བློ་གྲོས་རབ་བརྟན།
ཐབ་ཆུང་ཆུང་དང་མེ་ཚ་བོ། ཕྱི་རྫིག་ནང་སྟོང་།
རྒྱ་གར་དབུས་གཞུང་གིས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་དོན་སྤེལ་དགོས་མ་རེད་ཅེས་བཤད་ཡོད་ལ། དེའི་རྒྱབ་ལྗོངས་སུ་གནད་དོན་མང་པོ་ཞིག་གབ་ནས་ཡོད་པ་ཤེས་དགོས། འོན་ཀྱང་སྲིད་སྐྱོང་བློ་སེང་གིས་རྒྱ་གར་གཞུང་གི་སྐད་ཆར་མ་ཉན་པར་ལས་དོན་བསྒྲུབས་སོང་། སྲིད་སྐྱོང་གིས་སྐད་ཆར་ཉན་མ་ཤེས་པ་ཡིན་ནམ། ཡང་ན་རང་གི་ཁེ་ཕན་གཙོ་བོར་བཟུང་སྟེ་གཞན་གྱི་སྐད་ཆ་སྣང་མེད་དུ་བཏང་བ་རེད།
བོད་མིའི་སྒྲིག་འཛུགས་ལ་རྒྱ་གར་གཞུང་ནས་རྒྱ་གར་བ། ཐུགས་རྗེ་ཆེ་ཞུ་དགོས་མ་རེད་ཅེས་ཁ་གསལ་བོར་བཤད་པ་དེར། བོད་མིའི་སྒྲིག་འཛུགས་ནས་དོན་མ་ནོར་བར་གོ་བ་ལེན་ཐུབ་དགོས། ངས་བསམས་ན་དེའི་རྒྱབ་ལ་གནད་འགག་ཅིག་ཡོད་པ་སྟོན་གྱིན་འདུག བཙན་བྱོལ་བོད་མིའི་ངོས་ནས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ། བོད་མི་ཚོར་དྲིན་ཅན་ཡིན་ཟེར་ནས་ཆེན་པོ་འུར་བསྡད་པ་དེས། རྒྱ་ནག་གཞུང་ལ་རྒྱ་གར་ལ་བོད་དོན་འབྲེལ་ཏེ་གོ་བ་ཞིག་སྤྲོད་ཀྱིན་ཡོད་ཅིང་། གོ་བ་དེ་རྒྱ་དཀར་ནག་གི་ཕྱི་འབྲེལ་དང་ཐབས་བཅོས་ཀྱི་གྲོས་རར་འཁྱེར་ཏེ། རྒྱ་གར་གཞུང་དང་མཉམ་དུ་ལས་དོན་བསྒྲུབ་པའི་ཆ་རྐྱེན་ཞིག་ཏུ་༧གོང་ས་མཆོག་དང་བོད་མི་ཚོར་སྟངས་འཛིན་དགོས་པ་ནན་བརྗོད་གནང་གི་ཡོད་པ་ཤེས། གནས་སྟངས་དེ་འདྲའི་འོག་ནས་བོད་མིའི་སྒྲིག་འཛུགས་ནས་ཀྱང་རང་ཉིད་མཐོང་ཞིང་ཤེས་པའི་ཐོག་ནས་གཟབ་གཟབ་ངང་གོམ་པ་སྤོ་སྟངས་ཤེས་དགོས་པ་དེ་གལ་ཆེན་རེད།
རྒྱ་གར་གཞུང་གིས་རྒྱ་གར་ལ། ཐུགས་རྗེ་ཆེ་ཞེས་པ་གནང་དགོས་མ་རེད་ཟེར་གྱིན་ཟེར་གྱིན་སྲིད་སྐྱོང་བློ་སེང་གིས་ལོ་༦༠ ལོན་པའི་དུས་ཆེན་སྲུང་བརྩི་བྱས་སོང་། སྲིད་སྐྱོང་འདིས་མ་འོངས་པའི་བཙན་བྱོལ་པའི་སྒྲིག་འཛུགས་དང་མི་མང་ལ་བསམ་བློ་མ་བཏང་བར་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་བཟུང་ཡོད། སྲིད་སྐྱོང་གིས་དང་པོ་ནས་དུས་ཆེན་སྲུང་བརྩི་བྱ་རྒྱུ་ཡིན་ཞེས་བཤད་ཚར་དུས། དེ་ལྟར་མ་བྱུང་ན་རང་ཉིད་ཀྱི་ངོ་ཚ་དང་མ་འཇོན་པ། ལས་ཀ་བྱེད་སྟངས་ཤེས་ཀྱི་མེད་པའི་གནས་སྟངས་མངོན་སུམ་དུ་ཆགས་པ་ཡིན་དུས། དེ་གཡོལ་ཆེད་དུ་ཨུ་ཚུགས་དང་ཐབས་ཤེས་འདྲ་མིན་གྱིས་དུས་ཆེན་དེ་སྲུང་བརྩི་བྱས་ཡོད།
ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པའི་དྲུང་ཆེས་རྒྱ་གར་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་ཚོགས་ཐོག་རང་ནས་གསལ་བོ་བཤད་སོང་། སྤྱིར་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་སྐྱོང་བྱེད་བཞིན་ཡོད་ཅིང་། བཙན་བྱོལ་བོད་མིའི་བསྟི་གནས་དང་བོད་ཀྱི་མཛད་གཙོ་རྣམ་པ་དང་ལྷན་འཛོམས་ཐོག་སྐད་ཆ་དེ་བཤད་པ་དང་པོ་རེད།
རྒྱ་གར་གཞུང་མང་གཉིས་ནས་ད་བར་དུ་བོད་མི་ཚོར་གནས་ཚང་གཡར་བ་མ་ཟད། བོད་མིའི་ངོ་བོ་སྲུང་སྐྱོབ་ལ་གོ་སྐབས་གནང་ཞིང་། བདེན་པའི་འཐབ་རྩོད་ལ་ཁོར་ཡུག་བསྐྲུན་པ་དེ་༧གོང་ས་མཆོག་གི་མཛད་འཕྲིན་ཉག་གཅིག་ལ་བརྟེན་ཡོད། ༧གོང་ས་མཆོག་ནི་ས་གཞི་འདིའི་སྒང་ལ་གནའ་བོའི་རྒྱ་གར་གྱི་བླ་ན་མེད་པའི་ཤེས་རབ་ཅིག་གི་མགྲིན་ཚབ་པ་ཡིན་ཞིང་། ༧གོང་ས་མཆོག་གིས་ཞི་བདེ་དང་མཉམ་གནས། ཁོར་ཡུག་སྲུང་སྐྱོབ། སྤྱི་མཐུན་གྱི་བཟང་སྤྱོད་དར་སྤེལ་གནང་བཞིན་པ་དག་ནི་མཐར་གཏུགས་ན། རྒྱ་གར་གྱི་གནས་བོ་རིག་གཞུང་ཞིག་དར་སྤེལ་གནང་བ་རེད།
བར་སྐབས་ཤིག་ནས་༧གོང་ས་མཆོག་གིས་ནང་པའི་ལྟ་གྲུབ་ལྟར་ན་ཟེར་བའི་ཚབ་ལ་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ལྟར་ན་ཟེར་ནས་དགོངས་ཚུལ་གསུང་གི་འདུག་ཅིང་། དེ་བཞིན་ཐུགས་ཀྱི་དམ་བཅའ་བཞི་པ་སྟེ། རྒྱ་གར་དུ་རྒྱ་གར་རང་གི་གནའ་བོའི་སྤྱི་མཐུན་བཟང་སྤྱོད་ཉམས་ཆགས་ཕྱིན་པ་སླར་གསོ་གནང་རྒྱུ་ཐུགས་འགན་འཕར་མ་ཞིག་བཞེས་འགོ་བརྩམས་ཟིན། ༧གོང་ས་མཆོག་གི་མཛད་འཕྲིན་འདི་དག་གིས་དུས་རབས་ཉི་ཤུ་རྩ་གཅིག་པར་རྒྱ་གར་གྱི་གནའ་བོའི་བླ་ན་མེད་པའི་རིག་གཞུང་ཞིག་མིའི་རིགས་ཀྱི་ཞི་བདེ་དང་མཉམ་གནས། སྤྱི་མཐུན་བཟང་སྤྱོད་གོང་འཕེལ་ཆེད་དུ་སླར་གསོ་གནང་སྟེ། རྒྱ་གར་ནི་ད་ལྟའི་འཛམ་གླིང་འདིའི་དཔལ་ཡོན་གྱི་རྒྱན་དུ་བསྐྲུན་ཡོད། དེ་ནི་༧གོང་ས་མཆོག་གི་བླ་ན་མེད་པའི་རྣམ་དཔྱོད་ལ་མ་བརྟེན་ན་རྒྱ་གར་ཁོ་རང་ཚོས་བསྒྲུབ་ཐུབ་པ་ཞིག་མིན། དེར་བརྟེན་༧གོང་ས་མཆོག་ནི་རྒྱ་གར་ལ་གནད་འགག་ཆེན་པོ་ཡིན་པ་རྒྱ་གར་བས་ངེས་པ་རྙེད་དེ་ཆེས་བླ་རུ་བཀུར་བཞིན་ཡོད་ཅིང་། མཛད་འཕྲིན་དེའི་འོག་ནས་བོད་མི་ཚོ་ལའང་་རྒྱ་གར་གཞུང་མང་གཉིས་ནས་གུ་ཡངས་དང་གཟིགས་སྐྱོང་དམིགས་བསལ་འཐོབ་ཀྱིན་ཡོད་པ་ཤེས་དགོས། དེ་མིན་ང་ཚོས་གོས་ཆེན་ཐང་ལ་བཏིངས་ཏེ་ཐུགས་རྗེ་ཆེ། རྒྱ་གར་བ་ག་ཚོད་ལབ་ནའང་གཏིང་ནས་ནུས་པ་མི་ཐོན་པ་ཤེས་རྒྱུ་གལ་ཆེ།
བོད་མི་ཚོའི་གནས་སྟངས་སྐྱབས་བཅོལ་ཡིན་ལ། ཕྱོགས་གང་ནས་བལྟས་ནའང་དཀའ་ངལ་འཕྲད་ཆོག་ཆོག་རེད། རེད་དེ་ད་བར་གནས་སྟངས་བཟང་བོ་ཞིག་དང་འབྲས་བུ་སྨིན་གྱིན་ཡོང་ཐུབ་ཡོད། དེ་ལྟར་ཡོང་ཐུབ་པ་དེ་ནི་དེ་སྔའི་མཛད་གཙོ་རྣམ་པའི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་ཏེ།་༧གོང་ས་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་ཀྱིས་ “ཐབ་ཆུང་ཆུང་དང་མེ་ཚ་བོ། “ ཐབས་ལམ་སྤྱད་ཡོད། ཁོང་ཚོ་ལ་ལས་ཁུངས་དང་མོ་ཊ་རྫིག་པོ་མེད་ལ། མི་མང་དཀྱུས་མ་རང་བྱས་ནས་ཕྱག་ལས་གནང་ཡོད་། ཁོང་ཚོས་ཕྱག་ལས་གནང་སྟངས་དེས་ད་ལྟའི་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་གནས་བབ་བཟང་བོ་འདི་བསྐྲུན་པ་རེད། རེད་དེ། སྤྱི་ཚོགས་ཀྱི་གནས་བབ་བཟང་བོ་དེར་འདས་པའི་ལོ་འགའི་རིང་ནས་ཉམས་འགོ་བརྩམས་ཟིན་ལ། “ཐབ་ཆུང་ཆུང་དང་མེ་ཚ་བོ།” ཡི་ཐབས་ལམ་ལ་འགྱུར་བ་ཐེབས་ཏེ། “ ཕྱི་རྫིག ནང་སྟོང་། “གི་ཐབས་ལམ་ལག་བསྟར་བྱེད་བཞིན་ཡོད། འདས་པའི་ལོ་འགའི་རིང་བོད་མིའི་མཐུན་སྒྲིལ་ཉམས་ཆག་དང་། སྒྲིག་འཛུགས་ལ་མི་མང་ཁྱོན་ཡོངས་ནས་ཡིད་ཆེས་ཇེ་ཞན། སྤྱི་ཡི་སྒྲིག་འཛུགས་དེ་རང་ཉིད་ཀྱི་ཁེ་ཕན་རྩོད་ས་ཞིག་ཏུ་བསྒྱུར་བ། སྤྱི་ཚོགས་ཟང་ཟིང་ཆགས་ཏེ་གཅིག་འོག་གཅིག་ཏུ་འདུ་དཀའ་བའི་གནས་སྟངས་དེ་ཆབ་སྲིད་ཁ་གཏད་ཚོགས་པའི་ངོ་བོར་བསྒྱུར་བར་བརྩོན་པ། མི་མང་སྟོང་ཕྲག་མང་པོའི་རེ་བ་ཆུ་ལ་གཡུགས་ཏེ། མི་ཉུང་ཤས་ཤིག་རེད་མདོག་མདོག་གིས་སྣང་མེད་དུ་བཞག་སྟེ། ཕྱོགས་མང་པོ་ནས་༧གོང་ས་མཆོག་གི་ཟུར་དུ་བཅར་གང་ཐུབ་དང་། གསར་ལམ་ཁག་ཏུ་མངོན་ཨེ་ཐུབ། མཛད་སྒོ་འཚོགས་རྒྱུ་དང་། གངས་སྐྱིད་དུ་ཁང་ཆེན་འགའ་བརྒྱག་རྒྱུར་གཙོ་བོར་འཛིན་གྱིན་འདུག དེ་ནི་རང་དོན་ཁོག་བཅུག་དང་ “ ཕྱི་རྫིག ནང་སྟོང་” གི་བོད་པའི་སྤྱི་ཚོགས་ཤིག་ལ་སྲིད་སྐྱོང་བློ་སེང་གིས་སྣེ་ཁྲིད་ཡོད་ཅིང་། ཆོལ་ཞེན་གྱིས་བཟི་ཞིང་དངོས་ཡོད་ལ་རྒྱབ་ཀྱིས་ཕྱོགས་པའི་སྤྱི་འཐུས་སྐོར་ཞིག་གིས་དེར་རམ་འདེགས་བྱེད་ཀྱིན་ཡོད།
མི་མང་གི་འགོ་ཁྲིད་རབས་ཅིག་ཡིན་ན། ལས་དོན་ཡག་པོ་སྒྲུབ་ཐུབ་ཀྱི་མེད་ན་དགོངས་ཞུ་གནང་རྒྱུ་ལས་མི་མང་ལ་བརྡབ་གསིག་གཏང་གི་མ་རེད་དེ། ང་ཚོའི་སྲིད་སྐྱོང་བློ་སེང་འདིས་མི་མང་ལ་བརྡབ་གསིག་གཏང་ཕྱིར་ལོ་ཚད་མ་རྫོགས་པར་དུ་ཨུ་ཚུགས་ཀྱིས་འདུག་རྒྱུ་ཡིན་པ་གཏན་འཁེལ་རེད། དེའི་འཇུག་འབྲས་ནི་བཙན་བྱོལ་བོད་མིའི་མཐུན་སྒྲིལ་གྱི་གོང་བུ་ཉམས་ཆག་དང་། སྒྲིག་འཛུགས་འདི་རང་གི་ཁེ་ཕན་བསྒྲུབ་སའི་སྡིངས་ཆ་ཞིག་ཏུ་བསྒྱུར་ཏེ། ད་བར་༧གོང་ས་མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པ་ཚོས་བསྐྲུན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ལྟ་ས་རྟེན་ས་མེད་པ་ཞིག་ཏུ་བསྒྱུར་རྒྱུ་རེད།
ད་ངུ་ཟུག་ག་རེ་འདོན་སྡད་ཀི་ཡོད། རྒྱ་གར་བས་བོད་ལ་རོགས་རམ་གནང་བ་དེ་རང་གཞན་གཉིས་ཕན་གྱི་ཆེད་རེད། དེ་ལ་ཐུགས་རྗེ་ཞུས་པ་དེའང་ཐབས་ལམ་ཞིག་རེད།
གལ་སྲིད་བོད་པ་རྒྱ་ཡི་ཐོ་བ་རུ་སྲུང་སྐྱོབ་བྱས་པ་ལ་ཁེ་ཕན་མེད་ན།
རྒྱ་གར་བས་སྙིང་རྗེ་ནམ་ཡང་ལྟ་མི་སྲིད་ཅིང་། དུས་དེ་ནས་རྒྱ་གར་གྱི་རྐུབ་གཡོག་ཏུ་ཉིན་ལྟར་རྒྱུག་བསྡད་ནའང་ལས་འགུལ་སྣེ་གཅིག་སྤེལ་བཅུག་གི་མ་རེད། ཆབ་སྲིད་པས་ངོས་དགའ་འཁྲབ་པས་དེའི་ངོ་སྲུང་བ་དང་། ཉམ་ཐག་པས་དེ་ལ་སྙིང་རྗེ་མི་ལྟ་བ་དེ་ཆབ་སྲིད་པ་ཀུན་གཅིག་མཚུངས་རེད། གླེན་པ་རྫི་བོ་ཁྱེད་ཚོ་རི་བོང་གནམ་རྡེབ་ཀྱི་སྡུག་བསྔལ་མི་གསོག་པར་ཕུར་པ་ཐབ་ལེབ་ཁྲུས་ནས་ཉི་རེའི་འཚོ་བ་ལ་རོལ་ན་ཡག་ཤོས་རེད།
ད་གནས་ཚུལ་རྫོར་པོ་མ་བཟོས་ན་ཡག་གི་རེད། ཁྱེད་རང་དངོས་གནས་བློ་སེང་ལ་མ་དགའ་བ་ཡོད་ན། ཆང་བཏུང་ནས་སྡད། སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་ནས་སྡིག་པ་གསག་རོགས་རེད། སྙིང་རྗེ།
བློ་གྲོགས་བརྟན་པ་ལགས།
ང་ཁྱེད་ཀྱི་དགོངས་པ། ཐབ་ཆུང་ཆུང་། མེ་ཚ་པོ་དེར་མོས་པ་ཡོངས་སུ་ཡོད། ད་རེས་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལྟར་བྱས་པ་ལྟ་བུ་འདུག
འོན་ཀྱང་། ཁྱེད་ཀྱི་རྩོམ་ཡིག་འདི་ལ་ངོ་མ་རིན་ཐང་ཆེན་པོ་ཞིག་ཡོང་བར། རྒྱ་གར་གཞུང་གིས་དེ་ལྟར་བྱེད་མི་དགོས་པའི་དཔང་རྟགས་གང་ཡོད་གནང་རོགས། དཔེར་ན་ཁྱེད་ཀྱི་རྩོམ་ཡིག་དེའི་ནང་ལ་རྒྱ་གར་གཞུང་གི་ཡི་གེ་དང་མིའི་མིང་སོགས་ཡོད་ན། ད་གཟོད་ཁྱེད་ཀྱི་རྩོམ་འདི་ལ་བདེན་པའི་རིན་ཐང་ཆེན་པོ་ཞིག་ཡོད་པས། བློ་སེང་དང་ཁོང་གི་རྒྱབ་སྐྱོར་བ་རྣམས་ཉན་མི་འདོད་རུང་། ང་ཚོས་ཤོད་དགོས།
དེ་མ་བྱུང་བར་དུ། རྩོམ་འདི་བསམ་ཚུལ་དང་འཆར་སྣང་ལྟ་བུ་ལས་མ་འདས། རྒྱུ་མཚན་གྱི་རྩོམ་འདིའི་སྙིང་ལྟ་བུ་རྒྱ་གར་གཞུང་གི་སྐད་ཆ་འདི་ངོ་མ་ཡིན་མིན་ཁུངས་བསྐྱལ་མ་ཐུབ་པས་སོ།
ད་བར་བཙན་བྱོལ་ནང་ཆོལ་ཁའི་འཐེན་ཁྱེར་ཕྲན་བུ་ཡང་ནས་ཡང་དུ་ཡོང་གི་ཡོད་ཀྱང་། ཆོལ་ཞེན་ལ་བདག་པོ་བརྒྱ་ཆ་བརྒྱ་བརྒྱག་མཁན་དང་ཆོལ་ཞེན་ཡ་ང་འཛེམ་སོན་མེད་བེད་སྤྱོད་གཏོང་མཁན་བློ་སེང་ལས་ཚབས་ཆེ་གཅིག་ཀྱང་བྱུང་མྱོང་ཡོད་པ་མ་རེད།
གྲྭ་བ་མང་པོ་ཞིག་དང་བོད་མཐའ་ཁོབ་ནས་ཡོང་བའི་རྒད་པོ་ཀླད་རྙིང་འཇུ་ཆེན་ལྟ་བུ་ལས་མི་སྐོར་ཞིག་མ་གཏོགས་ཆོལ་ཞེན་ལ་བདག་པོ་བརྒྱག་མཁན་མེད་པར་གད་སྙིགས་ལྟར་འགྱུར་བཞིན་པའི་སྐབས་སུ། གློ་བུར་དུ་བཀའ་ཁྲིའི་རྐུབ་སྟེགས་ལ་འདོད་རྔམ་འབར་བའི་བློ་སེང་གིས་ཆོལ་ཞེན་ལ་ངར་ཤུགས་སྤྲད་ནས་འོས་ཤོག་སློང་བ་རེད། འོས་སློང་སྟངས་འདི་ལ་ཞེན་ཁོ་ན་ལས་ཤེས་འཇོན་སོགས་སྟོན་མི་དགོས་པའི་འོས་ཤོག་བསྡུ་སྟངས་སྟབས་བདེ་ཤོས་ཡིན་པ་རེད།
ཆོག་ཞེན་གྱིས་དཔུང་སྒྲིག་བྱས་ཏེ་རང་དང་ཆོལ་ཁ་ཕྱོགས་གཏོགས་ཀྱི་འོས་མིར་འོས་བླུག་ཕྱིར་བཀའ་བློན་ལས་ཐོག་ནས་དགོངས་པ་ཞུ་མཁན་སུ་དང་སུ་རེད། དེ་དགོངས་པ་ཞུས་ལབ་མཁན་སུ་དང་སུ་རེད།
ཆོལ་ཁ་བྱེ་བྲག་པས་སྲིད་སྐྱོང་འོས་མི་སུ་དང་སུ་སློང་ཡོད་རེད། བློ་སེང་ལ་ལེགས་ཆ་ཆེ་ཤོས་དེ་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་གམ་ཕྱོགས་རིས་མེད་པ་དེ་དངོས་ཡོད་རེད། དེ་ཁོ་རང་མི་བཟང་པས་མ་ཡིན་པར་འཚར་ལོངས་བྱུང་ས་དེ་ཁོ་ཡུག་ཡག་ཆེ་ནས་ཕྲག་དོག་ཅན་གྱི་བོད་པའི་སྤྱི་ཚོགས་ལྟ་བུ་མ་ཡིན་པར་བོད་པ་རེ་གཉིས་ལས་མེད་སའི་སློབ་ཆེན་དུ་མི་ཚེ་ཕྱེད་ཀ་སྡད་པ་དེས་ནང་ཁུལ་ཕྱོགས་འཐེན་མེད་པའི་་བཟང་ཆ་དེ་འབུར་དུ་ཐོན་པ་ཡོད་རེད། ད་ཉོག་གཏམ་གྱིས་སྤྱི་ཚོགས་མ་དཀྲུགས་རོགས། སྐུ་ཆེ།
སློབ་སངས་འགྲོ་བ་མིའི་ཆེ་མཐོང་དང་མང་གཙོ་བླ་རུ་བཀུར་བའི་སྤྱི་ཚོགས་ནས་འཚར་ལོངས་བྱུང་པ་རེད་དེ། མང་ཚོགས་ཀྱི་མངོན་འདོད་ཆུ་ལ་བསྐྱུར་མཁན་གྱི་ཁྲམ་པ་འདི་ལྟ་བུ་ཞིག་ཏུ་ཅིའི་ཕྱིར་གྱུར་སོང་པ་ཡིན་ནམ། སློབ་སངས་མིའི་རང་དབང་དང་འདྲ་མཉམ་གཙུག་ཆེར་འཛིན་པའི་ཁོར་ཡུག་ནས་གཉོམ་ལག་རྒྱས་པ་རེད་དེ། ཁོ་རང་རྡ་སར་སླེབས་མ་ཐག་ནས་ཕ་ཡུལ་གཅིག་པའི་ལི་ཐང་བ་ཚོ་དང་མཉམ་འཛོམས་སྐབས་ཁོ་རང་གནས་འདིར་དཔུང་ཁག་ཤོག་སྒྲིག་བྱེད་དུ་ཡོང་བ་ཡིན་ཞེས་བསྒྲགས་ཏེ་མང་ཚོགས་ཀྱི་སེམས་ལ་ལུང་ཞེན་གྱི་ངར་ཆུ་ཁོལ་མ་འདི་ལྟར་ལྡུག་དོན་གང་གིས་ལན་ནམ། སློབ་སངས་ཀྱིས་མི་ཚེ་ཕྱེད་ཀར་ཁྲིམས་ལུགས་སྦྱངས་ཏེ་ཁྲིམས་མགོན་དུ་བཀུར་བའི་ཡུལ་གྲུ་ནས་མི་རུ་གྱུར་པ་ཡིན་སྐད། ཡིན་ཡང་། ཁོ་རང་ཉིད་ཀྱིས་མང་གཙོས་གཏན་ལ་ཕབ་པའི་ཁྲིམས་དང་སྒྲིག་གཞི་རེ་རེ་བཞིན་རྩིས་མེད་བརྡལ་བཤིག་བཏང་སྟེ་སྒེར་གཅོད་པ་གཏེ་བོ་འདི་ལྟ་བུ་ཞིག་ཏུ་གྱུར་པ་གང་གིས་བཟོས་པ་ཡིན་ནམ། མང་ཚོགས་ལ་ངོ་གདོང་སྟོན་མི་ཐུབ་པའི་མང་གཙོའི་དབུ་ཁྲིད་འདི་ལྟ་བུ་ལ་ང་ཚོས་གང་དང་ཅི་ཡིས་འགྲེལ་ཨང་། གང་ལྟར་མདོར་དྲིལ་ན། སློབ་སངས་འདི་ང་ཚོས་ཐོག་མར་རེ་བ་བརྒྱབ་པ་ནང་བཞིན་གྱི་བོད་བསྟན་སྲིད་ལ་ཕན་པའི་མི་དེ་དངོས་གནས་མ་རེད། སྤྱི་ཚོགས་ཀྱི་སྐད་ཆ་ལྟར་ན། སློབ་སངས་འདི་ལྟར་ངན་པ་རྒྱ་ཡབ་དུ་གཏོང་མཁན་ནི་གྲོས་ཚོགས་ནང་ན་ཚིག་རྩུབ་དང་ངག་འཁྱལ། ཧམ་བཤད་འབའ་ཞིག་བསྒྲགས་དང་སྒྲོག་གིན་པའི་སྐྱ་མིན་སེར་མིན་གྱི་མདོག་གཉིས་མ་དག་ཡིན་སྐད།
ངན་པ་རྒྱ་ཡན
མྱི་ནག་ཁོ་ནག་ཅན་པོ། ཕྲག་དོག་གི་ཟུག་རྔུ་མ་འདོན།
བློ་སེང་དང་སློབ་སངས་མིང་ག་རེེ་འདོགས་ཀྱང་ཁྱད་པར་མི་འདུག
ལྷག་པར་དུ་ཆོས་ལུགས་དང་ལུང་ཚན་གྱི་མིང་གིས་ཤན་མ་གོས་པར་སློབ་སངས་བཏགས་ན་བཟང་བར་སེམས། མང་ཚོགས་ཀྱི་མངོན་འདོན་ཆུ་ལ་སྐབས་དང་དུས་ནམ་ཞིག་ལ་སྐུར་སོང་། ལོང་གཏམ་མ་ཤོད།
ཁྲིམས་དང་སྒྲིག་གཞི་རྩིས་མེད་བཏང་ཡོད་ན་ཁྲིམས་བཟོ་གྲོས་ཚོགས་འཚོགས་ཚར་ཙམ་རེད་དུས། ཁྲིམས་དང་སྒྲིག་གཞི་འདི་འགལ་སོང་ཟེར་བ་བདེན་དཔང་གཅིག་ཀྱང་སྟོན་རྒྱུ་མེད་དོན་ཅི་རེད། དོན་གཅོད་འཕོ་འགྱུར་སྐོར་ལ་ལབ་ཡིན་ན། འདི་ལ་སློབ་སངས་ངོ་མ་གཞི་མེད་སྐྱོན་འཛུགས་ཀྱི་མིའི་མི་ཁ་གླེང་བརྗོད་ཡོད་ཚད་ཐེག་པའི་ཁོ་ཡངས་ཤེས་རྒྱ་ཅན་ཞིག་མཐོང་། དོན་ངོ་མ་བཤད་ན་འདི་འདྲ་རེད། དོན་ཟུར་ཁོང་ཡར་བསྐོས་པ་བཞིན་མར་ཕབ་ཡིན་པར་སྲིད་ཚབ་ཀྱིས་ཟེར་བ་དེ་རེད། ཡར་༧ རྒྱལ་བ་རིན་པོ་ཆེ་ཡིས་བསྐོས་པ་སྤེན་ཚེ་རང་གིས་ཡོངས་གྲགས་བྱས་ནས་བཤད་ཡིན་པ་གོ་ཡོད་ཚོད་རེད། དོན་གཅོད་ཚང་མ་༧ རྒྱལ་བའི་མཚན་ཐོག་ལ་ཡོད་པས་དབང་ཆ་གཙོ་བོ་དགའ་ལྡན་ཕོ་བྲང་ལ་ཡོད་དེ་ལ་བཀའ་ཤག་གིས་གང་འདོད་ཐག་གཅོད་མི་ཕོད་པ་ར་བཟི་མིན་ན་ཧ་གོ་དོན་གསལ་རེད།
ཐུབ་བསྟན་ཐོག་མེད་ཀྱིས་སྐལ་ལྡན་བློ་གྲོས་དང་བསྟན་འཛིན་དོན་ལྡན་གཉིས་ཀྱིས་ཞུ་ལོག་ཕུལ་སོང་ཟེར་བ་དང་།
སྒྲོལ་མ་སི་ཁོ་གཟའ་ཟེར་བ་དེས་ལྕམ་ནེ་སུ་པེ་ལམ་དང་རིན་ཆ་གྷི་རི་གཉིས་ཀྱིས་གཅིག་བྱས་སོང་སྤེན་ཚེ་ཕྱིར་ཁྲིད་ཤོག་ཁྱོད་གཉིས་སྐུ་སྒེར་གྱི་གྲོགས་པོ་ལས་བོད་མི་རིགས་ལ་ཇུས་ཏོག་མེད་ལབ་པ་དང་། དགའ་ལྡན་ཕོ་བྲང་གི་གསོས་ཕྲུག་དམ་ཆོས་ཉི་མས་བོད་ཀྱི་སྤྱི་ཚོགས་བཀྲ་མ་ཤིས་པ་བྱུང་བ་འདི་དགའ་ལྡན་ཕོ་བྲང་གི་ལས་སྣེ་རྣམས་ཀྱིས་མི་སྒེར་པ་ཞིག་གི་ཐོབ་ཐང་ཚུན་ཆད་ལ་གཏོང་འཛིན་བྱས་པ་དང་ནང་ཁུལ་དབང་ཆ་འཐབ་རྩོད་ལས་བྱུང་བ་འདྲ༌པོ༌བཤད༌བཞིན༌འདུག༌ན་
སྲིད་སྐྱོང་གི་མིང་ཙམ་ཁྱེར་བ་ལས་དོན་ངོ་མ་ཕྱིར་འབུད་གཏོང་མཁན་སུ་ཡིན་གསལ་པོ་རེད།
སྤྱི་འཐུས་གྲོས་ཚོགས་སུ་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་ལབ་དུས་་་༧ གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ལ་ལག་འཆང་ཕོད་མིན་གླེང་སྐབས་དེ་ལ་གནས་ལུགས་བགྲང་ནས་བཀའ་ཤག་གཅིག་པུས་ཐག་གཅོད་ཡིན་པའི་རྒྱུ་མཚན་ཁེ་རེ་མ་ཞིག་བཤད་ཡོང་མཁན་སུ་ཡང་མི་འདུག་བ། ད་དུང་གནས་ལུགས་མ་མཐོང་ན་ལོང་བ་ཡིན་པ་ལས་མི་དབང་པོ་ཚང་བ་མིན་རྟགས་རེད།
དེ་འདྲ་ཡིན་ན། སྤེན་ཚེ་ཕོ་བྲང་གིས་འཕོ་འགྱུར་བཏང་། འཕོ་འགྱུར་བཏང་བའི་རྒྱུ་མཚན་དོ་དོན་ཚན་བཅུ་དེ་བཀའ་ཤག་གིས་གསར་བཟོ་བྱས་པ་རེད་དམ།
བློ་སེང་ཁྲིམས་ལུགས་པ་ཡིན་ཟེར་བཞིན་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་ལ་ཁྲིམས་འགལ་རྩིས་ཁྲ་བཟོས་ཏེ་ནང་ཚགས་ཡིན་ཟེར་བའི་ཚིག་དེ་སྙན་པོ་ཡོད་ཀྱང་། དོན་ལ་ནང་ཚགས་ཟེར་བ་དེ་ག་རེ་རེད། ཁྲིམས་མཐུན་རེད་དམ། ཁྲིམས་མཐུན་ཡིན་དགོས་པ་ལས་ནང་ཚགས་བྱེད་མི་རུང་། མདོ་དོན་རྒྱ་མིས་བློ་སེང་གིས་སྣེ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུག་གིས་ཆོལ་ཞེན་རྩད་ནས་རང་ཤི་བརྒྱག་བཞིན་པ་ལ་ལྟད་མོ་ལྟ་བཞིན་འདོད་པ་ཁེངས་ནས་ཡོད་པ་དེ་རེད། སེམས་ཀྱི་ན་་ཟུག་འདི་ལ་རྟེན་ནས་བློ་སེང་ལ་ངོ་རྒོལ་སྤེལ་བ་རེད།
བློ་སེང་གིས་སྣེ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུགས་རང་ཤི་བརྒྱག་བཞིན་པ་སྐྱོ་བོ་མ་ེེད་དམ
གསལ་བསྒྲགས་དེ་གོང་རིམ་གྱི་མཚན་མཐོང་སྲུང་སྐྱོབ་བྱེད་སྟངས་ཤིག་རེད། ས་ཡ་གཅིག་དང་ཕྱེད་ཀ་ཁྲིམས་འགལ་རྩིས་ཁྲ་ཡིན་མིན་ཨ་རིའི་ཁྲིམས་ཁང་དང་བཙན་བྱོལ་བོད་མིའི་ཁྲིམས་ཁང་གཉིས་ཀ་ལ་མགྲོན་འབོད་བྱས་སོང་བ། དོན་གཅོད་ཀྱི་ཁང་པ་གསར་པ་དེ་རོགས་ཚོགས་དང་དོན་གཅོད་གཉིས་ཀ་ལ་དོན་དུ་བདག་ཐོབ་འདྲ་མཉམ་ཡོད་སྟབས་བགོ་སྐལ་སྤྲད་རོགས་ལབ་པ་དེ་སྤྲད་པ་ཞིག་ལས་བུ་ལོན་མིན་པ་དངོས་ཡོད་རེད་འདུག་བ། ཁྲལ་ལས་གཡོ་ཆེད་ནང་གྲོས་ཏོག་ཙམ་ལོས་བྱ་ཆོག ་སློབ་སངས་ལ་སྐྱོན་བྲལ་ཡོན་ཏན་ཅན་ཞིག་མཐོང་གི་མི་འདུག་སྟེ། སྐབས་འདིར་མདུང་རྩེ་ཡོད་ཚད་གཏད་དགོས་དོན་ཞིག་ལ་ནས་མཐོང་གི་མི་འདུག མི་རང་ས་དང་རང་མི་སར་བཞག་ནས་སྐད་ཆ་བཤད་ན་ཁྱེད་ཚོ་ལ་ཁག་ཡོད་མ་རེད་དེ། སློབ་སངས་ལ་ཁག་ཡོད་མེད་ཀྱི་འགལ་རྐྱེན་ཞིག་ཡིན་སྟབས་བསམ་ཤེས་དང་གུ་ཡངས་ཀྱི་ལམ་བུ་ཞིག་གཉེར་ནས་དགྲ་དགའ་གཉེན་སྡུག་གི་ཁ་ལག་མ་འགུལ་ན་ཨ་རེ་དྲན་བཞིན་ཡོད།
དོན་གཅོད་ཁག་གི་སྐུ་དབང་དགའ་ལྡན་ཕོ་བྲང་ལ་ཡོད་པ་བཅའ་ཡིག་ནང་གསལ་ལྟར་ཡིན་པ་ཀུན་གྱིས་ཤེས་གསལ་རེད། སྤེན་ཚེ་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་བཀའ་ཤག་གིས་གསལ་བསྒྲགས་དོན་ཚན་བཅུ་ཅན་དེ་ཡིན་པར་བཀའ་ཤག་རང་གིས་བཤད་པ་རེད།
དགའ་ལྡན་ཕོ་བྲང་ནས་སྤེན་ཚེ་འཕོ་འགྱུར་བཏང་བ་བདེན་ན་གོང་གི་དོན་ཚན་བཅུ་དེ་སྐུ་སྒེར་ནས་བཏོན་པ་ཡིན་དགོས་ལ་དེ་ལྟར་ན་དང་པོ་ནས་དོན་གཅོད་ཁག་གི་སྐུ་དབང་སྐུ་སྒེར་ལ་ཡོད་པ་བཞིན་སྐུ་སྒེར་ནས་དོན་ཚན་བཅུ་བོ་དེ་བཏོན་ནས་སྐུ་སྒེར་གྱིས་འཕོ་འགྱུར་བཏང་སོང་ཞེས་གསལ་བསྒྲགས་སྤེལ་ན་དེང་གི་རྙོག་གླེང་འདི་ཡོང་དགོས་དོན་རྩ་བ་ཉིད་ནས་མེད། དོན་ཚན་བཅུ་དེ་བཀའ་ཤག་རང་གིས་བཏོན་པ་ཡིན་ཞེས་བཤད་པ་ལྟར་བཀའ་ཤག་རང་གིས་བཏོན་པ་ཡིན་ན་དང་པོ་ནས་དོན་ཚན་བཅུ་པོ་དེ་སྐུ་སྒེར་ལ་སྙན་གསེང་ཞུས་ནས་སྐུ་སྒེར་ནས་མོས་མཐུན་གནང་ཡོད་དམ། ཡོད་ན་དོན་ཚན་བཅུ་དེ་སྐུ་སྒེར་ལ་སྙན་གསེང་ཞུས་ནས་ཐག་གཅོད་བྱུང་བ་ཡིན་ཞེས་བཤད་ན་དེང་གི་རྙོག་གླེང་འདི་ཡང་ཡོང་དོན་རྩ་བ་ཉིད་ནས་མེད། གལ་ཏེ་དོན་ཚན་བཅུ་པོ་དེ་༧གོང་ས་མཆོག་ལ་སྙན་གསན་ཞུས་པའི་དབང་དུ་བཏང་ཡང་རྒྱུ་མཚན་ལྟར་སྣང་དེ་དག་༧གོང་ས་མཆོག་གིས་ངོས་ལེན་མི་བྱེད་པ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན། མཐར་གཏུགས་ན་ཁྱི་སེང་གིས་༧གོང་ས་མཆོག་ལ་བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་ཡོངས་རྫོགས་ཁྱོད་ལ་ཇུས་ཏོག་མེད་དེ་དག་གི་དབང་ཚད་ཆ་ཚང་ང་ལ་ཡོད་ཅེས་དབང་ཆ་སྒེར་གཅོད་དང་༧གོང་མཆོག་ལ་དྲིན་ལན་ལོག་འཇལ་དང་ངོ་ལོག་བྱས་པ་རེད། ཁྱི་སེང་ཁོ་རང་གིས་བྱས་ཉེས་ཐམས་ཅད་༧གོང་ས་མཆོག་གི་སྟེང་ལ་ཕར་གཡུག་འདུག དཔེ་ཚོན་གཅིག་བཤད་ན་་སྔོན་མ་འོས་བསྡུའི་སྐབས་དུས་འཁོར་དབང་ཆེན་ཁོས་འོས་བསྡུ་ལ་བེད་སྤྱོད་བྱད་བཏང་རྐྱེན་དུས་འཁོར་དབང་ཆེན་ཕྱིར་འཐེན་བྱེད་དགོས་བྱུང་པ་རེད། དེ་ཡང་༧གོང་ས་མཆོག་གིས་སྐུ་ངལ་གསོ་ཆེད་ཡིན་ཞེས་༧གོང་ས་མཆོག་གི་སྟེང་ལ་ཕར་གཡུག་པ་དེ་འདྲ་རེད། ཁྱི་སེང་འདིའི་ཉེས་པ་ནམ་མཁར་མི་ཤོང་། སྨོན་ལམ་ལོག་པའི་དམ་སྲི་ཁྱི་སེང་འདིས།།བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན།།མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློགས།
རྡོག་རྡོག་བློ་སེང་གི་སྐབས་སུ་བཙན་བྱོལ་ནང་གི་གནད་ཡོད་འགོ་ཁྲིད་ག་ཚོད་རྙོག་དྲ་ནང་ཚུད་ནས་འཕྲོ་བརླག་ཏུ་ཕྱིན་མ་སོང་ངམ། རྒྱ་རི་སྒྲོལ་མ། བདེ་སྐྱིད་ཆོས་དབྱངས། སྤེན་ཚེ། འབྲོང་ཆུང་། ཤར་གླིང་ཟླ་སྒྲོན། སྐལ་རྡོར། བཀྲ་མཐོང་རྐུན་མ་རེད་ཟེར། དངོས་གྲུབ་ཚེ་རིང་སོགས་གནད་ཡོད་དབུ་ཁྲིད་འདི་འདྲ་མང་པོ་རྙོག་དྲ་ནང་ཚུད་པ། སྤྱི་ཚོགས་ཆུང་ཆུང་འདི་ལ་གྱོང་གུད་ག་ཚོད་ཆེན་པོ་རེད་མི་འདུག་གམ། ཤེས་ཡོན་པ་འདི་འདྲ་མང་པོ་ཆུད་ཟོས་སོང་བ་ཡིན་ན་བཙན་བྱོལ་གྱི་ཤེས་་ཡོན་སྲིད་ཇུས་ཕམ་ཉེས་ཆེན་པོ་ཕོག་པ་མ་རེད་དམ། མང་ཚོགས་ཕལ་བ་ཚོ་འཁྲུགས་པ་ཙམ་མ་ཡིན་པར། བོད་པ་ཚོ་ཁྲོམ་ནས་ཐུག་ན་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུ་སྲོལ་ཡང་མེད་ཆགས་འདུག་ག། རང་གི་ཆོལ་ཁ་གཅིག་པོ་ནང་ལ་མ་གཏོགས་བཀྲ་ཤིས་བདེ་ལེགས་ཞུ་སྲོལ་ཡང་མེད་པ་ཆགས་འདུག ལོ་རྒྱུས་འདི་བློ་སེང་དུས་སྐབས་མ་གཏོགས་བྱུང་མྱོང་མི་འདུག་ག མཐའ་ཁོབ་ནས་ཡོང་བའི་གྲོས་ཚོགས་ནང་གི་རྒད་པོ་གྲྭ་ཆོས་གྱོན་མཁན་ཚོ་བློ་སེང་གི་སྟོབས་ཤུགས་རེད། བོད་སྐད་ཁོ་ནའི་ནང་རྙོག་དྲ་བཤད་རྒྱུ་ཙམ་ལས་ཤེས་ཡོན་གང་ཡང་མེད་པའི་་བླུན་རྒན་འདི་ཚོ་སྐྱབས་བྱེད་མཁན་སྲིད་སྐྱོང་ཚད་གང་ལ་ལྷུང་འདུག
བོད་མའི་སྲིད་སྐྱོང་ཡིན་ཟེར་ནས་ཨུ་ཚུགས་བརྒྱག་གི་ཡོད་པ་ལས། དོན་གྱིས་དགྲ་བོ་རྒྱ་དམར་ལས་ཆོལ་ཁ་གཞན་པའི་མི་ལ་སྡང་ཟུག་དང་འཁོན་སེམས་ཆེ་བ་ཡོད་པ།
ད་མང་པོ་བཤད་པས་ཕན་མི་ཐོགས།
དོན་ཚན་བཅུ་དེ་ཆོལ་ཞེན་པ་རྡོག་སྣ་མ་གཏོགས་ལྟ་མི་ཤེས་འགས་ཨུ་ཚུགས་མཐར་དེད་ནས་གསལ་བཤད་དགོས་ཟེར་བ་དང་ས་ཡིག་དང་མིང་གཞུང་སྟོང་ཁ་ཤས་ཤིག་བཀའ་སྤྱི་སོ་སོར་ཕུལ་ཏེ་གསལ་བཤད་མ་བྱས་ན་མི་ཆོག་ཟེར་བ་དང་། གསལ་འགོད་པ་འགས་མ་ཡིན་ཡིན་མདོག་གིས་དོན་ཟུར་ལ་སྐད་ཆ་དྲིས་ཚད་ས་བསྒྲགས་གནམ་བསྒྲགས་བྱས་པ་དང་གསལ་བཤད་དགོས་ཟེར་བ་སོགས་ལ་བརྟེན་ནས་གསལ་བཤད་མ་བྱས་ཀ་མེད་བྱུང་བ་རེད། སྐུ་སྒེར་གྱིས་གནས་དབྱུངས་བཏང་བ་ཡིན་ལབ་ན་རྙོག་གླེང་བྱུང་མ་རེད་ཟེར་བའང་ཁུངས་མི་འཁྱོལ་བའི་གཏམ་ཡིན་ཏེ། ༸གོང་ས་ཡིད་བཞིན་ནོར་བུས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པའི་སྐབས་སུའང་བཙན་བྱོལ་བོད་མིའི་ཁྲོད་དུ་སྙོག་ཁྲ་དང་ངོ་རྒོལ་འགལ་རྐྱེན་མེད་པ་ཞིག་མིན་ཏེ། བཀའ་སྤྱི་ལྷན་རྒྱས་ལ་ངོ་རྒོལ་དང་པོ་༡༩༩༢ ལོར་བྱུང་ཡོད།
༩༡ ལོར་གྲོས་ཚོགས་ལམ་ལུགས་གཏན་འབེབ་བྱས་རྗེས་བཀའ་བློན་རྒྱ་ལོ་དོན་གྲུབ་གནས་དབྱུང་བཏང་། ལྕམ་སྐུ་རྗེ་བཙུན་པདྨས་སུ་ཇ་སློབ་གྲྭ་ནས་མདོ་སྨད་སློབ་ཕྲུག་བརྒྱ་སྐོར་ཞིག་སྐད་བཏང་སྟེ་གཡག་རྒོད་ཚོགས་པའི་མིང་ཐོག་ནས་ངོ་རྒོལ་དང་སྐད་འབོད་ཁྲོམ་སྐོར་བྱས་ཏེ་སྤྱི་འཐུས་སྒོ་ཁར་ཉིན་འགའ་ཞིག་ངོ་རྒོལ་བྱས་པ་རེད། དེའི་སྐབས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་མཆོག་ཡིན་པ་དང་། གནས་དབྱུང་བཏང་བའི་བཀའ་ཁྲི་རྒྱ་ལོ་དོན་གྲུབ་ནི་༸གོང་ས་མཆོག་གི་སྐུའི་གཅེན་པོ་རེད། གཅུང་མོ་རྗེ་བཙུན་པདྨ་གཅེན་པོའི་རྒྱ་ལོའི་རྒྱབ་ཏུ་ལང་། ཁྱིམ་ཚང་གཅིག་གི་གཅེན་གཅུང་ཚོའི་བར་ལ་གནད་དོན་ལྷག་གི་ཡོད་ན་གཞན་དག་ཅི་སྨོན།
ད་ཐེངས་སྐུ་ངོ་དོན་ཟུར་སྤེན་པ་ཚེ་རིང་ལས་མཚམས་འཇོག་རྒྱུའི་དེའང་༸གོང་ས་མཆོག་གི་དགོངས་པ་ཡིན་པ་ཕྱོགས་གང་ཐད་ནས་གསལ་པོ་རེད། ཡིན་ན་ཚོགས་ཟུར་རྒྱབ་ཏུ་ལང་བའི་ཆོལ་ཁ་བྱེ་བྲག་པ་མི་ལང་ཀ་མེད་གཅེན་གཅུང་གཉིས་ཀྱི་ནུས་པ་འདོན་གྱི་ཡོད་པའི་གནས་ཚུལ་ཞིག་གཏམ་འཆར་གྱི་ཚུལ་དུ་གོ་རྒྱུ་ཡོད་པ་རེད། འོས་བསྡུ་སྔོན་རྗེས་སུ་ཁྱི་སེང་སྤྲང་ཕྲུག་དེ་ལ་ལྷ་མི་ཀུན་གྱིས་སྡང་ཟུག་ཡོད་ཚད་གཏད་པ་དེ་མི་ལ་ཕོད་ན་ཡང་ལྷ་ལ་རུང་ས་མ་རེད་དྲན་གི་ཡོད། དེ་ལས་སྤྲང་ཕྲུག་ཁོ་ལ་ཉེས་པ་གང་ཡང་མེད་པ་མིག་མཐོང་ལག་ཟིན་རེད། ༼ མཆན་གཉིས་པའི་ལན་ལབ་ན། སྤྱི་ཚོགས་ཀུན་གྱི་བྱས་ཉེས་མི་གཅིག་གི་མགོ་ལ་གཡོག་པ་དེ་མི་དཀར་པོ་ཞྭ་ནག་པོ་གཡོག་ཟེར་ན་དེ་ལ་ཟེར། དེ་ལས་སྔོན་དུ་བཀའ་ཁྲི་རིམ་པའི་སྐབས་སུ་ཨ་མདོ་གུང་ཐང་ཚུལ་ཁྲིམས་དང་། དམག་སྤྱི་མགོན་པོ་བཀྲ་ཤིས་སོགས་མི་ཕོ་ལྷ་འདྲ་བ་དང་བླ་ཆེན་རི་འདྲ་བ་སོགས་བདེ་ཤི་རེད་སོང་བ་ཕལ་ཆེར་མེད་པ་དེ་སུའི་མགོ་ལ་ཞྭ་ནག་པོ་གཡོག་ཡ་ཡིན། དེ་ལས་རྫི་བོ་ཁྱེད་ཚོས་སྤྱི་ཚོགས་ཀྱི་གནས་སྟངས་ཅི་མི་ཤེས་ཉི་རེའི་འཚོ་བ་རོལ་ན་ཡག་ཤོས་རེད།
སློབ་བཟང་སེང་གེ་ལགས་ ད་རིང་རྡ་ས་རུ་རྒྱ་གར་ཚོང་པའི་༧རྒྱལ་བ་རིན་པོ་ཆེ་གཞལ་མཇལ་ཐོབ་རྗེས་སུ་ ཁོང་རྣམས་པའི་༼བོད་པ་༽རྣམས་དྲང་པོ་འདུག་སྲུངས་སོང་ ཁྱེད་རང་ཡང་༼དྲང་པོ་༽ གནང་རོགས་སྐུ་མཁྱེན།
ཡ་རྣམ་པ་ཚོ། བཀྲ་ཤིས་བདེ་ལེགས།
ད་རྣམ་པ་ཚོས་“་་་རྡོག་རྡོག་བཤད་ན་བློ་སེང་གིས་ནོར་སོང་། ་་་མདོར་ན་བློ་སེང་གིས་དཀྲུགས་སོང་། ་་་གང་ལྟར་བློ་སེང་མ་རབས་རེད་”་ཟེར་ནས་སྡོམ་གྱི་འཕྲོ་ལ་སྡོམ་རྒྱག་པ་ཙམ་ལས་ཇི་ལྟར་དང་ཅིའི་ཕྱིར་ནོར་བའི་ཁུངས་གཏིང་ཕུག་པ་ཞིག་གསུང་རྒྱུ་ཡོད་པར་མ་མཐོང་། ལྷག་པར་དུ་མཆན་༡༣་བཙན་པོ་ཞུ་ཁོང་གི་བཀའ་མོལ་དེ་ཚོ་གནད་དོན་མ་མཁྱེན་པ་འམ་མཁྱེན་རུང་ཆེད་དུ་རྙོག་དྲ་གླེང་བའི་དཀའ་མོལ་ཁོ་ན་རེད་ཅེས་ཞུ་བ་ལས་ལྷག་པ་ཞུ་སྟབས་མི་བདེ་འོ་། ད་ལྟ་ཁྱེད་རྣམ་པ་ནང་ངས་ཀྱང་སྡོམ་ཞིག་རྒྱག་“མདོར་ན་ད་ལན་བློ་སེང་གིས་ནོར་འཁྲུལ་ཚབ་ཆེན་གང་ཡང་བཟོས་མི་འདུག”་ཞུ་རྒྱུ་ཡིན། ཧོ་ཧོ་་་
བློ་སངས་འདི་དངོས་རྒྱ་ཁྱི་རེད་འདུག
བློ་སངས་འདི་དངོས་ནས་རྒྱ་ཁྱི་རེད་འདུག
ད་གཡུག་ཤོག་ད་རུང་རྙོག་བརྒྱབ་ནས་བསྡད་འདུག་དོན་སྙིང་ཞིག་མཐོང་མ་སོང་་བློ་སེང་དང་སྤེན་ཚེ་གཉིས་ག་འདྲ་ཡིན་མིན་སྤྱི་ཚོགས་ལ་བཤམ་སོང་མོད་ད་བཤད་ནས་ཅི་ཕན་ཅི་ལྟར་བཤད་རུང་ཁོང་གཉིས་ལ་ཕན་གནོད་གང་ཡང་མེད་དོ་སྤྱི་དོན་ལ་གནོད་པ་ཆེན་པོ་ཡོད་པ་མཐོང་མ་སོང་ངམ་་་ཞ་ར་ཚོ་་་འོན་པ་ཚོ་་ལྐུག་པ་ཚོ་་་སྤྱི་དོན་ལ་ཏོག་ཙམ་བསམ་ན་རེད།
འཇམ་ཚུལ་འདིས་དུས་དང་རྣམ་པ་ཀུན་ཏུ་བློ་སེང་ལ་རྒྱབ་སྐྱོར་བྱས་པ་དེའི་རྒྱབ་ཏུ་རང་ཉིད་ལ་ཁེ་ཕན་ཞིག་རག་རྒྱུའི་རེ་ངན་བཅངས་ཡོད་པའི་དོགས་པ་ཡོད།
རང་སྐྱོན་མ་མཐོང་གཞན་སྐྱོད་བརྗོད་ལ་དགའ་བའི་སྤུན་གྲོགས་ཚོར། ཁྱེད་ཚོ་ལ་བོད་རྒྱལ་ཁབ་དང་མི་རིགས་འདི་ལ་དེ་ལྟ་བུའི་ཤ་ཞེན་དང་སེམས་ཁྲལ་རེ་ཡོད་ན་མི་ལ་འགྲིགས་མིན་གྱིས་སྐྱོན་འདོགས་བྱེད་རྒྱུ་བཞག་ནས་དང་པོ་རང་སོ་སོས་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྣ་རེ་སྤེལ་ཐུབ་ན་སྤྱི་བའི་རྩ་དོན་ལ་དེས་ཕན་ཐོགས་མི་ཆེ་འམ། གལ་སྲིད་དེ་འདྲ་བའི་་འཇོན་ནུས་ཞིག་མེད་ན་སོ་སོར་ནང་པ་ཞིག་ཡིན་པའི་ཆ་ནས༧གོང་ས་མཆོག་གི་བཀའ་དགོངས་དང་བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་འདི་ཡིད་ལ་གཟུང་ནས་མིའི་ལུང་པ་ལ་རང་ཉིད་ཀྱི་མི་ཚེའི་འཚོ་བ་ལྷོད་ལྷོད་རེ་བསྐྱོད་ཐུབ་ན་དེ་ཡང་ང་ཚོའི་མི་རིགས་ཀྱི་གཟི་བརྗིད་གཅིག་ལོས་ཡིན། མི་ཡི་ལུང་པ་གནས་དགོས་དུས་ཁེ་ཕན་གྱི་ཆེད་དུ་མ་རྒྱུག་མཁན་ཞིག་ཡོད་སྣང་མ་ཤར། ཡིན་ནའང་ཁ་ལ་༧གོང་ས་མཆོག་དང་བོད་མི་རིགས་ཁུར་དོན་དུ་མ་ཤེས་ན་ཤེས་མདོག་མ་འཇོན་མདོག་གིས་གཡོ་སྒྱུ་ཁྲམ་གསུམ་དང་རྫུན་གྱིས་འཁོར་ལོ་བསྐོར་ནས་འཚོ་བ་བསྐྱེད་ཁན་དག་ནི་མི་རིགས་ཀྱི་ཞབས་འདྲེན་ལས་ཧ་ལས་དགོས་པ་ཅང་མ་མཐོང་ངོ།།
བཙན་བྱོལ་སྒྲིག་འཛུགས་གཏོར་ཚར་སོང་། ཁ་ནས་བཙན་བྱོལ་མི་མང་ལ་ཆིག་སྒྲིལ་དགོས་ཟེར་བཞིན་ལག་ལེན་གྱི་ཐོག་ནས་སྔར་ཡོད་པའི་ཆིག་སྒྲིལ་ཡང་ཁ་ཐོར་དུ་བཏང་སོང་།
ད་སོ་སོའི་ས་ནས་སྐྱིད་པོ་ཐོངས་དང་དེ་ཡག་ཤོས་རེད་སྙམ།
མདོར་ན་མི་འདིས་སྐྱབས་མགོན་རིན་པོ་ཆེ་ལའང་མཛད་དཀའ་ཚད་མེད་བསྐྲད་སོང་།
མི་འདིའི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་ཚོར་བལྟས་ན་ཡིད་ཐང་ཆད་ཡ་རང་རེད།
སློབ་གྲ་མིག་གིས་མཐོང་མ་མྱོང་མཁན་རྐྱང་རྐྱང་ཡིན་པའི་ཚོར་སྣང་སྟེར་གི
སོང་ཙང་ད་ལོ་ཁ་ཤས་རིང་ལ་ཁོ་ལ་རང་སྣང་གང་དྲན་བྱེད་གི་ཅུག་ན་ཡག་ཤས་རེད་་་་་་་
མྱི་མང་པོ་ཞིག་གིས་རུལ་དྲི་སྣ་བས་མ་ཚོར་བར་ད་ལྟ་ད་རུང་ང་རྒྱལ་དང་ཁེངས་དྲེག་ཆེན་པོས་རུལ་སུངས་ལ་འགེབ་བསྲུང་དང་བོད་སེམས་དུམ་བུ་གཅོད་མཁན་ལ་བསྟོད་པར་བྱེད་པ་ནི་སྤྱང་ཀུ་ལ་རྣ་ཚར་དང་། རྐུན་མ་ལ་དཔའ་དར་འཐེན་པའི་སྲོལ་ལས་གཞན་ཅི་ཡང་མ་རེད།
བློ་སེང་གིས་ད་བོད་པའི་སྤྱི་ཚོགས་འདི་ཤུལ་མེད་བཟོས་སོང་། སེར་མོ་བ་དང་སེར་ལོག་ཚོ་ད་ཞེན་ཁོག་དང་ཕྲག་དོག་ང་རྒྱལ་གྱི་མེ་འབར་ནས་མ་བསྡད། སངས་རྒྱས་ཀྱི་ན་བཟའ་དེ་ལ་བརྩི་འཇོག་ཅུང་ཙམ་གནང་ན་མི་དགའ་འམ།
མྱི་ཟེར་བ་འདིས་མྱི་རྫུན་བཤད་པས་མ་ཚད་འཆལ་གཏམ་ཡང་བྲིས་སོང་། ༧རྒྱལ་བ་སྐུ་སྲས་ཚོའི་བར་ན། བཀྲ་ཤིས་དྲི་མེད་དམ་གཙང་སྔ་ན་ཡིན་ལ། ད་ལྟ་ཡང་ཡིན། ཕྱི་ནས་ཡིན་པ་ལ་ཁྱོ་ཐེ་མ་ཚོམས།
སྐབས་དེའི་དུས་ཀྱི་དཀྲུག་དཔོན་འཇུ་ཆེན་ཟེར་བའི་གཏེ་བོ་དེ་མ་ཡིན་ནམ། མ་ཤེས་ན།
༼འཇམ་དཔལ་ཚུལ་ཁྲིམས་༽ཟེར་བའི་མཆན་པ་མྱི་རྩ་མི་དངས་བ་དེ་ལ་དྲིས་དང་། ཁོ་སྐབས་དེར་བྷིར་སློབ་མ་ཡིན་ཚོད་ཡོད། གཅིག་བྱས་ན་ཁོ་སྐབས་དེར་ཡང་མགོ་གཅིག་ལ་རྔ་མ་གཉིས་ཐོགས་ནས་ཡོད་ཚོད་རེད་དེ། གང་ལྟར་དེའི་མགོ་སྔ་གསལ་པོ་ཁོས་ཤེས་ནི་རེད། གསལ་བཤད་ཞིག་ཞུ་འདོད་ཡོད་ན་བྱོས།
དེ་ནས་གཞན་ཞིག།
སྲིད་སྐྱོང་འདི་བཙན་བྱོལ་བོད་མའི་ལུས་སྟེང་གི་སྐྲན་ནད་ལ་ཆགས་ཚར་བ་རེད། སྐྲན་ནད་འདི་དོན་ལྔ་ཙམ་ལས། དབང་རྩ་ཡོད་ཚད་ལ་མི་འགོས་བའི་ཆེད་དུ། སྲིད་སྐྱོང་ལ་དགའ་ནི་ཡིན་ན་འདྲ། མི་དགའ་ནི་ཡིན་ན་འདྲ། གང་ལྟར་ང་ཚོ་ཚང་མས། སྐྲན་ནད་འདི་བཅོས་ཐབས་དང་མེད་ཐབས་བཟོ་བ་ལ། ཕྱོགས་གཉིས་ཀྱིས་སྤྱི་དོན་ལ་དམིགས་ནས། སྐད་ཆ་བཤད་དགོས། རྒྱ་ཆེ་མང་ཚོགས་ཀྱི་བདེ་འཇགས་སྲུང་བ་ལ་སེམས་ཁུར་མེད་མདོག་བསྟན་ན། ང་ཚོ་ཚང་མ་ loser ཡིན་པ་ཤེས་དགོས་སོ།
དྲ་གྲོགས་ཚོ། འཚམས་འདྲི།
གོང་དུ་དེ་ཚོ་ལ་མིག་ཤར་ཞིག་ལས་ཞིབ་ཀློག་ཡེ་ནས་བྱེད་མ་ཐུབ། དེར་མ་ཟད་མ་རྩོམ་འདི་ཡང་མིག་ཤར་ཞིག་ལས་བྱེད་མ་ཐུབ།
འོན་ཀྱང་གོང་དུ་དྲ་གྲོགས་གནམ་ལགས་ཀྱིས་ང་ལ་གསལ་བཤད་ཡོད་ན་བྱོས་གསུང་འདུག རེད། དེ་དུས་ང་བྷིར་སློབ་མ་ཡིན། སྐབས་དེར་རྙོག་ཟིང་ཆེན་པོ་ཞིག་བྱུང་བ་རེད། འོན་ཀྱང་འདི་དག་གི་ལྐོག་ཇུས་འགོད་པོ་འཇུ་ཆེན་ཡིན་མིན་དང་། བཀའ་ཤག་མདུན་ལ་ངོ་རྒོལ་ཆེད་འགྲོ་བ་དེ་རྗེ་བཙུན་པདྨས་ཁྲིད་པ་ཡིན་མིན་ངས་གང་ཡང་མིན་ཤེས། དེ་མི་ཤེས་པའི་རྒྱུ་མཚན་ནི་དེ་དུས་ལས་འགུལ་དེ་ཚོའི་ནང་དུ་གུས་པ་འགོ་བྱེད་མཁན་དེ་འདྲ་གང་ཡང་མིན་པའི་དབང་གིས་རྒྱབ་ལོགས་ན་འཁྲབ་ཚན་དེ་འདྲ་ཡོད་མེད་མི་ཤེས་ཟེར་བ་ཡིན། ལས་འགུལ་དེ་ཚོའི་རྒྱབ་ལོགས་ཀྱི་ཆབ་སྲིད་ཀྱི་འཁྲབ་ཚན་དེ་འདྲ་ཡོད་མེད་མི་ཤེས་ཟེར་བ་ལས་དངོས་སུ་ནི་དེ་འདྲ་ཟུར་ཙམ་ཡང་མེད་པ་ངས་ཤེས། ངས་མིག་མདུན་ནས་དངོས་སུ་མཐོང་བ་ནི་རྒྱ་ལོ་དོན་འགྲུབ་བཀའ་ཁྲི་ལས་དགོངས་པ་ཞུས་པ་དང་། ལི་ཐང་བའི་ཕོ་སར་ཞིག་དང་ཨ་མདོའི་ལས་འགུལ་བ་ཞིག་འཛིང་རེས་ཤོར་བ་དེ་གཉིས་ངས་མཐོང་བའི་རྒྱུ་རྐྱེན་རེད། དེ་ལས་ལྷག་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཞིག་ངས་མི་ཤེས།
ངོ་རྒོལ་དེ་ཡང་ད་ལན་གྱི་ངོ་རྒོལ་འདི་དང་མི་འདྲ་བར་སྐབས་དེ་དུས་བཀའ་ཁྲི་རྒྱལ་ལོ་དོན་འགྲུབ་དགོངས་པ་མ་རོགས་ཞེས་བཀའ་ཁྲི་ལ་རྒྱབ་སྐྱོར་གྱི་རེ་འབོད་ཞུ་བར་སོང་བ་ལས་བཀའ་ཁྲི་ལ་འགྲིག་མ་སོང་ཞེས་ངོ་རྒོལ་བྱེད་པ་སོང་བ་མ་རེད། དྲང་མོ་བཤད་ན་ཉིན་དེར་གུས་པ་ན་ནས་འགྲོ་མ་ཐུབ་མ་གཏོགས་གལ་སྲིད་དེ་ཉིན་ང་གཟུགས་པོ་ཐང་ཐང་ཡོད་ན་ང་ཡང་ལས་འགུལ་བའི་གྲས་ལ་ཕྱིན་ཡོད་ས་ཡོད།
༄༅། སྐད་ཆ་མང་པོ་བཤད་དགོས་དོན་མེད། སྐད་ཆ་ཚང་མ་རྗོགས་ཚར་བ་རེད རྩ་བ་ནས་ནད་མ་འཁྱག་ན་ཕྱི་ནང་གཉིས་ཀྱི་ཁྲིམས་ལ་གཏུགས་དགོས་པ་
ལས་དེ་མིན་སྟོང་བཤད་ག་ཚོད་བརྒྱབ་ཀྱང་བདག་པོ་རྒྱག་མཁན་ནི་མེད། དུས་ཚོད་འཕྲོ་བརླག་རེད།
དེ་ལས་ཁ་འདོན་འདྲ་བྱེད་ན་ཡག་གི་རེད།
ད་གད་སྙིགས་མ་སྔོགས་རོགས་གནང་དྲི་མ་ཁ་རོགས་རེད།
སུ་ལའང་རྒྱབ་སྐྱོར་བྱས་ནས་བཤད་ཀྱི་མེད་ཀྱང་།
སྐད་ཆ་དྲང་མོ་བཤད་ཡོད། དྲང་པོ་བཤད་མི་འདུག་བསམས་ན།
གཟུར་གནས་ཀྱི་མི་ལ་སྐད་ཆ་དྲིས་ནས་ཞིབ་འཇུག་བྱ་རོགས། སྤྱི་ཚོགས་ཐོག་ཏུ་མ་འགྲིག་པ་དང་མ་ལེགས་པ་བྱུང་ཚད་རང་མི་དགའ་སའི་མི་གཅིག་གི་མགོ་ལ་གཡོག་ཡ་དེ་བོད་པའི་ཆེས་གོམ་གཤིས་སྡུག་ཤོས་དེ་རེད། སྐབས་དེ་དུས་རྙོག་གླེང་དེ་འཇུ་ཆེན་མགོ་ལ་གཡོག་པ་ནི་ཁུངས་ལུང་མེད་པའི་འཆར་གཏམ་རེད། སྐབས་དེར་འཇུ་ཆེན་ལས་གནས་བརྗེས་ཚར་རྟ་རྒྱུག་ནས་ཐལ་ཚུབ་ཡལ་ཚར་བ་རེད། དེར་ཇུས་ཏོག་བྱེད་པའི་ཐོབ་ཐང་དང་ནུས་པ་ག་བར་ཡོད་རེད། དཔེར་ན་གཞུང་གི་ལས་ཤག་ཙམ་ཞིག་ནང་དུ་སྡོད་པའི་དབང་ཆ་དང་ཐོབ་ཐང་མེད་མཁན་ཞིག་གིས་དེར་ལག་འཆང་ས་ག་བར་རག་གི་རེད། གཞི་མེད་གཏམ་འཆར་རང་རེད། སྔོན་དང་བསྡུར་ན་ད་ལྟ་བཙན་བྱོལ་སྒྲིག་འཛུགས་ཡག་ཐག་ཆོད་རེད། སྔོན་དུས་སུ་ཚོགས་ཁག་བཅུ་གསུམ་གྱེས་ཏེ་མདོ་དབུས་ཁམས་གསུམ་གྱི་མི་ཕོ་ལྷ་འདྲ་བ་ཐམས་ཅད་བཤས་ལ་ཕབ་ནས་ག་འདྲ་བཅོས་ཡོད། པཎ་ཆེན་རིན་པོ་ཆེ་བཀྲོང་མཁན་ཡང་སུ་མ་ཡིན་པར་ནང་ཡིན་པ་ཞིབ་འཇུག་གི་དེབ་ཆེན་པོ་ག་འདྲ་འདུག ངོ་མ་རང་སྐྱོན་རི་བོ་ཙམ་ཡང་ཁོག་ཏུ་སྦས། གཞན་སྐྱོན་གཏེར་འབྲུ་ཙམ་ཡང་སྒྲོག་ཅིང་སྨོད། ཟེར་བ་དེ་ངོ་མ་དྲ་འབུ་འདི་ཚོ་རེད་བཞག
སྙིང་རྗེ་མཐའ་ཁོབ་ནས་ཡོང་བའི་རྒད་པོ་དང་བླ་རྒན་ལྐུག་རྟགས་དང་ཨུ་ཚུགས། ཕྲོག་དོག་གྱི་མེ་འབར་ནས་ནང་ཁུལ་གྱི་རྙོག་ཐར་ཐོར་རེ་བཤད་ནས་མི་ཚེ་བསྐྱལ་མཁན་ཚོ་ལ་མི་ཕོ་ལྷ་འདྲ་བ་ཟེར་བ་ཕྱོགས་རེས་གྱི་གཏམ་་རེད།
དྲ་འབུ་འདི་ཚོ་སྙིང་རྗེ་ཡ་རང་རེད།
དྲ་འབུ་འདི་ཚོས་སོ་སོའི་ཁ་རྒྱབ་ཡང་ཡག་པོ་འདང་ངེས་པ་ཞིག་བཟོ་ཐུབ་ཨེ་ཡོད།
ད་དུང་ཅིག་ཅིག་མིག་མིག
ལོ་ལྔའི་རིང་ག་རེ་བྱེད་བསམ་ན་ང་རང་གི་འདོད་པ་རེད།
ཁྱེད་རང་ཚོ་མ་དགའ་རུང་སྡུག་གྱོང་རེད།
ཁ་རོག་སྡོད་་་་་་་་་་་་་་ཟླ་ཚེས་ཉིན་སློབ་བཟང་སངས་རྒྱས་ནས
རྙོག་ཁྲ་བྱུང་རྐྱེན་གཙོ་བོ་ནི་ཡག་པོ་དཔྱད་ན་ངན་བསླབ་ཚོུད་བཞི་བརྒྱབ་པ་ནས་བྱུང་བ་
ཡིན་པ་་་ལོང་བས་བལྟས་ཀྱང་ཁམས་གསུམ་མཐོང་བའི་དཔེ་ལྟར་རེད།
ཨ་རིའི་སྲིད་འཛིན་ གྲོལ་ནལ་ཀྲོན་་ནས་ཡིད་ཆེས་བརླགས་པར་བརྟེན་་་ལོ་གཅིག་དང་
ཟླ་བ་བཞིའི་ནང་ལ་མཐོ་རིམ་གནད་ཡོད་ལས་བྱེད་ ༡༩ གནས་དབྱང་བཏང་པ་རེད།
སྤྱི་སེམས་ཡོད་ན་སྒེར་ནད་གཡུག་རོགས