ལོག་སྨྲ་ཚར་གཅོད།
སྐུ་ངོ་བློ་སེང་མཆོག་སྲིད་སྐྱོང་གི་ལས་འགན་བཞེས་ནས་ལོ་ངོ་གཉིས་ཙམ་འགྲོ་བཞིན་ཡོད་ཀྱང་བོད་དོན་ཐོག་ཆེ་མཐོང་ལྡན་པ་དང་དོན་ཕན་ལྡན་པའི་ལས་དོན་ཆེ་བ་སྣེ་གཅིག་སྤེལ་ཐུབ་མེད་པ་ཚང་མས་མཐོང་ཆོས་སུ་གྱུར་ཡོད། ཁོང་གིས་ལོ་གཉིས་ནང་གནང་བའི་ལས་དོན་གཙོ་བོ་ནི་གཞུང་ཞབས་ཚོ་དང་མཉམ་དུ་ཚོགས་འཚོགས་ཡ་དང་སྨོན་ལམ་རྒྱག་རྒྱུ་དེ་རེད། དེ་སྔོན་ཡིན་ན་མཆོད་འབུལ་གང་དགོས་ཆོས་སྡེ་ཁག་ལ་སྤྲད་ནས་གཞུང་ཞབས་རྣམས་ཀྱིས་ཆབ་སྲིད་དང་གཞུང་དོན་གཙོ་ཆེར་གྱིས་ལས་ཁུངས་ནང་བར་མཚམས་མེད་པར་སྒོ་ཕྱེས་ཏེ་ཆབ་སྲིད་ཀྱི་ཕྱག་ལས་བྱས་པ་ལས་ཞལ་འདོན་ཆོ་ག་གཙོ་བོར་བྱས་མེད། ཁོང་གིས་སྤེལ་བའི་དམིགས་བསལ་ལས་དོན་ཞིག་ཡོད་པ་ནི་གདན་ས་ཁག་དང་ཆོས་རྒྱུད་ཁག་གི་བླ་གྲྭ་དགེ་འདུན་པ་བཙུན་མ་སྔགས་པ་བཅས་འབུམ་ལ་ཉེ་བ་ཞིག་ཡོད་པ་རྣམས་ཕར་ཙམ་བཞག་ནས་རང་གི་དབང་འོག་ཏུ་ཡོད་པའི་གཞུང་ཞབས་ཚང་མ་ལས་མཚམས་བཞག་ཏུ་བཅུག་ནས་འཁྲིད་ཏེ་རྡ་སའི་གཙུག་ལག་ཁང་དུ་ཚོགས་འཚོགས་བསྡད་པ་རྐྱང་རྐྱང་རེད།
ལས་དོན་ཞིག་བསྒྲུབས་ཡོད་པ་ནི་སམ་བྷོ་ཊའི་སློབ་གྲྭ་ལ་སོགས་པའི་བོད་སློབ་འགའ་ཞིག་ནང་བོད་ཡིག་ཤུགས་ཆུང་དུ་བཏང་བ་དང་། བོད་ཀྱི་ཐུན་མིན་རིག་གནས་ཁག་ལ་མཁྱེན་རྒྱ་གང་ཡང་མེད་མཁན་གྱི་གཞིས་ཆགས་སློབ་ཐོན་པ་རྐྱང་རྐྱང་འགའ་བསྡུས་ཏེ་བོད་ཀྱི་ཆེད་ལས་པ་གསར་འཛུགས་བྱས་པ་ཡིན་ཟེར་བ་དང་། གྲྭ་བཙུན་ནང་དུ་ཆོས་དོན་བཀའ་བློན་བྱེད་ཐུབ་མཁན་ཤེས་ཡོན་ཅན་མི་འདུག་གསུངས་པ་དང་། ཤེས་ཡོན་གྱི་ཐོག་ནས་རང་གི་རྐང་པའི་སྟེང་ལངས་ཐུབ་མཁན་ང་ནང་བཞིན་དགོས་རེད་ཟེར་བ་སོགས་རང་ཤུགས་ཀྱིས་ཐུན་མིན་གྱི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཁག་ལ་མཐོང་ཆུང་སྣང་མེད་ཀྱིས་བོད་ཀྱི་ཐུན་མིན་རིག་གནས་ལ་གནོད་པའི་ལས་དོན་མང་དག་ཅིག་བསྒྲུབས་ཡོད།
ཁོང་གིས་བོད་ཀྱི་མགོ་འཁྲིད་ནས་ལོ་གཉིས་འཁོར་བའི་མཛད་སྒོའི་གསུང་བཤད་ནང་བཙན་བྱོལ་བོད་མི་རྣམས་ལོ་གཉིས་པོ་དེའི་རིང་ལྷིང་འཇགས་སུ་གནས་པ་དེ་གྲུབ་འབྲས་གཙོ་བོ་ཡིན་ཟེར། དེ་ནི་ཆོབ་ཚ་བའི་གཏམ་བཤད་ཅིག་སྟེ་རྒྱ་གུང་ཁྲན་ལ་བལྟས་ན་ད་ལྟའི་ཆར་འོག་སྡེ་ལྷིང་འཇགས་ཤིག་གནས་ཐུབ་པ་བྱུང་ན་གྲུབ་འབྲས་ཤིག་བརྩི་ཆོག་ཀྱང་། ད་ལྟའི་ཆར་བོད་པར་དགོས་པའི་གྲུབ་འབྲས་ནི་བོད་མི་རྣམས་ཡར་ལངས་ཀྱི་འབོད་སྒྲ་དང་ངོ་རྒོལ་ཡི་ལས་འགུལ་རྒྱ་ཆེར་སྤེལ་ཐུབ་པ་ཞིག་དང་། དེས་རྐྱེན་པས་རྒྱ་གཞུང་ལ་ཤུགས་རྐྱེན་སྤྲོད་ཐུབ་པ་ཞིག་བྱུང་ན་གྲུབ་འབྲས་བརྩི་དགོས་པ་ལས་གང་ཡང་མ་འཇོན་ཅི་ཡང་མ་བྱས་ནས་འཇམ་ཐིང་ངེར་ལྷིང་འཇགས་སུ་གནས་པ་ནི་ད་ལྟའི་ཆར་བོད་པར་དགོས་པའི་གྲུབ་འབྲས་ཤིག་ག་ལ་ཡིན།
དེ་ལས་ཀྱང་ཁོང་གིས་མགོ་འཁྲིད་པའི་འཛིན་སྐྱོང་གིས་བྱབ་ཆུང་བའི་ལས་དོན་གཙོ་བོ་གཅིག་ནི་འདས་པའི་ལོ་གཉིས་རིང་རྒྱ་ནག་གཞུང་ལ་ཞི་མོལ་གནང་རོགས་ཟེར་ནས་ཕྱག་འབུལ་ཐེངས་མང་ཞུས་བསྡད་པ་དེ་རེད། ༧གོང་ས་མཆོག་དང་བཀའ་ཁྲི་གོང་མས་རྒྱ་ནག་གཞུང་དང་ཞི་མོལ་ཐེངས་དགུ་ལྷག་གནང་ནས་མཐའ་དོན་ངེས་རྙེད་བྱུང་དོན་ནི། རྒྱ་ནག་གཞུང་གིས་དོན་དངོས་ཐོག་བོད་ཀྱི་གནད་དོན་ཐད་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་མགོ་པ་སུ་ལའང་དོན་དམ་པའི་ཞི་མོལ་གྱི་སྐད་ཆ་བཤད་འདོད་མེད་པ་གསལ་པོར་ཆགས་ཟིན་ནས་རྒྱ་ནག་མི་མང་རང་གི་ཤུགས་རྐྱེན་འོག་རྒྱ་ནག་ལ་འགྱུར་ཆེན་པོ་ཞིག་མ་འགྲོ་བར་ང་ཚོས་ད་ལྟའི་རྒྱ་ནག་གཞུང་འདི་ལ་རེ་བ་རྒྱག་ས་མི་འདུག་ཅེས་གསལ་བསྒྲགས་བྱས་ཟིན་ནའང་།
ད་དུང་བློ་སེང་གིས་ཞི་མོལ་གནང་རོགས་ཞེས་རྒྱ་གཞུང་ལ་ཕྱག་འབུལ་ཡང་ཡང་ཞུས་དང་ཞུ་བཞིན་པ་འདིས་བོད་ཀྱི་རྩ་དོན་འགྲུབ་ཐབས་ཀྱི་ཀུན་སློང་ཞིག་མིན་པ་བཀའ་ཁྲི་གོང་མའི་སྐབས་སུ་རྒྱ་གཞུང་དང་ཞི་མོལ་ཐེངས་མང་གནང་ཐུབ་པ་བཞིན་ཁོང་གིས་ཀྱང་མ་ཐུབ་ན་འཇོན་ཐང་མེད་པར་བརྩི་འགྲོ་དོགས་ཀྱིས་རང་ཉིད་སྒེར་གྱི་མིང་གྲགས་སྲུང་སྐྱོབཁོ་ནའི་ཆེད་རྒྱ་གཞུང་ལ་ཕྱག་འབུལ་ཞུས་བསྡད་པ་ཙམ་ཡིན་པ་གསལ་པོར་མཚོན་ཐུབ།
ད་དུང་ཁྱེད་རྣམ་པས་གཟིགས་དང་འབྱུང་འགྱུར་ལོ་གསུམ་གྱི་རིང་རྒྱ་གཞུང་གིས་རྒྱ་ནག་གཞུང་ལ་སྐབས་བབ་ཀྱི་དགོས་མཁོ་འདྲ་མ་བྱུང་ན་སྔར་སོང་ཨོ་ལིམ་པིཀ་རྩེད་འགྲན་སྐབས་བཞིན་མགོ་བསྐོར་གྱི་ཞི་མོལ་དེ་འདྲ་མི་བྱེད་པར་ངེས་པས་སྐུ་ངོ་བློ་སེང་གིས་ནུས་པ་ཡོད་ཚད་རྒྱ་གཞུང་ལ་ཞི་མོལ་གནང་རོགས་ཞེས་ཕྱག་འབུལ་ལུས་འབུལ་བྱེད་པར་ངེས།
བློ་སེང་སྲིད་གཞུང་འདི་ངར་བ་རེད་བསམ་གི དགྱ་ནག་ནག་གི་མེ་མདའ་གཅིག་པོས་བོད་འཛིན་བཟུང་བྱས་ཡོད་པ་རེད།
མེ་མདས་སྲིད་གཞུང་དང་ཁ་གཏད་ཏུ་ལངས་དུས་ངེས་པར་རིག་པ་གསལ་བོར་དགོས་ཀྱིན་ཡོད།
དེ་ལས་ཁུ་སིམ་པོ་བྱས་ལོ་ཆུང་ན་གཞོན་ཚོར་བདག་པོ་བརྒྱབ་ནས་སློབ་སྦྱོང་བྱེད་དུ་འཇུག་གིན་འདུག་སློབ་ཡོན་འཕར་སོང་།
དེ་མིན་གདོང་པར་མཚོན་འདྲ་ཕྱུག་ནས་སྲུང་ལམ་ནས་སྐད་ཅོར་འདྲ་བརྒྱབ་ནས་བསྡད་པ་ཡིན་ན་མ་འོངས་པའི་ན་བཞོན་ཚོར་དེང་སང་ལས་སྡུག་ཏུ་ཕྱིན་ན་དཔེ་ཟག་ག་རེད་ད།
སྐད་འབོད་ཟེར་ན་འབོད་ས་སུ་རེད། དེ་དངོས་གནས་གསལ་བོ་དགོས་ཀྱིན་འདུག་ག ཨ་རི་ལ་འབོད་ན་ཡོང་མིན་གང་ཤེས།
རྒྱ་མི་འབོད་ན་འབོད་སྟངས་མི་ཤེས། རྒྱ་གར་འབོད་ན་ངོ་ཚ་དགོས་པ་འདྲ་མོར་ཡོད། བོད་ནང་ལ་འབོད་ན་ཞབས་འདྲེན་རེད། སོ་སོའི་སར་སློབ་སྦྱོང་ཧུར་ཐག་བྱས་ལོ།
སྲིད་སྐྱོང་གི་ལྟ་གྲུབ་གསུམ་ལས་བརྒལ་བ་ཡིན་ན་ཉེས་པ་ཕོག་ཡོང་ད།
གསར་གཏོད་དང་རང་མགོ་རང་ཐོན་ཕོ་མོ་འདྲ་མཉམ་བཀའ་ཤག་གི་ལམ་ཕྱོགས་གསུམ་དེ་ཡིན། ཧ་ཧ་ཧ་
སྐར་ལྔ་དར་དམར་ལྷབ་ལྷུབ་དུ་གཡོ། གཅེས་པའི་མེས་རྒྱལ་ཁྱིམ་ཚང་ཆེན་མོ་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཐང་རྒྱས། ཏིང་ཞོ་ཕིན་བཤད་པ་དེ་དེ་རིང་ལོག་སྨྲ་ཚར་གཅོད་ཀྱིས་བསྟོད་བསྔགས་བརྗོད་པ་ལྟར་མཐོང་སོང་།
བློ་སེང་གིས་རྒྱ་གུང་ཁྲན་ལ་ཁ་གཏད་ལྕོགས་མ་ཐུབ་རུང་། ཤར་ཁུག་ཟེར་བ་དེ་ཏག་ཏག་བཟོས་པ་དེ་ཁོང་གི་གྲུབ་འབྲས་ཆེ་ཤོས་སུ་བརྩི་ཆོག
བློ་བཟང་སེང་གེ་ལགས་ཀྱིས་རང་ཉིད་ཀྱི་བྱེད་ཕྱོགས་དགེ་སྐྱོན་གཉིས་ནས་མ་གླེང་བར་དགེ་མཚན་གཅིག་པའོ་ཐོག་ནས་གླེང་ཡོང་གི་འདུག དེས་མི་མང་ལ་འཁྲུལ་སྣང་གི་ཚོར་བ་ཞིག་ཀྱང་སྤྲོད་ཀྱི་ཡོད་ས་རེད། དཔེ་མཚོན་ཙམ་ཞུས་ན། ཉིས་སྟོང་བཅུ་གཉིས་ལོར་ཁོང་གིས་རྒྱལ་སྤྱིའི་སྟེང་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་ལུགས་ཤུགས་ཆེར་གསུངས་པ་རེད། དེའི་དབང་གིས་བོད་ནང་དུའང་བློ་སེང་ལ་ཕྱི་རྒྱལ་དུ་ཕེབས་རིམ་བཞིན་རེ་བ་སྟོང་པ་ཞིག་ལ་སེམས་འཆང་ནས་བཞུགས་ཀྱི་ཡོད། དེ་བཞིན་དུ། ཨ་རིར་བོད་མི་ལྔ་སྟོང་གཏོང་རྒྱུའི་གསལ་སྒྲགས་དེ་རེད། དྲང་པོར་བཤད་ན། གནད་དོན་དེ་རིགས་གཏན་འཁེལ་མ་ཟིན་བར་སྤྱི་ཚོགས་སྟེང་ཁྱབ་སྒྲགས་བྱ་རྒྱུ་ཞིག་མ་རེད། འོན་ཀྱང་། ཁོང་གིས་རང་ཉིད་ཀྱི་དགེ་མཚན་བརྗོད་ཆེད། བོད་མི་ལྔ་སྟོང་ཞིག་ཨ་རིར་གཏོང་འཆར་ཡོད་ལུགས་གསུངས་པ་རེད། དོན་དངོས་ཐོག་ཁོང་གིས་བུ་མ་སྐྱེས་གོང་ནས་མིང་བཏགས་ཚར་བ་རེད། དེའི་རྐྱེན་གྱིས་ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་བོད་མི་མི་ཉུང་བ་ཞིག་ཉིན་མཚན་མེད་པར་རང་ཉིད་མི་སྣ་ལྔ་སྟོང་ཁྲོད་འཚུད་ཐབས་བྱེད་ཀྱི་ཡོད།
ག་དུས་ཡིན་ན་སྲིད་སྐྱོང་མཆོག་ནས་མ་འཇོན་པ་ཀྱང་བཤད་མ་སྡོད་ དེ་སྔོན་ཁོང་ལས་ལྷག་པའི་འཇོན་ཐང་ཅན་ཞིག་སུ་འཕེབ་སོང་ རེ་རེ་བཞིན་མིན་གྲངས་དང་མེད་པ་ མི་ལོ་ལྔ་བཅུ་ལྷག་གིས་རིང་ལ་ང་ཚོ་བབས་ས་མེད་ན་མི་ཚད་བབས་ཚར་རེད་གྲུབ་འབྲས་འདི་རེད་ཟེ་ནས་རྡོག་རྡོག་གཅིག་སྟེང་ཤོག་དང་ ད་དུང་ཉེ་ཆར་རྒྱ་ནག་ནས་ག་རེ་ལབ་གྱི་འདུག་ཁྱོད་ཚོས་གོ་ཡོད་རྒྱུ་རེད ད་རྗེས་མ་འོས་འཕེན་དུས་ད་ལྟའི་སྲིད་སྐྱོང་ལ་ཁ་གཏང་མཁན་ཁྱོད་ཚོ་ལ་འང་འོས་ལང་རྒྱུས་ཐོབ་ཐང་ཡོད་ཡོད་རེད་
མི་མང་གི་རེ་བ་གསར་པ་དང་། ལྷག་པར་དུ་མི་རབས་གསར་པར་བརྗོད་པའི་གྲུབ་འབྲས་ནི་ཅི་ཡང་མི་འདུག ཐ་ན་རང་ཉིད་ཀྱིས་སྦྱངས་པ་ཐོན་སའི་ཁྲིམས་ལུགས་ཀྱི་ཕྱོགས་ནས་ཀྱང་གྲུབ་འབྲས་ནི་ཀླད་གོར་རེད། ང་ལ་མཚོན་ན། སྲིད་སྐྱོང་གིས་སྟོང་སྐད་བསྒྲགས་པ་སྔ་དྲགས་སོང་། རང་ཉིད་ཁྲོམ་བསྒྲགས་བྱས་པ་སྔ་དྲགས་སོང་།
བོད་དང་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་མེད་མཁན་ཞིག་ལ་དེ་བས་ཀྱང་བོད་ཀྱི་ལར་ཞེན་ཡོད་ཁག་པོ་རེད། གཞན་དུ་ལྟ་མི་དགོས། སྲིད་སྐྱོང་གི་འདས་པའི་ལོ་ངོ་གཉིས་ཀྱི་ནང་བོད་མི་ག་ཚོད་ཅིག་གིས་རེ་ལྟོས་དང་བཅས་རང་ལུས་མེར་སྲེག་གནང་སོང་། མི་རིགས་ཀྱི་སྲོག་རྩ་སྐད་ཡིག་གི་སྤྱོད་སྒོའི་ཆེད་དུ་བོད་མི་ག་ཚོད་ཅིག་གིས་འཛེམ་མེད་ཀྱི་སྐུ་ངལ་བསྐྱོན་སོང་།
ཉེ་དུས་གཅིག་པོ་ལ་མཚོན་ན་ཡང་། དགྱ་གཞུང་གིས་ཁམས་དང་ཨ་མདོ་གཉིས་སུ་བོད་མི་ག་ཚོད་ཅིག་ལ་ཚོད་མེད་ཀྱི་རྡུང་རྡེག་དང་དྲག་གནོན། བཙོན་འཇུག སྲོག་ཁྲིམས། ལས་གནས་དང་གོ་ས་ནས་གནས་དབྱུང་སོགས་ཁྲིམས་མེད་ལུགས་མེད་ཀྱི་བཙན་དབང་ག་འདྲ་ཞིག་བཀོལ་སོང་ཨང་།
ཡིན་ན་ཡང་། དེ་དག་གི་ཐད་དུ་སྲིད་སྐྱོང་གིས་གཙོས་པའི་བཀའ་ཤག་གསར་པར་གྲགས་འགུལ་ཅི་ཡང་མི་འདུག
ཡ་མཚན་པ་གཞན་ཞིག་ལ། སྲིད་སྐྱོང་གི་༢༠༠༤ ལོའི་རྩོམ་ཡིག་༼བོད་ནང་གི་རྒྱ་ནག ལོ་ངོ་བཞི་བཅུའི་རིང་གི་བཅིངས་འགྲོལ་རེད་དམ་བཙན་བཟུང་རེད།༽ཅེས་པའི་ནང་གི་ལྟ་ཚུལ་ཁག་ཅིག དེང་སྐབས་ལྷ་སའི་སྐྱིད་ཆུའི་འགྲམ་དུ་དགྱ་གཞུང་གིས་ཆེད་བཟོས་(རྒྱ་བཟའ་ཀོང་ཇོའི་སྐོར་གྱི་ཟློས་གར)་འཁྲབ་གཞུང་དང་མཐུན་པོ་ཡོད་སྐད། དེའི་སྐོར་”བོད་ཀྱི་དུས་བབ་”ནང་བཀོད་༼པོ་ཏ་ལ་རྫུན་མ་དང་ལོ་རྒྱུས་བཅོས་མ་ཞིག༽ཞེས་པར་གསལ།
ཡང་། སང་ཉིན་ནས་ཉིན་བཅུ་ཙམ་རིང་སྲིད་སྐྱོང་ཨ་རི་ལ་ཕྱོགས་ཕེབས་བྱེད་གཏན་འཁེལ་འདུག དེ་ཡང་”ཨ་རིའི་ནུབ་ངོས་སུ་ཡོད་པའི་བོད་རིགས་མི་མང་རྣམས་ལ་གསུང་བཤད་དང་སྤྱི་མཐུན་ཚོགས་པ་ཁག་གཅིག་གི་ལས་འཛིན་པ་རྣམས་དང་མཇལ་མོལ་གནང་རྒྱུའི་ལས་རིམ་ཆེད་གཞུང་དོན་ཕྱོགས་ཕེབས་གནང་གཏན་འཁེལ་”ཞིག་རེད་འདུག
བོད་ནང་གི་བོད་མི་ཚོས་དགྲ་བོ་ལ་ཁ་གཏད་ནས་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་ལ། ཁོང་ཚོས་བོད་པ་ནང་ཁུལ་མཐུན་སྒྲིལ་ལ་གལ་ཆེན་ཇི་ཙམ་བརྩི་ཡི་ཡོད་པ་དང་། སྲིད་སྐྱོང་ལ་དགའ་གུས་ཇི་ཙམ་བྱེད་ཀྱི་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད། དེས་ན་བཙན་བྱོལ་བ་འགའ་རེས་བོད་ནང་གི་བོད་མི་ཚོས་དཀའ་ལས་རྒྱབ་པ་དེ་དག་བོད་རིགས་ནང་ཁུལ་དང་། ལྷག་པར་སྲིད་སྐྱོང་ལ་ཁ་བརྡུང་གཏོང་བའི་ལག་ཆར་བེད་སྤྱོད་བྱེད་བཞིན་པ་འདི་ནི་བོད་ནང་གི་བོད་མི་ཚོའི་དགོངས་དོན་དང་རྒྱབ་འགལ་བྱས་པ་ཞིག་དང་། ཁོང་ཚོར་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་རེད།
༥༽tseringཟེར་བ་ལ་མོོས་མཐུན་ཡོད།
དམངས་གཙོའི་རྩ་བ་རང་དབང་ཡིན་པ་དང་སྨྲ་བརྗོད་རང་དབང་ནི་རང་དབང་ཀུན་གྱི་མཆོག་པས་དམངས་ཁྲོད་ནས་གཞུང་འཛིན་ལ་འཛིན་སྐྱོང་དང་ཕྱི་སྲིད་ཀྱི་གནད་དོན་ཐོག་འགྲིན་མིན་སེམས་ཤུགས་དང་ལྷག་གི་ཐོག་ནས་བཤད་ཡོང་དུས་ཁ་བཏང་སོང་ཟེར་བ་དང་ནང་འཁྲུག་བསླངས་སོང་ཟེར་བ་སོགས་ནི་དམངས་གཙོའི་གོ་རྟོགས་དམན་པ་དང་སྲིད་སྒེར་འཛིན་ལམ་ལུགས་ཀྱི་ཤན་ཞུགས་པ་ཡིན་སྲིད།
དེ་རིང་འདིར་སྲིད་སྐྱོང་མི་དབང་མཆོག་ནས་བོད་ཀྱི་སྲིད་སྐྱོང་གི་མཛད་འགན་བཞེས་ཏེ་ལོ་ངོ་འཁོར་གྲབས་དང་བསྟུན་ལོམ་སྨྲར་ཚར་གཅོད་ལགས་ནས་བསམ་ཚུལ་འགའ་འདོན་གནང་འདུག་པ་ཆེས་བདེན་ཀྱང་ད་དུང་དེ་ལས་ལྷག་པས་ཆགས་སྒོ་ཡོང་བསྡད་པའི་ལོ་གསུམ་ནང་སྲིད་སྐྱོང་གི་སྐུ་ཐང་ག་ཚོད་བཤམས་གྲབས་ཡོད་དམ། རང་བསྟོད་ཀྱི་བཀའ་མོལ་ག་ཚོད་གནང་གྲབས་ཡོད་ན། ལོ་ལྔའི་ནང་དེ་སྔའི་འཆར་སྣང་གི་མཁས་ལས་པ་ག་ཚོད་སྐྲུན་གྲབས་ཡོད་དམ།
མི་མང་ནས་ལོ་གཉིས་རིང་ལས་དོན་ལ་བསམ་གཞིགས་དང་ཕྱོགས་བསྡོམས་རྒྱབ་དགོས་པའི་དུས་ལ་བབ་ཡོད། དེ་མུར་སྡུག་ན་རེ་ཞིག་མཛབ་མོའི་རྨ་དེ་ལག་པ་ཤོར་བའི་ཉེན་ཁ་ཡོད་འདུག
ཤར་ཁུག་གིས་རྒྱ་ནག་པོས་ཁྲག་དར་མགོ་ལ་གྱོན་ནས་དགྱ་ནག་པོ་སྐུབ་ལ་ལྕེ་ལྡག་རྒྱབ་པ་དེས་གྲུབ་འབྲས་
ཅི་ཞིག་ཐོན་སོང་། ཧཧཧཧ སྲིད་སྐྱོང་བློ་སེང་ནམ་ཡང་རྒྱལ་གྱུར་ཅིག