ཐོས་པ་དགའ།
དེ་རིང་ངས་ཁ་བརྡ་བྱེད་འདོད་པ་དེ་ནི་ཉེ་བའི་ཆར་ངོ་དེབ་སོགས་དྲ་རྒྱའི་སྟེང་དུ་གྲོས་བསྡུར་གྱི་བསམ་ཚུལ་སྣ་མང་ཞིག་བྱུང་དང་འབྱུང་བཞིན་འདུག་པས། ཁ་བརྡ་བ་ཚོའི་དགོངས་ཚུལ་ཞིག་ཅི་ནས་ཤེས་འདོད་བྱུང་། དེ་ནི་སྲིད་སྐྱོང་ལ་བོད་ནས་འབྱོར་བའི་ཐང་ཀ་འགའ་ཞིག་གི་སྐོར་ཡིན། ཁྱེད་རྣམ་པས་གོང་གི་པར་རིས་དེའི་གཡས་ངོས་སུ་བལྟས་ན་ཐང་ཀ་གཉིས་དཔྱངས་ཡོད། དེ་དག་ནི་གསར་འགོད་པས་ཕྱོགས་གང་ས་ནས་ཡོང་བ་རྣམས་བརྒྱུད་ནས་འཛམ་གླིང་གང་སར་ཁྱབ་གདལ་དུ་འགྲོ་བཞིན་ཡོད།
ངས་དྲ་རྒྱའི་གླེང་སྟེགས་དག་ནང་ལྟ་སྐབས་དེར་འགྲེལ་བརྗོད་བྱེད་མཁན་མི་འདྲ་བ་ཁག་གསུམ་ཙམ་འདུག རེ་ཞིག་གིས་སྲིད་སྐྱོང་གིས་གཞུང་གི་ལས་ཁུངས་ཤིག་གི་ནང་ཐང་ཀ་དེ་ལྟར་དཔྱངས་པར་སྐྱོན་ཅི་ཡང་མེད་རབས་དང་། དེ་ནི་བོད་ནས་སྲིད་སྐྱོང་ལ་གུས་བརྩིའི་ཚུལ་དུ་ཕུལ་བ་ཞིག་ཡིན་པས་ངེས་པར་དུ་བཀལ་དགོས་ལུགས་བཤད་ཀྱི་འདུག
ཡང་ཚོ་ཁག་གཅིག་གིས་དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་དང་ཆོས་དད་དང་འབྲེལ་བའི་གང་ཟག་ཐ་མལ་བ་ཞིག་བྱང་ཆུབ་སེམས་དཔའི་བར་བཙངས་པ་ནི་ཆོས་དང་འཇིག་རྟེན་བསྲེས་པར་བྱ་བ་མི་འོས་པ་ཞིག་ཡིན་པ་དང་། མ་ཟད་ཕྱི་མིར་ལྟ་ཚུལ་ཡང་འདྲ་མིན་འོང་སྲིད་པས་དེ་ལྟར་མ་བཀལ་ན་བཟང་རབས་བཤད་མཁན་འདུག
ཡང་སྡེ་ཁག་མཐའ་མ་དེས་ཐང་ཀ་དེ་ལྟར་གཞུང་གི་ལས་ཁུངས་སུ་བཀལ་བ་ནི་སྲིད་སྐྱོང་གི་ཁེངས་དྲེགས་དང་རང་རློམ། ངོ་བསྟོད་ལ་དགའ་བ་གསལ་སྟོན་བྱེད་པ་དང་། རང་ཉིད་མ་འདས་སྤྲུལ་སྐུ་ཡིན་ཁུལ་བྱེད་པ་རེད་ཅེས་བཤད་མཁན་དེ་འདྲ་ཡང་འདུག དེར་བརྟེན་ཁ་བརྡ་བ་ཚོར་སྲིད་སྐྱོང་གི་ཐང་ཀ་དེར་དགོངས་ཚུལ་ཅི་འདྲ་ཡོད་དམ།
༼ཡང་ཚོ་ཁག་གཅིག་གིས་དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་དང་ཆོས་དད་དང་འབྲེལ་བའི་གང་ཟག་ཐ་མལ་བ་ཞིག་བྱང་ཆུབ་སེམས་དཔའི་བར་བཙངས་པ་ནི་ཆོས་དང་འཇིག་རྟེན་བསྲེས་པར་བྱ་བ་མི་འོས་པ་ཞིག་ཡིན་པ་དང་། མ་ཟད་ཕྱི་མིར་ལྟ་ཚུལ་ཡང་འདྲ་མིན་འོང་སྲིད་པས་དེ་ལྟར་མ་བཀལ་ན་བཟང་རབས་བཤད་མཁན་འདུག༽ཟེར་བ་འདིར་ཡིད་ལ་འཐད།
ཡང་གཅིག་ཞུས་ན། སྲིད་སྐྱོང་གི་ཐུགས་ལ་རང་གི་པར་གཅིག་རང་གི་ལས་ཁུངས་ནང་བཞག་ཡོད་པའི་འདི་ཤེས་བཟུང་ཡོད་པ་འདྲ། གལ་སྲིད་དེ་འདྲ་ཡིན་ནའང་། སྲིད་སྐྱོང་ཡིན་ཡང་མི་སྐྱ་ཞིག་གི་ཐང་ཀའི་རྣམ་པར་བཀོད་ནས་སྐུ་གསུང་ཐུགས་རྟེན་གྲས་སུ་འཇོག་མི་འོས་པར་མཐོང་། ཕྱོགས་གཞན་ནས་བསམ་ནའང་། མ་འོངས་སུ་བོད་ཀྱི་སྲིད་སྐྱོང་མི་ཆེན་ཚོའི་ཐང་ཀ་བཤམ་པའི་སྲོལ་ངན་ཞིག་ཏུ་འགྱུར་མི་སྲིད་འང་མིན།
གཅིག་བྱས་ན་སྲིད་སྐྱོང་མཆོག་ནས་རང་ཉིད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དོ་ཟླར་འོས་དགོངས་པ་མིན་ནམ།
བོད་ནས་བསྐུར་བ་ཡིན་ན་གལ་ཆེན་པོ་རེད། ཐང་ཀའི་བཀོད་པ་དེ་གསལ་བོ་ཞིག་མཐོང་གི་མི་འདུག དེའི་སྐོར་ལ་སྲིད་སྐྱོང་མཆོག་ལ་ཡང་བཀའ་དྲི་ཞུས་ཆོག་གི་རེད། གནས་ཚུལ་ཞིབ་གསལ་དང་འགྲེལ་བ་ཁ་གསལ་གནང་དགོས། དེ་ནས་བསམ་ཚུལ་ཡོད་ན་ཞུ་ཆོག་གི་རེད།
མི་རིགས་གཞན་གྱིས་ཤེལ་སྒྲོན་ཤིང་གི་མཐའ་ཅན་དུ་བཞག་པ་དང་། བོད་ཀྱིས་རས་ཀྱི་མཐའ་ཤམ་ཅན་དུ་བཞག་པ་ནི་རྒྱུ་ཆ་ཙམ་ལས་དོན་ལ་འགལ་བ་ཆེར་མེད་ལ། དམྱལ་བ་སོགས་ཀྱི་གཟུགས་རིས་ཀྱང་འདི་ལྟར་བཞག་བ་མང་བས་ངེས་པར་སངས་རྒྱས་བྱང་སེམས་ཡིན་མི་དགོས་ལ །སྲིད་སྐྱོང་ལགས་ཀྱིས་འདི་ལྟར་བཞག་པ་ནི་བོད་ཀྱི་སྲོལ་རྒྱུན་ལ་བརྩི་སྲུང་བྱས་པ་ཡིན་པས་མི་འཐད་པ་ཆེར་མ་མཐོང་། རྣམ་པ་གཅིག་ཏུ་ན་ཁོང་གིས་བོད་ཀྱི་སྲོལ་རྒྱུན་མ་མཁྱེན་པ་ཡང་ཡིན་སྲིད
ངོ་དེབ་ནས་ཀྱང་པར་འདི་མང་དུ་མཐོང་སོང་། སྤྱིར་བཏང་ཡིན་ན་རང་གི་ལས་ཁུངས་ནང་དུ་རང་པར་འཇོག་འོས་པ་ཞིག་རེད། དེ་ཡང་ཚུལ་མཐུན་ཞིག་གི་ངང་ནས་འཇོག་འོས་པ་ལས། གོང་གི་ཐང་ཀ་དེ་ལྟར་གང་ལ་ཡང་འགྲེལ་བཤད་རྒྱག་མི་ཤེས་པའི་ལུགས་སྲོལ་ཡ་མ་ཟུང་འདི་འདྲ་བཞག་ན་འོས་བབ་མི་འདུག དེ་ནི་ཆོས་དང་འཇིག་རྟེན་གཉིས་ཆ་ནས་མི་འོས་པ་ཞིག་རེད། གཞན་དུ་ན་བྱེད་སྟངས་མ་ཤེས་པ་དང་བོད་ཀྱི་སྲོལ་རྒྱུན་གོམས་སྲོལ་ལ་གོ་རྟོགས་ཞན་པའི་རྟགས་མཚན་ཞིག་ཏུ་འཁུམས།
གང་ལྟར་འདི་ལས་ངམ་ངམ་ཤུགས་ཀྱིས་ཚོར་སྣང་ཞིག་འབྱུང་བ་ནི། སྲིད་སྐྱོང་ནི་གཟབ་སྤྲས་དང་ཁྲ་ཁྲའི་རིགས་ལ་ཧ་ཅང་དགའ་མོས་ཆེ་བ་མཚོན་ཐུབ་པ་དེ་རེད། གཞན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཞིག་ལྟར་རྒྱལ་དར་ཡང་མ་འདྲ་བ་ཁ་ཤས་ཤིག་མདུན་ཅོག་ཐོག་ལ་བཞག་འདུག
ཧ་ཧ་ཧ། ཨ། ཆབ་བྲག ཆེ་མཐོང་ཡིན་ནའང་འདྲ། ཚོང་ལས་ཡིན་ནའང་འདྲ། གང་ལྟར་བོད་ནས་པར་དེ་འདྲ་ཞིག་བཟོས་ནས་བསྐུར་གནང་བ་བདེན་སྲིད་ནའང་། སྲིད་སྐྱོང་རང་གི་ལས་ཁུངས་ལ་རང་གིས་དེ་ལྟར་བཀལ་ཞག་པ་བལྟས་ན་སྲིད་སྐྱོང་འདི་བར་ཁྲེལ་དགོད་ཅིག་ངང་གིས་ཤོར་འགྲོ་ག ངས་ཁྱོད་ལ་འདྲི། ཁྱེད་ཀྱི་སློབ་ཕྲུག་ཚོས་ཉིད་ཀྱི་འདྲ་པར་དཀྱིལ་སྙིང་དུ་སྦྱར་བའི་ཐང་ག་ཞིག་བཟོས་ཏེ་ཁྱེད་ལ་ཕུལ་བ་ཡིན་ན་ཁྱེད་ཀྱིས་ཀྱང་རང་གི་སྡོད་ཁང་གྲུ་བཞིའི་མཆོད་བཤམས་ཀྱི་ཟུར་ནས་༧ གོང་ས་མཆོག་གི་འདྲ་པར་དང་མཉམ་བྱིངས་བྱེད་ས་རེད་དམ། དེ་ཡིན་དུས། ཆབ་བྲག་ཁྱོད་ཀྱང་་་་་་་་་་།
ངས་གང་ལྟར་གནས་ཚུལ་གསལ་རྟོགས་མ་བྱུང་གོང་ལ་མཐོ་རྒྱག་དམའ་རྒྱག་བྱེད་འདོད་མེད། འདི་ངའི་གཤིས་ཀ་རེད། དགོངས་དག
ང་དང་སྲིད་སྐྱོང་བསྡུར་ན་ཁྱོད་ནོར་བ་རེད།
གལ་ཏེ་ངའི་སློབ་མ་ཞིག་གིས་དེ་འདྲ་ཞིག་ཕུལ་ན་ངས་ཁོ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད་ཐང་ཀ་དེ་ང་རང་གི་འདུག་སའི་མཐོ་ས་ཞིག་ལ་བཤམས་ནས་ཉིན་རེར་ཕྱག་གསུམ་རེ་འཚལ་ས་རེད། ཧཧཧཧཧཧ་་་རང་གིས་རང་ལ་ཕྱག་མ་འཚལ་གཞན་སུས་ང་ལ་ཕྱག་འཚལ་གི་རེད། ཨ་མ་རེད་པས་་་ཧཧཧཧཧཧཧཧ
ང་ནི་ཐང་ཁ་འདི་ལ་ཤིན་ཏུ་མོས་མཐུན་ཡོད། གང་ཡིན་ཞུས་ན་གོང་ས་མཆོག་གིས་རིང་ནའ་སྙིང་དུ་མནག་པའི་གྲུབ་འབྲས་ཡིན་པར་ཚོགས་པ་རྒྱ་ཕྲག་གི་དཀྱིལ་དུ་བསྒྲགས་ཟིན་པ་རེད། དེས་ན་ང་ཚོའི་ཁྱབ་སྲིད་པའི་བླ་མ་ཆེ་རིགས་དང་་སྲིད་སྐྱོང་འདི་ཚོ་ལ་ཁྱད་པར་མ་མཐོང་བས་བཟོ་རིགས། བོད་ནང་ནས་མའོ་ལ་ཐང་ཁ་གྲངས་མེད་བཟོས་འདུག དེ་བས་ང་ཚོ་བཙན་བྱོལ་པ་ཚོས་ངེས་པར་ཐང་ཁ་བཤམས་ན་ལེགས། བག་ཆགས་ཟབ་མོ་ཞིག་བཞག་གི་རེད། ཁྱད་པར་ང་ཚོ་ལ་དམངས་སྒོར་ཅིག་ཡོད་པའི་དུས་སྐབས་བྱུང་ན་ངེས་པར་སྲིད་སྐྱོང་བློ་བཟང་སེངྒེ་ཚང་གི་སྐུ་པར་དང་དབྱིན་བོད་ཤན་སྦྱར་བྱས་ན་མི་ལེགས་སམ།
ཨ་ཙི་་་སྙིང་རྗེ་བོད་མི་ཤེས་མེད་འདི་ཚོ། བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་དེང་གི་བློ་བཟང་སེང་གེ་ལགས་ཀྱི་བར་དུ་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་མ་ཕྱིན་ཚར་བ་རེད། དེ་དག་གི་ནང་ནས་སྲིད་འཛིན་བློ་བཟང་སེང་གེ་འདི་ནི་བོད་མི་དམངས་ཀྱིས་འདོད་མོས་ལྟར་འོས་བསྡུ་བྱས་ནས་ཕེབས་པ་རེད། ཁོང་གི་སྐུ་དཔར་ཞིག་གི་མཐའ་ལ་གོས་ཆེན་གྱི་ཤུན་ཆ་ཞིག་བརྒྱབ་པར་རུང་དང་མི་རུང་བཤད་དགོས་པ་ཅང་ཨེ་ཡོད་ན།
ཤེས་མེད་བོད་མི་ཚོས་རྒྱ་མོ་ཇོ་ཁང་ནང་དུ་བཞག མི་ལོ་སྟོང་གི་རིང་དུ་ཕྱག་འཚལ་པ་རེད། དེ་ལས་སྲིད་འཛིན་བློ་སེང་གེའི་རྐུབ་ལ་ཕྱག་འཚལ་ནའང་འོས་ཤིང་འཚམས་པ་རེད། དེ་མིན་ན་ལྷ་ཁང་ནང་དུ་བཞག་ཡོད་པའི་རྒྱ་བཟའ་མར་གཡུག་རོགས་བྱོས། ཆོས་དང་རྟེན་གཉིས་ཀ་དང་མི་མཐུན་ཁུ་མོ།་་་་ཤེས་མེད་ཚོ།
སྤེན་ཚེའི་ཨ་ཕྲུག་་ཤར་ཁུག་དང་ཆབ་བྲག་སོགས་ཀྱིས་བློ་བཟང་སེང་གེའི་སྐྱོན་ཆ་འབྲོག་པའི་པགས་ཚག་ནང་ཤིག་བཙའ་བཙའ་བྱས་ནས་བཤད་རྒྱུ་དང་སྟོན་རྒྱུ་འདི་ལས་མེད་དུས་ཡག་པོ་རེད། ངོ་མ་བློ་བཟང་སེང་གེ་འདི་ལ་སྐྱོན་གྱི་ཆ་ཉུང་ཉུང་ཡིན་ས་རེད། ངས་ནི་འོས་བསྡུའི་སྐབས་སུ་བློ་བཟང་སེང་གེ་ལ་འོས་མི་འཐོབ་ཆེད་དགག་པ་ཚོད་མེད་བརྒྱབ་མྱངས་ཡོད། མི་འདིས་རྩ་ཚང་བའི་ལས་ཀ་ཞིག་བྱེད་ས་མ་རེད་བསམས་པས་ཡིན།
ཡིན་ཀྱང་་་་ད་ལྟའི་བར་དུ་བློ་སེང་གིས་ཕྱག་ལས་ཡག་པོ་གནང་གི་ཡོད་པར་འདྲ།
གོང་གི་པར་རིས་རྩོམ་སྒྲིག་པས་དྲ་རྒྱར་འཇུག་སྐབས་སྤུས་ཁ་ཉམས་འདུག་པས། གཤམ་གྱི་དྲ་ཐག་ལས་རྣམ་པ་ཚོས་གསལ་བར་མཐོང་ཐུབ།
http://www.tibetsun.com/news/2013/05/30/tenzin-chokyi-from-mussoorie-wins-first-sikyong-scholarship
https://www.facebook.com/photo.php?fbid=631701716896093&set=pcb.631701790229419&type=1&permPage=1
ཨ་ཕྱི་ལགས། ཁྱེད་རང་ཐང་གར་བཀལ་བར་མོས་མཐུན་ཡོད་ན་ཁྱེད་ནས་ཀྱང་བློ་སེང་གི་ཐང་ཀ་ཡལ་བཀལ་ཏེ་ཕྱག་འཚལ་ན་འགྲིག་གི་རེད། ༧ གོང་ས་མཆོག་གིས་རིང་ནས་སྙིང་ཏུ་བརྣག་པའི་བཀའ་སློབ་བསྩལ་དོན་ནི་མང་མོས་ལམ་ནས་འོས་བསྡུ་བྱས་ཏེ་བོད་ཀྱི་སྲིད་སྐྱོང་བ་མི་སྐྱ་གཞོན་སྐྱེས་དེང་དུས་ཤེས་ཚད་ལྡན་པ་ཞིག་ཐོབ་པར་དགའ་སྤྲོ་སྐྱེས་པ་ལས་དམིགས་གསལ་གྱིས་བློ་སེང་རང་ལ་འོས་ཐོབ་པར་དགའ་མགུ་བྱས་པ་ཞིག་མ་རེད།
༡༽ བཟོ་མཁན་ལ་རྒྱ་ཆེ་དྲགས། ཆོས་དད་ཆུང་དྲགས་པ་རེད།
༢༽ རྒྱང་ལོགས་ལ་འདོག་་མཁན་ང་རྒྱལ་ཆེ་དྲགས། ཆོས་དད་པར་བརྩི་མཐོང་ཆུང་དྲགས་པ་རེད།
༣༽རྒྱབ་སྐྱོར་བ་རྣམས་ཆོས་དད་ཡལ་འགྲོ་བ་དང་། རིག་གཞུང་ཉམས་འགྲོ་བའི་མཚོན་རྟགས་རེད།
༤༽ མདོར་ན། གོན་ཆེན་བརྒྱབ་ན་འགྲིག་ཀྱང་། སྔར་ལུགས་ཐང་གའི་གཟུགས་སུ་བྱས་པ་དེ་ནོར་བ་རེད།
ཅོ་རི་ལགས། དེ་བཞིན་ཁ་བརྡ་བ་རྣམས་ལ་ཞུ་རྒྱུར།
འདིར་ངས་སྲིད་སྐྱོང་གི་ཚངས་འདྲུ་བྱེད་བཀོད་མེད། དེ་ནི་སྲིད་སྐྱོང་གི་རང་ཉིད་ཀྱི་པར་སངས་རྒྱས་དང་བྱང་སེམས་ཀྱི་དབུས་སུ་སྒྲིག་པ་དེ་འདྲ་ཞིག་ལ་མཐའ་བསྐོར་དུ་གོས་བཤམ་རྒྱབ་པ་དང་། དེ་ནས་དེ་འདྲ་ཞིག་མི་མང་གི་ལས་ཁུངས་ཤིག་གི་ནང་བཞག་པ་དེ་འོས་འཚམས་ཡིན་མིན་ཐད་ཁ་བརྡ་བྱས་པས་ཁུལ་ཡིན། དེ་མིན་ཁོང་རང་ཉིད་གཅིག་པུས་པར་ཞིག་གོས་བཤམ་རྒྱམ་ནས་རང་ཁྱིམ་དུ་བཀལ་མ་བཀལ་ལ་འུ་ཚོས་གནད་དོན་བཟོས་ནས་གྲོས་བསྡུར་བྱ་དགོས་དོན་མེད།
ཐང་ཀ་དེ་དག་གསལ་བར་གཟིགས་འདོད་ན་འདི་ན་ཡོད།
http://www.tibetsun.com/news/2013/05/30/tenzin-chokyi-from-mussoorie-wins-first-sikyong-scholarship
https://www.facebook.com/photo.php?fbid=631701716896093&set=pcb.631701790229419&type=1&permPage=1
ངའི་མཆན་བུ་༡༢པ་འདི་ནི། ཐོས་པ་དགའ་ལ། དགའ་བའི་འབེལ་གཏམ་བཞིའོ།།
ཨ། ཅོ་རི། བོད་ཀྱི་རྒྱལ་རབས་རིམ་བྱུང་དང་དུས་རབས་ཉེར་གཅིག་གཉིས་བསྡུར་ས་འགྲོ་ཀི་མ་རེད། དེ་ལབ་དུས་སྒེར་གཅོད་དང་དམངས་གཙོ་བསྡུར་བ་རེད། བློ་སེང་གི་འདྲ་པར་ཟུར་ངོས་གསེར་ཟངས་གི་ཤན་རྒྱག་མིན་ཁྱོད་ཀྱི་འདོད་པ་རེད། ད་ནི་དུས་རབས་འདི་འདྲ་ཞིག་རེད། དམངས་ཚོགས་ལ་ཞབས་ཞུ་གང་ལེགས་བསྒྲུབ་ཏེ་དམངས་ཚོགས་རང་གིས་མཐོ་སར་བཀྱགས་དུས་ད་གཟོད་མཐོ་འགྲོ་བ་ཞིག་ཡིན་པ་ལས། དམངས་གཞུང་གི་རྐུབ་སྟེགས་གནོན་ཞོར་སྣང་བ་དགུང་ཁར་འཕུར་ན་སྟོན་ལྗང་གི་སྡོང་ལོ་བཞིན་དམའ་སར་ངང་གིས་ལྷུང་འགྲོ་ཡ
མིག་མདུན་ལ་པར་རིས་བཤམས་འདུག་བཞིན་དུ་དྲ་གྲོགས་ཚོས་ཕྱོགས་ཞེན་ཡིན་ནམ། གང་ལྟར་མུན་ནག་མདའ་འཕེན་བྱེད་ཀྱིན་འདུག སྲིད་སྐྱོང་གཅིག་པོའི་ཐང་ཀ་ཡིན་ན་འགྲིག་བསྡད་པ་ཞིག་རེད། དེ་འདྲ་མ་རེད། སྟོན་པའི་སྐུ་བརྙན་ཕྱེད་བཀབ་ཀྱིས་སྲིད་སྐྱོང་སྟོན་པའི་མདུན་དུ་བཞག་ཡོད་པ་ཞིག་རེད། དེ་ཡང་གཙོ་སྐུ་འདྲ་བོ་དེ་སྟོན་པ་དང་སྲིད་སྐྱོང་གང་ཡིན་མི་ཤེས་པ་ཞིག་བྱས་ནས་བཟོས་འདུག་པ་དང་། དེ་ཞིན་སྲིད་སྐྱོང་གིས་རྐུབ་སྟེགས་ཤིག་གི་སྟེང་རྐང་གཡོན་ཐོག་རྐང་གཡས་བཞག་འདུག་པའི་རྣམ་ཅན་ཞིག་རེད། ཕལ་ཆེར་སྲིད་སྐྱོང་གཙོ་སྐུ་ཡིན་ས་རེད་བསམ་པའི་བཟོ་འདྲ་རེད། ཧཧཧ་
ངོམས་ལ་དགའ་བའི་སྲིད་སྐྱོང་སེང་གེ་དང་།
གཡོ་ལ་དགའ་བའི་ཤར་ཕྱོགས་ཁུག་རྟ་གཉིས།
འ་ཅག་རྣམས་ཀྱིས་བལྟས་ན་ཁྱད་ཆེ་ཡང་།
ཡ་གིའི་རྒྱལ་བོས་བལྟས་ན་ཁྱད་པར་མེད།
ཅི་འདྲ་བའི་མྱི་ལས་ངན་རྐྱང་རེད། ངས་ནི་བློ་བཟང་སེང་གེ་འདིས་སྤོབས་མཐོ་ཙམ་དང་། རྫིག་ཉམས་ཆེ་ཙམ་བྱེད་རོགས་བྱ་ན་བསམས་ནས་་་བློ་བཟང་སེང་གེས་སྤོབས་པ་མཐོ་ཙམ་བྱོས་ཅེས་པའི་རྩོམ་ཡིག་ཞིག་ཀྱང་བྲིས་མྱངས་ཡོད།
བོད་མིའི་དབུ་ཁྲིད་རྣམ་པ་རྫིག་པོ་ཡོད་ན་ང་དགའ། ཡོན་ཏན་ཡོད་ན་ང་སྤྲོ། དཔའ་ཡོད་ན་དེ་ལས་ང་དགའ། མིག་ཤེལ་ནག་པོ་ཞིག་བརྒྱབ་ནས་རྫིག་མདོག་ཁག་ཞིག་བྱས་ནས་ཕེབས་ཡོང་དུས་ངའི་སེམས་པ་འདི་ཡང་སྐྱིད་སང་ངེ་འགྲོ་གི་འདུག
བོད་པའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་ཅིག་ཅིག་ཟེར་བའི་མི་ཆུང་དེར་མཐོང་དུས་ང་ནི་སེམས་པ་འདྲ་ཞིག་སྐྱོ་ཡོང་གི་འདུག ངོ་མ་ཁ་ཐབས་སྐྱོ་བ་ལ་བསམས་ནས། དེ་ལས་བོད་མིའི་དབུ་ཁྲིད་རྣམ་པ་རྫིག་པོ་དང་སྤོབས་ཉམས་ཆེན་ཡོད་མཁན་ཡིན་ན་སེམས་པ་སྐྱིད་པ་ལས་སྐྱོ་གི་མི་འདུག
མྱི་ངན་ཁྱོད་ཚོ་་་མིག་ཚ་གི་ཡོད་ས་རེད། བློ་བཟང་སེང་གེའི་ཕོ་ཉམས་ལ་མིག་ཚ་གི་ཡོད་ས་རེད། ཐབས་སྡུག་རེད་ཁྱོད་རང་ཚོ། བློ་བཟང་སེང་གེས་མིག་ཤེལ་ནག་པོ་ཞིག་བརྒྱབ་ནའང་ཅིག་བཤད་བསྡད་ཀྱི་འདུག
སྲིད་འཛིན་བློ་བཟང་སེང་གེའི་ཕོ་ཉམས་དེ།
བོད་མི་ས་ཡ་དྲུག་གི་ཕོ་ཉམས་ཡིན།
བཀའ་ཁྲི་བློ་བཟང་སེང་གེའི་དཔའ་སྤོབས་དེ།
བོད་མི་ས་ཡ་དྲུག་གི་དཔའ་སྤོབས་ཡིན།
སྲིད་འཛིན་བློ་བཟང་སེང་གེའི་དཔའ་ཉམས་དེ།
གཉིས་ཕན་དབུ་མའི་ལམ་གྱི་ཁྱི་ཉམས་ཡིན།
དབུ་མའི་ལམ་གྱི་སུམ་མདོའི་ཁྱི་རྒན་དེ།
བོད་མི་ས་ཡ་དྲུག་གི་སེང་གེ་ཡིན་་་་་་་་་་་་་་་་་་་ཧཧཧཧཧ
ཅོ་རི་འདི་དྲང་མོ་བཤད་མཁན་ཞིག་རེད་བསམ་མོད། མིན་པ་འདྲ། ངས་སྲིད་སྐྱོང་མཆོག་གི་སྐྱོན་ཤིག་བཙལ་བཙལ་བྱས་ནས་གང་དང་གང་བཤད་སོང། རེ་རེ་བཞིན་བརྩི་རོགས། དཀྲུགས་ཤིང་མ་འཕེན།
བྱུས་མེད་བྱུས་གཏོགས་རེད་དགོས་རྒྱུ་དེ་དགྲ་བོ་རྒྱ་དམར་གྱི་བྱེད་སྟངས་བཤད་སྟངས་ལ་ཁ་ཕར་བསྐོར་ནས་མ་བཤད་ནས། མི་དགོས་སྲིད་སྐྱོང་མཆོག་གི་ལས་ཤག་ནང་དུ་ཐང་ཀ་གང་ཡོད་བྱུས་གཏོགས་བྱེད་དགོས་ཡག་གང་ཡོད། གལ་སྲིད་ལྷའི་ཆ་ལུགས་དང་གྲྭ་ཆས་གྱོན་མཁན་གྱི་པར་མ་གཏོགས་ཐང་ཀ་དང་། འདྲ་སྐུ་བཟོ་ཆོག་གི་མེད་ན་མེས་དབོན་རྣམ་གསུམ་གཙོས་སྲིད་མཆོག་དང་། གུ་རུ་པདྨ་གཙོས་ཆོས་ཕྱོགས་ཀྱི་ཐང་ཀ་དང་འདྲ་སྐུ་རྣམས་ཕྱིར་བསྡུ་བྱེད་རྒྱུ་ཡིན་ནམ། ལྷག་པར་སྲོང་བཙན་སོགས་གནའ་བོའི་བོད་ཀྱི་མངའ་བདག་རྣམས་དང་། དེང་གི་སྲིད་སྐྱོང་བློ་སེང་ལ་གོ་གནས་ཀྱི་ཁྱད་པར་གང་ཡོད། ཡང་མིན་ན་སྲིད་སྐྱོང་གྲྭ་ཆས་གཡོག་ན་ཡག་པོ་ཡིན་འགྲོ། དེ་ནས་ཡང་སྤྱན་རས་གཟིགས་ལ་སོགས་པའི་སྤྲུལ་པ་ཞིག་ལས་བློ་སེང་ཕལ་པ་མིན་རབ་བཤད་ཚོད་རེད། ད་གཡུག་བཞོག་ཕོར་བ་དེ་བདག་པོ་ཡག་པོ་རྒྱོབས། ཉིན་མཚན་ངོ་ཤེས་པར་བྱོས། མི་དང་ལྷ་འདྲེ་དེ་ཚོ་མཉམ་དུ་ཡོད་སྣང་མ་བྱེད། མིས་མ་ཐུབ་པ་དང་མ་འཇོན་པ་ཚོ་ལྷས་བྱེད་སྣང་མ་ཤར། དུས་རབས་དང་བསྟུན་ནས་འགྲོ་ཤེས་སྡོད་ཤེས་བྱེད་དགོས་པ་ལས་སུ་ལའང་བློ་གཏད་བཅོལ་མི་འོས་པ་ཤེས་དགོས་སོ། །
རང་དབང་དང་འདྲ་མཉམ་གྱི་ལྟ་གྲུབ་ལས་ཐག་རིང་དུ་དགྱེས་པའི་རྙིང་ཞེན་བག་ཁུམས་ཅན་གྱི་སྤྱི་ཚོགས་འདིར་འདི་འདྲའི་རྙོག་གླེང་བཟོ་འདོད་ཨ། བློ་སེང་ཐང་ག་ལས་གྲུབ་ན་འདྲ་འཇིམ་སྐུ་ལུག་སྐུ་ག་རེ་བཟོས་ན་ཡང་བོད་ཀྱི་རྩ་དོན་ལ་ནི་གནོད་དོག་མེད། སྔར་གྱི་ཐང་ག་དང་དེང་གི་དཔར་སྒྲོམ་གཉིས་དུས་རབས་དང་དངོས་པོ་ཡར་རྒྱས་ཀྱི་ཁྱད་པར་ཙམ་ལས་གཞན་ཅི་ཡང་མ་རེད།
རང་ཉིད་རང་ངོ་མ་ཤེས་ན་གླེན་རྟགས་འདི་འདྲ་སྟོན་གི་རེད། རང་གི་ཆོས་དང་རིག་གནས་མ་ཤེས་ན་རང་འཚང་འདི་འདྲ་སྟོན་གི་རེད། གང་ལྟར་འཛིན་སྐྱོང་གི་མཛད་འཕྲིན་ལ་སྐྱོན་དང་ནོར་འཁྲུལ་མ་བྱུང་ན་དེ་གས་འགྲིག་གི་རེད། ཡིན་ཡང་དེ་ཡང་དེ་འདྲ་རེད། གང་ལྟར་རྗེས་མའི་འོས་བསྡུའི་སྐབས་ལ་གཟབ་དགོས་བ་དེ་ཡིད་ལ་ཟུངས། རྫ་ཁྲ་ཡག་ཕར་ནང་རིག་སོང་། འབྲོང་མགོ་རྡོ་ཡིན་ནོ་ཤེས་སོང་།
གོང་གི་མཆན་ཉེར་གཉིས་པའི་སྐད་ཆ་ཅིག་ཉོན་དང། ངོ་མ་སྐད་ཆ་བཤད་སྟེངས་དེ་འདྲ་ཞིག་འེ་ཡིན། སེམས་སྐྱོ་ནི་ཞིག་རེད། ཡིན་ནའང་གཟིགས་མེད་གྱི་དྲ་འབུ་འདི་ཚོ་ལ་ཅི་ཞིག་བྱེད། རྒྱབ་སྐྱོར་བྱེད་ན་བྱེད་སྟེངས་དེ་འདྲ་འེ་ཡིན།
ཤོམས་ལ་དགའ་བའི་སྲིད་སྐྱོང་སེང་གེ་དང་།
གཡོ་ལ་དགའ་བའི་ཤར་ཕྱོགས་ཁུག་རྟ་གཉིས།
འ་ཅག་རྣམས་ཀྱིས་བལྟས་ན་ཁྱད་ཆེ་ཡང་།
༧ཏ་ལའི་བླ་མས་གཟིགས་ན་ཁྱད་པར་མེད།
སྙིང་ཉེར་བའི་བློ་མཐུན་ཞོལ་གཡག་འབྲོང་རྒྱུད་ལགས། ང་བདེ་པོ་ཡིན། ཐུགས་རྗེ་ཆེ། ངས་དུས་རྟག་ཏུ་ཁྱོད་ཀྱི་མཆན་བུ་བཀླགས་ཀིན་ཡོད། ཁྱོད་ཀྱི་མཆན་བུ་རྣམས་གསར་འགྱུར་ལས་གལ་ཆེ་བ་བརྩི་གི་ཡོད། དོན་ངོ་མའི་ཐོག་ཏུ་བློ་མཐུན་ཡིན། ད་དུང་བུ་རེ་བ་ཅན་གང་མང་ཁ་བརྡའི་དྲ་ཐོག་ཏུ་ཕེབས་ཡོང་གི་འདུག རིག་པའི་བུ་དང་བསམ་ཤེས། ཅོག་མྱི་སོགས་དང་བློ་ཁ་མཐུན་སའི་ས་ཆ་མང་པོ་འདུག
ཁྱོད་ཀྱི་མཆན་བུ་དེ་ད་ལྟ་བསུབས་ཚར་འདུག གནད་ལ་ཕོག་པ་འདྲ། ངོ་མ་ཁྱོད་མི་སྤྱང་པོ་ཞིག་རེད་འདུག་ག་་་་་ཧཧཧ
ཡ་མཚན་རེད། འགའ་རེས་སྲིད་སྐྱོང་ཚང་ལ་ངན་སྨྲས་ཡོད་དགུ་བརྗོད་ཆོག་འདུག་ལ། ང་ཚོས་འདི་ནས་བསམ་ཚུལ་ཅུང་ཟད་ཐལ་ཆ་ཤོར་ན་ལམ་སེང་བསུབ་རྐྱང་བྱེད་སྟངས་འདི་གསར་ལམ་ལ་རང་དབང་མེད་པར་སྒེར་གྱིས་དབང་བསྒྱུར་འོག་ཡོད་པ་འདྲ། དེ་མིན་ན་ཅི་རེད།
ཞོལ་གཡག་འབྲོང་རྒྱུད་ལགས། ཡ་མཚན་ནི་ཁྱེད་གྱི་སེམས་ལ་དྲན་ཐུབ་རུང་ཁ་ནས་བཤད་ཕོད་པའི་བོད་མིའི་བར་ལ་དཀྲུགས་ཤིང་དེ་རེད། མི་གཅིག་གི་བྱེད་ལས་ཀྱི་བོད་མི་བར་ལ་སྐད་ཆ་འདི་དག་དགོས་ཀྱི་འདུག་གམ། སྲིད་སྐྱོང་མི་སྒེར་བ་གཅིག་རེད། ཁོང་ཡོད་ན་འདྲ་མེད་ན་འདྲ་བོད་མི་རིགས་གི་འཐབ་རྩོད་སྐྱོན་ཤོར་གི་མ་རེད། འོན་ཀྱང་ཁྱོད་ལྟ་བུ་མི་བསམ་མེད་འགའི་བོད་མི་ནང་ཁུལ་ལ་དཀྲུགས་ཤིང་འབེན་པ་དང་བོད་མི་ཁ་འཐོར་ལ་གཏོང་བའི་བྱ་འགལ་འདི་དག་མཚམས་བཞག་ན་དགའ་རེད་འདོད།
བློ་བཟང་སེང་གེ་ནི་ཆུང་དུས་ཕ་མ་སྤྱིར་བཏང་གཉིས་ཀྱི་ཁྱིམ་ནས་འཚར་ལོང་བྱུང་བ་ཞིག་ཡིན་པས། ཆུང་དུས་ནས་མི་གཤིས་སྣུམ་པོ་ཞིག་འགོས་ཡོད་པ་མ་རེད། ཁོས་བྱེད་སྟངས་ཕལ་ཆེ་བ་ཆོ་མེད་རྐྱང་ཡིན་ཡང་་བཤད་ནས་ཕན་གི་མ་རེད། མ་ཟད་ཆོལ་ཁ་སོགས་ཀྱི་བར་ལའང་དམ་ཚིག་བསགས་རོགས་རེད། དཔེར་ན་ཁོས་བོད་མི་རིགས་ཀྱི་སྲོག་རྩར་གྱུར་བའི་ཤེས་ཡོན་སྲིད་ཇུས་དབྱིན་ཡིག་ལ་ཁ་བསྒྱུར་ཐབས་བྱེད་བཞིན་པ་མ་ཟད། རྒྱུ་མཚན་མི་ཞིག་གིས་ཁོའི་ཕྲུ་གུ་སོའི་སྨན་པའི་རྩར་འགྲོ་དུས་སྐད་བརྡ་འཕྲོད་ཀྱི་མི་འདུག་ཟེར་བ་དང་། ཡང་ཁ་ན་ཏྲ་ནས་ཡིན་པ་ཞིག་གིས་ཅིག་བཤད་སོང་ཟེར་ནས་རྒྱུ་མཚན་བགྲང་ཁུལ་བྱེད་ཀྱི་འདུག མི་རིགས་ཤིག་གི་ཤེས་ཡོན་སྲིད་ཇུས་ཟེར་བ་མི་རང་དོན་ཚ་བོ་གཅིག་གཉིས་ཤིག་གི་འདོད་རྔམ་ལྟར་བཟོས་ན་ག་འདྲ་ཡོང་གི་རེད་དམ།
གཞན་ཡང་བློ་སེང་གི་མིང་དང་པོ་བློ་བཟང་སངས་རྒྱས་འདྲ་བོ་ཞིག་རེད་ཟེར། རྗེས་སུ་བློ་བཟང་སེང་གེ་ཞེས་མིང་ཞེད་སྣང་ཚ་མདོག་ཁ་བོ་ཞིག་ལ་བསྒྱུར་བ་རེད། དམིགས་ཡུལ་ནི་བོད་མི་ཀླད་མེད་ཚོར་སྐུལ་སློང་བྱེད་ཐབས་ཤིག་རེད། མ་ཟད་མིང་དེ་ལ་བརྟེན་ནས་གྲགས་རྒྱ་ཆེ་རུ་འགྲོ་བའི་རེ་བ་རེད། སྙིང་རྗེ་མི་ཆུང་གི་བྱེད་སྟངས་སྐྱོ་བོ་ག་འདྲ་མི་འདུག་གམ།
ཐང་གའི་སྐོར་དེ་ཡང་གཅིག་མཚུངས་རེད། དོན་ངོ་མ་ཐང་ག་དེ་མི་ག་འདྲ་ཞིག་གིས་ཀུན་སློང་ཇི་འདྲ་ཞིག་གི་ཐོག་ནས་བྲིས་པ་བཤད་ཁག་པོ་རེད། མི་ཞིག་གིས་དེ་འདྲའི་ཐང་ཞིག་བྲིས་པའི་དབང་དུ་བཏང་ཡང་བེད་སྤྱོད་གཏོང་སྟངས་བློ་སེང་རང་གིས་རང་ངོ་ཤེས་པའི་ཐོག་ནས་གཏོང་དགོས་པ་ཞིག་རེད། དེ་ནི་མི་སྒེར་ཞིག་མི་སྒེར་ཞིག་ལ་ལྟ་ཚུལ་དུ་བརྩི་ཆོག་ཀྱང་། དེ་ནི་བོད་མི་རིགས་སྤྱིའི་ལས་ཁུངས་མཐོ་ཤོས་ཀྱི་ནང་དུ་ངོམ་སོ་བྱས་ནས་འཇོག་རྒྱུའི་སྤྱི་རྒྱུ་ཞིག་མ་རེད། འདི་ནི་བློ་སེང་འུ་ཐུག་པའི་མི་སེམས་འགུག་ཐབས་ཤིག་རེད་ལབ་ཆོག་གི་རེད། ་་་་་་་་་་། འདི་ནི་བློ་སེང་གི་མི་གཤིས་མཐོང་བ་ལས་གཞན་ཕན་གནོད་གང་ཡང་མཐོང་མ་སོང་། ཐང་ག་དང་པར་གཉིས་ཀ་དུས་རབས་ཀྱི་ཁྱད་རབས་ཙམ་རེད་ལབ་ནའང་མ་ཆོག་པ་ཡོད་དམ་སྙམ།
སྤྱི་བཏང་བློ་སེང་གི་སྐོར་ཐེར་འདོན་མང་པོ་མ་བྱས་ན་ཆིག་སྒྲིལ་ལ་ཕན་གི་དྲན། བོད་སྤྱི་བའི་ཁེ་ཕན་དང་ཆིལ་སྒྲིལ་གྱི་ཆེད་དུ་མི་ཆུང་བཀའ་ཁྲིས་ག་རེ་བྱེད་བྱེད་དམིགས་བསལ་བཏང་ནས་འཇོག་འོས་པར་མཐོང་། ་་་་་་་་་་
ད་དུང་ཡ་མཚན་པ་ཞིག་ལ་དེ་སྔོན་ཟམ་གདོང་གི་བཀའ་ཁྲིའི་ལས་དུས་ཕྱེད་ཀའང་མ་རྫོགས་གོང་ནས། བཀའ་ཁྲིའི་འོས་མིའི་སྐོར་ཆེས་སྔ་ས་ནས་ཟིང་ཟིང་མང་པོ་བྱས་སོང་། ད་ལྟ་་་་་བློ་སེང་གི་ལས་དུས་ཕྱེད་ལྷག་རྫོགས་འགྲོ་གི་ཡོད་ཀྱང་། བཀའ་ཁྲིའི་འོས་བསྡུ་རྗེས་མའི་སྐོར་འཇམ་ཐང་ངེ་གླེང་མཁན་མེད་པ་ག་རེ་ཡིན་ན། ངས་བསམ་པར་བློ་སེང་གི་བྱས་པ་ཞིབ་གླེང་དང་བཀའ་ཁྲི་རྗེས་མའི་འོས་བསྡུའི་སྐོར་གླེང་ཚད་འཕྱི་དྲགས་འགྲོ་གི་འདུག་སྙམ།
རེད་རེད། གང་ལྟར་མི་ཚང་སྐྱོ་བོ་དང་འཚོ་བའི་བརྒྱུད་ལམ་སྐྱོ་བོ་ཞིག་བརྒྱུད་ནས་ཡོང་བའི་མི་འུ་ཕལ་ཆེར་བ་ཞིག་གིས་རང་ལ་ཐོབ་གོ་ས་རག་པའི་ཉིན་མོ་ནས་ཅི་ཡང་བྱེད་འདོད་ཅིང་ཅི་ཡང་བྱེད་ཀྱང་སྲིད་པ་ནི་ཁོ་བོ་ཅག་ཐུན་མོང་གི་གཤིས་ཀ་ཞིག་རེད། ཧ་ཧ་ཧ་ཧ། ད་དུང་བཀའ་ཁྲིའི་ཞབས་བརྟན་ཚིག་བརྒྱད་མ་ཟེར་བ་ཞིག་ཀྱང་འདུག མི་འདི་དག་གིས་ཞེན་ཁོག་ཡག་པོ་ཞིག་བྱེད་ཤེས་ཀྱི་མི་འདུག ཡ་ང་སྙིང་རྗེ། བློ་བཟང་སེངྒེ་འདི་འདྲའི་མི་བྱབ་ཆུང་ཞིག་ཡིན་པ་སེམས་ཀྱི་མགུ་ལ་ཡང་ཤར་མེད། ད་ཚར་འདུག་ག ཧ་ཧ་ཧ་ཧ། སྐུ་དྲག་གསར་པ་ནི་སྐུ་དྲག་གསར་པ་རང་རེད།
ངས་ཡག་པོ་ཞིག་མི་ཤེས་མོད། རྣ་ལམ་ལ་རྒན་རབ་པ་ནས་འདི་འདྲ་ཞིག་བཤད་པ་དྲན་བཞིན་འདུག ཐང་ཀ་ནི་སྐྱེས་ཆེན་ཞིག་ཞིང་ལ་ཕེབས་རྗེས་ཁོང་རྗེས་དྲན་གྱི་ཆེད་བཟོ་བསྐྲུན་བྱེད་སྲོལ་ཡིན་ཟེར། རྒྱུ་མཚན་དེ་ལ་བརྟེན་ནས་སྔོན་ནས་གོང་ས་མཆོག་གི་ཐང་ཀ་རེ་མཐོང་དུས་སེམས་བདེ་བོ་ཞིག་མེད། སྐུ་ངོས་སུ་བཞུགས་བཞིན་པའི་སྐབས་སྐུ་ཞིག་བཞིང་ཚུལ་འདི་ཁེ་མཚར་དང་ཕར་ཆེར་བསོད་ཟད་ཀྱི་ལས་ཀ་མིན་ནམ་བསམ་མཁན་ཞིག་ཡིན།
སྤྲེའུ་ཕྲུག་འདི་ཚོ་ལ་ག་རེ་བྱས་ནའང་འགྲིག་ཡ་མེད་ཐག་ཆོད་རེད་འདུག། ལས་ངན་པའི་མི་རིགས་འདི་ཤ་ཚ།
བྱས་རྗེས་མེད་པའི་བྱ་དགའ་ཞིག།
དད་གུས་མེད་སའི་ཐང་ཀ་ཞིག།
ཕུལ་མཁན་གྱིས་ཕུལ་སྔ་དྲག་པ་རེད་ལ།
བཤམ་མཁན་གྱིས་བཤམ་ས་ཡང་ནོར་སོང་བ་རེད།
ཁོ་རང་འདི་འདྲ་ཞིག་རེད། སྔོན་མ་ཞིག་ལ། དབྱིན་མོ་གསར་འགོད་པ་ཞིག་གིས། བོད་ནང་གི་བོད་མིས་ཁྱེད་རང་ལ་ལྟ་ཚུལ་ག་འདྲ་ཡོད་པ་རེད་ཟེར་དུས། བོད་ནང་ནས། ཁོས་ང་ལ་བསྟོད་པའི་གླུ་ལེན་མཁན་དེ་འདྲ་ཡོད་ཟེར། དེས་ནས་དབྱིན་མོ་ཀླད་རྡུབ་མ་དེས། ཁྱེད་རང་གི་བྱས་རྗེས་གང་ལ་བསྟོད་པ་འཐེན་བཞིན་ཡོད་པ་རེད་ཞེས་དྲི་བ་བཏང་མ་སོང་། གལ་སྲིད་བཏང་ཡོད་ན། ཀུ་རེ་ཙམ་གྱི་ལན་ཞིག་ལས། གནད་ཡོད་ཆབ་སྲིད་དང་འབྲེལ་བའི་ལན་ཞིག་མེད་པ་འུ་ཅག་ཚང་མས་ཤེས་ནོ་རེད།
ད་ཡང་དེ་འདྲའི་དྲི་བ་རེ་ཐོན་ན་ངའི་ཐང་ཀ་བཞེང་མཁན་དེ་འདྲ་ཡོད་ཟེར་ནས་ལན་ཚ་བོ་ཞིག་རེག་ཡོད་པ་འདྲ། ཧ་ཧ་ཧ།
ཕྱི་ལོག་ལ་ལྟ་སྐོར་བྱེད་དུ་མང་པོ་ཕྱིན་པ་རེད། ཕྱི་རྒྱལ་གྱི་གནད་ཡོད་ཆབ་སྲིད་པ་ཚོ་ཁོ་ལ་ཐུག་འདོད་མེད་པར་ཡོལ་འགྲོ་བའི་དངོས་བྱུང་དེ་འདྲ། ཁོ་རང་རང་གིས་བཤད་པ་དེ་འདྲ་འདུག། ཕྱི་ལོག་གི་འཇེག་རྟེན་གྱི་མིའི་ཡིད་མི་འཕྲོག་ན། སོ་སོའི་བཙན་བྱོལ་བ་ཚང་གི་ལས་དོན་དེ་ཚོ་ལ་མགོ་འཁོར་ནས་ཡར་མར་ལ་རྒྱུག་ན་ག་འདྲ་འདུག།
ཁོ་རང་གིས་ནམ་ཞིག་ཡིན་ན་ཡང་། ཁོ་རང་གི་སྲིད་དུས་དང་རང་རྒྱུས་གྱི་ལོ་རྒྱུས་དཔེ་དེབ་ལ་ཁ་སྣོན་ཙམ་ཞིག་གི་དོན་དུ། གསོན་སྡད་པ་ཞིག་དང་། བོད་མའི་སྲིད་རོ་རྙིང་བ་ལ་ལྷ་སྲུང་བརྫུན་མ་ཞིག་ཞུགས་པ་ལས། མྱི་གསར་པ་འདེམས་པའི་འདེམས་གོ་ཆོད་པ་ཞིག་ད་སྔ་བར་དུ་ཆགས་མེད་པ་རེད།
ཡང་ཁོས་བཤད་རྒྱུ་ལ། དུས་དང་སྐབས་མ་ཤར་ན། མི་ལ་ནུས་བ་ཐོན་པའི་ལམ་མེད་པ་ལ་ངོས་འཛིན་པ་ལས། མིས་དུས་དང་སྐབས་ཤར་དུ་འཇུག་པའི་ལམ་ལ་ཁོ་ཡིད་མི་ཆེ།
ཁོས་ལོ་ཁ་ཤས་ཤིག་ལ་ངའི་ཚེ་ཐག་ཇེ་ཐུང་ལ་བཏང་ཙམ་ལས་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་དང་མ་འོངས་བའི་རྒྱལ་ཁབ་ཞིག་གི་རེ་བ་ཁོ་རང་མི་འདུག། སྦྲུལ་ཤུན་བཤུས་བ་ཙམ་རེད། ལྟ་བ་གསར་བ། ཐབས་ལམ་གསར་བ། སྲིད་ཇུས་གསར་བ། གཏམ་བཤད་གསར་བ། སྤོབས་པ་གསར་བ། གང་གལ་མི་འདུག། ཅིག་ཡོད་པ་ནི་ཐང་ཀ་ཆེན་པོ་ཞིག། མ་ཤིའི་སྔོན་ལ་ངོམས་སོའི་ཆད་དུ་བཤམ་ཐུབ་པ་དེ་ཙམ་མོ།
་་་་བློ་སེང་ཐེར་འདོན་བྱས་ནས་སྡོད་པ་ལས། བཀའ་ཁྲི་ཕྱི་མ་སྤུས་དག་ཅིག་ཡོང་ཐབས་སུ་འོས་མི་གང་ཡོད་གླེང་རན་རེད་འདུག
བོད་ནང་ནས་སྲིད་སྐྱོང་ལ་བསྟོད་གླུ་ལེན་མཁན་གླུ་ཕུལ་བྱུང་གི་སྲིད་སྐྱོང་བློ་བཟང་སེང་གེ་བྱས་གླུ་ལེངས་མ་ཐག། བཙན་བྱོལ་གཞུང་གི་དྲ་རྒྱ་དང་(Tibet online TV) སོགས་སུ་ཁོང་ལ་ལེངས་བའི་བསྟོད་གླུ་དེ་ས་དྲགས་གནམ་དྲགས་བྱེས་བྱུང། ཐ་ན་ཨ་རི་ནེའི་ཡོག་སོགས་སུ་སླེབས་སྐབས་ཀྱང་བསྟོད་གླུ་དེ་ཡང་ཡང་བཏང་བྱུང། ཅང་མ་འགོར་བའི་ཟླ་འགའ་ཤས་རྗེས་སུ་གླུ་བ་ཕུལ་བྱུང་རྒྱ་ནག་གི་གཞུང་གི་ལག་ཏུ་བལྟས་བལྟས་རིགས་རིགས་ལ་བཞག་བྱུང། འ་ཁ་ད་གང་བྱེད།
མི་གཞན་ཞིག་གིས་བློ་སེང་གི་ཐང་ག་བཤམས་ན་མ་འགྲིག་པ་ཅི་ཡོད། ཡིན་ནའང་བློ་སེང་རང་གིས་རང་གི་ཐང་ག་བཤམས་ན་དངོས་གནས་བྱབ་ཆུང་གི་ལས་ཀ་རེད།
སྲིད་སྐྱོང་གི་ཕྱག་ལས་གནང་སྟངས་ལ་མ་ལྟས་པར་ཐང་ག་ཞིག་གི་སྐོར་གལ་ཆེ་དོན་ཆེར་རྩིས་ནས་གླེང་སློང་བྱེད་པ་ནི་མི་རིགས་འདིས་བསམ་བློ་ད་དུང་རྗེས་ལུས་ཡིན་པའི་རྟགས་སྟན་པ་རེད།
སྲིད་སྐྱོང་ཆེན་པོ་བློ་བཟང་སེངྒེ་དང་།།
ཆོས་སྲིད་སྤྱི་དང་ྋགོང་ས་མཆོག་ལ།།
ཇི་སྲིད་འཚོ་བར་ལྷག་བསམ་གཙང་པས།།
དེ་སྲིད་དུ་ཡང་མཛད་བཟང་རྒྱས་ཡོང་།།
སྲིད་སྐྱོང་ཁོང་ལ་དཔར་ཐང་གའི་བཟོ་དབྱིབས་ཆོག་མི་ཆོག་གི་ཤེས་རྒྱ་དང་གུས་
བཀུར་བཅང་མིའདུག རྒྱབ་ཀྱི་སྐུ་གསུང་ཐུགས་རྟེན་གྱི་གོ་རིམ་ལ་གཟིགས་དང་
ཤེས་ཡོང་། ཆོས་ཕྱོགས་ཀྱི་གོ་བ་དང་། དད་པ་ཡོད་མཁན་ཞིག་ཨ་ཡིན་ནམ།
འོན་ཀྱང་བོད་དོན་སྤྱི་ལ་ཕན་ན་དེ་ཡང་གུས་བཀུར་འོས་པ་ཡིན། བཙན་བྱོལ་
བོད་མིའི་སྒྲིག་འཛུགས་ལ་ཕན་ནའང་འགྲིག
པདྨ་འཕྲིན་ལས་ལགས། ངས་བོད་མི་ནང་ཁུལ་དཀྲུགས་ཤིང་གི་བྱ་བ་གང་ཡང་བརྩམས་མེད། ངས་བརྗོད་བཞིན་པ་ནི་བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་བཟོ་མཁན་གྱི་གཡོན་ཐལ་ཅན་གྱི་ཤོག་ཁག་གིས་ག་དུས་ཡིན་ན་ཡང་སྲིད་སྐྱོང་ལ་ནད་རྙིང་བརྩོད་བཞིན་པ་དེ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཁྱོད་ཀྱིས་སྲིད་སྐྱོང་སྒེར་པ་ཞིག་ལ་ངོས་འཛིན་ཐོག་ཁོང་ཡོད་མེད་ཁྱད་མེད་ཀྱིས་རྩ་དོན་འཐབ་རྩོད་ལ་སྐྱོན་ཤོར་མི་འགྲོ་བ་ཟེར་བ་དེ་རེད། བྱས་ན་བཙན་བྱོལ་བོད་མི་བརྒྱ་ཆ་མང་བས་ཁོང་སྲིད་སྐྱོང་ལ་ཅིའི་ཕྱིར་གདམས་པ་རེད། ༧རྒྱལ་བས་སྲིད་འགན་བགྲེས་ཡོལ་ལ་ཕེབས་ནས་བློ་སེང་ལ་སྲིད་སྐྱོང་གི་མཚན་གསོལ་དང་འབྲེལ་སྲིད་འགན་ཆ་ཚང་ཅིའི་ཕྱིར་རྩིས་སྤྲོད་གནང་བ་རེད། དེ་ལྟ་བས་ན་ཁྱོད་ཀྱིས་སྐད་ཆ་འདིས་བོད་མི་དམངས་ལ་བརྩི་བཀུར་མེད་པ་མ་ཟད་༧རྒྱལ་བས་སྲིད་འགན་རྩིས་སྤྲོད་གནང་བ་དེ་ཡང་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་འབྲེལ་མེད་དོན་གཞན་དུ་གྱུར་སོང་བ་རེད་པ། དེས་ན་བློ་སེང་གང་ཟག་སྒེར་པ་དེ་ད་ཆ་ཡག་ན་སྡུག་ན་ང་ཚོའི་དབུ་འཁྲིད་རེད། བྱས་ཙང་ཤར་ཁུག་དང་ཁྱོད་ལྟ་བུའི་གཡོན་ཐལ་ཅན་གྱི་ཤོག་ཁག་གི་དུས་ནས་དུས་སུ་ནད་རྙིང་རྩོད་བཞིན་པའི་གནད་དོན་འདིར་འཐུག་ཡོད་པ་རེད།
གཞི་རྩའི་དམངས་གཙོའི་རྒྱལ་ཁབ་དང་སྒྲིག་འཛུགས་ཀྱི་དབུ་འཁྲིད་སུ་ཡིན་ཡང་ཆབ་སྲིད་ཀྱི་རྩ་དོན་འཐབ་རྩོད་དང་འཛིང་སྐྱོང་ཐད་སྐྱོན་བརྗོད་བྱེད་ཆོག་པ་དེ་དམངས་གཙོའི་གྲུབ་ཆ་གལ་ཆེན་རེད་ལ་ཐོབ་ཐང་ཡང་རེད། འོན་ཀྱང་ཁྱོད་ཚོས་སྐྱོན་བརྗོད་བྱེད་བཞིན་པ་དེ་སྲིད་སྐྱོང་གིས་རྫིག་ཉམས་བསྟོན་རབས་དང་མིག་ཤེལ་ནག་པོ་གྱོན་རབས། ད་དུང་མོ་ཀྲ་རྫིག་པོར་བསྡད་རབས།གཞིས་ལུས་མི་དམངས་ཀྱིས་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་དབུ་འཁྲིད་ཡིན་པའི་ངོས་འཛིན་ཐོག་ཁོང་གི་སྐུ་དཔར་ཐང་ག་བཟོས་ནས་ཕུལ་བཞག་པ་དེ་ལས་ཤག་ཏུ་བཤམས་རབས་ཀྱིས་སྐྱོན་བརྗོད་འདི་དག་རེད་པ། སྐྱོན་ཆ་འདི་དག་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྩ་ཁྲིམས་དང་ཅི་ཡང་འགལ་མེད་པ་རེད་ལ་རྩ་དོན་འཐབ་རྩོད་ཐད་མཐུས་ཤོར་འགྲོ་བའི་གནས་དོན་གཅིག་ཀྱང་མི་འདུག། ད་དུང་ལ་རེས་བཙན་བྱོལ་སྲིད་གཞུང་གིས་རྒྱུན་སྤྱོད་ཡིག་ཆ་ཁག་དང་ཤེས་ཡོན་སྲིད་ཇུས་དང་འབྲེལ་བའི་བོད་སྐད་ཡིག་ཐོག་ནུས་ཤུགས་འདོན་ཀྱིན་མེད་པ་བཤད་བཞིན་པ་དེ་རེད། གཞི་རྩའི་མི་རིགས་ཀྱི་འཐབ་རྩོད་ཐད་མི་རིགས་རང་ཉིད་ཀྱི་སྐད་ཡིག་གལ་ཆེན་རང་བཞིན་ཅན་གྱི་གནད་དོན་ཞིག་ཡིན་ཡང་ང་ཚོ་གཞན་དབང་སྟབས་བསྟུན་འོག་ཡོད་པ་རེད་ལ། ཡུལ་ཇ་བཏུང་ནས་ཡུལ་ཁྲིམས་འཁུར་དགོས་པ་དེ་ཡང་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་རེད། ལྷག་པར་དུ་བོད་སྐད་ཡིག་འདི་རྒྱལ་སྤྱི་རང་བཞིན་ཅན་དུ་གྱུར་མེད་ཙང་གཞུང་འབྲེལ་གྱི་བཀོལ་སྤྱོད་བྱེད་པའི་ཡིག་ཆ་ཁག་གནས་ཡུལ་རྒྱལ་ཁབ་དང་། ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཁག་དང་མ་བསྟུན་ཐབས་མེད་ཆགས་ཡོད་པ་རེད། ལར་ནས་ཤེས་ཡོན་སྲིད་ཇུས་དང་འབྲེལ་བའི་གནས་དོན་ཐད་བཙན་བྱོལ་གྱི་བོད་སྐད་ཡིག་འདི་རྐང་ཆག་ལག་ཆག་ཡིན་པ་བཀའ་ཤག་སྐབས་སྔོན་མ་སྔོན་མ་ནས་མཐུས་ཤོར་སོང་བ་ཞིག་ལས་སེངྒེ་བཀའ་ཤག་གིས་གསར་དུ་མཐུས་ཤོར་བཏང་བ་ཞིག་ཡིན་རྒྱུ་མ་རེད། དེས་ན་བཙན་བྱོལ་གྱི་བོད་སྐད་ཡིག་འདི་སློབ་མས་ཡུམ་སྐད་ལ་བཅངས་པའི་གདུང་བ་དང་། ཕ་མས་མི་རིགས་ཀྱི་སྲོག་རྩ་དང་རང་ཉིད་ངོས་འཛིན་ཇི་ལྟར་ཡོད་མེད། དགེ་རྒན་གྱིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཆི་གསོན་གང་ལ་འཐུག་ཡོད་མེད་ངོས་འཛིན་གསལ་པོའི་ཐོག། ཟླ་འཕོག་གཅིག་པུར་མི་སེམས་པར་མི་རིགས་འདི་འགྱེལ་ས་ནས་ལངས་ཐབས་ཀྱི་བསམ་བློ་ཡོད་མེད་སོགས་ཕྱོགས་ཡོངས་ཀྱིས་འཕྱར་བ་གྲུ་བཏེགས་མ་བྱས་པའི་གནས་དོན་འདི་ལ་འཐུག་ཡོད་པ་རེད་མ་གཏོག། འཛིན་སྐྱོང་གཅིག་པུར་འཐུག་བསྡད་པ་ཞིག་རྩ་བ་ནས་མ་རེད། སློབ་མ་དང་དགེ་རྒན་ཕ་མ་གསུམ་མཉམ་རུབ་ཀྱིས་འབད་བརྩོན་དང་ཤེས་འདོད་ཆོས་ཅན་ཡོད་ན་འཛིན་སྐྱོང་གིས་འགྲོ་གྲོན་མ་གཏོང་ཐབས་མེད་རེད། ལྷག་པར་དུ་སྐྱོན་བརྗོད་པ་པོ་རང་ཉིད་སྐྱིད་ས་དང་བདེ་སར་སླེབས་ཏེས་མལ་ས་དྲོན་མོ་ནས་མི་འདོད་པའི་རྣམ་འགྱུར་ཇི་ཙམ་བསྟན་ཡང་ཕན་ཐོག་ཅང་མེད་པ་རེད། དེས་ན་རང་ཉིད་མདུན་གྲལ་དུ་བུད་ནས་བཙན་བྱོལ་སློབ་གྲྭ་ཁག་དང་བོད་སྐད་ཡིག་ཐད་སློབ་འཁྲིད་དང་སློབ་ཡོན་གཉིས་ཀར་བྱས་རྗེས་འཇོག་ཐུབ་ན། ད་གཟོད་ཁྱོད་ཀྱིས་སྐྱོན་བརྗོད་གནད་དུ་སྨིན་པ་རེད་ལ་བོད་སྐད་ཡིག་ལ་བཅངས་པའི་གདུང་བ་ཇི་ཙམ་ཡོད་མེད་གསལ་པོར་རྟོགས་ཐུབ། དེ་མིན་་་་་་་་་་་།
ད་དུང་སྲིད་སྐྱོང་བོད་ཡིག་ཡག་པོ་མེད་རབས་དེ་རེད། ད་ཆ་གོ་ལའི་སྟེང་ཡོངས་སུ་བསྒྲག་པའི་ཆེད་ལས་མཁས་པ་དང་རིགས་གཅིག་རྐང་འཛིན་དེ་ཚོ་ཐམས་ཅད་མཁྱེན་པ་སུ་གཅིག་ཀྱང་ཡོད་པ་མ་རེད། འོན་ཀྱང་ཡོངས་བསྒྲག་གིས་མཁས་པར་ངོས་འཛིན་བྱེད་ཀྱིན་པ་དེ་རེད། དེས་ན་སྲིད་སྐྱོང་ཡང་བོད་དང་བོད་རིགས་ཀྱི་ལས་དབང་གི་གནས་སྟངས་འོག་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་ནས་རྒྱལ་སྤྱི་རང་བཞིན་ཅན་གྱི་ཆེད་ལས་མཁས་པའི་ངོས་འཛིན་ཐོབ་པ་ལས་སླ་མོ་ཞིག་རྩ་བ་ནས་མེད་པ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་བོད་ཡིག་ལ་སྦྱངས་ཆ་ཡོད་རབས་བཤད་མཁན་དེ་ཚོ་མདུན་གྲལ་དུ་མ་ཐོན་པར་ཡོལ་བའི་སྲེང་ནས་སྡུག་སྐད་སྐད་འདོན་བཞིན་པ་འདི་ཅི་རེད། བྱས་ཙང་འདི་ཚོ་ཞུགས་གྲལ་དུ་མི་ཚུད་པའི་སྲང་ལམ་ན་ཀུ་ཅོ་འདོན་མཁན་ཤ་སྟག་རེད། གལ་ཏེ་ཁོང་ཚོ་ཞུགས་གྲལ་དུ་ཚུད་ན་རང་མདོག་རང་གིས་བསྟོན་རྒྱུ་ལས་ལྷག་མེད་པ་དེ་རེད།
དོན་དངོས་བྱས་ན་དབྱིན་སྐད་ལ་སོགས་པའི་སྐད་ཡིག་གཞན་པའི་སྟེང་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་པ་ཚོས་དེ་དང་མཐུན་པའི་ལས་རིགས་ལ་འབད་བརྩོན་གནང་། ཡུམ་སྐད་ལ་མཁས་པ་ཚོས་མི་རིགས་ཀྱི་སྐད་ཡིག་བསྲུང་སྐྱོབས་གནང་། རྒྱ་སྐད་ལ་མཁས་པ་ཚོས་རྒྱ་ནག་གི་འགྱུར་འགྲོས་དང་འབྲེལ་བའི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སློབ་སྦྱོང་དང་འབྲེལ། བཙན་བྱོལ་གྱི་ཀྲུང་གོའི་རྩ་ཁྲིམས་མི་ཤེས་པའི་དབུ་མ་པ་ཚོར་སློབ་འཁྲིད་གནང་རྒྱུ་དེ་གལ་ཆེའི་རང་བཞིན་ཅན་གྱི་གནད་དོན་ཞིག་རེད། དེ་ཡང་རྩ་ཁྲིམས་དང་ལག་བསྟར་རང་བཞིན་ཅན་གྱི་བརྒྱུད་རིམ། རྩ་ཁྲིམས་ལ་འགྱུར་བ་ག་ཚོད་ཕྱིན་ཡོད་མེད། གཏོང་འཆར་ག་རེ་ཡོད་མེད། ལག་བསྟར་ག་རེ་བྱེད་འཆར་ཡོད་མེད། གྲངས་ཉུང་མི་རིགས་ཀྱི་གནས་དོན་ཐག་གཅོད་བྱེད་པའི་དབང་ཚད་ག་རེ་ལྡན་ཡོད་མེད། གྲངས་ཉུང་མི་རིགས་ཁག་དང་ལྷག་པར་དུ་ཤིང་སོག་བོད་གསུམ་དུ་འཆར་གཞི་དང་ལགས་བསྟར་གྱི་བར་ཁྱད་གང་འདྲ་ཡོད་མེད་སོགས་ཚུད་ཡོད།
གོང་མ་ཆན་ལུང་གིས་གྲྭ་ཆས་མནབ་པའི་ཐང་ག་ཞིག་ཕོ་བྲང་པོ་ཏཱ་ལའི་ནང་གི་ཏཱ་ལའི་བླ་མའི་གཟིམ་ཆུངདུ་་བཤམ་འདུག ང་ལ་པར་ཡང་ཡོད། བཙན་འཛུལ་བ་དང་རྒྱ་སྐྱེད་རིང་ལུགས་པ་གདུབ་རྩུབ་ཅན་གོང་མ་ཆན་ལུང་དེ་འདྲ་བྱེད་རུང་ན་བློ་བཟང་སེང་གེ་ཐང་གའི་ངོར་འབྲི་མི་རུང་དོན་དང་བཤམ་མི་རུང་བ་ཞིག་ག་ལ་ཡིན།
ཞོལ་གཡག་འབྲོང་རྒྱུད་ཀྱིས་དོན་ལ་གནས་པའི་བཀའ་མོལ་ཞིག་གསུངས་འདུག
སྤོབས་པ་ལགས། སྨྱོན་པ་གཉིས་བསྡུར་ནས། སྨྱོན་པ་ལ་སྨྱོན་པའི་མྱིང་མི་འོས་བ་ནི་ཅི་རེད། ཡག་ལ་འགྲན་རྒྱུ་མེད་པར། སྡིག་ལ་རྣ་ཙོར་ཟེར་བ་གོ་ཨེ་མྱོང་། དེ་རང་ཡང་ཁྱོད་ལ་ཅིག་འགྲིག་མེད་ཀི། ཆི་བཅའ། ཆི་བཅའ།
ཞོལ་གཡག་འབྲོང་རྒྱུད་ལགས། ་་་་་་་
གཅིག། ཁྱེད་གྱི་དོན་མེད་ལ་མི་གཞན་གྱི་མིང་འདིར་རུ་འཁྱེར་མ་ཡོངས་རོགས་གནང་ཟེར་འདོང་བྱུང། ཤར་ཁུག་ལགས་ལ་འབྲེལ་བ་ཅིག་ཀྱང་མེད་ལ་མི་ཚེ་ལ་མཐོང་ཡང་མ་ཉོང།
གཉིས་པ། བློ་བཟང་སེང་གེ་བཙན་བྱོལ་བོད་མིའི་འོས་བླུག་ནས་འགོ་ཁྲིད་ལ་སླེབས་པ་རེད་ཟེར། བདེན་པ་རེད། འོན་ཀྱང་བློ་བཟང་སེང་གེ་སྐྱོན་ལ་སྐྱོན་བརྫོད་བྱེད་མི་ཆོག་པ་དང། སྐྱོན་ཡོད་བཞིན་དུ་གླེང་མི་ཆོག་པའི་ཁྲིམས་ཞིག་གང་དུ་འདུག། ཁོང་ལ་བཙན་བྱོལ་བོད་མིའི་འོས་བླུགས་ནས་སླེབས་པ་རེད་ལ། ཁོང་ལ་སྐྱོན་ཡོད་ན་སྐྱོན་བརྫོད་བྱེད་མཁན་ཡང་བཙན་བྱོལ་བོད་མི་རེད། ཁོང་བཙན་བྱོལ་བོད་མིའི་འགོ་ཁྲིད་ཡིན་པ་གསལ་པོ་ཤེས་ཡོད་དེས་ཐུད་ལ་ཁྱེད་ལ་སེམས་ཁྲེལ་བྱེད་མི་དགོས། འོན་ཀྱང་ཁྱོད་དང་ཁྱོད་ལྟ་བུ་མི་བསམ་མེད་ཁག་གཅིག་གི་ཕ་ཡུལ་གཅིག་པའི་ཕྱོགས་ཞེན་གྱི་བློ་བཟང་སེང་གེ་ལ་སྐྱོན་བརྫོད་རེ་བྱེད་དུས་ལུང་ཚན་གྱི་ངོ་བོ་སྒྱུར་བ་དང། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཕ་ཡུལ་གཅིག་པ་ཡིན་བསམ་པ་དེ་ནི་ཧ་ཅང་ནོར་བ་རེད་།
གསུམ་པ། ངའི་བློ་བཟང་སེང་གེ་ངོ་ཤེས་ནས་ལོ་ངོ་ཉི་ཤུ་འགྲོ་བཞིན་འདུག། ངེད་གཉིས་འཆམ་པོ་ཡོད་ལ་མཐུན་པོ་ཡང་ཡོད། ཁོང་ཨ་རི་ཡོངས་སྐབས་ངེད་གཉིས་སྔར་བཞིན་ཐུག་གི་ཡོད་ལ། གྲོགས་པོའི་འབྲེལ་བ་ཡང་སྔར་བཞིན་ཡིན། ཡིན་ནའང། ངའིི་འདི་ནས་གསལ་པོ་དང་ཐག་ཆོད་པའི་སྒང་ནས་ཞུ་རྒྱུ་ཞིག་ལ་བློ་བཟང་སེང་གེ་ཡི་ཆབ་སྲིད་ཡི་འགོ་ཁྲིད་པ་ནི་ཧ་ཅང་གཉེན་ཁ་
ཞིག་རེད་ལ། ཁོང་གི་མི་མང་གི་འགོ་རྒྱུ་ཕར་ལ་ཞོག་ཁོང་རང་བྱིས་པ་ཆུང་ཆུང་ནང་བཞིན་ལོ་ངོ་ལྔ་ཡི་རིང་ལ་བོད་མིའི་འཐབ་རྩོད་འདི་ལྟར་འཕྲོ་ལྷག་ལ་འགྲོ་ངེས་རེད། རྒྱུ་མཚན་གང་ལ་ཟེར་ན། བློ་བཟང་སེང་གེ་ལ་ཆབ་སྲིད་དང་ཁྱད་པར་བོད་མི་ཆོས་དང་རིག་གཞུང་དང་ལོ་རྒྱུས་སོགས་ལ་ཧ་ཅང་ཞེན་པོ་ཡིན་པས་རེད། དཔེར་ན། བློ་བཟང་སེང་གེ་བཀའ་ཁྲི་ལ་ལངས་སྐབས། ཨ་རི་གནས་བསྡོད་བོད་མི་ཞིག་གི་བློ་བཟང་ཁྱེད་རང་བོད་མི་ཆོས་དང་རིག་གཞུང་སྐོར་ལ་འབྲེལ་གང་འདྲ་ཡོད་བྱེས་འདྲི་སྐབས། ལན་། བློ་བཟང་གི་ང་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་ཡག་པོ་ཡོད་དེ་བས་ཀྱང་ཆོས་ཡག་པོ་ཡོད་ཟེར། གང་ཡིན་ཟེར་ན། ངའི་རང་གི་ཨ་མ་དང་མཉམ་དུ་མཚན་ལ་ཞེལ་འདོན་སྐྱོར་གི་ཡོད་ཟེར། ལན་འདི་ནི་དགོད་བྲོ་བ་ཞིག་ལ་རེད་དམ།
དེ་ནས་ཐག་རིང་དུ་སོང་ནས་བཤད་ན། བོད་མི་མང་སྐབས་བཅུ་བཞི་བའི་སྤྱི་འཐུས་སྔོན་འགྲོ་འོས་བསྡུ་སྐབས། བྱང་ཨ་རིའི་བོད་མི་ཁག་ཅིག་གི་བློ་བཟང་སེང་གེ་ལ་སྔོན་འགྲོ་སྐབས་འོས་བླུགས་པ་རེད། དེ་དུས་ཕྱི་ལོ་༢༠༠༥ ལོ་རེད། ཟླ་ཤས་རྗེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་གྱི་བློ་བཟང་སེང་གེ་ལ་བྱང་ཨ་རི་སྤྱི་འཐུས་འོས་མི་སུ་བསྡད་འདོད་ཡོད་མེད་འདྲི་སྐབས། བློ་བཟང་སེང་གེ་ཡི་ལན་འདི་ལྟར་རྒྱབ་སོང། ང་བྱང་ཨ་རི་སྔོན་འགྲོ་སྤྱི་འཐུས་ལ་བསྡད་གི་མིན། འདི་རུ་ངའི་གྲོགས་པོ་དེ་འདྲ་ཡི་ཆབ་སྲིད་གྱི་ལས་ཀ་དང་སྤྱི་འཐུས་དེ་འདྲ་བསྡད་ན་ཡག་པོ་ཡོད་པ་མ་རེད་ཟེར། རྒྱུ་མཚན་གང་ཡིན་ཟེར་ན། ང་མཁས་དབང་ཅིག་ཡིན་པས་ཆ་ནས་ཡིན་ཟེར། ཁོང་གི་དྲི་ལེན་འདི་ལ་ཅིག་ཉོན་དང་ཁོང་གང་འདྲ་ཡིན་པ་གསལ་པོ་མ་རེད་དམ།
བཞི་བ། བློ་བཟང་སེང་གི་ཡི་ཐང་ཀ་སྐོར་རེད། བློ་བཟང་སེང་གེ་གཅིག་པོ་ཡོད་པའི་ཐང་ཀ་བརྒྱ་སྟོང་མང་པོ་ཡོད་ཀྱང་ང་ལ་དགའ་རྒྱུ་དང་སྡུག་རྒྱུ་སྣེ་སྐར་མ་གཅིག་མེད། དེ་ནི་ཁོང་གི་ཐོབ་ཐང་རེད་ལ་རང་དབང་ཡང་རེད། འོན་ཀྱང་སེམས་ལ་འཆར་དཀའ་བ་ཅིག་འདི་རེད། སྟོན་པ་དང་མཉམ་དུ་བློ་བཟང་སེང་གེ་ཡི་ཐང་ཀ་འདི་རེད། ངོ་མ་བཤད་ན་བློ་བཟང་སེང་གེ་ཡི་ནང་པ་ཡོངས་ལ་མཐོང་ཆུང་བྱེས་པ་རེད། འདིའི་ཐུད་ལ་མཐའ་གཅིག་དུ་ངོ་རྒོད་ཡོད། གཅིག་བྱེས་ན་བྱེད་སྟེངས་འདིའི་ཆག་སྒོ་ཆེན་པོ་ཞིག་ལངས་མི་སྲིད་པ་མ་རེད། དཔེར་ན། ཡི་ཤེས་ཆོས་ལུགས་ཀྱི་སྟོན་པའི་མཉམ་དུ་ཨ་རི་སྲིད་འཛིན་གྱི་འདི་ངའི་རང་དབང་རེད་ཟེར་ནས་ཁོང་གི་པར་ཞིག་བཞག་ན་ཡི་ཤེས་ཆོས་ལུགས་པ་ཚོས་ཁོང་བཙོན་ཁང་དུ་སྐྱེལ་རྒྱུ་དང་ཡང་ན་ཁོང་ཚེ་སྲོག་འཕྲོག་རྒྱུ་ཡིན་པ་གསལ་པོ་རེད། བྱེད་སྟེངས་འདིའི་རིགས་འདི་ཁྱོད་ཚོ་བློ་བཟང་གི་རྒྱབ་སྐྱོར་ཚོས་ཁོང་ལ་ཤ་ཚ་ན་སྟོན་པས་སྐུ་ཐང་ལ མཐོང་ཆུང་མ་བྱེད་རོགས།
ཧཧཧཧཧཧ ད་ཡིན་ན་བོད་པ་འདི་ཚོ་ཡང་བསྐྱར་རྙིང་ཞེན་ནང་ལྷུང་འགྲོ་གི་འདུག་ག
པདྨ་འཕྲིན་ལས་ལགས། ང་དང་སྲིད་སྐྱོང་བློ་བཟང་སེངྒེ་ལུང་ཚན་གཅིག་པ་ཕར་ཟད་ཆོལ་ཁ་ཡང་གཅིག་པ་མ་རེད། སྲིད་སྐྱོང་མཆོག་མདོ་སྟོད་རེད། ང་དབུས་གཙང་རེད་ལ་ཕ་ཡུལ་ལྷོ་ཁ་རེད། འོན་ཀྱང་ངས་ཁོང་ལ་སྔ་ཕྱི་བར་གསུམ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་བྱས་པ་ཡིན་ལ་ད་དུང་མུ་མཐུད་རྒྱུ་རེད། གལ་ཏེ་ངས་ཆོལ་ཁ་དང་ལུང་ཚན་གཅིག་པའི་ངོ་བོར་གྱུར་ནས་ཞེན་ཁོག་སྐམ་པོ་ཞིག་གིས་སྣེ་དྲངས་ཡོད་ན་ངས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་ཀྱི་རེད། ཁོང་དབུས་གཙང་ཡིན་པས་ཕྱིར། དེས་ན་ངས་བཀྲས་མཐོང་ལ་རྒྱབ་སྐྱོར་མ་བྱས་པར་བློ་སེང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་དུ་མ་ཡོད་དེ་མདོར་བསྡུས་ན་
༡༽བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་དེ་སྔར་ད་བར་བླ་མ་དང་སྐུ་དྲག་གི་ཁྱིམ་རྒྱུད་ཀྱིས་འཇུས་བསྡད་པ་རེད། ༢༽བོད་དང་བོད་མི་རིགས་ཀྱི་ཆག་ཆེ་ཉམས་ང་འདི་གོ་ལའི་འགྱུར་འགྲོས་ལ་མིག་བཀབ་ནས་དེང་དུས་ཀྱི་ཤེས་ཡོན་གྱིས་ཕོངས་སོང་བ་རེད་དྲན་ཡོད། ་༣༽དུས་རབས་དང་མི་རབས་ཀྱིས་ཆེས་གཡོལ་དུ་འགན་འཁྲི་རང་བཞིན་ཅན་དེས་མི་རབས་གསར་པར་བབས་འདུག་དྲན་ཡོད། རྒྱུ་མཚན་འདི་གསུམ་གྱིས་ཕལ་པའི་ཁྱིམ་རྒྱུད་ནས་སྐྱེས་ཏེས་བཙན་བྱོལ་སློབ་གྲྭའི་ཐེམ་སྐས་བརྒྱུད་སྐད་གྲགས་ཅན་གྱི་ཨ་རིའི་ཧཱར་ཝ་ཌི་གཙུག་ལག་སློབ་ཆེན་ནས། རྒྱལ་སྤྱི་རང་བཞིན་གྱིས་ངོས་ལེན་ཡོད་པའི་མཁས་དབང་གི་མཚན་གནས་ཡོད་པའི་བློ་བཟང་སེང་གེར་འོས་འཕེན་པ་རེད་ལ་རྒྱབ་སྐྱོར་ཆ་ཚང་བྱས་པ་ཡིན། འདི་འོས་འཕེན་མཁན་དང་རྒྱབ་སྐྱོར་གནང་མཁན་མང་ཆེ་བས་བསམ་བློར་འདི་ལྟར་འཁོར་ཡིན་རྒྱུ་རེད་དྲན་ཡོད།
དེ་ལྟ་བས་ན་ཤར་ཁུག་གིས་སྲིད་སྐྱོང་ལ་བཅངས་པའི་འཁོན་འབྲས་དེ་ངས་འདིར་དྲུད་ཡོང་བར་ཁྱོད་ཅིའི་ཕྱིར་ན་ཟུག་ལངས་པ་རེད། བྱས་ཙང་ཤར་ཁུག་གིས་རྒྱུན་དུ་སྲིད་སྐྱོང་གི་སྐྱོན་ཞིག་འཚོལ་ཨེ་ཐུབ་བལྟ་བཞིན་པ་དང་། ཁྱོད་དང་ཤར་ཁུག་གི་རྗེས་འབྲངས་བཅས་པས་ཐབས་བརྒྱ་ཇུས་སྟོང་གིས་སྲིད་སྐྱོང་གི་སྐྱོན་ཚང་བསྔོགས་ཨེ་ཐུབ་བྱེད་པ་གཉིས་མ་རྩོམ་གྱི་བརྗོད་བྱ་དང་འབྲེལ་མེད་དོན་གཞན་ཨེ་རེད། མ་གཞི་ནས་ཁྱེད་ཀྱིས་ངའི་མཆན་དེ་མ་གོ་བའམ་གསལ་པོ་དག་པོ་བྱས་ནས་མ་བཀློགས་པ་འདྲ། དེ་མིན་ངས་གོང་དུ་གསལ་པོ་དག་པོ་བྱས་ནས་བཤད་ཡོད། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། ཞེས་པ་ལྟར་སྲིད་སྐྱོང་སོ་སྐྱེས་ལས་གྲུབ་པའི་གང་ཟག་གཅིག་སྐྱོན་མེད་འཛེར་མེད་ཞིག་རྩ་བ་ནས་མ་རེད་ལ། ད་དུང་ངས་ནན་གྱིས་བཤད་འདོད་པ་ནི་དམངས་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་ཆབ་སྲིད་དང་འཛིན་སྐྱོང་ཐད་འགྲིགས་མིན་གྱིས་གོང་རིམ་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་དམངས་གཙོའི་གྲུབ་ཆ་གལ་ཆེན་རེད་ལ་དམངས་གཙོའི་ཐོབ་ཐང་ཡང་རེད། འོན་ཀྱང་ཁྱོད་ཚོས་བཤད་པའི་སྲིད་སྐྱོང་གི་སྐྱོན་ཆ་དེ་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་མི་རིགས་འདི་འགྱེལ་ས་ནས་ལངས་ཐབས་དང་འབྲེལ་མེད་དོན་གཞན་རྐྱང་རྐྱང་རེད།
མ་གཞི་ཁྱོད་དང་བློ་སེང་དང་སྙིང་ཉེ་པོ་ཡིན་མདོག་དང་ཆ་སྒྱུས་ཡ་སྒྱུས་ཆེ་མདོག་བཤད་སྟངས་ལ་བལྟས་ན་མཐོ་དམན་གྱི་ལྟར་སྣང་ཞིག་ཡོད་པ་འདྲ། དེ་ལྟར་ཡིན་ན་དགེ་སློང་ལེགས་སྐར་མི་ལོ་ཉེར་ལྔ་སྟོན་པའི་དྲུང་དུ་བསྡད་པ་རེད། ཁོ་ང་རྒྱལ་ཆེ་བས་མཐའ་མ་ཁོས་སྟོན་པར་། མི་ལོ་ཉེར་ལྔ་ཁྱོད་ཀྱི་གཡོག་ལས་བྱས། ཡོན་ཏན་ཏིལ་འབྲུ་ཙམ་ཡང་ངས་མ་མཐོང་། འོད་འདོམ་གང་གི་ཁྱད་པར་མ་གཏོག་ཡོན་ཏན་ནི་ཁྱོད་ལས་ང་ཆེ་ཞེས་བཤད་པ་རེད། བྱས་ཙང་ནང་པ་ཡོད་དོ་ཅོག་གིས་སྐྱོན་ཀུན་བྲལ་ཡོན་ཏན་ཀུན་ལྡན་ཡིན་པར་ངོས་འཛིན་པའི་སྟོན་པ་དེ་ཁོས་འདི་ལྟར་མཐོང་བ་རེད། རྒྱུ་མཚན་ཁྱོད་ཀྱིས་ལོས་ཤེས། བློ་སེང་སོ་སྐྱེས་གང་ཟག་ཕལ་པ་གཅིག་ལ་ཅི་ཁག། དེ་མིན་ན་ཁོང་གི་ཡོན་ཏན་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མི་འདུག། གཞི་རྩའི་མི་སུ་ཡིན་ཡང་སྐྱོན་ཡོན་གྱི་ཆ་གཉིས་ཀ་ཡོད་པ་རེད་ལ་རང་རང་སོ་སོར་མཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པ་རེད། ཁྱད་ལས་སམ་ཆེད་ལས་མཁས་པ་དེ་ཚོ་ཐམས་ཅད་མཁྱེན་པ་མ་རེད་ཞེས་གོང་དུ་བཤད་་ཡོད། དེས་ན་སྐྱོན་ཡོན་གཉིས་ང་ལ་གཞལ་ནས་མི་རིགས་ཀྱི་རྩ་དོན་དང་འབྲེལ་ནས་བཤད་དགོས་པ་དེ་གལ་ཆེན་དོན་ཆེན་རེད།
དེ་མིན་ཁྱོད་ཀྱི་བཤད་པ་ལྟ་བུ་ཨ་རིར་གནས་སྡོད་བོད་མི་དེ་ཅི་འདྲའི་དྲི་བ་ལྐུགས་པ་ཞིག་བཏང་འདུག། བློ་སེང་བླ་མ་གྲྭ་པ་མ་རེད་ལ་བློ་སེང་ནང་ཆོས་ལ་སློབ་སྦྱོང་བྱས་མེད་པ་མ་ཟད་བོད་ཀྱི་རིག་གནས་ནི་བཙན་བྱོལ་གཞི་རིམ་སློབ་གྲྭའི་བསླབ་གཞིའི་སློབ་དེབ་དེ་ལས་བརྒལ་ཡོད་པ་མ་རེད། བྱས་ཙང་ཁོང་གི་རིག་གནས་ག་རེ་སྦྱངས་ཡོད་མེད་ཤེས་པའི་ཐོག་ནས་དེ་དང་འབྲེལ་བའི་དྲི་བ་ཞིག་དྲིས་ན་ལན་ཚད་ལྡན་ཞིག་ཡོང་རྒྱུའི་རེ་བ་ཡོད་པ་རེད། དེ་མིན་སྲིད་དོན་པ་དང་ཁྲིམས་རྩོད་པ་ཞིག་ལ་ཆོས་ཕྱོགས་ཀྱི་དྲི་བ་དྲིས་ལན་དེ་འདྲ་ཞིག་ལས་ཅི་ཞིག་འདེབས། ཨེ་རླུང་གི་དོན་གྲུབ་རྒྱལ་གྱིས་དྲིས་པའི་དྲིས་ལན་ནི་དེ་ག་རང་རེད་ཁོང་ཆེད་ལས་མཁས་པ་ཞིག་སྤྱི་ཐུས་ལ་བཞག་ན་ཙན་དན་གྱི་གུ་གཡོག་དང་གོས་ཆེན་གྱི་ཕྱིས་རས་རང་ཆགས་པ་རེད།
དེ་ནས་དོན་ཚན་བཞི་པ་དེ་སྲིད་སྐྱོང་གི་ཐང་གའི་བསྐོར་དེ་རེད། བློ་སེང་གི་ལས་ཤག་ཏུ་བཤམས་པའི་ཁོ་རང་གི་ཐང་གིའི་གཡས་སུ་ཐང་ག་ཞིག་ཡིན་ཚོད་འདུག་ཀྱང་ཁྱོད་ལ་དམིགས་བསལ་གྱི་མིག་ཤེས་ཞིག་ཡོད་ན་མ་གཏོག་སྟོན་པ་ཡིན་པའི་ངེས་པ་གཏན་ནས་མི་འདུག། བློ་སེང་གི་ལས་ཤག་ཏུ་སོང་ནས་དཔར་ལེན་ཡག་པོ་ཞིག་བྱས་ན་མ་གཏོག་སྐད་ཆ་བཤད་པའི་བདེན་དཔང་ཁྱོན་ནས་མི་འདུག་གོ།
ནོར་བཅོས། མདོར་བསྡུས་ན་རྒྱུ་མཚན་གསུམ་དུ་འདུས་ཏེས། ཆེད་གཡོལ་དུ་མེད་པའི་འགན་འཁྲི་རང་བཞིན་ཅན། དམངས་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་ནང་། སྐྱོན་ཡོན་གཉིས་སྲང་ལ་གཞལ་ནས།
དཔལ་ལྡན་སྲིད་སྐྱོང་ནམ་ཡང་རྒྱལ། ནམ་ཡང་བོད་མིའི་དབུ་ཁྲིད་དུ་གནས་པར་ཤོག
སྲིད་སྐྱོང་གི་ཐང་ག་དེ་ཁོ་རང་གི་ལས་ཁུངས་བཤམ་པ་དེ་ལན་པོ་ཞེ་དྲ་མཐོང་མ་སོང་།
ཨ་རིའི་ཨོ་བ་མས་རང་གི་པར་རང་གི་ལས་ཁུངས་ལ་བཞག་མིན་འདུག
བོད་ཀྱི་ཨོ་བ་མས་རང་གི་པར་རང་གི་ལས་ཁུངས་ལ་བཞག་འདུག
མདོར་ན་་་་yes I can རང་ཡིན་འདུག་ག
བློ་སེང་ཁོ་རང་གི་སྤར་ཡར་གཤམས་པ་དེ་ནི། བོད་པའི་གཏམ་དཔེར། རྐྱག་པས་རྐུབ་བརྐྱག་ཟེར་བ་དེ་རེད། ཁ་ོརང་ལ་ཤེས་འཇོན་ཡོད་ན། གསེར་་ས་འོག་ལ་ཡོད་ན་།། འོད་ནམ་མཁའ་ཡོད་ཡོད་པ་རེད།
བློ་སེང་ལ་སྐྱོན་འདོགས་རྒྱུ་རྫོགས་སོང་ནི་ཡིན་པ་འདྲ། ཧཧཧཧཧཧཧཧཧཧཧཧ།
ཞོལ་གཡག་འབྲོང་རྒྱུད་ལགས། ཁྱོད་དབུས་གཙང་ནས་ཡིན་ན་ཡག་བྱུང། ད་དུང་ཕ་ཡུལ་ལྷོ་ཁ་ནས་ཡིན་ན་དེ་བས་ཀྱང་དགའ་བྱུང། ངས་ཁྱེད་ཀྱི་ཕ་ཡུལ་ལྷོ་ཁའི་ཡུལ་སྐད་ཅིག་བཤད་འདོད་བྱུང། ཁྱེད་ཀྱི་ང་ལ་འགྲེལ་བཤད་ཞིག་གནང་ན་གང་འདྲ་འདུག། ( ཨ་མི་སྒྲོན་གང་མུ་ནས། ནི་རོལ་ཞོག་དང་ནུས་མི་ནུས།) ཁྱེད་ཀྱི་ཕ་ཡུལ་གྱི་ཡུལ་སྐད་ལ་འགྲེལ་བཤད་གནང་རོག།
གཅིག། གོང་གི་ངོན་ཚན་གསུམ་པོ་དེ་དག་ལ་ངའི་ཁྱེད་ལ་མོས་མཐུན་བྱས་ཆོག། འོན་ཀྱང་བདེན་རྫུན་གྱི་དབྱེ་བ་མེད་པར་སྔ་ཕྱི་བར་གསུམ་དུ་བརྒྱ་ཆ་བརྒྱ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས་པ་དང་ད་དུང་ཡང་མུ་མཐུད་གི་ཡིན་ཟེར་བ་འདིའི་ངེད་གཉིས་བར་གྱི་སྐད་ཆ་བཤད་མཚམས་འཇོག་རན་རེད།
གཉིས། ངའི་ཁྱོད་རིགས་ཡག་ཞིག་དང་སྤྱི་ཚོགས་ལ་འབྲེལ་བ་ཡོད་མཁན་ཞིག་རེད་བསམ་ཡོད། དེ་ནི་སྦད་དེ་ནོར་འདུག། བློ་བཟང་སེང་གེ་ཡི་དེ་སྔོན་ཁོང་བཀའ་ཁྲི་ལ་ཐོབས་ཆེད་བོད་མི་འདུས་སྡོད་སུ་གཏམ་བཤད་གནང་སྐབས་ཁོང་རང་ནང་ཆོས་དང་བོད་མི་རིག་གཞུང་ལ་ཧ་ཅང་ཡག་པོ་ཟེར་ནས་དྲི་བ་འདི་ཁོ་རང་རང་གི་རེད། དེ་འདྲ་ཡིན་ཙང་བོད་མི་དེས་དྲི་བ་སླེབས་པ་རེད།
མ་གཞི་ནས་བློ་བཟང་སེང་གེ་སྐྱག་རྫུན་ཚ་བོ་ཡོད་པ་ས་དྲགས་གནམ་དྲགས་ཡིན་པ་ཡོངས་དྲགས་རེད། དཔེར་ན། ཁོང་ཁྲི་ལངས་སྐབས། ཁོས་འདི་ལྟར་བཤད། ང་ཨ་རི་བསྡད་ནས་ལོ་བཅུ་དྲུག་འགྲོ་བཞིན་འདུག། ད་དུང་ངའི་རྒྱལ་ཁབ་སུ་གཅིག་གི་མི་སར་གྱི་ལག་འཁྱེར་ལངས་མེད་ཟེར། ངའི་སྐྱབས་བཅོལ་བོད་མིའི་དེབ་སེར་པོ་བཟུང་ནས་ཡོད་ལ་རྒྱལ་ཁབ་གང་ལ་འགྲོ་ན་དེབ་སེར་པོ་དེ་བེད་སྤྱད་གཏོང་གི་ཡོད་ཟེར། སྐུ་མཁྱེན་དེ་འདྲ་སྐྱག་བརྫུན་ཚ་བ་ལ། བློ་བཟང་སེང་གེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་ཐེངས་གཉིས་ཕྱིན་པ་རེད། ལག་འཁྱེར་གང་ཞིག་བེད་སྤྱད་བཏང་པ་ཡིན་ནམ། རྒྱ་ནག་གཞུང་གི་སྐྱབས་བཅོལ་བོད་མིའི་དེབ་སེར་པོ་དེ་དངོས་ལེན་པ་ཡིན་ནམ།
གསུམ། སྲིད་དོན་པ་དང་ཁྲིམས་རྩོད་པ་རེད་ཟེར། སྐུ་མཁྱེན་ད་གད་མོ་མ་ལེངས། ཁྲིམས་རྩོད་པ་( lawyer ) ཟེར་གི་ཡོད་རེད། བློ་བཟང་སེང་གེ་ཁྲིམས་རྩོད་པ་རེད་དམ། ཡིན་ན་ག་རེ་སྒང་ལ་ཁྲིམས་རྩོད་པ་ཞིག་རེད། ཁྲིམས་རྩོད་པ་རིགས་མང་པོ་ཡོད་རེད། ཁྲིམས་ལ་སློབ་སྦྱོང་བྱེས་བ་ཙམ་གྱི་ཁྲིམས་རྩོད་པ་ཡིན་ནམ། ཁྱེད་གྱི་གསལ་པོ་ཞིག་ཉོན། བློ་བཟང་སེང་གེ་ཡི་( human rights ) འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་སློབ་སྦྱོང་བྱེས་པ་རེད། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སློབ་སྦྱོང་བྱེས་བ་ཙམ་གྱི་ཁྲིམས་རྩོད་པ་དང་ཁྲིམས་ལུགས་མཁས་དབང་རེད་ཟེར་ན་སྦད་དེ་ནོར་བ་རེད། ངའི་ཁྱེད་ལ་ཞུ་བ་འཐེན་ཆོག་ད་ནས་བཟུང་དེ་འདྲ་མ་ཟེར། གང་ལ་ཟེར་ན། རང་ཉིད་གྱི་ཅང་མི་ཤེས་བ་ཕྱི་ལ་སྔོན་པ་རེད།
ཨ་རི་ནས་ཁྲིམས་རྩོད་པ་འམ( lawyer ) བྱེད་འདོད་ན་( You Have To Pass Two Tests Before You Become A Lawyer ) ཡིག་རྩལ་གཉིས་ངེས་པར་དུ་སྤྲོད་དགོས་པ་རེད། དེ་མིན་ཁྲིམས་ལ་སློབ་སྦྱོང་བྱེས་ཡོད་ཀྱང་ཁྲིམས་རྩོད་པ་མ་རེད། བློ་བཟང་སེང་གེ་ཡི་གོང་གི་ཡིག་རྩལ་འདི་གཉིས་བཏང་ཉོང་ཡོད་མ་རེད། ཡིན་ནའང། བློ་བཟང་སེང་གེ་ཡི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་སློབ་སྦྱོང་བྱས་བ་བདེན་པ་རེད། འོན་ཀྱང་ཕན་ཐོག་ག་ཚོད་ཅིག་བྱུང་སོང། བོད་ནང་གི་བོད་མིའི་བདེ་སྡུག་ནི་སྔར་ལས་སྡུག་རི་རེད།
དེ་ནས་ཐང་ཀ་རེད། ཁྱོད་རང་གི་མིག་གཉིས་དེ་བེད་སྤྱད་ནས་ཅིག་ལྟས་དང། མིག་གཉིས་དེ་ལོང་པ་མིན་ན་སྟོན་པ་མཉམ་དུ་ཡོད་པ་གསལ་པོ་རེད། སྤྱིར་ཁྱོད་གང་འདྲ་ཞིག་ཡིན་པ་ངས་ཤེས་ཡོད་བདེན་རྫུན་གྱི་དབྱེ་བ་མི་ཤེས་པའི་མི་རེད། ད་གང་བྱེད།
ཧ་ཧ། འཕྲིན་ལས་ལྷུན་གྲུབ་ལགས་བཀྲས་མཐོང་ཤོག་ཁག་ཡིན་པ་སྤུ་མདོག་ཇེ་གསལ་ཇེ་གསལ་རེད། ད་དུང་ང་ལ་ཆོལ་ཁ་དང་ལུང་ཚན་གྱི་རྒྱབ་ལངས་ཡིན་རབས་བཤད་ཀྱིན་པ་རེད།
ལྷོ་ཁ་རྫོང་ཁག་བཅོ་བརྒྱད་ལ་ལུང་སྐད་མི་འདྲ་བ་བཅོ་བརྒྱད་ཡོད་པ་རེད་ལ་ང་ལྷོ་ཁའི་སྤྱི་མི་དེ་བས་མ་རེད། ལྷོ་ཁ་སྤྱི་ལ་ཁྱབ་པའི་སྐད་གཉིས་ཡོད་པ་དེ་ནི་༼བཱ་མན་བཱ་༽ཟེར་བ་དེ་རེད། དེའི་དོན་ནི་རེད་མ་རེད་ཟེར་གྱི་ཡོད་པ་རེད། ཁྱོད་ཀྱི་གོང་དུ་དྲངས་བའི་ལྷོ་ཁ་ཡུལ་ལུང་བྱེ་བྲག་པའི་སྐད་དེ་ཕལ་ཆེར་གོང་དཀར་དང་གྲྭ་ཕྱི་ནང་གི་ཁུལ་དེ་ཚོས་རྒྱག་གི་ཡོད་པ་འདྲ་ཞིག་དྲན་གྱི་འདུག། འོན་ཀྱང་ངའི་ཡུལ་ལུང་གི་སྐད་རྩ་བ་ནས་མ་རེད་ལགས་ན་ངས་ཇི་ལྟར་འགྲེལ་དགོས་པ་རེད་དམ།
རེད་ཡ། ངས་བློ་བཟང་སེང་གེ་རྣམ་པ་ཐམས་ཅད་དུ་དཀར་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད་པ་རེད་ལ། དཔེར་ན། ཆབ་སྲིད་ཐད་ཕྱག་ལས་གནང་ཕྱོགས་མང་པོ་ཞིག་ངས་དགག་ལན་མང་པོ་དྲིས་ཡོད། དཔེེར་ན་བློ་སེང་ལག་ན་ཕྲེང་བ་ཐོག་ནས་ཆོས་བྱེད་ཁུལ་དེ་རེད་ལ་བོད་ནང་མེར་བསྲེག་རེ་བྱུང་དུས་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཞལ་འདོན་དགུ་སྐྱོར་དེ་རེད། འདིར་ངས་བསམ་ཚུལ་ལྟར་ན་བློ་སེང་བཀའ་ཁྲི་འོད་འཕེན་སྐབས་ང་ཚོས་ཆབ་སྲིད་སྐྱོང་རོགས་དང་། བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་དབུ་འཁྲིད་རོགས་བཤད་པ་མ་གཏོག་བློ་སེང་ཆོས་ཕྱོགས་ཀྱི་དབུ་འཁྲིད་གནང་རོགས་ཞེས་ནམ་ཡང་བཤད་མེད་པ་རེད། ཆོས་ཕྱོགས་དབུ་འཁྲིད་ནི་བླ་མ་གྲྭ་པ་མང་བས་སྐྱོན་་ལས་ཉུང་བའི་སྐྱོན་ཆ་ཅི་ཡང་མི་འདུག། དེ་དེ་བཞིན་མཚན་སྨོད་དང་འབྲེལ་བའི་གནས་དོན་ཐོག་གྲོས་ཚོགས་ནང་གཏམ་བཤད་འདི་ོལྟར་༼འཛེམས་དོག་མེད་པའི་གདོང་ལེན་བྱེད་ཀྱི་ཡིན་༽སྤེལ་བ་རེད། འདི་ཆབ་སྲིད་ཀྱི་ཁེ་དབང་བོད་མི་སྤྱི་ལ་ཁྱབ་ཡོད་ཙང་འགའ་རེས་ཆབ་སྲིད་ཀྱི་ལྟ་གྲུབ་ཐད་འགྲེལ་བཤད་ཡོད་དགུ་བརྒྱབ་ཆོག་པ་ཞིག་དང་འགའ་རེས་ཡི་ཡང་བཤད་མི་ཆོག་པ་ཞིག་དམངས་གཙོའི་ཆ་ལག་དང་གྲུབ་ཆ་ཚང་མི་འདུག་ཞེས་ངས་དགག་པ་བརྒྱག་གི་ཡོད། གལ་ཏེ་འཛེམས་དོགས་མེད་པའི་གདོང་ལེན་བྱེད་རྒྱུ་ཞིག་ཡོད་ན་ལ་མོ་ཕར་ནང་ལ་ཅིའི་ཕྱིར་གདོང་ལེན་མ་བྱས་པ་རེད་དྲན་གྱིན་ཡོད།
རེད་དེ་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་རྒྱུ་མཚན་དུ་བྱས་ནས་སྲིད་སྐྱོང་བློ་སེང་མཆོག་ལ་གཞི་མེད་སྐྱོན་འདོགས་དང་སྒེར་སྐྱོན་ནམ་ཡང་གླེང་གི་མེད་ལ། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་མུག་ཤི་འཐེབས་གྲབས་ཀྱི་ཀྱོག་འཚམས་འདིར་བྱོན་པའི་མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་ཞིག་དང་གཞིས་བྱེས་གཉིས་ཀྱི་དབུ་འཁྲིད་ཞིག་ལ་ངོས་འཛིན་གསལ་པོའི་ཐོག་རྒྱབ་སྐྱོར་ཞུས་པ་ཡིན་ལ་མུ་མཐུད་རྒྱུ་ཡིན་ཞེས་བཤད་ཡོད། འདི་ནི་ང་གཅིག་པོ་མིན་པར་གཞིས་ལུས་མི་དམངས་ཀྱི་རེ་བའི་མིག་འབུར་གཏད་དེས་སྲིད་སྐྱོང་སྐུ་ཐང་བཟོས་ནས་ཕུལ་བ་དེས་གསལ་པོར་མཚོན་ཐུབ། འོན་ཀྱང་ཁྱོད་དང་ཤར་ཁུག་སོགས་ཀྱིས་ལྡོག་ཕྱོགས་ནས་ལངས་ཏེས་སྒེར་འཁོན་གྱིས་སྣེ་དྲངས་ཏེས་སྲིད་སྐྱོང་གི་སྒེར་སྐྱོན་འཚོལ་བཞིན་པ་འདིས་ང་གཉིས་བར་སྐད་ཆ་འཚམས་འཇོག་བྱེད་ས་འདི་རེད།
དེ་ནས་བློ་སེང་པེ་ཅིང་ལ་ཐེང་གཉིས་ཕེབས་སྐབས་ཀྱི་ཕྱག་འཁྱེར་བསྐོར་རེད། ཁྱོད་ཀྱིས་བློ་སེང་བཀའ་འཁྲིར་བཞེངས་སྐབས་ཀྱི་བགྲོ་གླེང་ལ་གསལ་པོ་དག་པོ་བྱས་ནས་ཉན་མི་འདུག། དེའི་བསྐོར་ཨ་རི་མངའ་སྡེ་མའི་ནི་སཱོ་ཌར་ལ་སོགས་པ་མང་པོ་ཞིག་ལ་འདིའི་ཐད་དྲི་བ་ཡང་སྐོར་སྐྱར་སྐོར་སླེབས་པ་རེད། སྐབས་དེ་དུས་བློ་སེང་གིས་འགྲེལ་བཤད་གསལ་ཐག་གཅོད་བརྒྱབས་སོང་། འོན་ཀྱང་ཁྱོད་ཀྱི་མིག་སྣ་བཀབ་ནས་གཅིག་བཤད་ཀྱིན་ཡོད་ན་ནི་ཅང་ཟེར་རྒྱུ་མེད།
དེ་ནས་བློ་བཟང་སེང་གེའི་ཆེད་ལས་སློབ་སྦྱོང་ག་རེ་གནང་ཡོད་མེད་ཧཱ་ཝར་ཌི་གཙུག་ལག་སློབ་ཆེན་དུ་སོང་ནས་ཞིབ་འཇུག་ཡག་པོ་ཞིག་བགྱིས་ལ་ཁོང་གི་ཕྱག་འཁྱེར་ལ་ཉམས་ཞིབ་ཡག་པོ་བྱས་ནས་བགྱིས་དང་དེ་ནས་ཁྱོད་ཀྱི་རྣམ་རྟོགས་བསེལ་མདོག་ཁ་པོ་རེད། འོན་ཀྱང་གཡས་ཕྱོགས་གཡོན་ཕྱོགས་སུ་ལྷུངས་ཚར་ཙང་བློ་གཟུ་བོར་གནས་ནས་དཔྱད་རྒྱུ་ཞིག་ཁག་པོ་བྱས་པ་རེད།
འདིའི་སྐོར་ཨ་རིར་བགྲོ་གླེང་ཞིག་སྐབས་བློ་སེང་གིས་ཁོང་གི་ལག་འཁྱེར་དེས་ཨ་རིའི་ནང་བསྡད་དེས་ལས་ཀ་བྱས་ན་རྒྱན་ཤོག་ཉོ་མི་དགོས་པར་ལཱོ་ཀྲུ་ཡོད་ཡོད་པ་རེད་ཨ་རིའི་ནང་གི་ཁྲིམས་རྩོད་པ་དེ་ཚོར་གཅིག་བལྟོས་དང་ཟེར། འདི་དངོས་ཡོད་རེད།
སྲིད་སྐྱོང་གི་ཐང་ཀའི་གཡས་སུ་སྟོན་པའི་སྐུ་ཐང་ཡིན་ན་སྟོན་པ་གཅིག་པུའི་སྐུ་ཐང་རེད་ཡང་ན་སྟོན་པ་གཙོ་འཁོར་གསུམ་རེད། གཅིག་ཤོད་དང་ཁྱོད་ཀྱིས་མིག་ཤེས་ཁྱད་པར་བ་ཞིག་ཅང་ཡོད་རྒྱུ་མ་རེད། འོ་ན་གཞུང་འབྲེལ་མཛད་སྒོ་སྐབས་༧རྒྱལ་བ་རིན་པོ་ཆེ་དང་སྲིད་སྐྱོང་གཉིས་བཞུགས་ཁྲི་མཐོ་དམའ་མེད་པར་བཞུགས་གྲལ་གཅིག་ཏུ་གནས་པར་ཁྱོད་ཀྱི་བསམ་ཚུལ་ག་རེ་ཡོད། མི་རིགས་གཅིག་གི་ཆབ་སྲིད་སྐྱོང་སྐབས་དད་མེད་རིང་ལུགས་པ་ཡིན་ཅིག་དད་གཙོ་སྨྲ་བའི་རྗེས་སུ་འབྲངས་དགོས་པ་ཨེ་རེད།
དེ་གཅིག་ཡིན། དེ་ནས་བོད་ནང་གི་བོད་མིའི་བདེ་སྡུག་བློ་སེང་གི་ལག་པར་ཕར་ཟད་༧རྒྱལ་བ་རིན་པོ་ཆེའི་ཕྱག་ལ་ཡང་མི་འདུག་ག། འདི་ཏང་ཀྲུང་དབྱང་སྲིད་གཞུང་གི་སྦར་མཐིལ་ནང་ལ་ཡོད་པ་རེད། བྱས་ཙང་དབུ་མ་རིང་ལུགས་པས་རང་བཙན་རིང་ལུགས་པའི་འགོགས་རྐྱེན་མེད་ན་ཁོ་རང་ཚོའི་ལག་པར་ཡོད་སྙམ་པ་དེ་ཧ་ཅང་གི་ནོར་བ་རེད། འདི་ནི་ཏང་ཀྲུང་དབྱང་སྲིད་གཞུང་མགོ་བུས་པ་ནས་བཟུང་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པ་གཏན་ཕབས་ཚར་བ་རེད།
ཞོལ་གཡག་འབྲོང་རྒྱུད་ཀྱིས་སྒམ་བརླིང་དྲང་ཚུགས་ཀྱི་ངང་ནས་དཔྱད་མཆན་སྤེལ་སྟངས་དེ་ཧ་ཅང་ཡག་པོ་མཐོང་སོང་། དཔྱད་མཆན་པ་ཞིག་ཡིན་དུས། སུ་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་དངོས་ཡོད་གནས་ཚུལ་དེ་བཟང་སྤྱོད་དང་འབྲེལ་ནས་དྲང་ཚུགས་ཀྱིས་བརྗོད་རྒྱུ་དེ་རེད།
དགོངས་དག། གོང་དུ་འཕྲིན་ལས་ལྷུན་གྲུབ་ལགས་ཞེས་པར་པདྨ་འཕྲིན་ལས་ལགས་ལ་བཅོས་རོགས།
ད་དུང་མཆན་དུ་མའི་ནང་ལས་བྲེལ་གྱི་བར་ནས་བྲིས་པས་དག་ནོར་དང་བཏགས་ནོར་མང་དག་གཅིག་ཤོར་སོང་བས་མཁྱེན་ལྡན་རྣམས་ཀྱིས་བཟོད་གསོལ་མཛད་རོགས་གནང་།
ཞོལ་གཡག་འབྲོང་རྒྱུད་ལགས། ཐུགས་ལྷོད་ལྷོད་བྱེས་ནས་གསུངས་དང་ཅི་གང་ཅིག་བྱེད་གི་མ་རེད། ང་འཕྲིན་ལས་ལྷུན་གྲུབ་མིན། ང་པདྨ་འཕྲིན་ལས་ཡིན། ཤ་ཚ། ཁྱེད་གང་ནས་ཡིན་པ་གསལ་པོ་བྱུང་སོང། སེམས་སྐྱོ་བ་ལ། རང་སྐྱེས་ཡུལ་གྱི་སྐད་མི་ཤེས་པའི་མི་ཞིག་གང་དུ་ཡོད་དམ། སྐྱེས་ཡུལ་དང་མིང་གསང་བ་བྱེད་དགོས་དོན་གང་ཡིན་ནམ། དེ་ནི་ཕན་ཐོག་མེད་པའི་ལས་ཀ་ལྷག་མ་ཞིག་མ་རེད་དམ། ཡང་འདིར་རི་ཁྱེད་གྱི་གླེང་མི་དགོས་བ་བཀྲས་མཐོང་གི་ཤོག་ཁག་ཡིན་ན་ཅིག། ནད་པའི་སེམས་ལ་མ་དྲན་སྔོན་ལ་འདྲེ་ཡི་སེམས་ལ་དྲན་ཟེར་བ་དེ་མ་རེད་དམ། ང་བཀྲས་མཐོང་གི་ཤོག་ཁག་ཡིན་མིན་དེ་གལ་ཆེན་རེད་པས། སྐད་ཆ་བཤད་གི་བཤད་གི་ད་དོན་དག་ངོ་མ་དོར་གྱིན་འདུག།་དེ་བས་མཚམས་བཞག་ན་མ་རེད་པས། འོ་རེད། ཞོར་ལ་ངའི་འདི་ནས་ཁྱེད་ལ་ཅིག་བཤད་ཡ། ཁྱེད་དགའ་ན་རེད་མ་དགའ་རེད། སྐད་ཆ་དྲངས་པོ་ཡིན། ང་བཀྲས་མཐོང་གི་ལྟ་བ་དང་བསམ་ཚུལ་དག་ལ་དགའ་ས་ཡོད་དང་མ་དགའ་ས་ཡང་ཡོད་། གཅིག། ཁོང་རང་མི་གཤིས་བརྟེན་པོ་ཞིག་དང་ཆབ་སྲིད་གྱི་ལྟ་བ་དེ་རང་བཙན་རེད། སྔོན་ནས་ད་བར་དུ་བཀྲས་མཐོང་གི་ཆབ་སྲིད་གྱི་ལྟ་བ་རང་བཙན་རེད་ལ་། ད་དུང་ཡང་དེ་ག་རང་རེད། དེ་འདྲ་ཡིན་ཙང་ང་ཁོང་ལ་དགའ་པོ་ཡོད།
གཉིས། ང་ཚོ་བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་སེམས་ཁྲེལ་ཆེ་ཤེས་དེ་གང་རེད་ཟེར་ན། ༧གོང་ས་མཆོག་གི་ཡང་སྲིད་རྗེས་མ་དེ་གང་འདྲ་ཡོང་མིན་དེ་རེད། རྒྱ་ནག་གཞུང་གི་ད་ལྟ་ནས་གྲ་སྒྲིགས་བྱེད་པ་དང་པན་ཆེན་རིན་པོ་ཆེ་ཡང་སྲིད་གནང་བཞིན་བྱེད་གྱི་ཡིན་པ་གསལ་པོ་རེད། དེ་འདྲ་ཡིན་ཙང། བཀྲས་མཐོང་གི་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་གྱི་བསམ་ཚུལ་འདི་རེད། ཏཱ་ལའི་བླ་མ་འཛམ་གླིང་ནང་པའི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབུ་ཁྲིད་ལ་བསྐོ་རྒྱུ་དེ་རེད། བསམ་ཚུལ་འདི་ནི་ཧ་ཅང་ཡག་པོ་ཞིག་དང་བྱེད་འོས་པའི་ལས་དོན་ཞིག་དང་རེད། ཕུགས་ཡང་ཧ་ཅང་བརྟེན་པོ་རེད། དཔེར་ན། ཡི་ཤེས་བླ་ཆེན་ནང་བཞིན་ཡི་ཤེས་ཆོས་ལུགས་པ་ཡོངས་ཀྱི་ཁྲིམས་ཐོག་ནས་ངེས་ལེན་ཡོད་པ་རེད། ངའི་འདི་ལྟར་སྐད་ཆ་དྲངས་མོ་བཤད་དུས་ཁྱེད་གྱི་སེམས་ནང་དུ་ང་བཀྲས་མཐོང་གོ་ཤོག་ཁག་རེད་དང་ཁ་ནས་ཀྱང་དེ་བཤད་ངེས་རེད། དེ་ལ་ཅི་མི་སྔུག།
འདི་དང་འབྲེལ་ནས་ཅིག་བཤད་ན། བློ་བཟང་སེང་གེ་ལ་ཆབ་སྲིད་གྱི་ལྟ་བ་ལངས་ཕྱོགས་བརྟེན་པོ་ཞིག་ཡོད་པ་མ་རེད། ཁ་སང་རང་བཙན་ཡིན་པ་འདྲ་པོ། སང་ཉིན་དབུ་མ་ཡིན་པ་འདྲ་པོ། འདི་གཅིག་རེད།
དེ་ནས། བློ་བཟང་སེང་གེ་ཡི་ཏཱ་ལའི་བླ་མའི་ཡང་སྲིད་བསྐོར་ཀྱི་བསམ་ཚུལ་འདི་རེད། མ་འདས་སྤྲུལ་སྐུ་རེད། དུས་རབས་ཉེར་གཅིག་པའི་ནང་ལ་མ་འདས་སྤྲུ་སྐུ་ཟེར་བ་བྱུང་ཚེ། དུས་དེ་ནས་གཞན་ལ་མེད་པའི་ང་ཚོའི་ལོ་རྒྱུས་སྙིང་བརྗེ་པོ་དེ་སྐར་ཆ་ཁ་ཤས་ནང་ཆུ་ནང་དུ་གཡུག་པ་དང་གཅིག་པ་རེད། གཅིག་བྱེས་ན་བློ་བཟང་སེང་གེ་ཁོང་རང་མ་འདས་སྤྲུ་སྐུ་ཡི་འོས་མི་ནང་དུ་བསྡད་འདོད་ཡོད་པ་འདྲ། ད་མང་པོ་མི་བཤད། མཚམས་འཇོག་གི་ཡིན།
ཧ་ཧ། ད་ཡིན་ན་པདྨ་འཕྲིན་ལས་ཀྱིས་ཆོབ་སློང་གིས། ཏཱ་ལའི་བླ་མའི་ཡང་སྲིད་ཐད་ང་ཚོས་འདིར་གླེང་གཞི་དང་འབྲེལ་མེད་དོན་གཞན་རེད། འདི་ཆོས་ལུགས་ཀྱི་མི་སྣ་དང་ལྷག་པར་དུ་དད་གཙོ་སྨྲ་བ་རིང་ལུགས་ཀྱིས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད་མ་གཏོག། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་སྟེང་དུ་འཁྱེར་ཡོང་བའི་གནས་དོན་ཞིག་ནམ་ཡང་མ་རེད་ལ། ལྷག་པར་དུ་ལྷ་མེད་སྨྲ་བ་རིང་ལུགས་ཀྲུང་གོ་ལྟ་བུས་ཇུས་གཏོག་བྱེད་དབང་མེད་པ་རེད་ལ་སེམས་གཙོ་སྨྲ་བ་རིང་ལུགས་པ་ཁྱོད་ལྟ་བུ་དང་དད་མེད་རིང་ལུགས་དང་དངོས་གཙོ་སྨྲ་བ་རིང་ལུགས་ང་ལྟ་བུས་བགྲོ་གླེང་བྱས་ནས་ནུས་པ་ཐོན་རྒྱུ་ཞིག་དེ་བས་མ་རེད། མ་གཞི་ཁྱོད་དང་ཁྱོད་ལྟ་བུ་མང་པོ་ཞིག་གིས་ཚད་ལྡན་གྱི་བླ་མ་ཆབ་སྲིད་སྡིང་ཆའི་སྟེང་དུ་བཙན་གྱིས་དྲུད་ནས་ཆབ་སྲིད་ཀྱི་ཟློས་གར་འཁྲབ་འཇུག་རྒྱུར་དགའ་བར་བརྟེན། ལ་མོ་ཕར་ནང་གི་ལྷ་མེད་སྨྲ་བ་རིང་ལུགས་ཀྲུང་གོར་རིག་པ་གསར་པ་ཞིག་བརྙེད་དུ་བཅུགས་པ་རེད། རྒྱུ་མཚན་ཀྲུང་གོས་པཎ་ཆེ་ན་བླ་མའི་ཡང་སྲིད་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་པ་རེད་ལ་འབྱུང་འགྱུར་ཏཱ་ལའི་བླ་མའི་ཡང་སྲིད་བརྩད་གཅོད་ཚོགས་ཆུང་བཙུགས་ནས་གྲ་སྒྲིག་གི་སྟ་གོན་བྱས་དང་བྱེད་བཞིན་པ་དེ་རེད། གཞི་རྩའི་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་བོད་དང་བོད་མི་རིགས་ཆེད་མཛད་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། ལྷག་པར་དུ་༧རྒྱལ་བ་བཅུ་བཞི་པ་འདི་པས་བོད་དང་བོད་མི་རིགས་འཆི་གསོན་གྱི་འཚམས་འདིར་གཡས་སྐྱོར་གཡོན་སྐྱོར་གྱིས་སྐུ་ངལ་ཚད་མེད་ཀྱིས་བཀའ་དྲིན་གཞལ་དུ་མེད་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་རེད། རེད་དེ་སྐུ་ཕྲེང་བཅོ་ལྔ་པ་༧སྐུ་ཕྲེང་འདི་པ་ནང་བཞིན་འབྱུང་རྒྱུ་ངེས་པ་གཏན་ནས་མེད་པ་རེད་ལ་༧རྒྱལ་བ་རིམ་བྱོན་གྱི་ཆབ་སྲིད་ཀྱི་སྐུ་དབང་དུས་རབས་དང་དཔུང་པ་མཉམ་གཤིབ་ཀྱིས་མཇུག་ཡོངས་སུ་སྒྲིལ་བར་གནང་དེས། ད་ཆ་དམངས་གཙོའི་ལམ་སྲོལ་བཟང་པོའི་མི་དམངས་ཀྱིས་འོས་འདེམས་བྱེད་རྒྱུའི་སྲིད་སྐྱོང་གི་ལམ་ལུགས་ཕྱག་བསྟར་གནང་ཟིན་པས་འབྱུང་འགྱུར་གྱི་བོད་ཀྱི་ཆབ་སྲིད་ལམ་ལུགས་ཡང་དག་པའི་ལམ་བུ་འདིར་ཤར་བསྐྱོད་བྱེད་རྒྱུ་གལ་ཆེན་རང་བཞིན་ཅན་ཞིག་ཆགས་བསྡད་ཡོད་པ་རེད།
ཡང་གཅིག་བཤད་ན་བཀྲས་མཐོང་ལགས་བཙན་བྱོལ་སྒྲིག་འཛུགས་གཞུང་ནང་ཕྱག་ལས་གནང་མྱོང་བ་མ་ཟད་༧རྒྱལ་བ་རིན་པོ་ཆེ་དང་མི་དམངས་ཀྱི་ཞབས་ཏོགས་གང་ལེགས་ཞུས་གནང་བར་རྗེས་སུ་ཡིད་རང་ཡོད་ལ། ལྟ་གྲུབ་དང་ལངས་ཕྱོགས་ལ་གུས་བརྩི་ཆེན་པོ་ཡོད་ལ་ལྟ་གྲུབ་དང་ལངས་ཕྱོགས་ཐད་བསྐྱོད་ལམ་གཅིག་པ་ཡིན། འོན་ཀྱང་ངས་ཁོང་ལ་རྒྱབ་སྐྱོར་མི་བྱེད་པའི་གནས་དོན་དེ་གོང་དུ་རིམ་པ་བྱས་ནས་ཞུས་ཚར་བ་ཡིན་པས་འདིར་སྐྱར་ཟློས་བྱེད་པའི་དགོས་པ་ཆེར་མི་མཐོང་།
སྲིད་སྐྱོང་བློ་སེང་མཆོག་ལྟ་གྲུབ་དང་ལངས་ཕྱོགས་བརྟན་པོ་ཡོད་མེད་གལ་ཆེན་པོ་མ་རེད། རྒྱུ་མཚན་བཙན་བྱོལ་སྲིད་གཞུང་གི་དབུ་འཁྲིད་སུ་འདྲ་ཞིག་ཕེབས་ཀྱང་མི་དམངས་དང་གྲོས་ཚོགས། ཁྲིམས་བཟོ་ལྷན་ཁང་གིས་གཏན་ལ་ཕབས་ཟིན་པའི་སྲིད་ཇུས་དེ་ཕྱག་བསྟར་གནང་རྒྱུ་ལས་སྒེར་གྱི་ལྟ་གྲུབ་ལག་བསྟར་བྱེད་པའི་ཁྲིམས་ལུགས་གཅིག་ཀྱང་ཡོད་པ་མ་རེད། དེ་དེ་བཞིན་གཞུང་འབྲེལ་གྱི་གཏམ་བཤད་གང་དུ་ཡང་སྒེར་གྱི་ལྟ་གྲུབ་དང་ལངས་ཕྱོགས་ཀྱི་དགོངས་ཚུལ་བཤད་ས་ཡང་བསྡད་མེད་པ་རེད། འདི་དམངས་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་འདུག་སྟངས་དེ་རང་རེད། གལ་ཏེ་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་འགྱུར་བ་འགྲོ་དགོས་ན་གྲོས་ཚོགས་ཀྱིས་མི་དམངས་ནང་བསམ་ཚུལ་བསྡུ་བའམ་འོས་བསྡུ་བྱེད་པའི་ལམ་ལུགས་འདི་བརྒྱུད་ནས་འགྲོ་རྒྱུ་མ་གཏོག་ལྷག་མེད་པ་རེད། ཡང་འགྱུར་བ་རྩ་བ་ནས་འགྲོ་མི་ཆོག་པ་དེ་འདྲ་ཡང་མ་རེད། མི་དམངས་ནང་ལས་འགུལ་སྤེལ་ནས་དབུས་གཞུང་གིས་ལྟ་གྲུབ་དང་ལངས་ཕྱོགས་འགྲིགས་མིན་གྱིས་འགྱུར་བ་གཏོང་དགོས་པའི་བསྐུལ་མ་བྱེད་རྒྱུའི་དབང་ཚད་ཆ་ཚང་ལྡན་ཡོད་པ་རེད།
བྱས་ཙང་སྒེར་གྱི་ལྟ་བ་ལངས་ཕྱོགས་གལ་ཆེན་པོ་མ་རེད། དཔེར་ན་བཙན་བྱོལ་ནང་ཁས་ཆེ་བའི་ཟམ་གདོང་བླ་མ་གཙོས་པའི་རྒྱ་རི་ལ་སོགས་པ་དེ་ཚོ་དང་ཐོག་གཞོན་ནུ་གཙང་མ་གཙང་རྐྱང་རེད། ག་ལེར་སྤུ་མདོག་གྱུར་སོང་བ་རེད། དེ་དེ་བཞིན་ད་ལྟའི་གཞོན་ནུ་ལྷན་ཚོགས་ནང་གཅིག་བལྟོས་དང་རྙོག་འཛིང་སྣ་མང་ཅན་རེད། དེ་ནི་ཡུལ་དུས་གནས་སྐབས་ལ་ལྟོས་ནས་འགྱུར་བ་འགྲོ་བ་ནི་ཆོས་ཉིད་ཀྱི་རང་བཞིན་ལས་མ་འདས་པས་སུས་ཀྱང་ཁང་ར་བྱེད་རྒྱུ་ལྷག་མེད་པ་རེད། དཔེར་ན་ངས་མདོ་སྨད་སྤྱི་མཐུས་ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེ་ནི་ཁོང་སྒེར་གྱི་ལྟ་གྲུབ་དེ་གྲོས་ཚོགས་སུ་འཁྱེར་ཏེས་སྒྲིག་འཛུགས་གཞུང་གི་སྲིད་ཇུས་དང་ལངས་ཕྱོགས་འགྱུར་བ་གཏོང་ཐུབ་ཀྱི་རེད་ནམ་ཡང་བསམ་ཀྱི་མེད་པ་རེད་ལ་བཅའ་ཁྲིམས་ཀྱིས་གཏན་འབེབས་གནང་ཟིན་པའི་སྲིད་ཇུས་དང་ལངས་ཕྱོགས་སྒེར་གྱི་འགྱུར་བ་གཏོང་རྒྱུའི་ལམ་བུ་རྩ་བ་ནས་མེད་པ་དེ་རེད། འོ་ན་ག་རེ་བསམ་པ་རེད་ཟེར་ན་རྒྱའི་མེ་མདའི་ཁ་འོག་ལངས་ཐུབ་མཁན་གྱི་ཆབ་སྲིད་བཙོན་པ་ཞིག་དང་རྒྱ་བོད་གཉིས་ཀར་ཆ་རྒྱུས་ཡ་རྒྱུས་ཡོད་པའི་མི་སྣ་གལ་ཆེེན་འདི་ཚོ་སྒྲིག་འཛུགས་གཞུང་གིས་གོ་སྐབས་གནང་ན་ཡག་པོ་ཡོད་རྒྱུ་རེད་དྲན་ཡོད་པ་རེད།
ཡང་གཅིག་བཤད་ན་བྱང་ཨ་རི་ཁུལ་གནས་སྡོད་བོད་མི་མང་པོ་ཞིག་གིས་བསམ་ཚུལ་འདི་ལྟར་རེད། སྔ་མོ་བོད་མི་ཆིག་སྟོང་ཨ་རིར་སྐྱབས་བཅོལ་གྱི་གཞིས་སྤོ་ཐད་བཀྲས་མཐོང་ལགས་ཀྱིས་བྱས་རྗེས་ཆེན་པོ་བཞག་རབས་དེ་རེད། བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་འདི་སྒེར་ཁེ་ལ་བརྗེས་ན་ཐབས་སྐྱོའི་རང་བཞིན་རེད།
དེ་ནས་ངས་གསལ་པོ་བྱས་ནས་ལྷོ་ཁ་རྫོང་ཁག་བཅོ་བརྒྱད་ལ་ལུང་སྐད་མི་འདྲ་བ་བཅོ་བརྒྱད་ཡོད་པ་རེད་ལ་ང་ལྷོ་ཁའི་སྤྱི་མི་མ་རེད་ཞེས་བཤད་ཡོད། ངའི་སྐྱེས་ཡུལ་དང་མིང་དངོས་དེ་གལ་ཆེན་པོ་མ་རེད་ལ་ལྷོ་ཁའི་ཡུལ་ལུང་བྱེ་བྲག་པའི་སྐད་མི་ཤེས་པ་དེ་ཡང་གལ་ཆེན་པོ་ཅང་མ་རེད། དཔེར་ན་མིང་དངོས་པདྨ་འཕྲིན་ལས་ལྟ་བུ་བོད་མི་བརྒྱ་ཕྲག་གཅིག་འཛོམས་སོང་ན་པདྨ་འཕྲིན་ལས་ལགས་ཞེས་སྐད་བཏང་ན་ཉུང་མཐར་ཡང་མི་བདུན་བརྒྱད་ཅིག་གིས་ཨ་ལན་བསྟེར་གྱི་རེད། བྱས་ན་པདྨ་འཕྲིན་ལས་དེ་སུ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པདྨ་འཕྲིན་ལས་ནི་ཡིན་རྒྱུ་མ་རེད་པཱ། ཧ་ཧ།
མ་གཞི་ཁྱོད་ཀྱིས་ངའི་སྐྱེས་ཡུལ་དང་མིང་དངོས་བརྩད་གཅོད་བྱས་ནས་ལས་དོན་འདྲ་ནི་ཡོད་རྒྱུ་མ་རེད་པཱ། ཕ་ཡུལ་གཅིག་པ་དང་སྤུན་མཆེད་འདྲ་མིན་དྲོ་ནི་དྲན་ཡོད་རྒྱུ་མ་རེད། གལ་ཏེ་ཁྱོད་ཀྱིས་བསམ་ངན་འདྲ་བཅངས་མེད་ན་ངས་སྡོད་གནས་ཁ་སྦྱང་དང་བཅས་པ་སྤྲད་ཆོག། ཧ་ཧ།