མདའ་མོ།
ད་རེས་ཀྱི་བགྲོ་གླེང་ལས་རིམ་གོ་སྒྲིག་པས་སྲིད་སྐྱོང་ལ་ཉིན་གཅིག་གི་སྔོན་ལ་བརྡ་ལན་སྤྲད་པ་འདི་ལ་དུས་ཚོད་ཐུང་དྲག་པའི་སྐྱོན་རྩ་བ་ནས་མི་འདུག དེ་མ་ཟད་མང་ཚོགས་རང་བཞིན་ཅན་གྱི་དོགས་འདྲི་ཁག་ལ་དུས་ཚོད་ལ་བལྟས་པ་མེད་པར་ལན་ཁ་གསལ་འདེབས་དགོས་པ་ཡང་དག་པའི་མང་གཙོའི་ཁྱད་ཆོས་ཡིན། གཤམ་ནས་རྒྱུ་མཚན་འགའ་ཞིག་གིས་ད་རེས་མང་ཚོགས་ཀྱི་མངོན་འདོད་རྩིས་མེད་བཏང་བ་གསལ་བཤད་བྱས་ཆོག
༡༽སྲིད་སྐྱོང་གིས་ལས་བྲེལ་གཞན་གྱི་དབང་གིས་ཁོམ་ལོང་མེད་པར་གསུང་བ་ཙམ་ལས་བགྲོ་གླེང་འདི་ལ་འདོད་མོས་ཡོད་པ་དང་། ཡང་ན་དུས་ཚོད་སྔ་བསྣུར་བྱས་ནས་ཡོང་གཏན་འཁེལ་ཆོག་པ་སོགས་ཀྱི་གསལ་བཤད་གང་ཡང་བྱས་མེད། འདིས་སྲིད་སྐྱོང་རང་ཉིད་བགྲོ་གླེང་འདི་ལ་རྩ་བ་ནས་འདོད་མོས་མེད་པ་ཧ་ཅང་གསལ་བོ་བསྟན་འདུག
༢༽ད་ལྟའི་དུས་སྐབས་ནི་འོས་བསྡུའི་ལས་རིམ་གྱི་ཛ་དྲག་པའི་གནས་སྟངས་ཤིག་ཡིན་སྟབས་ལས་བྲེལ་གྱི་དབང་གིས་འོས་བསྡུའི་ལས་རིམ་ཆེ་མ་ཆུང་གསུམ་གང་ཡིན་ལ་གཙིགས་ཆེན་དང་མཐོང་ཆེན་གནང་དགོས་པ་ལས། ཁ་གཡོར་ས་གཞན་བཙལ་ནས་གཡས་བསྐྱུར་གཡོན་བསྐྱུར་བྱེད་པ་ནི་མི་མང་གི་མངོན་འདོད་རྩིས་མེད་བཏང་བ་ཁོ་ནར་ཟད།
༣༽སྔོན་འགྲོ་དང་དངོས་གཞིའི་སྐབས་གང་དུ་ཡང་སྲིད་སྐྱོང་མཆོག་གིས་བགྲོ་གླེང་ལས་རིམ་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཁག་ལ་གཡོལ་ཅི་ཐུབ་གནང་གིན་ཡོད་པའི་སྣང་ཚུལ་སྐྱི་ཡ་བ་ཞིག་མང་ཚོགས་ནང་བསྐྲུན་ཡོད།འདིས་སྲིད་སྐྱོང་རང་ཉིད་རྒྱུ་རྐྱེན་གང་ཞིག་གི་དབང་གིས་མི་མང་གི་མདུན་ལ་ཐོན་ཐུབ་ཀྱི་མེད་པའི་བརྡ་ལན་གསལ་སྟོན་བྱས་ཡོད།
༤༽མང་གཙོའི་རྒྱལ་ཁབ་གང་ཞིག་ཡིན་ཡང་སྲིད་འཛིན་ལས་ཐོག་པ་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་བྱེད་སྐབས་གཞུང་གི་ལས་འཆར་ཁག་ལས་དགོངས་ཞུས་གནང་སྟེ་སྒེར་དོན་ཆེད་ཕྱོགས་སྐྱོད་ཀྱི་མཚོན་པས་མང་ཚོགས་ནང་གསལ་བཤད་ཀྱི་ལས་རིམ་ཁག་ལ་གཙོ་འདོན་གནང་གིན་ཡོད།ང་ཚོའི་སྲིད་སྐྱོང་གིས་དེ་ལས་ལྡོག་སྟེ་མི་མང་གི་མངོན་འདོད་རྩིས་མེད་དང་།མི་མང་ལ་མཐོང་ཆུང་གནང་གི་ཡོད།
༥༽ད་རེས་ཀྱི་ལས་རིམ་གོ་སྒྲིག་མཁན་ནི་དུས་རྒྱུན་གྱི་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱི་རྒྱབ་སྐྱོར་ཚོགས་པ་ཁག་དང་མི་འདྲ་བར་མང་ཚོགས་རང་བཞིན་ཅན་གྱི་གོ་སྒྲིག་པ་ཤ་སྟག་ཡིན་སྟབས་ཁོ་ཚོའི་བགྲོ་གླེང་གི་ཁ་ཕྱོགས་དེ་ཡང་མང་ཚོགས་རང་བཞིན་ཞིག་ཆགས་ཡོད། དེར་བརྟེན་ཁོ་ཚོའི་ལས་རིམ་གོ་སྒྲིག་གི་དུས་ཚོད་ཀྱང་མང་ཚོགས་རང་དང་སྟབས་བསྟུན་རྒྱུ་གཙོ་འདོན་གནང་དགོས་པ་ལས། ང་སྲིད་སྐྱོང་དང་ང་ཚོགས་གཙོ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་གཡོལ་བསྒྱུར་གང་ཡང་བྱེད་ཆོག་པ་ཞིག་མིན།
སྤེན་པ་ཚེ་རིང་གིས་རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་དང་མཉམ་དུ་གདེང་ཆ་གཅིག་གི་སྟེང་དུ་མི་ཞུགས་ཟེར་བ་ལྟར། བློ་སེང་གིས་ཀྱང་མི་བསད་ལག་དམར་བ་དང་མཉམ་དུ་མི་ཞུགས་བ་ཡིན་རྒྱུ་རེད།
“ཚོགས་གཙོ་སྤེན་པ་ཚེ་རིང་ཚོགས་ཐོག་ཏུ་ཕེབས་ནས། ཁོང་གིས་ “མི་མང་ལ་དེ་རིང་གཏམ་བཤད་བྱེད་དུ་ཡོང་བ་མིན། གསལ་བཤད་ཅིག་བྱེད་དུ་ཡོང་བ་ཡིན། ཁ་སང་བཀྲ་ཤིས་སྟོབས་ལགས་ལས་ཁུངས་ལ་ཡོང་ནས་ང་ལ་ལབ་སོང་། དེའི་སྐབས་ངས་སྲིད་སྐྱོང་ལ་ཞུས་ཡིན་ནམ་དྲིས་པ་ཡིན། སྐབས་དེར་ཁོང་གིས་སྲིད་སྐྱོང་ལ་ཡི་གེ་དེ་ཕུལ་རྒྱུ་ཡིན་གསུངས་སོང་། ག་འདྲ་དགོས་པ་རེད་ཟེར་དུས་ཕེབས་ན་མ་ཕེབས་ན་ཁྱེད་རང་གཉིས་ཀྱིས་ལྟ་ཡ་རེད་ཟེར། ད་ལྟ་འགྲོ་ལུགས་འགྲོ་སྟངས་ཐོག་ནས་སྲིད་སྐྱོང་མཛད་བྲེལ་ཆེན་པོ་རེད་ལ། ངས་ཀྱང་ལས་ཁུངས་ལ་ལྟ་དགོས་རེད། ང་ཡང་མི་ཡོང་བསམ་སོང་ཡང་། ད་ལྟ་མི་མང་པོ་འཛོམས་འདུག་ཟེར། དེ་ནས་གསལ་བཤད་ཅིག་བྱེད་དུ་ཡོང་བ་ཡིན། བགྲོ་གླེང་གལ་ཆེན་པོ་རེད་དེ། ད་ཐེངས་གནང་ལུགས་གནང་སྟངས་དེ་ཏག་ཏག་བསྡད་མི་འདུག སང་གནང་ཉིན་ཡང་ཅིག་ལས་ཁུངས་ལ་ཡོང་ནས་ཡི་གེ་ཞིག་སྤྲད་དེ་ཡོང་དགོས་པ་རེད་ལབ་ན། དཀའ་ལས་ཆགས་ས་རེད་” བོད་ཀྱི་བང་ཆེན་ནས་བཤུས།
སྲིད་སྐྱོང་འོས་མི་ལ་ལངས་བའི་ལུག་རྫིའམ་བཀྲ་ཤིས་སྟོབས་རྒྱལ་ཟེར་བ་འདིས་བྱེད་སྟངས་ནི། ཁྲིམས་དང་སྒྲིག་གཞི་སྐབས་བབས་ཀྱི་གནས་སྟངས་སོགས་ལ་རྒྱུས་མངའ་ཅི་ཡང་མེད་པའི་ལུག་རྫི་དང་ཕག་རྫི་ཞིག་གིས་བྱེད་སྟངས་རང་རེད་འདུག ཁྱེས་ཚོས་ཡག་པོ་རུ་ལྟོས་དང་ཞིབ་ཚ་པོས་ཉན་དང་། ཁོས་བྱེད་སྟངས་ནི། དབུས་འོས་སྡུད་ལས་ཁང་གི་སྒྲིག་གཞི་དང་འགལ་འདུག་ལ། གཞན་སྲིད་སྐྱོང་བློ་སེང་ནི་ཁོ་པ་ལུག་རྫིས་ལན་མ་སྐྱེལ་པའི་སྔོན་ནས་ཨ་རི་ལ་ཕེབས་པ་གཏན་འཁེལ་ཟིན་པ་འཛམ་གླིང་ཁྱོན་ཡོངས་ལ་ཡོངས་སུ་གྲགས་ནས་ཡོད། གནས་སྟངས་དེ་འདྲ་ཞིག་གི་འོག་ལ། ཁོ་པ་ལུག་རྫིས་ཉིན་གཅིག་གི་སྔོན་ལ་འོས་སྡུད་ལས་ཁུང་ལ་མ་ཞུས་པར་བརྡ་ལན་སྤྲད་པ་ནི་སྤྱིར་འོས་སྡུའི་སྒྲིག་གཞི་ལ་མ་བརྩིས་པ་དང་། སྒེར་སྲིད་སྐྱོང་གི་འོས་མི་གཉིས་ལ་གུས་བཀུར་མེད་པར་མ་ཚད་བཙན་བཀའ་བཏང་བ་ཞིག་ཀྱང་རེད། གནད་དོན་འདི་ཚོ་ལ་ལྟ་དུས་ཁོ་པས་ང་ནི་ལུག་རྫི་རང་ཞིག་ཡིན་ཟེར་བ་བཞིན་ལུག་རྫི་ནང་ནས་ཀྱང་ལུག་རྫི་གླེན་པ་ཞིག་རེད་འདུག ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་གྲགས་ཀྱི་སྐད་ཆ་ཞིག་ལ། ལུག་རྫི་ནི་གླེན་པ་ཞིག་ཡིན་པས་ཁོའི་རྒྱབ་ནས་སྤེན་ཚེའི་རྒྱབ་སྐྱོབ་བ་ཁ་ཤས་ཀྱིས་བུད་རྒྱག་ཏེ་ཁ་སང་གི་སྲིད་སྤྱི་བགྲོ་གླེང་དེ་ཚོགས་པ་རེད་ཟེར། དེ་ཡང་ཁོ་ཚོའི་དམིགས་ཡུལ་ནི། སྲིད་སྐྱོང་བློ་སེང་ལ་སྐྱོན་བརྗོད་ཀྱི་གཞི་རྩ་ཞིག་བཟོ་ཡའི་ཆེད་དུ་རེད་ཟེར། དེ་ཡང་སྲིད་སྐྱོང་བློ་སེང་ནི་ཨ་རིར་ཕེབས་གཏན་འཁེལ་བའི་བགྲོ་གླེང་ལ་གཅར་མི་ཐུབ་ངེས་ཅན་རེད། དེས་ན་གལ་ཏེ་སྤེན་ཚེ་བཅར་ཏེ་བགྲོ་གླེང་བྱས་ན། ཁོ་པ་ཚོས་སྤྱི་ཚོགས་དྲྭ་བའི་རྒྱུད་ལམ་ཁག་ཏུ་བློ་སེང་བགྲོ་གླེང་ལ་གཡོལ་ཏེ་འགྲོ་གི་འདུག་ཟེར་ཏེ་བློ་སེང་ལ་མིངགྲགས་ངན་པ་བཟོ་ཡའི་ཆེད་དུ་རེད་ཟེར། འོན་ཀྱང་བསམ་ངན་མི་ལ་འཆང་ན་སྦྱོར་ངན་རང་ལ་འཁོར་ཟེར་བ་བཞིན་ད་རེས་ལམ་འགྲོ་མ་རྒྱུག་པ་རེད། ི
ད་བློ་བཟང་དཔའ་ཁུམ་ཚར་ཤག་མི་དམངས་གིས་དྲི་བ་ཁག་པོ་དེ་འདྲ་དྲིས་ཡོང་བསམ་པ་རེད། གཞན་རྒྱུ་མཚན་གང་ཡང་མེད་པ།།
ག་ཚད་བྲོས་ན་མི་མང་གིས་དེ་ཚད་གདའ་ངེས་རེད།
མི་མང་གི་མངོན་འདོད་མ་རེད་གང་ཟག་སྒེར་གྱི་མངོན་འདོད་རེད། སྲིད་སྐྱོང་མཆོག་ལ་བགྲོ་གླེང་གནང་རོགས་ཞུས་ན་ཟླ་བ་གཉིས་གསུམ་སྔོན་ནས་སྔ་ཞུས་བྱེད་ནས་ཆོག་མཆན་ཐུབ་པ་བྱེད་དགོས། དེ་མིན་བློ་བུར་དུ་བཙན་བཀའ་གཏོང་ནས་སྲིད་སྐྱོང་འབོད་འགུས་བྱ་ན་དེ་འགྲོ་ལུགས་དང་མི་མཐུན་པས་མ་ཚད་བཙན་བྱོལ་སྒྲིག་འཛུགས་ལ་ཡང་མཐོང་ཆུང་གཏོང་བ་རེད། མ་གཞི་སྤྱི་རྒྱུ་སྒེར་བདག་དང་མི་གསོད་ཁྲག་སྦྱོར་བྱེད་མཁན་བྱེད་དག་གི་སྲིད་སྐྱོད་སྒྲོ་བཏག་མང་པོ་བྱས་སོང་ཡང་ཁུངས་འཁྱོལ་བ་གཅིག་ཀྱང་བྱུང་མ་སོང་།
སྲིད་སྐྱོང་
འོས་སྡུས་ཁྲིམས་དང་སྒྲིག་གཞི་ཚང་མ་སྔོན་འགྲོའི་འོས་སྡུས་སྐབས་ནས། ་སྐུ་ངོས་སྤེན་ཚེ་མཆོག་གི་དམངས་གཙོའི་རང་དབང་དང་། མི་སྒེར་གྱི་སྨྲ་བརྗོད་རང་དབང་སོགས་བཤད་ནས། ་བོད་རང་བཙན་ལ་མཐོང་ཆུང་དང་ཆེད་གསོད་ཀྱི་ཀླུ་བྱམས་མཉམ་དུ་བག྄ོ་གླེང་གནང་གི་མིན་གསུང་པ་རེད། གོང་ནས་བཤད་བཞིན་པའི་དམངས་གཙོའི་ཐོབ་ཐང་ཚང་མ་རྩིས་མེད་བཏང་སོང། ད་བགྲོ་གླེང་གི་སྐོར་ལ་ད་བཤད་ཡག་ཞིག་ལྷག་མི་འདུག
ལུག་རྫི་ནི་ནམ་རྒྱུན་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པ་ཆབ་སྲིད་ལ་དོ་སྣང་ཡོད་པ་ཚང་མས་ཤེས་གསལ་རེད། ད་དུང་ཚོགས་གཙོའི་སྐད་ཆ་ལ་ལྟས་ན་ཉིན་མ་གཅིག་གི་སྔོན་ལ་སྲིད་སྐྱོང་ལ་ཕེབས་དགོས་པའི་བརྡ་ལན་ཕུལ་མེད་པ་གསལ་པོ་རེད། བགྲོ་གླེང་ཉིན་མོ་སྲིད་སྐྱོང་ལྡི་ལིར་གཞུང་དོན་ཕྱོགས་ཕེབས་གནང་གི་ཡོད་པས་ངོས་ལེན་གནང་ཐབས་ག་ལ་ཡོད། དེར་མ་ཟད་བརྗོད་གཞི་དང་གཏམ་བཤད་ཀྱི་གོ་རིམ་སྒྲིག་སྟངས་སོགས་གང་ནས་ལྟས་ཀྱང་ལུག་རྫིས་དམིགས་ཡུལ་ངན་པ་ཞིག་བཅང་ཡོད་པ་གསལ་པོ་འདུག གཞན་ཡང་ཚོགས་གཙོའི་སྐད་ཆ་ལ་ལྟས་ན་སྲིད་སྐྱོང་བགྲོ་གླེང་ལ་ཕེབས་ཐུབ་ཀྱི་མེད་པ་སྔོན་མ་ནས་ཤེས་འདུག འོན་ཀྱང་ལུག་རྫིའི་མི་མང་ལ་ཕེབས་ཐུབ་ཀྱི་མེད་པའི་ཁྱབ་བསྒྲགས་མ་བྱས་པ་ནི། མི་མང་སྲིད་སྐྱོང་ལ་མི་དགའ་བ་བཟོ་བའི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་ཡིན་པ་ལོང་བས་ལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་རུ་གྱུར་འདུག
བོད་མིའི་སྲིད་སྐྱོང་ཞིག་ལ་ཉི་གཅིག་གི་སྔོན་དུ་བགྲོ་གླེང་ལ་ཕེབས་དགོས་ཟེར་ན་དེ་ཡོང་ཐུབ་རྒྱུ་ཁག་པོ་རེད། སྲིད་སྐྱོང་ལ་དུས་ཚོད་མང་པོ་ཡོད་མ་རེད། དེར་ཁ་རྡུང་གཏོང་བ་དེ་དྲང་པོ་མི་འདུག ཡིན་ནའང་དུས་དབང་གསལ་བསྒྲག་བསྐྱང་སྐབས་སྲིད་སྐྱོང་ལས་ཁུངས་ནང་བཞུགས་འདུག་ཡོད་པ་མ་ཟད། སྐུ་མགྲོན་སོགས་ལས་འཆར་དམིགས་གསལ་གང་ཡང་མེད་པར་ཉིན་དེའི་ཕྱི་དྲོ་ཆུ་ཚོད་གསུམ་པ་བར་དུ་བཞུགས་ཡོད་ཚུལ་བཀའ་དྲུང་དང་དྲུང་ཡིག ལས་བྱེད་ཚོས་ཁུངས་སྐྱེལ་གྱི་འདུག འདི་ངོ་མ་ཡ་མཚན་ཞིག་རེད། བཀའ་ཤག་ཅི་ཕྱིར་དུས་དབང་ཕར་འགྱངས་གསལ་བཤད་བསྐྱངས་མ་ཐུབ་པར་གཞུང་ཞབས་བེད་སྤྱོད་གཏོང་དགོས་རེད་དམ། བཀའ་ཤག་དང་གཞུང་ཞབས་གཉིས་གནས་རིམ་དང་སྒྲིག་གཞིའི་ཁྱབ་ཁོངས་རྦད་དེ་ཁ་ཁ་རེད། གནས་རིམ་དང་ཐོབ་དབང་། འགན་ཁུར་རྦད་དེ་ཁ་ཁ་རེད། འདི་ཏག་ཏག་བསྡད་མི་འདུག ཕྱི་ཟླ་གསུམ་པའི་གྲོས་ཚོགས་སྐབས་སུ་གསལ་པོ་ཆགས་གི་རེད་སྙམ།
དང་པོ་སྲིད་སྐྱོང་ལ་བཀའ་ཁྲོལ་ཞུ་ནས་ཆོག་མཆན་ཐུབ་པ་བྱེད་དགོས། དེ་མ་གཏོགས་བོད་ཀྱི་སྲིད་སྐྱོང་ཞིག་ལས་མེད་སྐད་གཏོང་པ་ནང་བཞིན་ག་དུས་ཤོག་ཟེར་ན་ཡོང་ཆོག་ཆོག་གཅིག་ག་ལ་ཡོད། དེ་ཁམ་བུ་ཟ་འདོད་མིན་པར་ཁམ་སྡོང་བཅག་འདོད་་ཡིན་པ་ཧ་གོ་གོ་མ་རེད་འདུག་བ།
འདི་གཟིགས་དང་བློ་སེང་གདོངརིས་དམར་རྗེན་དུ་མངོན་གྱི་འདུག
https://www.facebook.com/100008199041428/videos/1682209068729045/
ལ་རྒྱ་དང་ཞེན་མེད་ན་མེ་དེ་ལ་རྒལ་ཚིག་མེད་པའི་རྟགས་རེད་།
ང་ཚོའི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནི། ས་གར་སོང་ལ་བཀྲ་མ་ཤིས། ཨོང་གར་བཙུགས་ལ་རྩ་མ་སྐྱེས་པའི་མི་ཞིག་ཡིན་སྟབས། གྲོས་ཚོགས་ཀྱི་ཚོགས་གཙོ་བྱས་རིང་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་དུ་དགྲ་དགའ་གཉེན་སྡུག་གི་གནས་སྟངས་བསྟུན་མར་འབྱུང་གི་ཡོད་པ་ང་ཚོས་ཤེས་གསལ་ལྟར་རེད་ལ་དེ་དག་ཡོད་ཚད་ཀྱི་འབྱུང་རྩ་དེ་ཡང་ཁོ་པ་རང་ལ་ཐུག་བསྡད་ཡོད་པ་རེད། དེ་ནས་ད་ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་རྒྱུད་རིམ་ནང་དུ་དང་པོ་སྔོན་འགྲོའི་འོས་བསྡུའི་སྐབས་སུ། ཁོ་པ་དང་ཁོ་པས་རྒྱབ་སྐྱོར་བ་དག་ནས་ཀླུ་མཁར་བྱམས་དང་། རང་བཙན་འཐབ་རྩོད་པ། ཡང་སྒོས་ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་བ་དག་ལ། གོང་ས་མཆོག་ཁ་ལ་ཁུར་ནས་ཟུར་འབུད་དང་དབྱེ་འབྱེད་སྡིགས་སྨོད་དང་འཇིགས་བསྐུལ་ཇི་ལྟར་བྱས་པ་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད། ཁོ་པའི་རྒྱབ་སྐྱོར་བ་དག་ནས་ཀླུ་མཁར་བྱམས་སྲིད་སྐྱོང་དུ་སླེབས་པ་ཡིན་ན་གངས་སྐྱིད་དུ་རང་བསྲེགས་བྱེད་རྒྱུའི་ཁྱབ་བསྒྲགས་ཚུན་ཆད་བྱས་པ་རེད། དེ་ཚོ་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་སུ་རང་བཙན་དང་དབུ་ལམ་བར་དུ། སྤེན་ཚེའི་རྒྱབ་སྐྱོར་བ་དང་། ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་བའི་བར་དུ་སྔར་མེད་ཀྱི་འགལ་བ་ཞིག་དང་ཞེ་འཁོན་ཞིག་བསྐྲུན་སོང་བ་འདི། ཁོ་པས་སྲིད་སྐྱོང་དུ་ལངས་དགོས་པའི་དམིགས་ཡུལ་ཤོད་སྐབས་ཆིག་སྒྲིལ་ཡར་རྒྱས་གཏོང་ཆེད་ཡིན་ཟེར་བ་དེ་ཡིན་པ་འདྲ། ད་སྐབས་དངོས་གཞིའི་འོས་བསྡུ་ལ་ཉེ་སྐབས་ཡང་ཁོ་པ་དང་ཁོ་པའི་རྒྱབ་སྐྱོར་བ་དག་ནས། སྲིད་སྐྱོང་བློ་བཟང་སེང་གེ་དང་དེའི་རྒྱབ་སྐྱོར་བ་དག་ལ། དམར་པོའི་གཞུང་དང་དོལ་རྒྱལ་ཚོགས་པ་ལས་ཀྱང་ལྟ་སྟངས་སྡུག་ཙམ་བཟུང་ནས། ཐ་མ་སྐྱག་རྫུན་ཡན་ཆོད་བཤད་ནས་གཉའ་ནས་མནན་པ་དང་ཞབས་ནས་འཐེན་པ་གང་དྲགས་ཅི་གྲགས་བྱེད་ཀྱི་ཡོད་པ། ཁོ་པ་ཡོ་རུབ་སྐོར་སྐྱོད་སྐབས་ཀྱི་གཏམ་བཤད་དག་ནས་བཀའ་ཤག་དང་བློ་བཟང་སེང་གེ་ལ་གཞི་མེད་སྐྱོན་བརྗོད་དང་ཉེས་མེད་གྲིབ་བཟོ་ཇི་ལྟར་བྱས་པ་བཀའ་ཤག་གི་གསལ་བཤད་ནང་དུ་ཡོད་པ་ལྟར་རེད། འདི་ལྟར་ཞིབ་འཇུག་བྱས་པ་ཡིན་ན། ཁོ་པ་སྲིད་སྐྱོང་གི་འོས་མིར་ལངས་པ་ཙམ་གྱིས་གཞུང་དང་སྒྲིག་འཛུགས་ཚོགས་སྒེར་མང་པོའི་བར་དུ་ཆིག་སྒྲིལ་ཡོད་པ་ནས་མེད་པའི་གནས་སུ་བསྐྱེལ་ཡོད་སྟབས། དངོས་སུ་སྲིད་སྐྱོང་དུ་འཐོབ་པ་ཡིན་ན་ཇི་འདྲ་ཞིག་ཡོང་རྒྱུའི་ཐད་ལ་བསམ་མནོ་བཏང་ན་ཞེད་སྣང་སྐྱེ་བ་ཞིག་རེད། ཁ་སང་བཀྲ་ཤིས་སྟོབས་རྒྱལ་ཟེར་བ་ཞིག་གིས་གོ་སྒྲིག་འོག་སྲིད་སྐྱོང་བགྲོ་གླེང་ཟེར་བ་བསྡུ་འཆར་ཡོད་པ་རེད། སྡིངས་ཆ་དེ་བེད་སྤྱད་ནས་ཁོ་པ་དང་ཁོ་པའི་རྒྱབ་སྐྱོར་བ་དག་ནས་བློ་བཟང་སེང་གེ་ལ་ཁ་དམག་རྒྱག་རྒྱུའི་ངན་གཡོ་ལྐོག་བཤམ་བྱས་ནས་འོས་ཀྱི་གྲངས་ཁ་འཕར་ཐབས་དང་མིན་ནའང་བློ་བཟང་སེང་གེ་ངོ་སྨ་ཕབ་ཐབས་ཀྱི་ཇུས་ངན་སྤེལ་བ་རེད་འདུག འོན་ཀྱང་གཞུང་གི་ལས་དོན་ཡིན་དང་སྒེར་གྱི་གནས་སྟངས་ཅི་ཡིན་ཡང་བློ་བཟང་སེང་གེ་བགྲོ་གླེང་དེ་ལ་ཞུགས་མ་ཐུབ་པ་རེད། འདི་ནི་བློ་བཟང་སེང་གེའི་གསར་གཏོད་བྱས་བཞག་པ་ཞིག་མ་ཡིན་པར་སྤེན་ཚེ་རང་ཉིད་ནས་མགོ་བཙུགས་པ་རེད་ཀྱང་དེ་སྤེན་ཚེའི་རྒྱབ་སྐྱོར་བ་དག་ནས་བརྗེད་ཟིན་པ་འདྲ། ཚུལ་ཇི་ལྟར་ཞེ་ན། སྤེན་པ་ཚེ་རིང་ནས་ཀླུ་མཁར་བྱམས་དང་སྡིངས་ཆ་གཅིག་གི་ཐོག་ནས་མཉམ་དུ་སྡོད་ཐབས་མེད་ལ་སྡོད་མིན་དེ་ཡང་ང་ཉིད་ཀྱི་ཐོབ་ཐང་ཡིན་པས་སུ་ཞིག་ནས་དེ་ལ་ཐེ་ཏོག་བྱེད་དབང་མེད་རབས་བཤད་ཡོད་པ་རེད། ཡང་ཁ་སང་ཁོ་པས་བགྲོ་གླེང་གལ་ཆེན་ཡིན་སྟབས་མཉམ་ཞུགས་བྱ་རྒྱུ་གལ་ཆེན་ཡིན་སྐོར་གྱི་སྐད་ཆ་འགལ་བ་ཞིག་ཀྱང་བཤད་སོང་། ཁོ་དང་ཁོ་པའི་རྒྱབ་སྐྱོར་བ་དག་ནས་སྤེན་པ་ཚེ་རིང་ཀླུ་མཁར་བྱམས་དང་མཉམ་དུ་བགྲོ་གླེང་མི་བྱེད་པ་དེ་ལ་ཡོན་ཏན་ཞིག་དང་། བློ་བཟང་སེང་གེ་སྤེན་པ་ཚེ་རིང་མཉམ་དུ་བགྲོ་གླེང་མ་བྱས་པ་དེ་ལ་སྐྱོན་ཞིག་ཏུ་སྒྲུབ་དོན་གང་ཡིན་ནམ། སྤེན་པ་ཚེ་རིང་ཀླུ་མཁར་བྱམས་དང་མཉམ་སྡོད་མི་བྱེད་པ་ལ་རྒྱུ་མཚན་ཡོད་པ་ལས་ལྷག་ཙམ་ཞིག་བློ་བཟང་སེང་གེ་སྤེན་པ་ཚེ་རིང་དང་མཉམ་སྡོད་མི་བྱེད་རྒྱུ་ལ་རྒྱུ་མཚན་ཡོད་རྒྱུ་རེད། སོང་ཙང་བློ་བཟང་སེང་གེ་བགྲོ་གླེང་དུ་མཉམ་ཞུགས་མ་བྱས་པ་དེ་ཧ་ཅང་འགྲིག་བསྡད་པ་ལས་སྐྱོན་ཆ་ཡོད་པ་ཞིག་ལ་མཐོང་གི་མི་འདུག ཡང་སྙིང་སྤེན་ཚེ་དང་སྤེན་ཚེའི་རྒྱབ་སྐྱོར་བ་དག་ནས་རང་ཉིད་ནས་ཁྲིམས་དང་སྒྲིག་གཞི་ཡ་རབས་བཟང་སྤྱོད་དང་འགལ་བའི་བྱ་ངན་བྱེད་ལུགས་ཇི་ལྟར་བྱེད་དགོས་བྱུང་ཡང་དེ་ལ་སྣང་དོགས་ཙམ་ཡང་མི་བྱེད་ཅིང་། མིས་བྱས་མིན་ལ་མ་ལྟོས་པར་མ་འགྲིག་མ་མཐུན་པ་རྐྱང་རྐྱང་ཤོད་ཀྱི་ཡོད་པ་འདི་ཁྱེད་རང་ཚོས་གཅིག་མཐོང་ན་ཡག་པོ་འདུག ད་དུང་སྔོན་མ་ཀླུ་མཁར་བྱམས་ལ་དོལ་རྒྱལ་དང་འབྲེལ་བ་ཡོད་རབས། རྒྱ་མིའི་ཕྱོགས་གཏོགས་ཡིན་རབས། གཡག་རྐུན་མ་རྒྱབ་རབས། གཞན་གྱི་ཆུང་མ་རྐུས་རབས་སོགས་གང་འདོད་གང་དྲན་གྱི་སྒྲུང་གཏམ་བཟོས་སོང་བ་དེ་ཚོས་ཁུངས་འཆོལ་མིན་ལ་མ་ལྟོས་པར་ད་ཡང་བློ་བཟང་སེང་གེ་ལ་དེ་རང་བརྗོད་ཀྱི་ཡོད་པ་རེད། ཡིན་ཡང་ང་ཚོས་ཐག་བཅད་ནས་བཤད་ཐུབ་པ་གཅིག་ལ་བཙན་བྱོལ་དུ་རྒྱ་མའི་སོ་མྱུལ་བ་མང་པོ་ཞིག་སིམ་འཛུལ་བྱས་ཡོད་པ་ཏན་ཏན་རེད་ལ་དེའི་ནང་ནས་མང་ཤོས་དེ་སྤེན་ཚེའི་ཁོར་ཡུག་ཡིན་པར་གསལ་པོ་རེད། འདི་ཙམ་རེ་ང་ཚོས་ཀྱང་ཤེས་ཀྱི་རེད་ལ་དེ་གོ་བའི་བུ་ལ་བརྡ་རེ་གཏོང་རྒྱུའི་ལས་འགན་ཡང་ང་ཚོ་ལ་ཡོད་པ་རེད། ད་དུང་ཁོ་པ་དང་ཁོ་པའི་རྒྱབ་སྐྱོར་བ་དག་ནས་འདི་ལོའི་སྲིད་སྐྱོང་འོས་བསྡུ་དེ་ཆོལ་ཁའི་འགྲན་རྩོད་ཅིག་གི་ངོ་བོར་བསྒྱུར་གང་ཐུབ་བྱེད་ཀྱི་ཡོད་ཅིང་། ཨ་མདོ་དང་ཁམས་པའི་བར། དབུས་གཙང་དང་ཁམས་པའི་བར་བཅས་སུ་དབྱེན་དཀྲུག་གི་ཕུང་གཞི་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པས་ཆོལ་གསུམ་སྤུན་ཟླ་ཡོངས་ནས་མི་ངན་གྱི་གཡོ་ཇུས་ལ་དོགས་ཟོན་གནང་སྟེ་ཆོལ་གསུམ་ཆིག་སྒྲིལ་ལ་དོ་ཕོག་མ་སོང་བ་ཞིག་གནང་གལ་ཆེ། འདི་ལོའི་འོས་བསྡུས་ནས་བློ་བཟང་སེང་གེས་རང་ཚུགས་དང་གུ་ཡངས་སྤྱི་སེམས་ལ་རྒྱ་སོགས་ཆུ་ལ་གཡུག་མ་སོང་བས་ཁོ་སྲིད་སྐྱོང་དུ་སླེབས་པ་ཡིན་ན་དགེ་མཚན་ཆེན་པོ་མེད་ཀྱང་སྐྱོན་ཆ་ཆེན་པོ་ཞིག་ཡོད་ས་མ་རེད་པས་བློ་བཟང་སེང་གེ་སྲིད་སྐྱོང་དུ་གདམ་རྒྱུ་དེ་གདམ་ག་མེད་པའི་གདམ་ག་རེད། དེ་ནི་བློ་བཟང་སེང་གེ་ལ་རེ་བ་གསར་པ་དང་། ལས་འཆར་གསར་པ་སོགས་ཡོད་མེད་ལ་མ་ལྟོས་པར་སྒྲིག་འཛུགས་མ་འཐོར་ཙམ་རེ་ཡོང་རྒྱུ་རེད་པས་ཡིན། དེ་མིན་སྤེན་ཚེ་ལྟ་བུ་ཡིན་ན་ལོ་ལྔའི་དུས་ཚོད་མ་དགོས་པར་དུས་ཡུན་ཐུང་ཐུང་འདི་འདྲ་བ་ཞིག་ལ་གོང་ས་མཆོག་ཚུན་ཆད་རྫུན་ཕུགས་སུ་བཞག་ནས་སྤྱི་ཚོགས་གཏོར་བཤིག་ཇི་ཙམ་བཏང་སོང་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད་པས་ཚང་མས་གཟབ་པར་མཛོད། འོན་ཀྱང་ངས་ནི་དངོས་གཞིའི་སྐབས་སུ་འོས་དམིགས་སྟོང་པར་བཞག་རྒྱུ་ཡིན།
་་་་་་་་་་ ཁ་སང་བཀྲ་ཤིས་སྟོབས་རྒྱལ་ཟེར་བ་ཞིག་གིས་གོ་སྒྲིག་འོག་སྲིད་སྐྱོང་བགྲོ་གླེང་ཟེར་བ་བསྡུ་འཆར་ཡོད་པ་རེད། སྡིངས་ཆ་དེ་བེད་སྤྱད་ནས་ཁོ་པ་དང་ཁོ་པའི་རྒྱབ་སྐྱོར་བ་དག་ནས་བློ་བཟང་སེང་གེ་ལ་ཁ་དམག་རྒྱག་རྒྱུའི་ངན་གཡོ་ལྐོག་བཤམ་བྱས་ནས་འོས་ཀྱི་གྲངས་ཁ་འཕར་ཐབས་དང་མིན་ནའང་བློ་བཟང་སེང་གེ་ངོ་སྨ་ཕབ་ཐབས་ཀྱི་ཇུས་ངན་སྤེལ་བ་རེད་འདུག འོན་ཀྱང་གཞུང་གི་ལས་དོན་ཡིན་དང་སྒེར་གྱི་གནས་སྟངས་ཅི་ཡིན་ཡང་བློ་བཟང་སེང་གེ་བགྲོ་གླེང་དེ་ལ་ཞུགས་མ་ཐུབ་པ་རེད། ་་་་་་་་
་་་་་་་་་སོང་ཙང་བློ་བཟང་སེང་གེ་བགྲོ་གླེང་དུ་མཉམ་ཞུགས་མ་བྱས་པ་དེ་ཧ་ཅང་འགྲིག་བསྡད་པ་ལས་སྐྱོན་ཆ་ཡོད་པ་ཞིག་ལ་མཐོང་གི་མི་འདུག ་་་་་་་་་་་་
་་་་་་་་ གཡག་རྐུན་མ་རྒྱབ་རབས། གཞན་གྱི་ཆུང་མ་རྐུས་རབས་སོགས་གང་འདོད་གང་དྲན་གྱི་སྒྲུང་གཏམ་བཟོས་སོང་བ་དེ་ཚོས་ཁུངས་འཆོལ་མིན་ལ་མ་ལྟོས་པར་ད་ཡང་བློ་བཟང་སེང་གེ་ལ་དེ་རང་བརྗོད་ཀྱི་ཡོད་པ་རེད། ཡིན་ཡང་ང་ཚོས་ཐག་བཅད་ནས་བཤད་ཐུབ་པ་གཅིག་ལ་བཙན་བྱོལ་དུ་རྒྱ་མའི་སོ་མྱུལ་བ་མང་པོ་ཞིག་སིམ་འཛུལ་བྱས་ཡོད་པ་ཏན་ཏན་རེད་ལ་དེའི་ནང་ནས་མང་ཤོས་དེ་སྤེན་ཚེའི་ཁོར་ཡུག་ཡིན་པར་གསལ་པོ་རེད། ་་་་་་་་་་ ཟེར།
སྲིད་སྐྱོང་བློ་སེང་ཁང་རིན་སྐོར་ལ་གསལ་པོ་ཤེས་འདོད་ན་འདི་ཀློག
http://m.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/?from=singlemessage&isappinstalled=0
བོད་རྒྱལ་ཁབ་བྱུང་མྱོངས་མེད་ཟེར། དེ་ནི་དངོས་གནས་བཀྲ་མི་ཤེས་པའི་སྐད་ཆ་རང་རེད།
https://m.facebook.com/story.php?story_fbid=1630656373884315&id=100008199041428&refsrc=http%3A%2F%2Fwww.khabdha.org%2F&_rdr
འདིར་གཟིགས།
སེང་དངུལ་སྐོར་ལ།
——— Sangay also refuses to explain how, just four years after buying a house near Boston, he managed to pay off a $227,000 mortgage on July 29, 2011; he became the Tibetan exile Prime Minister just one week later. His mortgage documents are here, laying out all the facts except the continuing mystery of where the money came from: http://www.scribd.com/doc/110372514/lobsangsangay-mortgages. ………… ཟེར།
བོད་པ་ཁ་ཅིག་འུ་ཐུག་ནས།
་་་་་་་་་་་་་་་་ དེ་ནི་བློ་བཟང་སེང་གེ་ལ་རེ་བ་གསར་པ་དང་། ལས་འཆར་གསར་པ་སོགས་ཡོད་མེད་ལ་མ་ལྟོས་པར་སྒྲིག་འཛུགས་མ་འཐོར་ཙམ་རེ་ཡོང་རྒྱུ་རེད་པས་ཡིན། དེ་མིན་སྤེན་ཚེ་ལྟ་བུ་ཡིན་ན་ལོ་ལྔའི་དུས་ཚོད་མ་དགོས་པར་དུས་ཡུན་ཐུང་ཐུང་འདི་འདྲ་བ་ཞིག་ལ་གོང་ས་མཆོག་ཚུན་ཆད་རྫུན་ཕུགས་སུ་བཞག་ནས་སྤྱི་ཚོགས་གཏོར་བཤིག་ཇི་ཙམ་བཏང་སོང་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད་པས་ཚང་མས་གཟབ་པར་མཛོད། ་་་་་་་་་་་
ཟེར་དགོས་ཐུག་འདུག ང་ཡང་འདི་ལ་བསམ་བློ་གཏོང་རྒྱུ་ཅིག་འདུག་སྙམ་མོ།།
འོས་མ་བླུག་སྔོན་ལ། ང་ཚོས་བློ་སེང་དང་། སྤེན་ཚེ་གཉིས་ཀ་ལ་ཆ་སྙོམས་སུ་ལེགས་ཉེས་མང་ཉུང་འདྲ་མཉམ་་བྱས་ནས་ཚོད་དཔག་བྱེད་དགོས་རེད།
ད་ལེན་སྲིད་སྐྱོང་འོས་མི་གཉིས་ཀྱིས་་་་་་བོད་པ་ཚོ་སྲིད་དོན་སྦྱོང་བརྡར་སྤྲད་པ་ཙམ་རེད།
དངོས་གནས་ཁོང་གཉིས་སུ་བསླེབས་ནའང་ཉེན་ཁེ་མེད།
གཉིས་ཀ་འགྲིག་ཐག་ཆོད་རེད།
སྐབས་རྗེས་མའི་བཀའ་ཤག་ལྷན་ཁང་དེ། བོད་མིའི་སྒྲིག་འཛུགས་ཀྱི། སྤེན་ཚེས་ནང་གི་ནོར་བུ་བྱས་ན། བློ་སེང་ཕྱི་ཡི་ལྕགས་རི་བྱས་ནས། ལོ་ལྔ་གང་ལེགས་འོངས་ཐུབ་པའི། སྨོན་འདུན་ཡོད།