—–སྟག་ཤར་གཞོན་པ།
སྲིད་སྐྱོང་བློ་བཟང་སེང་གེ།
ཁྲོས་ཏེ་བཞེངས་ནས་ཕེབས་སོང་།།
མར་ལ་ཕེབས་རྒྱུ་སླ་ཡང་།།
ཡར་ལ་ཅི་ལྟར་ཡོང་ངམ།།
ཁྲིམས་བཟོའི་ལས་དོན་སྐབས་སུ།།
རྒྱུ་མཚན་གསུངས་ན་མ་གཏོགས།།
ཁྲིམས་བཟོའི་དབང་ཆའི་ཐོག་ལ།།
གནོན་ཤུགས་སྤྲོད་ས་ཨེ་ཡོད།།
ཁྲིམས་འཆར་ཁྲིམས་སུ་བཅའ་རྒྱུར།།
འགྲོ་སྟངས་གླེང་སྟངས་ཡོད་ཀྱང་།།
རང་གི་འདོད་པར་འགལ་ན།།
རྦད་དེ་ཐོན་ནི་ཨེ་དགོས།།
སྤྱི་མོས་མང་མོས་ཟེར་བ།།
མང་གཙོའི་འབབ་ས་ཡིན་པས།།
འདོད་ཐོག་འགྲོ་དང་མི་འགྲོ།
མང་པོའི་ཕྱག་ཏུ་ཡོད་རེད།།
བཅའ་ཁྲིམས་ལུང་འདྲེན་བྱས་ན།།
བཀའ་ཤག་བརྗེ་བོ་རྒྱག་དགོས།།
སྒྲིག་གཞི་ལུང་འདྲེན་བྱས་ན།།
ཁྲིམས་འགལ་ཆགས་པ་གསལ་འདུག།
གྲོས་ཚོགས་རྩེད་ཁང་མ་རེད།།
ཟློས་གར་འཁྲབས་པས་གང་ཡོང་།།
སྤྱི་འཐུས་གླེན་པ་མ་རེད།།
ཕྱིར་ལ་ཐོན་པས་གང་ཡོང་།།
ཆེ་མཐོང་རང་ལ་དགོས་ན།།
མི་ལ་ཆེ་མཐོང་ལོས་དགོས།།
བཀའ་ཤག་བཀར་ནས་ཐོན་ཡང་།།
པེད་ཤག་མེད་ན་གང་ཡོང་།།
སྲིད་ཁྲི་ནོན་གྱི་མེད་ན།།
ཨུ་ཚུགས་གནང་དོན་ཨེ་ཡོད།།
སྲིད་དབང་བསྒྱུར་གྱི་ཡོད་ན།།
བུ་གུའི་རྩེད་མོ་མ་རྩེ།།
ཕེབས་དུས་ཞལ་རས་འགྱུར་འདུག།
ཁྲོས་ཏེ་དམར་པོ་ཆགས་འདུག།
བོད་རྒྱ་འབྲེལ་མོལ་ཆད་དུས།།
སྐུ་རླུང་དེ་འདྲ་ཨེ་བཞེངས།།
ཡར་ལ་ཕེབས་ཤོག་ཞུས་དུས།།
གྲོས་ཐག་མ་ཆོད་མདོག་མདོག།
མགོ་ནས་འགན་འཁུར་གཡུགས་ན།།
གར་ཆགས་ག་ལེར་བལྟ་ཆོག།
༢༠༡༧། ༣། ༡༩། ཉིན།
། སྐལ་བ་བཟང་པོའི་དུས་སུ །
། སེང་གེ་སྲིད་ཁྲི་བཀོད་ཀྱང །
། དེང་དུས་བུད་མེད་ཚོགས་པས །
། སེང་གེ་བཙན་གཡེམ་གཏོང་ཤག།
སེང་གེར་བཙན་གཡེམ་གཏོང་མཁན།
བུད་མེད་ཚོགས་པ་ཟེར་ཡང་།
ཟླ་བ་སྒྲོལ་མ་མོ་རེད།
སྤྱན་གསལ་ཟླ་སྒྲོལ་མོ་རེད།
སྲིད་སྐྱོང་ཐོན་གཞས་ཀྱི་དབྱངས་སང་ད་ལེ་མོ་སོ་ཡིན་ད། ཚང་མས་མཉམ་དུ་ཡིན་ད་གཅིག་གཉིས་གསུམ་་་་ཧཧཧཧ།