བསྟན་འཛིན་རབ་དགའ།
དུས་དབང་ཕྱིར་འགྱངས་ཀྱི་ཡོང་རྐྱེན་གླེང་བ་དང་། དུས་དབང་ཕྱིར་འགྱངས་ཀྱི་གསལ་བསྒྲགས་གཉིས་ནི་དོན་དག་ལོགས་ཀ་གཉིས་རེད། དང་པོས་བྱུང་རིམ་ཞིག་བཤད་ཀྱིན་ཡོད། གཉིས་པས་བརྡ་ལན་ཞིག་བཤད་ཀྱིན་ཡོད། མང་ཚོགས་ལ་བརྡ་ལན་གསལ་བསྒྲགས་ལ་ནོར་འཁྲུལ་འདུག་ཟེར་གྱི་ཡོད་པ་མ་རེད། བྱུང་རིམ་ལ་མང་ཚོགས་དང་གྲོས་ཚོགས་ནས་དོགས་སློང་གི་ལན་འདེབས་ལ་རྫུན་བཤད་ཀྱི་འདུག དེ་ཡང་བཀའ་ཤག་གིས་རྫུན་བཤད་ཀྱི་འདུག་ཅེས་བཤད་ཀྱིན་པ་རེད།
ཆོས་དོན་བཀའ་བློན་གྱིས་གྲོས་ཚོགས་ནང་ལ་ལན་འདེབས་དང་གསལ་བཤད་དོགས་གཞི་ཅན་བྱས་པ་དང་། དེ་ནས་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་བྱས་པ། དེའི་རྗེས་ལ་གསལ་བཤད་ཀྱི་གསར་འགོད་གསལ་བསྒྲགས་བྱས་པ་བཅས་ནང་དོན་འགལ་ཟླ་ཆགས་པ་དེས་དོགས་སློང་ཇེ་ཆེར་བཏང་ཡོད། དྲི་བ་ཇེ་མང་ལ་བཏང་ཡོད། དང་པོར་དུས་དབང་ཞུས་པ་ཁོ་རང་སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ཤག་གི་མཚན་གནས་བེད་སྤྱོད་བཏང་ནས། རང་ལ་འོས་ཤོག་ཐོབ་པའི་ཆ་རྐྱེན་དུ་བེད་སྤྱོད་གཏོང་རྩིས་བྱས་པ་ནས་བཀའ་ཤག་གི་དུས་དབང་འདི་གླེང་གཞི་ཅན་ཆགས་ཡོད།
ད་ལྟའི་རྩོད་ཉོག་ནི། ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཕྱིར་འགྱངས་ཀྱི་བྱུང་རིམ་གླེང་གིན་ཡོད་པ་རེད། སྲིད་སྐྱོང་དང་བཀའ་ཤག་གིས་བྱུང་རིམ་ཕྱིར་འགྱངས་སྐོར་བཤད་སར་བྱུང་རིམ་ཕྱེད་ཀ་སྦས་ནས་ཕྱེད་ཀ་བསྟན་ཙམ་གྱི་རྣམ་པ་ནས་གསལ་བསྒྲགས་ཇི་ལྟར་བྱས་པ་གླེེང་གིན་ཡོད་པ་རེད།
ད་ལྟ་སྲིད་སྐྱོང་དང་བཀའ་ཤག་གིས་བྱུང་རིམ་གྱི་དངོས་ཡོད་གནས་སྟངས་གླེང་བའི་དབང་དུ་བཏང་བ་ཡིན་ན། གསལ་བསྒྲགས་སྔ་ཕྱི་གསུམ་བྱས་པ་ཚང་མ་རྩིས་མེད་དང་ནོར་སོང་ཟེར་ནས་ངོས་ལེན་མ་ཞུས་རང་བྱས་ཆགས་ཡོད། དེར་བརྟེན། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གིས་ཡས་བཤད་མས་བཤད་ནང་འགལ་ཅན་སྔ་རྗེས་སུ་སྤེལ་བར་བརྟེན། ད་ནི་ལན་འདེབས་ཏག་ཏག་ཅིག་བྱེད་ས་མི་འགྲོ་བ་ཆགས་ཡོད། བྱུང་རིམ་བཤད་རོགས་ལབ་ན། བཤད་མི་ཕོད་པ་དང་། བཤད་པའི་ལྕེ་ལ་སོ་སོས་སྒོ་ལྕགས་བརྒྱབ་ཡོད་པ་རེད། སྲིད་སྐྱོང་དང་བཀའ་ཤག་གི་དཀའ་ངལ་འདི་རེད།
བཀའ་ཤག་གིས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དུས་དབང་གི་བྱུང་རིམ་སྐོར་ཁྲོམ་བསྒྲགས་མི་ཡོང་ཆེད་དང་། ལོ་རྒྱུས་ནང་ནག་པོ་བཟོ་རྩིས་ཀྱིས་དུས་དབང་ཕྱིར་འགྱངས་ཀྱི་གསལ་བཤད་ཟེར་བ་སྤེལ་བ་དེ་ལམ་ལྷོངས་ཡོང་རྒྱུའི་ཚབ་ལ། བཀའ་ཤག་རང་གི་བྱས་ཉེས་གསལ་བསྒྲགས་བྱས་པ་ལྟ་བུ་ཆགས་ཡོད། བཀའ་ཤག་གིས་གསལ་བསྒྲགས་དང་གསལ་བཤད་ནང་འགལ་ཅན་སྤེལ་བཞིན་པ་འདི། བཀའ་ཤག་གི་བཀའ་བློན་ཚོའི་ནང་ལ་འགལ་བ་ཡོད་པ་ཞིག་དང་། ཡང་ན་སྒང་ནས་བཤད་མཁན་དང་འོག་ནས་བྲི་མཁན་བར་ན་འགལ་བ་ཡོད་པ་ཞིག ཡང་ན། དུས་དབང་སྐོར་ལ་དང་པོ་ནས་བཀའ་བློན་སོ་སོའི་ལྟ་སྟངས་མ་འདྲ་བ་ཡོད་པ་དང་། ད་ལྟ་གླེང་རྙོག་ཆགས་ཡོང་དུས། འགལ་བ་དེ་གླེང་ཉོག་ནང་ལ་བསྲེས་ནས། མེ་འབར་བའི་སྒང་ལ་ཤིང་གཤགས་པ་ལྟ་བུའི་གསལ་བཤད་འགལ་བ་ཅན་ཡོང་རྐྱེན་ཆགས་འདུག
སྲིད་སྐྱོང་དང་བཀའ་ཤག་གིས་དངོས་ཡོད་མ་བཤད་པར་རྫུན་བཤད་ཀྱིན་པ་ནི་མང་ཚོགས་ཀྱི་མཐོང་སྣང་ལ་བཀའ་ཤག་གི་མཐོང་ཆག་འགྲོ་བར་བསམ་པ་རེད། དངོས་ཡོད་གནས་སྟངས་བཤད་པ་ཡིན་ན། དང་པོར་དུས་དབང་ཞུས་པ་ཁོ་རང་སྲིད་སྐྱོང་ཁོ་རང་ལ་འོས་ཐོབ་པའི་ཆ་རྐྱེན་གྱི་ཆེད་དུ་ཞུས་པ་ལ་བཀའ་ཤག་གི་བཀའ་བློན་ཚོས་ཅི་མི་སྙམ་པར་རྒྱབ་རོགས་བྱས་པ་གསལ་པོ་ཆགས་པ་ཡིན་ན། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་ནི་གོང་ས་མཆོག་ལ་མཛད་དཀའ་བཟོ་མཁན་ཡིན་པ་ཤེས་འགྲོ་བར་སྐྲག་ནས་རེད།
མང་ཚོགས་ནང་ན། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གིས་སྐྱག་རྫུན་ཤོད་ཀྱི་འདུག་ཅེས་དྲི་བ་ཡོང་དོན་འདི་རེད། དོགས་པ་བྱེད་དོན་འདི་རེད། དུས་དབང་ཕྱིར་འགྱངས་སྐོར་བཀའ་ཤག་གིས་གསལ་བཤད་མཐིལ་ཕྱིན་པ་བྱེད་མི་ཐུབ་པའི་རྐྱེན་རྩ་ཡང་འདི་རེད།
དངོས་གནས་བྱས་ན། དམིགས་བསལ་ཚོགས་ཆེན་ནས་རྒྱལ་བ་རིན་པོ་ཆེར་མཛད་དཀའ་མི་བཟོ་བའི་གྲོས་ཆོད་བཞག་པ་ལ་རྩིས་མེད་ཀྱིས་རང་ཉིད་ལ་འོས་ཤོག་ཐོབ་ཆེད་དུ་གོང་ས་མཆོག་དུས་དབང་ལ་ཁ་གཡར་ནས་བེད་སྤྱོད་བྱ་རྩིས་བྱས་པ་གནས་ཚུལ་ཚབས་ཆེན་རེད། དེ་ནས་རིམ་པས། བརྟན་བཞུགས་སོགས་ཆོས་ཕྱོགས་ཀྱི་བྱ་བ་ལ་ཆབ་སྲིད་ཀྱི་ལྟ་སྟངས་བཟུང་ནས་མཛད་དཀའ་བཟོས་པ། མཐའ་མར་གསལ་བསྒྲགས་དེ་བཀའ་ཤག་ལ་བྱེད་འཇུག་དགོས་པ་སོགས་ཞུས་ནས་མཛད་དཀའ་བཟོས་ཡོད་པ་ནི། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གིས་སྲིད་སྐྱོང་ལ་འོས་ཤོག་ཐོབ་པ་ཁོ་ནའི་ཆེད་སྡིག་པ་མིག་བཙུམ་བྱས་པ་དེས། མང་ཚོགས་ནང་མུ་མཐུད་གླེང་སློང་དང་དོགས་སློང་བྱེད་བཞིན་པ་ཞིག་ཆགས་ཡོད། མང་ཚོགས་ཀྱི་མཐོང་སྣང་ལ་ད་ལྟའི་བཀའ་ཤག་དང་བཀའ་བློན་ཚོ་ནི་རྒྱལ་བ་རིན་པོ་ཆེར་མཛད་དཀའ་བཟོ་མཁན་ཞིག་ཆགས་ཡོད། དུས་དབང་ཆབ་སྲིད་ཆེད་བེད་སྤྱོད་བྱས་པའི་མཇུག་འབྲས་གཅིག་འདི་རེད།
བཀའ་བློན་བདེ་སྐྱིད་ཆོས་དབྱངས་ནི། ད་ལྟའི་བཀའ་ཤག་ནང་ལ་ལོ་བཞི་དང་ཕྱེད་ཀར་ལས་བྱས་མྱོང་མཁན་ཆགས་ཡོད། ཡིན་ནའང་། ད་ལྟའི་བཀའ་ཤག་ནང་ནས་མུ་མཐུད་འདུག་པ་དང་། ལས་གནས་ནས་དགོངས་ཞུ་བ་གཉིས་ལས་རྩ་དགོངས་ཞུས་ན་ཕན་པ་འདུག་ཟེར་ནས་བློ་ཕམ་དང་བཅས་དགོངས་པ་ཞུས་ཡོད། བཀའ་ཤག་ལ་དྲི་བ་མང་པོ་ཡོང་བཞིན་པར་བཀའ་བློན་འདི་ཕེབས་སྟངས་ཀྱཀས་ལན་འདེབས་གནང་ཡོད། ཧ་ཅང་ཛ་དྲག་ཆེ་བའི་གནད་དོན་ཅིག་དང་། དྲི་བ་མང་པོ་ཞིག་གིས་བཀའ་ཤག་དང་མང་ཚོགས་སྒུལ་ཡོད།
གནད་དོན་གླེང་བར་བཀྲིན་ཆེ་། སྲིད་སྐྱོང་བློ་སེང་ལ་༧གོང་ས་མཆོག་ལ་ཤ་ཚ་ཡོད་པ་ང་ལ་དེ་སྔ་ནས་ཡིད་ཆེས་མེད་། མི་དེས་དེ་འདྲ་ཞིག་བྱེད་ཀྱི་རེད་བསམས་ཀྱི་ཡོད་།
བཀའ་ཤག་གིས་རྒྱ་དགའ་གཉེན་སྡུག་གི་ལས་ཀ་ཞིག་བྱེད་པའི་གནས་ཚུལ་ཇེ་གསལ་ཇེ་གསལ་ཏུ་འགྲོ་བཞིན་འདུག བློ་སེང་གི་མདུན་ལམ་ཧ་ཅང་ཉུང་ཉུང་རེད།
གནས་ཚུལ་ཉི་ཤར་སྦར་མོས་འགེབ་མི་ཐུབ་པའི་གསལ་པོ་ཆགས་ཡོད་ནའང་། བློ་སེང་ཕྱོགས་གཏོགས་པས་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུ་ཕར་ཞོག་ད་དུང་ཞེན་ཁོག་རྐྱང་རྐྱང་བྱས་ཏེ་ཞི་མིས་རང་གི་བཙོག་པ་ས་འོག་ཏུ་སྦེད་པའི་སྲོལ་ངན་གྱི་ལེའུ་ཞིག་འགོ་བཙུགས་ཡོད།
མདོ་སྟོད་ཆུ་སྒང་གི་བརྟན་བཞུགས་ཐོབ་ཐང་དེ་རང་གི་སྲིད་སྐྱོང་འོས་ཐོབ་ཆེད་བཙན་འཕྲོག་བྱ་རྩིས་བྱས་འདུག་པས་དངོས་གནས་ཁྲམ་པ་རང་རེད།
འོ་ད་སྲིད་སྐྱོིང་ལས་ཐོག་དང་བཀའ་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསལ་ཆགས་འདུག་ཕྱི་དྲིལ་བཀའ་་བློན་རྩ་དགོང་ཞུས་པ་ནས་ད་སྙོག་མ་གླེང་གི་རེད་དེ་ང་ནི་བོད་མི་ཞིག་ཡིན་པའི་ཆ་ནས་ངོ་ཚ་གི་འདུག་ལ་ཞེད་ཀྱི་འདུག་གོང་ས་མཆོག་ལ་རྒྱ་སྟོན་ངོ་མ་ཕུལ་སོང་།
ནོར་བཅོས་(བཀའ་ཤག་ལ་དཀའ་ངལ)
བཀའ་བློན་གྱིས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པར་དུས་དབང་སྐོར་གྱི་གསུང་མོལ་གང་གནང་བ་རྣམས་བཀའ་བློན་སྐུ་སྒེར་གྱི་ཐོག་ནས་གནང་བ་ཞིག་ཡིན་ནམ། སྲིད་སྐྱོང་གིས་དེའི་སྐོར་མཁྱེན་གྱི་ཡོད་ན་བཀའ་ཤག་ལྷན་རྒྱས་ལ་སྙན་གསན་ཞུས་ཡོད་དམ་མེད། བཀའ་ཤག་ལྷན་རྒྱས་ནས་མཁྱེན་གྱི་མེད་གསུངས་པ་བདེན་ན། གསལ་བསྒྲགས་དེའི་བརྗོད་དོན་ཆ་ཚང་བཀའ་ཤག་ལྷན་རྒྱས་ཀྱི་དགོངས་ཚུལ་ཡིན་གསུངས་པ་དེ་ནང་འགལ་མིན་ནམ། སྦས་པའི་དམིགས་ཡུལ་མེད་ན་དུས་འཁོར་དབང་ཆེན་ཕྱིར་འགྱངས་ཀྱི་ཐག་གཅོད་གནང་ཟིན་པ་དེའི་གསལ་བསྒྲགས་བཀའ་ཤག་གི་མཚན་ཐོག་ནས་གནང་ཆོག་པའི་ཨུ་ཚུགས་བསྐྱོན་ཏེ་མཛད་དཀའ་བཟོ་དགོས་དོན་ཡོད་དམ།སྤེན་པ་ཚེ་རིང་གིས་དོགས་པ་འདི་དག་ནི་གཞིས་བྱེས་བོད་མི་ཡོངས་གི་དོགས་པ་ཡིན་པའི་བཀའ་ཤག་གི་ངོས་ནས་ངེས་པར་དུ་གསལ་ཁ་གཏོང་དགོས།
བློ་སེང་ལ་སྒེར་སེམས་ལས་སྤྱི་སེམས་རྩ་བ་ནས་ཡོད་དཔེ་མ་རེད་། མི་དེ་འདྲ་ཞིག་ཡང་བསྐྱར་བོད་མའི་སྲིད་སྐྱོང་སུ་གྱུར་ཚེ།རྒྱ་ཆེ་བཙན་བྱོད་མི་དམངས་ནམ་ཡང་བཙན་བྱོད་ཡིན་པ་ལས་རེ་བ་ཅི་ཡང་མེད་།
ཚོགས་གཙོ་སྤེན་ཚེས། བོད་དམངས་གཙོའི་ཁ་གཏད་ཚོགས་པ་ནང་བཞིན་གྱིས། བློ་སེང་སྲིད་སྐྱོང་བཀའ་ཤག་ལ། སྐྱོན་བརྗོད་མང་པོ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུའོ། འོནད་ཀྱང་ད་ལོའི་སྲིད་སྐྱོང་ནི། བློ་བཟང་སེངྒེ་ནོར་བུ་མེ་འབར་རང་ལ་བླུགས་རོགས་གནོངས་ཞེས་འབོད་སྐུལ་ཞུའོ།།
རང་གཞུང་བཀའ་ཤག་གི་གསང་བ་ཕྱི་ལ་བསྒྲགས་མཁན་ལ་ད་དུང་དགའ་བསུ་བྱེད་མཁན་ནི་དོན་གྱི་ཞེན་ཁོག་ཆེ་དྲགས་པ་མ་རེད་དམ།
འུར་མ་ལངས། ཁྱོད་ཚོ་འཐུན་སྒྲིལ་དགོས་སམ་ནང་འཕྲུག་དགོས། གོང་ས་ཚང་གི་སྐུ་ལུས་བདེ་ན་དུས་དབང་ནམ་འགོ་རྩམ་ན་གཅིག་མིན་ནམ། ཁྱེད་ཚོས་གོང་ས་མཆོག་གི་སྐུ་ལུས་དང་དགུང་ལོ་ལ་བསམ་བློ་གཏོང་འུ་མྱོང་། ཁྱི་ཕྲུག་ཚོ། ཀླད་ཟལ་ཚོ།
གནད་དོན་འདི་སྲིད་སྐྱོང་གིས་གསང་བ་གནང་བ་ཞིག་ལ་མཐོང་གི་མི་འདུག གོང་ས་མཆོག་གིས་ཀྱང་སྔ་རྗེས་ཐེངས་གཉིས་ལ་སྨན་བཅོས་ཆེད་ཡིན་པ་ཞལ་གསལ་ནས་གསུངས་ཡོད། ཚོགས་གཙོ་སྤེན་པ་ཚེ་རིང་ལ་སྐུ་སྒེར་དུ་ཡོད་པའི་ཕྱོགས་གཏོགས་པ་ཚོས་གནས་ཚུལ་རྫུན་མ་སྤྲད་པའམ། ཚོགས་གཙོས་གོང་ས་མཆོག་གིས་ཞལ་རྫུན་གསུངས་སོང་ལབ་བཞིན་པ་གང་ཡིན་མི་ཤེས་མོད། འདི་ནི་གོང་ས་མཆོག་ལ་མ་གུས་པ་དང་བསྐུར་འདེབས་ངོ་མ་དེ་ཆགས་ཡོད། འདུལ་བའི་ནང་རྫུན་གྱི་ཉེས་པ་ག་རེ་ཡིན་མིན་གསལ་ཡོད་པ་ལྷན་རྒྱས་ནས་མཁྱེན་གསལ་རེད།
ཀརྨ་བློ་གསལ། 00000 000000ཿ###ུུུུ______~~~
སྐུ་སྒེར་ཚང་གིས་གོང་ས་མཆོག་གི་ཞལ་རྫུན་གསུངས་ཀྱི་ཡོད་པའི་གསང་བ་སྤེན་ཚེ་སོགས་ལ་སྤྲོད་ཡོད་པ་འདྲ། མདོར་དོན་དྲི་རྒྱུ་ནི། གོང་ས་མཆོག་གིས་དུས་དབང་ཕྱིར་འགྱངས་དགོས་དོན་ཞལ་རྫུན་ག་རེ་བྱས་ནས་གནང་བ་ཡིན་ཞེས་ཐད་ཀར་གོང་མཆོག་ལ་དྲི་རྒྱུ་ལས་ལྷག་མ་སོང་། འདིའི་སྐོར་གོང་ས་མཆོག་གི་ཞལ་གསུང་ཞིག་མ་འགུལ་རང་འགུལ་རེད། དེ་ནས་སྟོན་མོ་མཐོང་ཡོང་གི་རེད།
བོད་རིགས་གཞོན་སྐྱེས་གཉིས་མེ་བསྲེགས་བཏང་ནས་མེ་དྲོད་མ་ཡལ་གོང་ནས་བློ་སེང་དང་ཁོང་གི་རྒྱབ་རྒྱོ་བ་ཚོས་གཞས་འཁྲབ་ནས་ཉམས་བྱས་པ་ལ།་ རྒྱབ་སྐྱོར་བ་ལྷག་བསམ་ཅན་ཞིག་གིས། བློ་སེང་ལ། སྐུ་ངོས་མང་ཚོགས་ལ་དགོངས་དག་ཐུགས་བདེན་གསུངས་ན་ཡག་པོ་ཡོད་རེད། ཅེས་ཞུས་པ་རེད། སྐུ་ངོ་བློ་སེང་གིས། ག་རེ་བྱས་ནས་ལབ་དགོས་པ་རེད་ཅེས་ལོག་འགྲེལ་རིང་པོ་ཞིག་ཧམ་པ་ཆེན་པོས་གནང་འདུག དངོས་ནས་བླུན་པའི་སྒང་ལ་ཧམ་པ་ཟེར་བ་དེ་ཆགས་འདུག
མདོ་སྟོད་ཆུ་སྒང་གི་བརྟན་བཞུགས་ཐོབ་ཐང་དེ་རང་གི་སྲིད་སྐྱོང་འོས་ཐོབ་ཆེད་བཙན་འཕྲོག་བྱ་རྩིས་བྱས་འདུག་པས་དངོས་གནས་ཁྲམ་པ་རང་རེད།
ནམ་མཁའི་གཡའ་དག། ས་གཞིའི་སྡུར་དག། ཞེས་གསུངས་རྗེས་སུ་མདོ་སྟོད་མི་དམངས་ཀྱིས་ངེས་འཛིན་བྱེད་ས་ཆུ་སྒང་གི་ཚོགས་པ་གཅིག་མ་གཏོག་མེད། ད་དུང་ཆུ་སྒང་གསར་རྙིང་བཅས་བཤད་མཁན་ཚོ་ནི་མདོ་སྟོད་མི་དམངས་ལ་ཐང་ཆུང་དང་བཙན་བྱོལ་སྒྲིག་འཛུགས་ལ་གནས་དུས་ཚོད་རྩིས་བྱེད་པའི་བྱ་སྤྱོད་ངན་པ་ཞིག་རེད། ཨ་མདོ་བ་སོགས་ཆོལ་ཁ་གཞན་གྱིས་མདོ་སྟོད་མི་དམངས་ནང་ཁུལ་གྱི་མཐུན་ལམ་གཏོར་རྒྱུའི་གསང་ཐག་དེར་ནུས་པ་མེད་པར་ཤེས་དགོས།
འུར་སྒྲོག་རླུང་གིས་དད་པའི་སྤྱི་ཚོགས་ཀྱི་ངོ་གདོང་།།
སྤྱི་འབངས་སེམས་ན་ཡལ་བའི་གཞུང་ཞབས་ཀྱི་རྐུབ་སྟགས།།
ཕྱོགས་ལྷུང་འཐེན་འཁྱེར་ཞིག་གིས་རང་ས་ན་བརྟན་ཡང་།།
དངོས་ཡོད་གནས་ལུགས་ཤིག་གིས་རྒྱང་རིང་ནས་བཙིར་ཡོང་།།
གསང་དགོས་དོན་དེ་སྲིད་སྐྱོང་དང་བཀའ་བློན་ཚང་མའི་མགོ་ལ་གཡོག་ཐབས་གནང་རྒྱུ་མེད་་་་་་་གཟིགས་དང་ཧ་ཅང་གསལ་པོ་རེད་རྡ་ས་མདོ་སྟོད་ནས་བློ་དཀར་སེམས་དཀར་ཐོག་༸གོང་ས་མཆོག་ལ་བརྟན་བཞུགས་གསོལ་འདེབས་ཞུས་པ་བཞིན་བཀའ་འཁྲོལ་ཀྱང་ཐོབ་པ་རེད་་་་་་་་འདིར་མཛད་དཀའ་བཟོ་མཁན་གཙོ་བོ་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་དང་ལྡི་ལི་ཆོས་སྒང་ཟེར་བའི་རྒྱུན་ལས་མི་ངན་མཁག་ཅིག་དེ་བཞིན་མདོ་སྟོད་སྤྱི་འཐུས་ཁྱི་རྒན་ཁག་ཅིག་སོགས་དང་འབྲེལ་བ་གསལ་པོ་ཆག་ཡོད་ཁོང་ཚོར་སྐད་ཆ་དྲིས་དགོས་
སྤེན་ལོག་ཤོག་ཁག་གི་མི་འདི་ཚོ་ག་རེ་མ་འགྲིག་པ་རེད། སྤེན་ལོག་གིས་གོང་སས་ཞལ་རྫུན་བསྐྱོན་སོང་ལབ་ཀྱིན་ནའང་མ་ཐོས་ཁུལ་བྱེད་ཀྱི་འདུག སྤེན་ལོག་ཤོག་ཁག་ནས་ཨ་ན་མང་པོ་རེག་ཡོད་ཤག་རེད།
སྙིང་རྗེ་་་་ཨ་་་་ཚེ་རིང་ཟེར་མི་ངན་ཁྱོད། མདོ་སྟོད་སྤྱི་འཐུས་རྣམས་མདོ་སྟོད་མི་དམངས་ཀྱིས་བསྐོས་པ་རེད། མི་ངན་ཁྱོད་ཀྱིས་ཁྱི་རྒན་ལབ་ཀྱང་མདོ་སྟོད་མི་དམངས་ཀྱིས་མྱི་ལ་བརྩིས་ནས་སྤྱི་འཐུས་གདམ་པ་རེད། ཁྱི་རྒན་ངོ་མ་ཁྱོད་རང་རེད། མདོ་སྟོད་དུམ་བུ་ཁ་བྲལ་གཏོང་འདོད་ཀྱི་རེ་ངན་མ་འཆིངས། ཁྱི་རྒན་ཁྱོད་ཚོ་ལ་མདོ་སྟོད་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་ཀིན་མ་རེད། ཁྱོད་རང་ཚོ་སྤེན་ཚེ་ལྟ་བུའི་ངན་སེམས་ཅན་གྱི་ཆབ་སྲིད་པ་་དེ་ཚོའི་ལག་ཆ་རེད།
ཨོ་རེད་་་་ཚེ་རིང་་་་མདོ་སྟོད་དུམ་བུ་ཁ་བྲལ་གཏོང་ཆེད་དུ་སྤེན་ཚེ་ཆང་བཟི་སྐྱུག་པའི་སྐྱུག་པ་བལྡག་མ་སྡོད། ཁམས་པ་ནང་དཀྲུག་ཐུབ་ཆེད་དུ་སྤྱི་རྒྱུ་སྒེར་བདག་པ་ཟླ་ཚེ་ཡི་སྐྱག་ཁུ་འཐུང་མ་སྡོད། རང་ཚུགས་ཏོག་ཙམ་ཨེ་ཟིན་ལྟོས།
ཁམས་པས་ཁམས་པར་གཏོར་བའི་ཐབས་ཇུས།
གཞོན་ནུས་གཞོན་ནུ་གཏོར་བའི་ཐབས་ཇུས།
དགེ་ལུགས་པས་དགེ་ལུགས་པར་གཏོར་བའི་ཐབས་ཇུས།
བཀའ་རྒྱུད་པས་བཀའ་རྒྱུད་པར་གཏོར་བའི་ཐབས་ཇུས།
སྤྱང་ཀིས་འཕར་བ་གསོད་པའི་ཐབས་ཇུས་སོགས་བེད་སྤྱད་ནས་ལོ་མང་པོ་ཕྱིན་ཚར་བ་རེད། ཐེངས་མང་པོ་བེད་སྤྱོད་བྱས་པ་རེད། དེང་སང་བོད་མི་དམངས་ཐབས་ཇུས་འདི་དག་ལ་རྒྱུས་ཡོད་ཆགས་ཚར་བ་རེད། ཐབས་ཇུས་འདི་དག་བེད་སྤྱད་ནས་བསྒྲུབ་བྱ་གྲུབ་ཐུབ་ལེ་མ་རེད་དོ།། རེ་སྟོང་མ་འཆིང་་་ཨ
ཧཧཧ་་་ཅོ་རི་ཁྱོད་གནས་སྐབས་རིང་གོ་རྒྱུ་མིན་འདུག་xxxxx་་་་་་་ཡང་བོད་མིའི་སྤྱི་ཚོགས་ཆུང་ཆུང་དེ་ཀྲུག་ཀྲུག་གཏང་ཏབས་གནང་ཨ་་་་་་་་ངས་གང་བཤད་པ་བདེན་པ་ཡིན་གལ་སྲིད་གསང་དགོས་དོན་གནས་ཚུལ་ཤེས་འདོད་ན་སྐད་ཆ་དྲི་ས་གོང་དུ་ཞུས་པ་བཞིན་པད་མ་ཆོས་འབྱོར་་་་་ལྡི་ལི་ཆུ་སྒང་་་་་་་དེ་དང་འབྲེལ་ཡོད་མདོ་སྟོད་སྤྱི་འཐུས་ཁག་གཅིག་ཡོད་པ་རེད་་་་་་ཅོ་རི་ལགས་གལ་སྲིད་ཁྱེད་ཚོས་མདོ་སྟོད་དུམ་བུ་གཏོང་ཐབས་བྱེད་ཀྱི་ཡོད་པ་གསལ་པོ་རེད་དཔེ་མཚོན་གཅིག་ཞུས་ན་ལོ་སྔོན་མའི་ལྷ་བབས་དུས་ཆེན་ཉིན་རྡ་ས་མདོ་སྟོད་དང་ཚོགས་པ་ཁག་གཅིག་ནས་བློ་དཀར་སེམས་དཀར་ཐོག་ཆབ་སྲིད་གང་ཡང་མེད་པར་༸གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་སྐབས་མདོ་སྟོད་སྤྱི་འཐུས་ཡོང་མི་དགོས་པ་གང་རེད་་ཕུལ་ས་༸གོང་ས་མཆོག་རེད་འབུལ་མཁན་མདོ་སྟོད་མི་མང་རེད་་་་་་་དེ་ལྟར་བྱེད་མཁན་རྣམས་མི་ངན་དང་ཁྱི་རྒན་མིན་ན་གང་རེད་་་་་་་དྲང་པོ་ཞུས་ན་མདོ་སྟོད་དུམ་བུ་གཏོང་མཁན་འདི་ཁྱོད་དང་ཁྱོད་འདྲ་བའི་ལྡི་ལི་ཆུ་སྒང་ཟེར་མཁན་རྣམས་རེད་དདདད