལས་གནས་མི་ཕབ་པ། སྨྱོན་པ་མིན་ན་ཤེས་ཚོད་རེད།
གལ་སྲིད་བློ་སེང་གིས་༧གོང་ས་མཆོག་གི་བཀའ་དང་འགལ་བ་དང་རྒྱུ་མཚན་གང་ཡང་མེད་པ་དོན་གཅོད་བརྗེ་སྤོ་བྱས་ཡོད་ན། སྤེན་ཚེ་དོན་གཅོད་ནས་གནས་སྤོ་བྱེད་པ་དེ་ཁྲིམས་མཐུན་ལུགས་མཐུན་རེད་ཡོད་མེད་ལ་ཁ་མཆུ་མ་གཏུགས་པའི་རྒྱུ་མཚན་གང་ཡིན་ནམ། རྙོག་གྲའི་རྩ་བ་སྒང་ལ་མ་གཏུགས་པར་ཡལ་གའི་སྒང་ལ་འགྲོ་དོན་གང་ཡིན།
དེས་ན་༧གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ་དང་། སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་དགོས་ན། སྤེན་ཚེ་ལ་རྒྱབ་སྐྱོར་བྱེད་ཡ་མཚམས་འཇོག་རོགས། འབོད་བསྐུལ་ཡིན། དེ་ལས་སྤེན་ཚེ་ཡར་བསླེབས་ན་བཀའ་ཤག་གི་རྒྱབ་སྐྱོར་བ་མི་མང་གིས་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ངོ་མ་དེ་ཤེས་ཐབས་ལ་འབད་ཁོག་ཐག་རེད། དེ་ཡིས་ཨ་མདོའི་བླ་དཔོན་གཉིས་མཐུན་སྒྲིལ་མི་ཡོང་བར་ཁག་ཐེག་ཡིན་པས། ད་ལྟ་ནས་ཡིད་གཟབ་གནང་རོགས།
ད་ནི་སྡུག་སྐད་བརྒྱབ་པས་ཅི་ཕན་ས་མི་གདའ།
རྒྱ་ཆེའི་མི་མང་གིས་བཟང་ངན་ཧ་གོ་གདའ།
རྒྱ་ཆེའི་མི་མང་གིས་བདེན་རྫུན་ཧ་གོ་གདའ།
ཟླ་བ་ལྔ་པ་ནས་ཉིས་སྟོང་བཅུ་གཅིག་ལ་ཕྱིར་ལོག་རྒྱག་ཡག་རེད་གདའ།
གཟི་བརྗིད་ཁོག་སྟོང་མ་ཡིན་པར། གོམ་པ་རེ་རེ་བཞིན་གཟི་བརྗིད་ཀྱིས་སྤོ་རྒྱུ་རེད་གདའ།
ཟམ་གདོང་རིན་པོ་ཆེ་ནང་བཞིན་བརྟན་བརྗིད་ཀྱིས་ཕེབས་ཡོང་རྒྱུ་རེད་གདའ།
ཆིག་སྒྲིལ་སུས་གཏོར་བ་གླེང་གི་ཡོད་ན།
བདེན་དོན་རྡོ་རྗེའི་བྲག་གི་ཀློགས།
བདེན་དོན་གསལ་བའི་མེ་ལོང་ཀློགས།
དེ་ནས་ཧ་གོ་གི་རེད་གདའ།
མི་ནག་སྐལ་་ཟང་ཟེར་བ་ཆོལ་དཀྲུགས་པ་ཁོ་ཉོདན་ཅིག ཁ་བདེ་པོ་མ་ཤོད། ཁྱོད་ཀྱི་ཡུལ་ལུང་གཅིག་པའི་བྱ་སྤྱོད་ལ་ལྟོས་ཤིག་
མི་ཉག་བཙོན་འགྲུས།
ཁོ་བལ་ཡུལ་ཀོ་སྤེན་དགོན་པའི་གྲྭ་བ་རེད། བལ་ཡུལ་རྒྱལ་སའི་གཞང་ཁང་ལ་ཕྱིན་ནས་གྲ་བ་ལོག་པ་རེད། དགོན་པ་ནས་མ་དོན་པར་མུ་མཐུད་དེ་དགོན་པར་བསྡད་པ་རེད། ཁོའི་ཤག་རོགས་བློ་བཟང་གིས་ཁོ་གྲ་བ་མ་ཡིན་པ་ཤེས་ཀྱིན་ཡོད། ཉིན་ཞིག་བློ་བཟང་ཁོ་གཉིས་བལ་སྒོར་བརྒྱའི་དོན་བརྩོད་པ་ཤོར་བ་རེད། བློ་བཟང་ཁོང་ཁྲོ་ལངས་ཏེ་དགེ་སྐོས་ལ་ཁོའི་གྲ་བ་མིན་པའི་སྐོར་དེ་བཤད་པ་རེད། དགེ་སྐོས་ཀྱིས་ལམ་སེང་ཁོ་དགོན་པ་ནས་ཕྱིར་འབུད་བཏང་བ་རེད།
ཕྱི་ལོ་ ༢༠༡༦ སྲིད་སྐྱོང་འོས་བསྡུའི་སྐབས་ཁོས་འཁྱོག་བརྗོད་ཀྱིས་སྐད་ཆ་མང་པོ་བཤད་སོང་། ཕྱི་ལོ་ ༢༠༡༨ ལོར་ཁོས་རྒྱལ་བ་ཡིད་བཞིན་ནོར་བུ་ཡང་མི་གསོད་ལག་དམར་བ་རེད་ཅེས་བོད་མི་ཆིག་སྒྲིལ་ཚོགས་པའི་སྐད་འཕྲིན་ནང་དུ་བཤད་པ་རེད། ཁོའི་སྐད་ཆ་སྤྱི་ཚོགས་དྲ་ལམ་ཁག་ལ་ཐོན་དུས་ཁོས་ངའི་སྐད་ཆ་བཅད་བཏུབ་བྱས་འདུག་ཟེར་བའི་སྐད་རྫུན་སྒམ་གཅིག་བཀྲམས་སོང་། ཁོའི་སྐད་ཆ་བཅད་བཏུབ་གང་ཡང་མ་བྱས་པ་དངོས་གནས་དེ་དོལ་ཕྲུག་ཚོས་ Dalai Lama is killer, take about this 2018 དབྱིན་ཡིག་འདི་བྲིས་ཏེ་གང་སར་ཁྱབ་སྤེལ་བྱེད་བཞིན་འདུག།
དྲ་ཐག་འདི་རེད།
https://www.facebook.com/100009112990237/posts/1954303918216689/
བློ་སངས་ཁོ་སྲིད་སྐྱོང་གི་དུས་ཡུན་རྫོགས་པ་དངབཙོན་ཁང་ནང་ལ་འགྲོ་དགོས་རེད།
དེ་ཏོག་ཙམ་སེནས་པ་སྐྱོ་བོ་རེད།
ཡིན་ནའང་ཁོ་ལ་ལམ་འགྲོ་ཡོད་པ་ཞིག་ལ་ང་ཚོར་བཙོན་ཁང་ཡོད་མརེད་པ།
དེ་མ་གཏོགས་མི་ལ་མ་ཉེས་ཁ་གཡོགས་བྱས་ཏེ་མཐར་ཁྲིམས་ཁང་ནས་ཕམ་པར་བརྒྱབས་པའི་མི་ཞིག་ལ་གུ་ཡངས་ཤིག་ག་བར་ཡོད་སྲིད།
སྒང་གི་མི་ཉག་ཟེར་བ་འདི་་་མི་ཉག་བརྩོན་འགྲུས་ཁོ་ཡིན་རྒྱུ་མ་རེད།
གཅིག་བྱས་ན་ཉག་རོང་དོན་འགྲུབ་ཟེར་བ་དེ་ཡིན་སྲིད། གང་ལྟར་ཉག་མང་པོ་ཅིག་འདུག
མི་ཉག་སྐལ་བཟང་ཉོན། ཁྱོད་ཀྱིས་ཆོལ་ཁ་རྩོད་མིན་ད་བར་ཁྱོད་རས་སྤེལ་བའི་རྩོམ་རྙོག་དང་། མཆན་བཏབ་པ་ཁག་ལས་ང་ཚོས་ཤེས་ཀྱི་ཡོད། ང་ལྷག་པ་མཆན་འདེབས་པར་ཡོང་པའང་གནད་དོན་དེ་ཡིན། ང་དུས་ཚོད་མ་འཁྱོལ་བ་འདིར་མཆན་འདེབས་པར་ཡོང་པ་མིན། ཁྱོད་དང་ཁྱོད་འདྲ་བའི་ནང་དཀྲུག་གི་བྱེད་པོ་རྣམས་ཐལ་བའི་རྡུལ་དུ་རློགས་པར་ཡོང་པ་ཡིན།
གལ་ཏེ་ང་ཚོ་དབུས་གཙང་ཀླད་སྟོང་པ་ཡིན་ན། བློ་སེང་སྐབས་གཉིས་བསྟུད་མར་འོས་འཕངས་པ་དེ་དོན་ངོ་མ་ཀླད་སྟོང་ཀྱི་བྱེད་སྟངས་རང་ཡིན། ངས་བལྟ་ན། ཁམས་པ་མིན་པའི་སྲིད་སྐྱོང་སུ་ལ་འོས་ཐོབ་ཀྱང་ཁྱོད་ཚོས་གཞི་མེད་སྐྱོན་བརྗོད་ཀྱི་བྲག་རི་བརྩིག་ཐག་ཆོད་རེད། དེ་མིན་ཁྱོད་ལ་དག་ཐེར་ཞིག་བྱེད་རྒྱུ་ཅང་མེད།
ང་གཉིས་རྐུན་ཇག་བྱས་པའི་ལོ་རྒྱུས་ལ་ཞིབ་ལྟ་བྱ་ཆོག ལོ་རབས་བརྒྱད་ཅུའི་ནང་བོད་དུ་སྲིད་ཇུས་ཅུང་ལྷུག་གཏོང་གི་གོ་སྐབས་དང་བསྟུན་བོད་ཀྱི་ལྷ་སྐུ་རྟེན་གསུམ་དང་རྩ་ཆེའི་རིག་དངོས་དང་རྒྱན་ཆ་སོགས་ཐུབ་ན་རྐུ་ཇག་དང་མ་ཐུབ་ན། མགོ་བསྐོར་བསླུ་བྲིད་ཀྱི་ཉོས་ཏེ་ཕྱི་ལོགས་སུ་ནག་ཚོང་རྒྱག་མཁན་རྣམས་ང་ཚོ་དབུས་གཙང་པ་མིན་ཏོ།
དེང་དུས་ཀྱང་བོད་ཀྱི་དགོན་པ་ཁག་གི་ལྷ་སྐུ་རྟེན་གསུམ་རྐུ་འཕྲོག་གི་ལས་ལ་ཞུགས་པའི་ཞབས་འདྲེན་པ་རིམ་པ་འཛིན་བཟུང་བྱས་པ་ཆོལ་ཁ་གང་གི་མི་རེད་འདུག་དར་ལུང་རྣ་བས་ལེགས་པར་ཉོན།
དབུས་གཙང་གི་སྐུ་དྲག་གི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ཁྱོད་ཚོས་ཁ་བདེ་པོས་རང་བཙན་ཞེས་གྲེ་བ་་འཛེར་འཛེར་ཤོད་རྒྱུ་དེ་ཡང་བྱུང་པ་རེད། ཁྱོད་ཚོ་སྔོན་ཆད་རང་གི་བོད་སྡེ་པ་གཞུང་དེ་རྒྱབ་ཏུ་བསྐྱུར། རྒྱ་གོ་མིན་ཏང་ལ་མགོ་བཏགས་ནས་ལོ་ངོ་མང་པོ་བསྐྱལ། མ་ཟད་འབའ་པ་ཕུན་དབང་སོགས་ཨ་རོགས་མང་པོས་རྒྱ་གུང་ཁྲན་གྱི་སྣེ་ཁྲིད་ནས་བོད་སྡེ་པ་གཞུང་གཏོར་ཕམ་བཏང་པ་རེད། རྩབ་རལ་སུས་བཟོས་འདུག་གམ།བཟོ་མཁན་ཁྱོད་ཚོ་རེད། ང་ཚོའི་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ང་ཚོའི་མི་མང་གིས་སྒོ་ངའི་ནང་གི་སེར་རིལ་ལྟ་བུ། ཤེས་འཇོན། དྲང་ཚུགས། ཡ་རབས་གང་ཅིར་མིག་དཔེར་འོས་པ་ཤ་སྟག་བདམས་ཡོད། ཁྱོད་ཀྱིས་ཇུས་ཏོག་མ་བྱེད། དེ་བས་ཁྱོད་རའི་ཆོལ་ཁའི་སྤྱི་འཐུས་ནང་། ཐའེ་ཝན་བོད་སོག་ལས་ཁུངས་ཀྱི་ཕོགས་བཟས་མྱོང་ཞིང་། བོད་སོག་ལས་ཁུངས་དང་ཐད་ཀར་ངན་གྲོས་འཇོག་མཁན་ཡང་བདམས་འདུག་པ་དེ་རིགས་ལ་ཇུས་ཏོག་གྱིས། དེ་འདྲ་བ་ང་ཚོའི་མི་རབས་སྔ་མ་ཚོས་ཀྱང་གནང་ཡོད་མ་རེད་ལ་ང་ཚོས་ག་པ་ག་པ། མི་རབས་ཕྱི་མ་ཚོས་ཀྱང་གཏན་ནས་བྱེད་ཀྱི་མ་རེད།
ལྷག་པ་མིང་ཅན། ངས་དབུས་གཙང་གི་ཀླད་སྟོང་འགའ་ཤས་ཞེས་བྲིས་ཡོད་ཀླད་སྟོང་འགའ་ཤས་ཀྱི་ནང་ན་ཁྱོད་འཚུད་བསྡད་ཡོད། འགའ་ཤས་བྲིས་པར་སྤྱི་དང་བྱེ་བྲག་གི་དབྱེ་བ་ཡོད། མི་ཤི་བོའི་སྒང་ལ་རྡོག་བརྫིས་བཏང་མཁན་ཆོལ་ཁ་གསུམ་གྱི་ནང་ན་ཡོད། ལྷག་པར་དུ་དབུས་གཙང་གི་ནང་ན་ཧ་ཅང་མང་པོ་རེད། ཡ་རབས་་དང་གུས་ཞབས་ཡོད་མདོག་མདོག་སྟོན་ནས་ནང་ཁྲོལ་ཡོད་ཚད་མིག་འཕྲུལ་སྒྱུ་མ་མཁན་གྱི་ཅ་དངོས་རྣམས་དང་གཅིག་པ་ཡིན་པ། གཡོ་སྒྱུ་དང་རྫུན་གྱིས་འཁོར་ལོ་བསྐོར་དགོས་ན་ཨང་དང་པོ་རེད། བཙན་པོའི་དུས་རབས་ཀྱི་ལོ་རྒྱུས་བཀླགས་མྱོང་ཡོད་ན་དེར་གཟིགས་དང་དབུས་གཙང་གིས་གང་དང་གང་བྱས་པ་གསལ་གསལ་རྗེན་རྗེན་རེད། ལྷག་པར་དུ་ས་སྐྱའི་དབང་བསྒྱུར་སྐབས་ནས་བཟུང་ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་ཡང་དབུས་གཙང་གིས་གང་དང་གང་བྱས་པ་གསལ་པོ་རེད། མཐའ་མར་དབུས་གཙང་གི་སྐུ་དྲག་ཚོའི་བཀྲིན་ལ་བརྟེན་ནས་བོད་ས་ཤོར་བ་རེད། ད་དུང་ཡིད་མ་ཆེས་ན་དབུས་གཙང་གི་གཞས་མ་ཚེ་བརྟན་སྒྲོལ་མའི་གླུ་གཞས་ཡང་བསྐྱར་ཡང་བསྐྱར་ཉོན་དང་མའོ་ཙེ་ཏུང་གི་བཀྲིན་ཚོར་ཡོང་།
མི་ཉག་སྐལ་བཟང་ཉོན། ཁྱོད་ཚོའི་འཚང་ལ་རྒོལ་ན་ཀླད་སྟོང་རེད། ཁྱོད་ཅི་འདོད་ཤོད། དབུས་གཙང་པ་ཚང་མ་ཀླད་སྟོང་རེད། ཡང་ན་དབུས་གཙང་པ་འགའ་ཤས་ཀླད་སྟོང་རད། ག་རེ་ལབ་ཀྱང་ཁྱོད་ཀྱི་སྐད་ཆ་ནི། ཡྭ་ཙེའི་སྤུ་ལས་ཡང་བ་ཡོད། ལྗིད་ཁོག་གང་ཡང་མེད།
ཡ་རབས་གུས་ཞབས་དང་། གཡོ་སྒྱུ་དང་རྫུན་གྱིས་འཁོར་ལོ་བསྐོར་ཚུལ་ཨྰས། ཉེ་རབས་ལོ་རྒྱུས་ནང་ལག་གཉིས་ཀྱིས་མདུན་ནས་༸སྐུ་སྒེར་ཡིག་ཚང་དང་བཙན་བྱོལ་བོད་གཞུང་ལ་གཟེད། ལག་གཉིས་ཀྱིས་རྒྱབ་ནས་ཐའེ་ཝན་བོད་སོག་ལས་ཁུངས་ལ་གཟེད། མི་རྒྱུ་ལྐོག་བཟས་ཡུན་རིང་བྱས་ཙང་མཐའ་མར་བོད་སོག་ལས་ཁུངས་ཀྱི་འདོད་དོན་སྒྲུབ་ཆེད་བོད་སྤྱིའི་རྩ་དོན་བཙོང་པའི་ལྐོག་གྲོས་བཞག་པ་དེ་འདྲ་ཆོལ་ཁ་གཅིག་གིས་མིང་ཐོག་ནས་མ་རེད་པས་ཨྰ།
ཁྱོད་ཀྱིས་བོད་བཙན་པོའི་ལོ་རྒྱུས་ཏོག་ཙམ་བཀླགས་ཡོད་པ་འདྲ། བོད་ཀྱི་བཙན་པོ་ནས་ད་བར་གྱི་ལོ་རྒྱུས་དབུས་གཙང་གི་ལོ་རྒྱུས་རེད། ང་ཚོའི་ལོ་རྒྱུས་བཀླགས་རྒྱུ་བྱུང་བ་ཁྱོད་བསོད་ནམས་ཏོག་ཙམ་ཡོད་པའི་རྟགས་རེད། བཙན་པོ་ནས་དགའ་ལྡན་ཕོ་བྲང་པའི་ལོ་རྒྱུས་ཀློག་རྒྱུ་ཡོད་པ་འདི་ཡང་དབུས་གཙང་པའི་བཀའ་དྲིན་རེད།
བོད་ས་ཤོར་བ་དེ་དབུས་གཙང་གིས་སྐུ་དྲག་གིས་བྱེད་ལས་རེད་ཅེས་རྟག་པར་མ་ཤོད། རྒྱ་མི་པོ་ཏྰ་ལའི་ས་འོག་ནས་ཐོན་ཡོད་མ་རེད། རྒྱ་མི་མདོ་སྟོད་སྨད་ནས་འཛུལ་ཡོང་པ་རེད། རྒྱ་གུང་ཁྲན་བོད་ཀྱི་ཕ་མ་རེད།། དངུལ་རྡ་ཡང་ཆར་པ་འབབ་འབབ་རེད།། ཅེས་པ་ཁམས་པའི་གཏམ་དཔེ་རེད།
ང་ཚོ་ལ་ཡང་མི་རབས་བརྒྱ་ནས་རྐང་འདྲེན་གཅིག་ཙམ་ཡོད་པའི་ནང་ནས་ཚེ་བརྟན་སྒྲོལ་མ་གཅིག་རེད། འོན་ཀྱང་ཁྱོད་ཚེ་རྟན་སྒྲོལ་མའི་གཞས་ལ་དགའ་པོ་ཡོད་འདུག་པས། གཞིས་སུ་ཡོད་པའི་ཚེ་རྟན་སྒྲོལ་མ་དང་། བཙན་བྱོལ་ནང་གི་ཤར་གླིང་ཟླ་སྒྲོན། འོ་ད་དུང་། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་བཅས་ཁྱོད་ཚོར་མནའ་མར་སྦྱིན་ཆོག
ལྷག་པ་མིང་ཅན་ཡང་བསྐྱར་ཉོན། བཙན་བྱོལ་ནང་བོད་སོག་ལས་ཁུངས་ཀྱིས་སྤྲད་པའི་དངུལ་མ་ཟ་མཁན་གཅིག་ཀྱང་བྱུང་མྱོང་ཡོད་མ་རེད། ཁ་རྒྱགས་པ་མ་ཤོད། ལྷག་པར་བརྒྱ་ཆ་དགུ་བཅུ་ཐམ་པ་ཆབ་སྲིད་བཙོན་པ་ཡིན་མིན་མི་ཤེས་པའི་དབུས་གཙང་བ་ཚོར་བདེ་སྲུང་ལས་ཁུངས་ནས་སྤྲང་པོར་ལྟོ་སྤྲད་པ་ལྟར་ཁྱོད་ཚོས་བཟས་ཚར་ནི་བཏང་ཚར་བ་ཚང་མ་བོད་སོག་ལས་ཁུངས་ནས་བླངས་པའི་དངུལ་ལོ་རེད། ཞིབ་ཚགས་ཤེས་འདོད་ན་འབྲོང་ཆུང་དངོས་གྲུབ་དང་འབྲེལ་བ་བྱོས་དང་། དེ་སྔ་ཀུན་བཟང་བླ་མས་ཚོགས་འདུ་ཞིག་གི་སྒང་ལ་ཡུན་རིང་བགྲོ་གླེང་བྱས་མཐར་བདེ་སྲུང་དངོས་གྲུབ་ཀྱིས་བདེ་སྲུང་ལས་ཁུངས་ནས་ཐེ་ཝན་དངུལ་ལོ་བླངས་པ་ཁས་བླངས་ཡོད་པ་ཁྱེད་ཀྱི་ཤེས་ཀྱིན་མ་རེད། རེད་བཙན་པོ་ལོ་རྒྱུས་ཀྱང་དབུས་གཙང་ལོ་རྒྱུས་ཡིན་པ་ཆ་ཞོག བཙན་པོའི་ལོ་རྒྱུས་རྩ་མེད་དུ་བཏང་མཁན་ཡང་དབུས་གཙང་རེད། རྒྱ་མི་པོ་ཏ་ལའི་ས་འོག་ནས་ཐོན་པ་ཡང་མ་རེད་ལ། གནམ་ནས་ཟགས་པ་ཡང་མ་རེད། རྒྱ་དམག་པོ་ཏ་ལའི་ཉེ་འགྲམ་མ་སླེབས་དབར་དུ་དབུས་གཙང་གི་སྐུ་དྲག་ཚོས་སྐྱིད་པོ་དང་ཐུགས་སྤྲོ་ཤ་སྟག་བཏང་ནས་མཐའ་མར་དགྲ་བོ་སྒོ་འགྲམ་ལ་སླེབས་དུས་ཡོད་ཚད་བཞག་སྟེ་བྲོས་དགོས་པ་དབུས་གཙང་གི་བཟོས་པ་རེད། ཨ་ལེ་ཚེ་བརྟན་སྒྲོལ་མ་ཡང་དབུས་གཙང་གཙང་གི་མ་རེད་ཅེས་བཤད་འདོད་ཡོད་རྒྱུ་རེད། གཏམ་དཔེ་དེ་ཚོ་དབུས་གཙང་ནས་བྱུང་ཞིང་དབུས་གཙང་གི་དམངས་གླུ་རེད། ཁྱོད་དང་ཁྱོད་འདྲ་བ་ཚོ་ཤར་གླིང་ཟླ་སྒྲོན་དང་རྣམ་རྒྱལ་སྒྲོལ་དཀར་གཉིས་ཀྱི་སྟུ་སྤུ་རྐང་གཅིག་དང་འགྲན་ཡ་ཡོད་མ་རེད་ངས་ཚིག་ཐག་ཆོད་པོས་བཤད་ཆོག
མི་ཉག་སྐལ་བཟང་མུ་མཐུད་ཉོན། ཀུན་བཟང་བླ་མས་བོད་སོག་ལས་ཁུངས་ཀྱི་དངུལ་བཟས་པའི་རྙོག་གླེང་སྐོར་བཤད་ཀྱི་ཡོད་པས། རྙོག་གླེང་དེ་ནི་ཁམས་པ་ཀུན་བཟང་བླ་མ་དང་། ཁམས་པ་རྒྱ་རི་པད་མ་རྒྱལ་པོ་གཉིས་ཀས་བོད་ཀྱི་བླ་བཙོང་ནས་བོད་སོག་ལས་ཁུངས་ཀྱི་དངུལ་ཚོད་མེད་བཟས་མཐར། ཁྱི་ངན་ཟས་ལ་མ་འཆམ་པའི་ངོ་ཚ་ཁྲེལ་བྲལ་གྱི་ནང་འཛིང་ཞིག་རེད། ས་པཎ་གྱིས། ཁྭ་ཏས་མི་གཙང་བཟས་པའི་མཆུས།། ས་གཙང་གཞན་ལ་འབད་པས་ཕྱིས།། གསུངས་པ་ལྟར། སྐབས་དེའི་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་བདེ་སྲུང་ལས་ཁུངས་མ་དྲུད་ཅིག མ་གཞི་ཁྱོད་ཚོའི་རང་གཤིས་ད་ག་ཡིན་པ་འདྲ། འདས་པའི་ཟླ་བ་འགའ་ཤས་དཀོར་གཟན་མགོ་རིལ་དབུ་རྒྱན་སྟོབས་རྒྱས་ཀྱིས་༸གོང་ས་མཆོག་ལ་ཚད་བརྒལ་གྱི་བཀུར་འདེབས་ཞུ་པར། བསམ་ཤེས་ཅན་འགའ་ཤས་ཀྱིས་རྒོལ་བར། མི་ལ་རང་བཙན་དང་ཐུབ་བསྟན་ཐོགས་མེད་ལ་མ་རྒོལ་བར་ཨོ་སྟོབས་གཅིག་པུར་རྒོལ་བ་འགྲིག་མ་སོང་། ཞེས་སྡུག་སྐད་ག་ཚོད་བརྒྱབ། རྙོག་དྲ་རྒྱུན་མ་ཆད་པ་བཟོ་འདོད་མ་རེད་དམ།
ངས་ཁྱོད་དྲ་འབུ་དཀྲུག་རྒྱལ། གཡོ་སྒྱུ་ཅན་ཞིག་རེད་ཅེས་བཤད་ཡོད། བདེན་པ་ཤིག་སེན་ར་འཕྲོད་འདི་ལྟར། ཁ་བརྡ་རྩོམ་ཡིག་སྔོན་མ་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱི་རྒྱབ་སྐྱོར་པའི་རྩོམ་ཞིག་ཏུ། ཁྱོད་ཀྱི་བཏབ་པའི་མཆན་འདི་ལྟར། “སྤྱིར་འབྲོང་ཆུང་དངོས་གྲུབ་ལགས་སྲིད་སྐྱོང་དུ་འཐོབ་པ་ཡིན་ན་ཁོང་ལ་ཁ་ཆག་སྣ་རལ་མེད་པར་ཆོལ་གསུམ་མཐུན་སྒྲིལ་ལ་དགོས་ངེས་ཅན་གྱི་མི་སྣ་ཞིག་རེད། འོན་ཀྱང་བྱུང་མ་སོང་། སྐལ་རྡོར་ལ་ཡང་དེ་དེ་བཞིན་གྱི་མ་འགྲིག་པ་དང་མ་བྱུང་བ་མེད་ཅིང་། སྲིད་སྐྱོང་དུ་འཐོབ་ན་གཟི་བརྗིད་ཀྱི་རྡོ་རིང་ཞིག་དུ་བགྲང་ཆོག་མོད། འོན་ཀྱང་སྤེན་ཚེའི་ཕྱོགས་གཏོགས་པ་ལྟ་བ་ཕྱིན་ཅི་ལོག་པ་ཚོར་འདོད་བློ་ཁེངས་མི་སྲིད་ཀྱང་མང་གཙོའི་ལམ་དུ་མ་འགྲོ་ཀ་མེད་རེད། གལ་ཏེ་སྤེན་ཚེར་འཐོབ་པའི་དབང་དུ་བཏང་པ་ཡིན་ན་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་དགུ་འཐོར་དུ་འགྲོ་རྒྱུ་ནི་བརྒྱ་ཆ་བརྒྱ་ཐམ་པ་རེད།” ཅེས་བཤད་འདུག སྐབས་དེར་ངས་ཁྱོད་ཀྱིས་སྐུ་ངོ་འབྲོང་ཆུང་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱི་རྒྱབ་སྐྱོར་བའི་བར་དཀྲུགས་ཤིང་རྒྱག་གི་འདུག་ཅེས་ཐེར་འདོན་བྱས་པ་ཡིན། ད་ལྟ་གདོང་རིས་ངོ་མ་ཐོན་མ་སོང་ངམ། ད་ཐེངས་ཡང་སྐུ་ངོ་འབྲོང་ཆུང་བོད་སོག་ལས་ཁུངས་ཀྱི་ཕོགས་གཟན་དང་མཉམ་དུ་དྲུད་འདུག
མ་ཟད་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་བོད་སོག་ལས་ཁུངས་ཀྱི་དངུལ་བླངས་པའི་དཔང་རྟགས་ཁྱེར་ཤོག་ཟེར་ན། ཡང་ཁ་མཆུ་ཨང་ཉི་ཤུ་པ་དང་གཅིག་པ་ཡིན་གྱི་རེད། དབུས་གཙང་སྐུ་དྲག་རྣམས་ཀྱིས་ཐུགས་སྤྲོ་མང་པོ་བཏང་བ་དངོས་ཡོད་རེད། འོན་ཀྱང་ང་ཚོ་བོད་སྡེ་པ་གཞུང་གི་མི་མང་གི་རྒྱུ་ནོར་དཔལ་འབྱོར་ལོངས་སུ་སྤྱད་པ་ལས། ཁྱོད་ཚོ་གོ་མིན་ཏང་ལ་མགོ་བཏགས་པ་ཚོའི་ལག་ནས་སྐར་ལི་གཅིག་ཡོད་མ་རེད། ད་དུང་ངོ་ཚ་རྒྱུ་དང་ཞེ་ཁྲེལ་རྒྱུ་ཡོད་ན། དབུས་གཙང་གི་གདན་ས་ཁག་ལ་ཁྱོད་ཚོའི་གྲྭ་རྒྱུན་ག་ཚོད་ཡོད། ཁྱོད་ཚོའི་ས་ནས་སྤྲང་འཁྱམས་པ་ག་ཚོད་ཡོང་གི་ཡོད། དེ་དག་གི་ཟས་གོས་ཚང་མ་གནམ་ནས་ཟགས་སོང་ངམ། མ་གཞི་ཁྱོད་ཚོར་ངོ་ཚ་ཞེ་ཁྲེལ་ཟེར་བ་རྩ་བ་ནས་ཡོད་ས་མ་རེད། སྤྱི་ཚོགས་དྲ་རྒྱའི་ནང་བཙོག་གཏམ་སྟུ་སྤུའི་སྐོར། དྲ་རྒྱ་འདིར་སྡོམ་བརྩོན་དགེ་འདུན་པ་ག་ཚོད་ཀྱིས་གཟིགས་ཀྱི་མེད་དམ། དེ་དག་ལ་མ་བརྩིས་ཀྱང་ཁྱོད་ལ་གཅེན་གཅུང་སྤུན་མཆེད་ཙམ་ཡང་མེད་དམ། ཡ་མཚན།
ད་དུང་། ཁྱོད་སྔོན་ཆད་ཤར་གླིང་ཟླ་སྒྲོན་དང་རྣམ་རྒྱལ་སྒྲོལ་དཀར་གཉིས་ཀྱི་སྟུ་སྤུ་རྐང་གཅིག་དང་འགྲན་རྩོད་བྱས་པས། སྟུ་སྤུ་གཅིག་ལ་འགྲན་བསྡུར་གཏོང་མཁན་སྐྱག་ལྐུགས་རང་རེད། ཕུ་གཅིག་བཏབ་བཞག་ན་ད་ག་རེད་པའ།
ལྷག་པ་ལྕགས་སྐུད་ཉོན། འབྲོང་ཆུང་དངོས་གྲུབ་ལགས་དང་སྤེན་ཚེ་གཉིས་བསྡུར་བ་ཡིན་ན་འབྲོང་ཆུང་དང་སྤེན་ཚེ་ས་ལྟ་བུའི་ཁྱད་པར་ཡོད་རེད། འབྲོང་ཆུང་ནི་མི་དྲང་པོ་ཞིག་ཡིན་པ་སོང་ཙང་བདེ་སྲུང་ལས་ཁུངས་ནས་བོད་སོག་ལས་ཁུངས་ཀྱིས་དངུལ་ལོ་བླངས་པ་ཁས་ལེན་ས་གྲགས་གནམ་གྲགས་ཆགས་སོང་བ་རེད། དངུལ་ལོ་རྣམས་དབུས་གཙང་གི་ཆབ་སྲིད་བཙོན་པ་ངོ་རྫུན་གཉིས་ཀྱིས་བཟས་ཚར་བ་རེད། ཁྱོད་ལྟ་བུ་ཞིག་གིས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱས་སྐོར་་བཤད་པ་ནི་བགད་མོ་ཤོར་ཡ་རང་རེད། སྤྲུལ་སྐུ་དེས་གསར་འབྱོར་སློབ་གྲྭའི་སློབ་མ་རྣམས་དང་གསར་འབྱོར་བ་ཚོར་ཇི་འདྲའི་རོགས་རམ་བྱས་མྱོང་བ་ཁྱེད་ཀྱི་ཤེས་ཀྱིན་མ་རེད། རེད། ཁྱོད་ཚོའི་སྐུ་དྲག་ཚོས་རང་གི་འབངས་མི་སེར་གྱིས་རྒྱུ་ནོར་ཡོད་ཚད་བཟས། གནམ་ཉིན་མཚན་མེད་པར་ཐུགས་སྤྲོ་ཤ་སྟག་བཏང་པར་བརྟེན་བོད་དབུལ་ཕོངས་སུ་ཆགས་པ་རེད། དབུས་གཙང་གི་གདན་ས་ཁག་ཅེས་མིང་བཏགས་པ་ཙམ་ལས་ནང་གི་མིང་དོན་མཚུངས་པའི་བླ་སྤྲུལ་དགེ་བཤེས་སོགས་ཀྱིས་བོད་ཀྱི་བསྟན་པ་དུས་ད་ལྟའང་ཉམས་པ་མེད་མེད་པར་སླར་གསོ་བཏང་དང་གཏོང་མཁན་བོད་མདོ་ཁམས་གཉིས་ནས་ཡོང་བ་དེ་ཚོའི་བཀྲིན་རེད། ཁྱེད་ཀྱིས་སྐད་ཆ་བཤད་སྟངས་ལ་ཉན་པ་ཡིན་ན་སྤྱང་ཀི་དང་ཁྲུང་ཁྲུང་གཉིས་ཀྱི་སྒྲུང་དེ་དྲན་གསོ་སོང་། མ་གཞི་ནས་ཀ་དག་སྤྲུལ་སྐུ་དང་འབྲེལ་ནས་མི་གསོད་ལག་དམར་བའི་ཉེས་མིངབཏགས་པ་ཞིག་ལ་རྒྱབ་སྐྱོར་བྱེད་མཁན་ཁྱོད་འདྲ་ཞིག་གིས་དྲ་རྒྱ་འདིར་དགེ་འདུན་པ་ག་ཚོད་ཙམ་གཟིགས་ཀྱི་མེད་དམ་ཅེས་དྲི་བ་ནི་རང་གིས་རང་ལ་དྲི་བ་དེ་ཐོངས་ཤིག
མི་ཉག་སྐལ་བཟང་དང་ལྷག་པ་ཅན་གཉིས་ཀྱི་འཆད་པའི་གནད་དོན་ལ་ཞིབ་ན་ཁོ་གཉིས་ཀྱི་བཤོད་སྟངས་མི་འདྲ་བ་རེད་པ་ལས་དམིགས་ཡུལ་གཅིག་ཡིན་འདུག། དམིགས་ཡུལ་དེ་དབུས་གཙང་མིའི་འོས་དེ་ཡིན། དེ་ཡང་མདོ་སྟོད་ནས་ཡིན་པའི་སྲིད་སྐྱོང་འོས་མི་སྐལ་བཟང་རྡོ་རྗེ་ལགས་ནས་འོས་ཁ་བསྟོར་གྱིས་སྤེན་པ་ཚེ་རིང་ལགས་སུ་རག་ཐབས་ཞུ་རྒྱུ་ཁེ་རུང་རེད། དེའི་ཆེད་དབུས་གཙང་ནས་ཡིན་ཁུལ་གྱི་ལྷག་པ་དང་མི་ཉག་གཉིས་རྩོད་པ་ལྟ་བུ་བྱས། དོན་དུ་མི་དེ་གཉིས་ཀྱང་ཕལ་ཆེར་གཅིག་ཡིན་སྲིད། དེ་ཡང་སྤེན་ཚེའི་ཕྱོགས་ཞེན་པ་ཡིན་པ་ཐེ་ཚོམ་མིན་འདུག། གནས་དོན་ཤེས་ལ་མ་ཤེས་ཀྱི་སྐད་ཆ་བཤད། སྤྱི་ཚོགས་རྙིང་པའི་ནད་དེ་གསར་པར་གཡོག ཆོལ་ཁའི་དབར་ལ་འཐེན་ཁྱེར་བཟོས། འདི་ཁྱེད་ཚོ་དང་ཁྱེད་ཚོའི་མགོན་སྤེན་ཚེའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་དང་ཡོན་ཏན་དེ་རེད། ད་དུང་མི་གཞན་ལ་ངན་ཁག་གཡོག འདི་ཁྱེད་རྣམ་པས་ཁོར་ཡུག་དེ་རེད། གང་དག་དུག་གི་རི་གཉན་བཅོལ་ན། དེ་ཡི་འདབ་ཆགས་ཐམས་ཅད་དུག་དུ་བསྒྱུར། ཅེས་དང། Birds of same feather flops together.
ཁོ་ཚོ་ཞེན་ནད་ཀྱིས་མནར་ཡིན་ཀྱང་དབུས་གཙང་མི་མང་པོ་ཞིག་གིས་མེ་ལ་ས་སྣུམ་བཏབ་པས་ནད་གཞི་སྡུག་ཏུ་བཏང་། ༧རྒྱལ་བའི་དགོངས་པ་དཀྲུགས་པའི་གནས་ཚུལ་ཡོད་ནའང་ད་དུང་རང་ཉིད་ཕྱེ་་མ་ལེབ་ཏུ་སྤྲུལ་ནས་ཁོ་ཚོའི་རྒྱབ་ཏུ་ལངས་ནས་མཆོད་མེ་དུ་སྲོག་གཏད། གཟབ་གཟབ་མ་བྱས་ན་ལས་ངན་དྲག་པོ་བསག་ཡོང།
ད་ཆ་རང་གི་བཙོས་པའི་ཆང་དབུ་དཀར་ཚང་སྐལ་རྡོར་ལགས་ཡིན་དུས་རྒྱལ་ཁབ་ལ་མོས་གུས། ཡ་རབས་བཟང་སྤྱོད་ལ་མཆེ་མཐོང་། བླ་མ་སློབ་མའི་འདུ་ཤེས། ༧ དབུ་ཁྲིད་ཁོང་གིས་བཀྲིན་དུ་ཁ་ཞེ་གཉིས་མེད་ཀྱི་བསམ་ཞིབ་ཞུ་མཁན་དང་། དེ་བཞིན་སྤེན་ཚེ་ལ་སྔོན་འགྲོའི་འོས་མ་བླུགས་མཁན་ཚང་མས་འོས་སྐལ་རྡོར་ལགས་སུ་ལོས་ཀྱང་གནང་ལ་གནང་འོས་ཀྱང་མཆི་བས་དོན་རྩ་རྡོག་ཏུ་བསྒྲིལ་ཤོག
མི་ཉག་སྐལ་བཟང་མུ་མཐུད་ཉོན། ཁྱོད་དང་ལྷན་དུ་རྩོད་གླེང་བྱས་པའི་རིང་ཉིན་རེ་ལས་ཉིན་རེ་ཁྱོད་ཀྱི་རང་མདོག་ངན་པ་དེ་ལྷང་དུ་བུད་སོང་། དེའི་རིང་གནད་དོན་གསུམ་གསལ་པོ་ཆགས་སོང་བ་ནི།
༡ ཁྱོད་རང་དྲ་འབུ་དཀྲུག་ལྐྱལ་གཡོ་སྒྱུ་ཅན་ཞིག་ཡིན་པ།
༢ ༸གོང་ས་མཆོག་གིས་སྲིད་ཀྱི་མཛད་འགན་བཞེས་མུས་སྐབས་ཀྱི་བོད་གཞུང་དེ་བོད་སོག་ལས་ཁུངས་ཀྱི་དངུལ་ལོར་ཟ་མཁན་ཡིན་པ་མི་ངན་ལི་ཐང་ཨ་ཐར་སོགས་ཀྱིས་བཤད་པ་དང་གཅིག་མཚུངས་མདོར་ན། ཁྱོད་རང་བཙན་བྱོལ་བོད་གཞུང་ནག་པོ་བཟོ་རྩིས་བྱེད་མཁན་ཡིན་པ།
༣ ཁྱོད་རང་དཀོར་གཟན་མགོ་རིལ་ཨོ་སྟོབས་ཀྱི་ས་ནས་ལྟོ་གོས་སྦྱིན་པ་ཞུས་པའི་ཨོ་སྟོབས་ཀྱི་ཁྱི་ཕྲུག་ཨོ་སྟོབས་ལ་རྗེས་སུ་ཡི་རང་ཚད་མེད་བྱེད་མཁན་ཡིན་པ། ཨོ་སྟོབས་ཀྱིས་༸གོང་ས་མཆོག་ལ་གཞི་མེད་ཚད་བརྒལ་གྱི་སྐྱོན་བརྗོད་ཞུས་པར་ཕལ་ཆེར་ལེགས་སུ་ཡོད་རྒྱུ་རེད།
ང་ཚོའི་སྐུ་དྲག་གིས་ཐུགས་སྤྲོ་བཏང་ནས་ང་ཚོའི་གཞུང་སྐྱོ་པོ་ཆགས་པར་ཁྱོད་ཚོའི་སེམས་འཁུར་དགོས་པ་མེད། གཏམ་དཔེར། ཁལ་བུང་བུས་འཁྱེར།། རྒྱ་ལམ་སྐེད་པ་ན།། ཞེས་པ་དང་གཅིག་རེད། དེ་ལས་ཁྱོད་རང་ཚོའི་གཞུང་ཐའེ་ཝན་དུ་ཡོད་པ་དང་། ཐའེ་ཝན་དུ་ཡང་མང་གཙོ་ཚོགས་པའི་ལག་ནས་ཕམ་ཉེས་སྐབས་སྔ་ཕྱིར་ཉོས་ཏེ། ད་ཆ་འགྱེལ་ལ་ཁད་དུ་ཡོད་པ་དེར་སེམས་འཁུར་མང་ཙམ་བྱ་ན། རྒྱུ་འབྲས་དང་མཐུན་པ་ཡོད།
ད་དུང་། བོད་ཀྱི་བསྟན་པ་དུས་ད་ལྟའང་ཉམས་པ་མེད་པར་སླར་གསོ་བཏང་དང་གཏོང་མཁན་བོད་མདོ་ཁམས་གཉིས་ནས་ཡོང་བ་དེ་ཚོའི་བཀྲིན་ཡིན་ན། ཁོང་ཚོ་དེ་ལྟར་ཆགས་པ་སུའི་བཀའ་དྲིན་ཡིན་ལན་ཐོབས་དང་།
ཀ་དག་སྤྲུལ་སྐུའི་སྐོར་ཨས། ད་གཡུགས་ཤོག ཨ་རོག སྔོན་ཆད་ཁམས་པ་བསོད་ནམས་སྟོབས་རྒྱལ་དང་ལོ་ཤས་སྔོན་ཁམས་པ་བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་ར་བའི་ནང་ཤོད་ཚོད་མེད་པ་བཤད་སོང་། ཚོགས་ཟུར་སྤེན་ཚེ་ལགས་ཀྱིས་གྲོས་ཚོགས་ཀྱི་ཕྱི་རོལ་དུ་ཤོག་དང་གསུངས་དུས་ཁོ་པ་གཉིས་ཀ་དབུགས་བཏང་མ་ཐུབ་པ་སྡོད་ཀྱི་འདུག་གའ། ཁྱོད་མི་ཉག་སྐལ་བཟང་ཡང་ད་ག་ཡིན་རྒྱུ་རེད།
སྐུ་ངོ་ལགས་ཀྱིས་གྲོས་ཚོགས་རྭ་བའིཕྱི་རོལ་དུ་གསུངས་ན་ཁྲིམས་ལ་གཏུག་གིན་ཡིན་གསུངས་སོང་། ད་ཕྱི་རོལ་དུ་ཀ་ཏ་སྤྲུལ་སྐུ་ཚང་གི་མག་པས་གསུངས་ཚར་འདུག
ད་ག་དུས་གཏུག་ཡ་ཡིན་ནམ།?
སྐུ་ངོ་ལགས་ཀྱིས་གྲོས་ཚོགས་རྭ་བའི་ཕྱི་རོལ་དུ་གསུངས་ན་ཁྲིམས་ལ་གཏུག་གིན་ཡིན་གསུངས་སོང་། ད་ཕྱི་རོལ་དུ་ཀ་ཏ་སྤྲུལ་སྐུ་ཚང་གི་མག་པས་གསུངས་ཚར་འདུག
ད་ག་དུས་གཏུག་ཡ་ཡིན་ནམ།?
ལྷག་པ་ལྕགས་མགོ་ཉོན། རྩམ་པ་རང་གིས་བཟས། རྩམ་ཁུག་སྟོང་པ་གཞན་ལ་སྤྲོད་མཁན་དེ་ཁྱེད་དང་ཁྱེད་འདྲ་བའི་དབུས་གཙང་གི་ཀླད་སྟོང་འགའ་ཤས་ཤིག་རེད། གོ་མི་ཏང་གི་དངུལ་ལོས་རྒྱགས་པ་རིལ་རིལ་ཁྱོད་ཚོ་ཆགས་པ་རེད། ཁྲིམས་དཔོན་ཚོ་ཡང་དབུས་གཙང་གི་རྒྱུགས་ཁྱི་ཡིན་པ་སྔ་ས་ནས་ཤེས་ཀྱི་ཡོད། དེ་རིང་ཁྲིམས་ཐག་གཅོད་སང་ཉིན་ཁྲིམས་དཔོན་གྱི་ལས་གནས་ནས་རྩ་དགོངས་ཞུ་མཁན་ཡང་དབུས་གཙང་གི་མི་མ་རེད་པས། དེའི་རྒྱབ་ལྗོངས་ན་ཇི་བཞིན་མཚོན་ཐུབ་བམ། གཞན་གྱི་གདོང་ལ་གཡག་འགྲོ་བར་མཐོང་རུང་། རང་གི་གདོང་ལ་ཤིག་འགྲོ་བར་མ་མཐོང་མཁན་ཁྱེད་དང་ཁྱེད་འདྲ་ཚོ་རེད། སྤྲུལ་སྐུ་ཨོ་སྟོབས་ཀྱིས་གོང་ས་མཆོག་ལ་མཚན་སྨད་ཞུས་ཡོད་པ་ཞིག་ངས་མཐོང་ཐོས་མ་བྱུང་། སྤྲུལ་སྐུ་ཁོང་གིས་གང་གསུངས་པ་ཇི་ལྟ་བཞིན་དུ་བོད་ཀྱི་བང་ཆེན་སྒང་ལ་ད་ལྟ་ད་དུང་ཡང་ཡོད་པས་དེར་ཐེངས་འགའ་ཤས་ཀློག་དང་ཁྱེད་ལ་བྱིན་རླབས་འཐོབ་ངེས་རེད། མི་དཀར་པོར་ཞྭ་མོ་ནག་པོ་གཡོགས་ཞེས་པའི་གཏམ་དཔེ་འདི་སྟོད་ཉི་མ་ལྷ་ས་ནས་བྱུང་བའི་མང་ཁྲོད་ཀྱི་གཏམ་དཔེ་དེས་དེ་དང་དེའི་མང་ཚོགས་ཀྱི་འཚོ་བ་མཚོན་ཡོད་པས་ཁྱོད་ཚོས་མི་དཀར་པོར་ཞྭ་ནག་གཡོག་རྒྱུ་ངན་ལང་དུ་ཤོར་སོང་བ་རེད། ཐབ་ཆུང་ཆུང་འདིར་མེ་ཚ་པོ་གཏོང་མཁན་སྐུ་ངོ་བསོད་ནམས་སྟོབས་རྒྱལ་མཆོག་དང་བསྟན་པ་ཡར་འཕེལ་མཆོག་གཉིས་ཡིན་པས་ཁོང་གཉིས་ནི་མང་གཙོའི་རྡོ་རིང་རང་རེད། ཀ་སྟག་སྤྲུལ་སྐུའི་སྐོར་ངས་གཡུགས་ཆོག་མོད། འོན་ཀྱང་སྤྲུལ་སྐུ་ཚང་གི་མག་པ་དང་བོད་རྒྱ་ཆེ་མང་ཚོགས་ཀྱི་གཡུགས་བཞག་གི་མ་རེད། དེ་གཡུགས་ཆོག་ཆོག་ཅིག་མ་རེད། གནད་དོན་དེ་ད་ཆར་གྲོས་ཚོགས་ར་བའི་ཕྱི་རོལ་ཏུ་འབྲུག་སྒྲ་ལྟར་གྲགས་བཞིན་པར་ཐོས་ཨེ་བྱུང་། མི་གསོན་པོར་བདག་པོ་མེད་ཀྱང་། རོ་ལ་རོ་བདག་ཡོད་ཅེས་པ་ལྟར་རེད། ད་དུང་ཁྱོད་ཁ་རྒྱགས་པ་མང་པོ་ཤོད་དང་ནམ་ཞིག་སྤེན་ཚེ་སྣང་བཞིན་ཆང་དང་ཨ་རག་གི་མི་ཚེ་མཐའ་བསྐྱལ་དགོས་ཆགས་ཡོང་།
མི་ཉག་སྐལ་བཟང་མུ་མཐུད་ཉོན། ཁྱོད་ཚོས་ང་ཚོ་དབུས་གཙང་དག་པའི་ཞིང་ཁམས་སུ་འཁྱམས་ཉུལ་ལ་ཡོང་སྐབས་རྩམ་པ་དང་རྩམ་ཁུག་གཉིས་ཀ་བཅོམ་པའི་ལོ་རྒྱུས་བཤད་ཀྱི་ཡོད་པས།
མཆོད་རྟེན་མགོ་མཇུག་ལོག་ཀྱང་། བང་རིམ་སྐེད་པར་གནས་ཟེར་བ་ལྟར། བཙན་བྱོལ་བོད་སྡེ་པ་གཞུང་གི་སྐུ་ངོ་ཆེན་མོ་ཁྲིམས་ཞིབ་པ་རྣམ་པ་ཚོས། བཀོད་པའི་མི་དང་བཙུགས་པའི་ཤིང་། ཞེས་པ་ལྟར། ཕྱོགས་རིས་དང་ཞེ་སྡང་གིས་སྤྱི་ཚོགས་ཧྲིལ་པོའི་བདེན་དོན་སྒྲིབ་ལ་ཉེ་སྐབས། དཀར་ས་ནག་དེད་ཀྱིས་ཁ་མཆུ་ཨང་ཉི་ཤུ་པའི་བཅད་ཁྲ་ཆེན་མོའི་གཉའ་ཤིང་གིས་ཉེས་ཅན་པའི་གཉའ་ནས་མནན་སྐབས་དུས་དེ་ནས་བཟུང་། ང་ཚོའི་སྤྱི་ཚོགས་འདིར་རེ་བའི་མིག་འབུར་གཏོད་ས་ཞིག་བྱུང་སོང་བ། དེ་ལྟ་བུའི་མཛད་བཟང་ནི། དཔའ་ལ་མཛངས་པ། ལྷ་མི་ཀུན་ཤེས་ཡིན།
འོན་ཀྱང་ཉེས་ཅན་པ་བློ་སེང་ནི་ཧ་བ་ཊིའི་ཁྲིམས་རྩོད་པའི་ལག་ཁྱེར་རྫུན་མ་ལ་ཡང་ངོ་ཚ་སྟེ། ད་བར་གཟི་བརྗིད་ཁོག་སྟོང་གི་ཟིལ་ཤུགས་ཡོངས་རྫོགས་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར།
ཀ་དག་སྤྲུལ་སྐུའི་མག་པས་བཤད་ཟེར་བའི་ལན། བང་ཆེན་གསར་ཤོག་ཐོག་ཁྱོད་ཚོས་ཀྱང་ཐོས་མ་བྱུང་ངམ། དག་བཅོས་བྱས་པ་རེ་རེར་ལན་ཐོབས་དང་། དེ་ནས་ཁྲིམས་ཁང་དུ་འགྲོ་དགོས་མིན་ལྟ་རྒྱུ་རེད། ཝ་ཡེ། སྐབས་དེ་དུས་ཁྲིམས་རྩོད་པ་བློ་གྲགས་འདྲ་པོ་ཁྲིད་མ་ཡོང་རོགས། གཅིག་བྱ་ན། ཀ་དག་སྤྲུལ་སྐུའི་མག་པ་དེ་ཨ་རོག་ཁམས་པའི་རྟོགས་བཟོ་ཡིན་སྲིད། གཅིག་བྱ་ན་ཀ་དག་སྤྲུལ་སྐུའི་མག་པ་དེ་ཨ་རོག་ཁམས་པའི་སྟོན་ཀའི་འབྲུག་སྒྲ་ཡིན་གྱི་རེད། འབྲུག་འུར་སྒྲ་ཆེ་ཡང་སྟོང་པ་རེད། སྟོང་སྒྲ་ཞེ་དྲག་བསྒྲགས་ན། ཡང་བློ་སེང་ཁ་མཆུ་ཨང་ཉི་ཤུ་པའི་སྐབས་ཕར་བྲོས་ཚུར་བྲོས་བྱས་པ་བཞིན་ཁྱོད་ཀྱང་གབ་ཁུང་བཙལ་དགོས་པའི་དུས་ཤར་ཡོང་ཨ་རོག དེ་མིན་ན། ཨ་རོག་གི་ཁྲིམས་རྩོད་པ་བློ་གྲགས་པས་ངའི་རྐང་པ་བཏུབ། ལག་པ་བཏུབ་བྱས་སོང་ཞེས་སྡུག་སྐད་ལྡི་རི་རི་དང་། མཐའ་མ་ཁྲིགས་རྩོད་པའི་ལག་ཁྱེར་དེ་ཡང་ཤོར་འགྲོ་བའི་ཡ་ང་བའི་གནས་སྟངས་མུ་མཐུད་མྱོང་དགོས་ཆགས་རྒྱུ་རེད་དྰ།
ཀ་ཏག་མག་པའི་སྐད་ཆ་དེ་ལ་ཁྲིམས་ཁང་དུ་གཏུགས་ཕོད་ན། སྐད་ཆ་དེ་དག་བོད་ཡིག་ལ་དག་ཆ་མི་འདུག་བསམ་ན། དབྱིན་ཡིག་ནང་ལ་ཁ་གསལ་གཏིང་ཟབ་འདུག །ཁོས་གཞི་འཛིན་ས་ངོ་མ་དེ་དབྱིན་ཡིག་ཡིན་ལབ་འདུག ད་དུང་ངག་ཐོག་གི་སྒྲ་ཚང་མ་བོད་པའི་གསར་འགོད་པ་དག་གིས་བླངས་འདུག ཡུལ་ལ་དགྲ་བྱུང་ན། རྔ་འབྱར་ཁྱི་ཡིན་ཡང་ཟུག་དགོས་པའི་་དཔེ་ལྟར། སྐུ་ངོ་སྤེན་ཚེའི་རྒྱབ་སྐྱོར་བ་དག་་མ་འཆུག་ཤོག དེ་ཁྲིམས་ཁ་ནས་དཀར་འདོན་བཟོ་མ་ཐུབ་ན། ཉེས་ཅན་པ་ངོ་མ་དེ་དུས་ཆགས་པ་རེད། ༼
ཁ་མཆུ་ཨང་་༢༠ པ་ཤོར་ན་ཉེས་ཅན་པ་ཆགས་པ་རེད་མདོག་མདོག་བྲིས་འདུག ་ཀྱང་། n.adj.n. ཁྲིམས་འགལ་ཉེས་པའི་རིགས་ criminal ཞེས་པ་དེ། བོད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་ཆོག་མ་རེད། དེ་ཁྲིམས་ཁང་གི་ཁྱབ་ཚད་ནང་ལ་ཡོད་མ་རེད། ཡུལ་ཁྲིམས་དང་འགལ་བའི་རིགས་དེ་ཡུལ་ཁྲིམས་ཁོ་ན་ལ་གཏུགས་དགོས་རེད། ཁ་མཆུ་༢༠ པ་དེ་་འཛིན་སྐྱོང་གི་རྩོད་རྙོག་ཙམ་རེད། དེ་ཐོབ་ཤོར་ལ་ཉེས་ཁྲིམས་ཀྱི་དཀར་ནག་ཆགས་པའི་གནད་དོན་རྩ་བ་ནས་མ་རེད། དྲ་འབུ་་ལྷག་པས། བླུན་གཏམ་མ་བཤད། A B C D སྦྱོངས། གཞི་ནས་དྲ་མཆན་བྲིས། སྤྱི་ཚོགས་མ་དཀྲུགས་རོགས།
ལྷག་པ་ཉོན་ཅིག གནའ་སྔ་མོར་བྱང་ཐང་གི་འབྲོག་པ་ཚོས་དབུས་གཙང་མིའི་སྡུག་ཁ་ནས་ཡིན་ན་ཡང་ཟེར་ལེ་དེ་སྡུག་ལེ་རེད་ཅེས་བཉཡང་ཐང་གི་འབྲོག་པ་ཚོ་དུས་ད་ལྟ་ཡང་དབུས་གཙང་གི་མི་ལ་མགོ་ན་བསྡད་ཉུང་ཉུང་གཏན་ནས་མ་རེད། ཐུག་ས་གཅིག་ལ་ཐུག་དུས་དབུས་གཙང་མི་ཚོས་ཆུ་ལ་གཡུག་གིན་རེད་ཅེས་བཤད་སྲོལ་ཞིག་ཀྱང་ཡོད། མདོར་ན་སེ་འབྲས་དགའ་གསུམ་སྐྱོར་མཁན་ནི་མདོ་སྟོད་སྨད་ཀྱི་བླ་སྤྲུལ་དགེ་བཤེས་རྣམས་དང་གྲྭ་རྐྱང་ཚོ་རེད། དབུས་གཙང་ཡུལ་ནས་རིག་གནས་གསར་བརྗེའི་སྐབས་ཀྱང་སྡུག་ཐོག་སྡུག་བརྩེགས་མྱང་མཁན་ཡང་མདོ་སྡོད་སྨད་ཀྱི་མང་ཚོགས་རྣམས་རེད། སྡུག་ལ་སྦྱར་མཁན་ནི་དབུས་གཙང་གི་ཁ་ནས་བོད་རིགས་སྤུན་ཟླ་ཟེར་མཁན་དེ་ཚོ་རེད། ང་དགུ་ལོའི་སྟོད་སྨད་བར་གསུམ་ན་སྲོག་གི་གཏའ་མར་བཞག་སྟེ་དགྲ་བོར་རྒོལ་མཁན་ཡང་མདོ་སྨད་ཀྱི་དཔའ་བོ་དཔའ་མོ་རྣམས་རེད། གོང་ས་མཆོག་ལྷ་ས་ནས་འཕགས་ཡུལ་གདན་དྲངས་མཁན་ཡང་མདོ་སྟོད་སྨད་ཀྱི་དམག་དཔོན་དང་དམག་མི་ཚོ་རེད། རང་དབང་སྒེར་ལངས་ཀྱི་ཉིན་མོ་ཡང་སྲོག་འབེན་ལ་བཙུགས་མཁན་མདོ་སྨད་ཀྱི་དཔའ་རྒོད་ཚོ་རེད། ས་བྱིངས་ཞི་རྒོལ་ཆེན་མོའི་སྣེ་འཁྲིད་མཁན་ཡང་མདོ་སྨད་ཀྱི་ཕོ་རྒོད་མོ་རྒོད་ཚོ་རེད། མི་རིགས་ཀྱི་ཆེད་དུ་རང་ལུས་ཡན་ཆད་ཀྱང་མེར་བསྲེགས་མཁན་ཡང་མདོ་སྨད་ཀྱི་དཔའ་བོ་དཔའ་མོ་ཚོ་རེད། བཙན་བྱོལ་གྱི་སྒྲིག་འཛུགས་འདི་འདྲ་འདྲ་བའི་ནང་ནས་མ་འདྲ་བ་བསྐྱངས་དང་སྐྱོང་མཁན་ཡང་མདོ་སྟོད་སྨད་ཀྱི་ཤེས་ཡོན་ཅན་དང་ལ་རྒྱ་ཅན་ཚོ་རེད། ལྷ་སའི་སྐྱིད་ཆུ་འགྲམ་ལ།། བྱེ་མའི་མཆོད་རྟེན་བཞེངས་ཡོད།། ཆུ་ཤག་རེ་རེ་འོང་ཁར།། མཆོད་རྟེན་མགོ་མེད་མཇུག་མེད། ཅེས་ཁྲིམས་ཞིབ་པ་རྣམ་པ་ཚོ་ཡང་དེ་འདྲ་རང་རེད། སྤེན་ཚེ་ཁྲིམས་ལ་སྦྱར་དུས་བློ་བཟང་མིང་ཅན་སྟོང་ཕྲག་ཡོད་རུང་ཕན་ཐོགས་མ་ཡོང་། ཀ་སྟག་བླ་མའི་གནད་དོན་དེ་སིམ་ལའི་ཁྲིམས་ཁང་དང་ཀ་ཎ་ཊ་ཀའི་ཁྲིམས་གཉིས་གང་རུང་གཏན་འཁེལ་སོང་ན་ལྟད་མོ་རྗེས་ནས་མཐོང་ཡོང་།
མི་ཉག་སྐལ་བཟང་མུ་མཐུད་ཉོན་ཅིག བྱང་ཐང་གི་འབྲོག་པ་དང་མདོ་སྨད་ཀྱི་མགྲིན་ཚབ་པར་ཁྱོད་བསྐོས་པ་ཡིན་ནམ། དེ་མིན་ན་བྱང་ཐང་གི་འབྲོག་པ་དང་མདོ་སྨད་ཀྱི་སྐོར་གཡུགས་ཞོག ཇུས་ཏོག་མ་བྱེད། མ་གཞི་ཨ་རོག་ཁམས་པ་འདི་རིགས་སྐྱག་སྦྲང་དང་གཅིག་པ་རེད། གཅིག་ཟེར་འཕྲོ་ལ་གཞན་ལ་ཇུས་ཏོག་བྱེད་ཀྱི་རེད། གཟུགས་རིང་ཐུང་དང་ཤ་རྒྱགས་ལོད་ཀྱི་རྩེད་ཚར་ལ་ནད་མ་འཁྱོག་པར་གྲི་རིང་གནམ་ལ་འཕྱར་གྱི་རེད། ངེད་དབུས་གཙང་པ་རྣམས་གང་ལ་སྲོག་བཙུགས་དགོས་པ་དང་གང་ཞིག་རྩེད་མཚར་ཡིན་མིན་གསལ་འབྱེད་ཐུབ་ཀྱི་རེད། ནམ་རྒྱུན་དོན་ཆུང་མ་ཡིན་པར་འགག་ལ་ཐུག་དུས་ང་ཚོས་སྲོག་ལ་བརྩིས་ཀྱི་མ་རེད། ཨ་རོག
ཐུག་ས་གཅིག་ལ་ཐུག་དུས་དབུས་གཙང་མི་ཚོས་ཆུ་ལ་གཡུག་གིན་རེད་ཅེས་བཤད་སྲོལ་ཞིག་ཀྱང་ཡོད་ཨས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་བོང་བ་གསེར་གཟིགས་ཀྱིས་སྤོམ་མདའ་སྟོབས་རྒྱལ་རུ་དཔོན་ལ་བསྐོས་ཏེ་ཁམས་པའི་དམག་སྡེ་ཞིག་བཙུགས་གནང་ནས་དེར་གོ་མཚོན་དང་ཟས་གོས་གང་ཅིར་མཐུན་འགྱུར་གནང་ཡང་། ༸གོང་ས་བཅུ་གསུམ་པ་སྐུ་གཤེགས་རྗེས་བོད་སྡེ་པ་གཞུང་ལ་ཡར་མེ་མདའ་འཕངས་པ་དེ་ཨེ་ཤེས། ཨ་རོག ད་དུང་རྒྱ་དམར་གྱིས་འབྲི་ཆུ་ཕ་རོལ་ནས་ཐེངས་དང་པོར་བཙན་འཛུལ་བྱེད་སྐབས་མེ་མདའི་སྐམ་པ་ཡང་མ་མནན་པར་མགོ་བཏགས་ཐེངས་དང་པོར་ཞུ་མཁན་དེ་སྡེ་དགེ་རྒྱལ་སྲས་སྐལ་བཟང་དབང་འདུད་ཅེས་པ་དེ་ཡིན་པ་ལས་ངེད་དབུས་གཙང་པ་མིན། སྡེ་དགེ་སྲས་སྐལ་བཟང་དབང་འདུས་ཞེས་པ་དེར་བོད་སྡེ་པ་གཞུང་གིས་མི་རིགས་གཅིག་པའི་ལ་རྒྱར་དགོངས་ནས་བོད་དམག་གི་མདའ་དཔོན་ལ་བསྐོ་གཞག་གནང་ཡང་མཐའ་མར་འོང་རྒྱུ་དེ་འདྲ་རེད་དོ།། ཆུ་སྒང་གིས་བོད་ལྷོ་ཕྱོགས་ཁུལ་གྱི་ས་ཆ་མང་པོ་ཞིག་བཟུང་སྟེ་༸གོང་ས་མཆོག་གདན་འདྲེན་ཞུ་སྐབས་ལམ་བདེར་གྱུར་ཡོད་ཀྱང་། ཆུ་སྒང་གིས་གདན་དྲངས་པ་རེད་ཅེ་ན། གད་མོ་ཤོར་རྒྱུ་རང་རེད། རང་གི་ལུང་པར་ཁུངས་མ་འཁྱོལ་བར་དབུས་གཙང་ཁུལ་དུ་ཇག་བཅོམ་ཚོད་མེད་བྱེད་མཁན་དེ་རིགས་ལ་༸གོང་ས་མཆོག་རྩིས་སྤྲོད་སུས་བྱེད་དམ།
མི་ཉག་སྐལ་བཟང་ཟེར་མཁན་ཞིག་རང་མདོག་སྟོན་སར་སླེབས་འདུག་བ། མུ་མཐུད་རང་མདོག་སྟོན་ཤོག་ཨ།
ཆུ་བཞི་སྒང་དྲུག་ཚོགས་པས་༸གོང་ས་མཆོག་ལྷ་ས་ནས་གདན་དྲངས་པ་རེད་ཨེ། ངས་གོ་ཐོས་ལ་གཞིགས་ན་དེ་འདྲ་མི་སྲིད་པ་རེད་འདུག རྒྱུ་མཚན་ཧ་ཅང་མང་པོ་ཡོད། ཆུ་སྒང་ཚོགས་པ་དེ་༸གོང་ས་མཆོག་ལྷ་ས་ཁུལ་དུ་ཕེབས་རྗེས་གཞི་ནས་ལྷན་བཅར་ཞུས་ཡོད། རྒྱུ་མཚན་དེས་༸གོང་ས་མཆོག་གདན་ཞུས་བྱས་པ་ཡིན་ན་ཁོང་དང་ལྷན་དུ་མདུན་ན་འདོན་སོགས་མི་བརྒྱ་ཕྲག་བརྒལ་བ་ཡོད་དོ། བདེན་པ་ཡིན་ཧ་ཧ་ཧ་ཧ་
ལྷ་སའི་ལྷོ་ཁུལ་དུ་བཅོས་ཡོད།
མི་ཉག་སྐལ་བཟང་ཟེར་བའི་བློ་མིག་ཞ་ར་ཅན་དེ་ཉོན། ཨོ་སྟོབས་ཀྱིས་གོང་ས་མཆོག་ལ་མཚན་སྨད་ཞུས་ཡོད་པ་ཞིག་ངས་མཐོང་ཐོས་མ་བྱུང་ཟེ་ན་ཅི་རེད། ཁྱོས་རྨྱོས་ཆུ་བཏུང་ཡོད་མ་རེ་བ། ཨོ་སྟོབས་ཀྱིས་༸གོང་ས་མཆོག་བསྟན་དགྲ་ཅེས་པ་མཚན་སྨད་མིན་ན་ཅི་རེད། བང་ཆེན་ལ་བལྟས་ནས་ཡིད་ཆེས་མཁན་སུ་ཡོད་དམ། མི་ཚང་མ་ལྐུག་པ་མ་རེད་གདའ། གྲྭ་གཟུགས་རང་ཡིན།
ལྷག་པ་དང་བུ་ཆུང་ཚེ་རིང་། རྣམ་པ་གཉིས་ཀ་ཕལ་ཆེར་བོང་བུའི་རྣ་ཅོག་ནང་གསེར་བླུག་རུང་བྱེ་མ་བླུག་རུང་གཅིག་པ་གཅིག་རྐྱང་རེད་འདུག ངས་ཚོད་དཔག་ལྟར་བྱས་ན་ཁྱེད་གཉིས་སྤྱི་རྫས་སྒེར་བདག་ཅན་ཟླ་བ་ཚེ་རིང་གི་ལག་གཡོག་ཡིན་པ་འདྲ། གོ་ཐོས་ལྟར་ན་ཟླ་བ་ཚེ་རིང་ལ་ལག་གཡོག་འགའ་ཤས་ཡོད་པ་དག་ལ། ཤེས་ཡོན་མེད་ལ་འཇོན་ཐང་མེད། འགྲོ་ས་མེད་ལ་བསྡད་ས་མེད། ཅི་གང་མི་ཤེས་མཁན་གྱི་གསར་འབྱོར་བ་གར་འགྲོ་འདི་འགྲོ་མེད་མཁན་ཁ་ཤས་ཡོད་རེད་ཅེས། ལྟོས་དང་དབུས་གཙང་སྤྱི་ཁྱབ་རྒྱུན་ཁང་གིས་ཁ་སྔོན་གསར་བསྒྲགས་ལྟ་བུའི་ཤོག་ལེབ་ཅིག་སྟེ་ད་ཆར་གད་སྙིགས་ལྟ་བུའི་རུལ་སོང་བ་དེ་ཁྱེད་གཉིས་ཀྱིས་བྲིས་པ་འདྲའོ། བུ་ཆིང་ཚེ་རིང་ཉོན། སྤྲུལ་སྐུ་ཨོ་སྟོབས་ཀྱིས་གོང་ས་མཆོག་ལ་མཚན་སྨད་ཞུས་སོང་ལབ་མཁན་ཡང་ཁྱེད་རང་ཚོ་རེད། ཁོང་གིས་ཡིག་ངག་གཉིས་ཐོག་ཐོས་རྒྱུ་མཐོང་རྒྱུ་འདུག དེའི་ནང་ན་ཁོང་གིས་གོང་ས་མཆོག་ལ་བསྟན་སྒྲ་ཞེས་ཐ་སྙད་ཟུར་ཙམ་ཡང་མི་འདུག ཁོང་གིས་གོང་ས་མཆོག་ཕུད། གཞན་པ་བླ་སྤྲུལ་ཚོས་དྲ་ཐོག་ནས་དབང་གནང་པ་ཡིན་ན་བསྟན་པ་བཤིག་པའི་སྟ་རེ་ཆགས་ས་རེད་ཅེས་གསུངས་པར་དགོས་པ་རྒྱུ་མཚན་རི་བོ་ལས་ཀྱང་མཐོ་བ་འདུག མ་གཞི་ནས་དེ་ཚོ་ཁྱེད་གཉིས་ལ་འགྲེལ་བཤད་རྒྱག་ན་ཡང་ཕན་ཐོགས་ས་མ་རེད། ཁྱེད་གཉིས་ནི་མིའི་མགོ་ལ་རྭ་ཅོ་མེད་པ་ཙམ་རེད་འདུག་
མི་ཉག་སྐལ་བཟང་མུ་མཐུད་ཉོན་ཅིག
ང་ཚོ་དབུས་གཙང་པ་འཇོན་ཐང་ཅན་ཐོན་པ་དང་ཕྲག་དོག་ཆེ་བའི་ཨ་རོག་ཁམས་པའི་མིག་ནང་གི་མཚེར་མ་རེད། སྐུ་ངོ་ཟླ་བ་ཚེ་རིང་གིས་ད་བར་གསར་འབྱོར་ཁམས་པ་རྣམས་ལ་ཕན་ཐོགས་ཤོས་བྱས་སོང་། བཀའ་དྲིན་ལ་བསམ་ཤེས་མེད་པ་དྲིན་ལན་ལོག་འཇལ་མ་བྱེད། སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཨས། དབྱིན་ལན་དུ་ཡོད་པའི་ཁམས་པ་ཕུན་ཚོགས་དབང་རྒྱལ་དང་ཉི་ཧོང་དུ་ཡོད་པའི་ཁམས་པ་རྒྱ་རི་པདྨ་རྒྱལ་པོ་གཉིས་ཀྱིས་བོད་ཁང་ཧམ་འཕྲོག་བྱས་པ་དང་། བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་རྒྱུ་དངོས་ཕོན་ཆེ་ལྐོག་བཟས་བྱེད་མཁན་ཁམས་པ་ཨ་ལོ་ཆོས་མཛད། ད་དུང་ལྡི་ལིར་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ཁང་སྒེར་བདག་བྱེད་མཁན་སོགས་སྤྱི་རྒྱུ་སྒེར་བདག་དང་། རྐུ་འཕྲོག གསོད་བཏུབ། བཙན་གཡེམ་བྱེད་མཁན་བཅས་ཀྱི་ལོ་རྒྱུས་བཤད་ན། ཨ་རོག་ལས་མང་བ་ཕལ་ཆེར་ཨབ་གྷ་ནི་སི་ཐན་རྒྱལ་ཁབ་ཏུ་ཡང་ཡོད་རྒྱུ་མ་རེད།
༸གོང་ས་མཆོག་ལ་རྒྱ་མིས་རྒོལ་དྲགས་པས་འཛམ་གླིང་དུ་སྔར་བས་སྙན་གྲགས་རྒྱས། དེ་བཞིན་སྐུ་ངོ་ཟླ་བ་ཚེ་རིང་ལ་ཡང་ཁམས་པས་སྙོན་དཀྲི་མང་དྲགས་པས་ད་སྐབས་དབུས་གཙང་པའི་མཚོན་རྟགས་ལྟ་བུར་གྱུར་ཡོད། དབུས་གཙང་མི་མང་རྣམས་ཀྱིས་ཁོང་ལ་མ་ཉེས་ཁག་གཡོགས་ཕོག་མི་འཇུག་ཐག་ཆོད་རེད། དེར་བརྟེན་ཁྱོད་ཚོས་ལས་ངན་གང་ཞིག་བརྩམས་ཀྱང་ཐལ་བའི་རྡུལ་དུ་རློགས་ཐག་ཆོད་ཡིན།
ལྷག་པ་མིང་ཅན་དེ། ཆོལ་ཁ་དཀྲུག་མཁན་གྱི་གཡོ་སྒྱུ་མཁན་ཞིག་རེད་འདུག མི་དེ་ལ་ཁ་མ་རྩེ། མི་དེས། དམིགས་ཡུལ་་ཧ་ཅང་སྡུག་པོ་རེད་འདུག ཁོས་་ཁམས་དང་དབུས་་པ་གཉིས་་དཀྲུགས་ཏེ། དེའི་བར་དུ་་གསོན་ཁྲག་འཇེབ་་བསམ་་མཁན་དེ་རེད་འདུག བོད་པ་ཞིག་་ལ་སེམས་གནག་་དང་གཡོ་སྒྱུ་དེ་འདྲ་ཡོད་པ་་དཔེ་རེད།
མྱི། རེད་དམ། ཁྱི་རེད། ཕལ་ཆེར་མྱི་ཡིན་པ་འདྲ། མྱི་ཞེས་པ་བརྡ་རྙིང་དང་མི་ཞེས་པ་བརྡ་གསར་རེད། ཝ་ཡེ། མི་ཡིན་ན། མི་སྐད་ཤོད། ཁྱི་རྒན་ཀུ་ཅོ་འདོན་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུགས།། ཞེས་པ་ལྟར་མ་བྱེད། ཁྱོད་ཨ་རོག་རྣམས་ཀྱིས་ད་བར་དེ་ལྟར་བྱས་པས་རྙོག་གླེང་རྒྱུན་མ་ཆད་པ་རེད། ང་ལྷག་པས་བདེན་གཏན་ཚིགས་ཀྱི་རྒྱབ་རི་སྲ་ཞིང་བརྟན་པར་བརྟེན་ནས་བཤད་ཡོད། དེ་དག་ནས་མ་རེད་སྙམ་པ་ག་རེ་འདུག
མཛུབ་མོ་བཙུགས་དང་ངས་རྒྱས་བཤད་བྱས་ཆོག ཁྱོད་མི་ཉག་སྐལ་བཟང་ཞེས་པའི་དྲ་འབུ་དེའི་རྩོམ་རྙོག་དང་མཆན་རྣམས་ལ་ལྟོས་དང་། ང་ཚོ་དབུས་གཙང་ཆོལ་ཁར་ཁ་ཆེ་ཕ་ལུའི་བསླབ་བྱ། ཁོ་རའི་མགོ་ཏོ། དེ་ལ་སོགས་པ་དཀྲུགས་ཤིང་ག་ཚོད་བརྒྱབ་འདུག
ཁོས་༸གོང་ས་མཆོག་ལ་ཚད་མེད་པའི་བཀུར་འདེབས་ཞུ་མཁན་ཨོ་སྟོབས་ལ་ཡང་དག་པ་སྟེར་གྱི་མི་འདུག་གམ།
ང་ལ་མཐུན་པ་གང་ཞིག་དཀྲུག་སྙམ་པ་མཚན་གྱི་གཉིད་ལམ་ལ་ཡང་མེད། འོན་ཀྱང་ཨ་རོག་ཁམས་པ་དཀྲུགས་དགོས་པ་མི་འདུག སྔར་ནས་ད་བར་འཁྲུགས་འཁྲུགས་པ་རེད་འདུག
བློ་ཕམ་གྱི་གནས་ཚུལ།
ཉེ་ཆར་ནིའུ་ཡོག་བོད་མིའི་སྤྱི་ཁང་དུ་སྲིད་སྐྱོང་དང་ཨ་རིའི་དོན་གཅོད་རྣམ་གཉིས་ཕེབས་ནས་གསུང་བཤད་གནང་བའི་སྐབས། མི་མང་འཛོམས་པའི་རྐྱེན་བྱས་ཚོགས་བཅར་བ་གཉིས་ཀྱི་པཱ་ལགས་དང་ཨ་མ་ལགས་ཏོག་དབྱིབས་ཀྱིས་ནད་བྱུང་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས། འབྲེལ་ཆགས་ནང་མིས་གསང་བ་བྱེད་ཀྱི་ཡོད་འདུག རབ་དགའ་རྡོ་རྗེས།