སྟོབས་རྒྱལ།
ༀ སྲིད་སྐྱོང་རྗེ་བློ་བཟང་སངས་རྒྱས་ལ་ཕྱག་འཚལ་ལོ།།
ཕྱག་འཚལ་བསྟོད་ན་དབང་ཆ་སྤྲོད་མ།།
ཁྲིམས་ལུགས་གླེང་ན་ལུག་དང་འདྲ་མ།།
རྫུན་ཁྲམ་འུར་གསུམ་ངག་གིས་ཞལ་གྱི།།
ཧམ་བཤད་བྱེ་བ་ལ་ནི་བྱུང་མ།།
ཕྱག་འཚལ་མི་མང་འདུས་པ་ཀུན་ཏུ།།
རྫུན་གཏམ་བརྒྱ་ཕྲག་བསྒྲིགས་ནས་བཤད་མ།།
རང་ཁ་རང་གསོ་ཞལ་ནས་གསུང་སྟེ།།
རོགས་དངུལ་ས་ཡའི་རྩིས་ཞིབ་བཀག་མ།།
རང་དོན་ཕྱོགས་བསྐྱོད་ཞབས་ཀྱིས་མནན་ཏེ།།
གཞུང་དངུལ་གཏོར་ལ་དགའ་བ་རྒྱས་མ།།
མི་མང་སྟོང་ཕྲག་འཛོམས་པ་རྣམས་ཀྱིས།།
རབ་ཏུ་ཞི་བའི་ངོ་ལོག་རྒྱག་མ།།
ཕྱོགས་ལྷུང་ཨབ་ཕྲུག་མང་པོས་བསྐོར་ནས།།
ཨ་རིའི་གནམ་ཐང་འུར་གྱིས་ཁེངས་མ།།
སྐལ་རྡོའི་རྩིས་ཉོག་སྤུངས་པའི་དོན་ཁང་།།
གཡོ་ཅན་སེང་གེའི་སྤྱོད་ཡུལ་ཉིད་མ།།
ཕྱག་འཚལ་དེ་བཞིན་བྱ་བའི་དངོས་ཚེ།།
འདོད་པ་མ་ལུས་ཐོབ་པར་དགའ་མ།།
འཇིག་རྟེན་ཟླུམ་པོ་ཞབས་ཀྱིས་བཅག་སྟེ།།
འདོད་དང་ཕྱོགས་དང་དཔུང་ཁག་བསྒྲིགས་མ།།
འབྱུང་པོ་ཤུགས་ལྡན་ཚོགས་མི་རྣམས་དང་།།
རྒྱ་ཁྱིའི་ཚོགས་ཀྱིས་མདུན་ནས་བསྟོད་མ།།
ཆིག་སྒྲིལ་ནུས་པ་རྩ་ནས་གཏོར་མ།།
རྒྱལ་ཞེན་དཔའ་བོ་རྣམ་པར་འཇོམས་མ།།
གཡས་བསྐུམས་གཡོན་བརྐྱངས་གསལ་བཤད་སྣ་ཚོགས།།
གཡུ་ཐོག་རྒན་པོས་རྡོ་ཆག་བསྒྲིགས་མ།།
ཤར་གླིང་དགའ་མའི་སྙིང་གཏམ་ཤོར་མ།།
མ་ལུས་རྫུན་གྱི་འཁོར་ལོས་བརྒྱན་པའི།།
རང་གི་ཕྱོགས་ལ་རྐུབ་སྟེགས་སྟེར་མ།།
དགྲ་དགའ་གཉེན་སྡུག་ལས་ཀྱི་དྭངས་མ།།
ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི།།
སྤེན་ཚེའི་གསལ་བཤད་ཕྲེང་བ་སྤེལ་མ།།
ཡ་རབ་ཚིག་དང་ཁུངས་ལྡན་ཡིག་ཆའི།།
སྣོད་ལྡན་འཇིག་རྟེན་དབང་དུ་མཛད་མ།།
གསལ་བཤད་བསྐལ་བའི་ཐ་མའི་མེ་ལྟར།།
འབར་བའི་ཕྲེང་བའི་དབུས་ན་གནས་མ།།
སྐྱག་རྫུན་རི་རབ་རྣམ་པར་འབིགས་བྱེད།
ཆོལ་ཁ་གསུམ་ན་གཡོ་བ་ཉིད་མ།།
ཤིན་ཏུ་དྲག་པའི་དོགས་པ་སེལ་མ།།
ཁྱི་སེང་དཔོན་ལ་དད་གུས་ཆེན་པོས།།
ཕྱག་འཚལ་བ་ནི་ལྟས་ངན་ཉེར་གཅིག།
དངོས་ཡོད་ཀྱི་གནད་ཏང་ཤིང་པར་ལ་བཀོད་ནས་ལོ་རྒྱུས་ཐོག་འཇོག་ན་ཡག་པོ་ཡོང་ས་རེད་ཡིན་ནའི་བློ་སེང་གི་འདོན་ཤེས་ཀྱི་མ་རེད་དེ་ལྟ་བུའི་དབྱིན་ཅི་ཕྲན་བུ་ཤེས་འདོག་གི་མཁས་དབང་ཡིན་འདོག་བྱེད་མཁན་དེ་ཚོས་ཀྱང་འདོན་ཤེས་ཀྱི་མ་རེད་དེ་ཏོག་ཙམ་ཕང་པོ་རེད་ཡིན་མའི་ད་ལྟ་ཕྱི་རྒྱལ་ཁག་ནང་ལ་ཡོད་པའི་བོད་མི་སྡོད་འདུས་ཡོད་སར་གཟའ་འཇུག་སློབ
གྲ་ཡོད་ཙང་བོད་པ་བོད་སྐད་མི་ཤེས་མཁན་གྱི་འབུམ་རམ་པ་ཚོ་གཟའ་འཇུག་སློབ་གྲར་འགྲོ་ན་གུ་་སྐབས་་ཡོད་པ་བསྐལ་བ་བཟང་པོ་རེད།
སྙན་པོ་ཧ་ལས་པ་རེད་འདུག ཡང་དང་ཡང་དུ་འདོན་དགོས་འདུག
བུ་གསོ་ཁང་གི་རྒན་བདག་ལ་སྐུར་དང་། སློ་གྲྭའི་སློབ་མ་ཡོངས་རྫོགས་ཀྱིས་ནང་དགོང་ལ་འདོན་ན་ཡག་ཀི། རྩོམ་པ་པོས་བཀའ་ཤག་ལ་གཅིག་ངེས་པར་དུ་སྐུ་དགོས་པ་རེད། བཀའ་ཤག་གི་ཞལ་འདོན་གྲལ་དུ་བཞག་ན་ལེགས། །
ནང་དོན་ལ་སྐད་ཆ་མེད། ཚིག་སྦྱོར་དང་ཉམས་ཧ་ཅང་ཡག་པོ་འདུག
ཧ་ཧ་ སྲིད་སྐྱོང་གི་བསྟོད་པ་ཉེར་གཅིག་ཧ་ཅང་སྙན་པོ་འདུག མི་མང་ནས་འདི་མཁྱེན་པ་གནང་སྟེ་འུར་འདོན་གནང་ན་བར་ཆེད་གསལ་ཡོང་།
སྐད་གྲགས་ཆེ་བའི་རྡ་སའི་དམངས་གླུ།
མི་རྗེ་བློ་བཟང་སེངྒེ།།
མགོ་ནག་བོད་ཀྱི་ནོར་བུ།།
སེངྒེ་གངས་ལ་འགྱིངས་འགྱིངས།།
འཛམ་བུ་གླིང་ལ་འགྱིངས་བྱུང་།།
སྐུ་ངོ་སྤེན་པ་ཚེ་རིང་།།
ཡར་གྱི་རི་ལ་བཞག་ཀྱང་།།
མར་གྱི་ཐང་ལ་འགྲིལ་བྱུང་།།
སྐུ་ངོ་ཡོང་ས་མ་རེད།།
གཞུང་ལ་བསམ་པ་ནག་སོང་།།
དཔོན་ལ་ངོ་ལོག་བྱས་སོང་།།
དམངས་ཀྱི་སེམས་ཁམས་གཏོར་བའི།།
སྐུ་ངོ་ག་ལེར་ཕེབས་རོགས།།
ཆང་འདི་མི་འཐུང་མ་གསུངས།།
ཞབས་དག་ལན་གསུམ་གནང་དང་།།
རྒྱལ་བའི་དགོངས་པ་དཀྲུག་དུས།།
མ་འཐུང་ཞུས་ཀྱང་འཐུང་སོང་།།
བདེན་པ་ར་སྤྲོད་ཡིན་ཟེར།།
རྫུན་གྱིས་ཨ་ལོང་བསྐོར་སོང་།།
བདེན་རྫུན་ཁ་ཁ་མཁྱེན་པའི།།
ཡིད་བཞིན་ནོར་བུ་བཞུགས་ཡོད།།
བློས་ཐུབ་འཕྲིན་ལས་སྐལ་བཟང་།།
དེ་འདྲ་དྲན་རྒྱུ་འབེལ་བོ།།
ཞལ་འདེབས་སློང་གིན་སློང་གིན།།
སྒོར་མོ་མང་རྒྱུ་མི་འདུག།
རྡ་སར་ངོ་ལོག་རྒྱག་དུས།།
ཁུག་རྟ་ནུབ་ལ་འཕུར་སོང་།།
མི་དེ་མགོ་བོ་བདེ་སོང་།།
བྱ་དེ་གཤོག་རྩལ་ཆེ་སོང་།།
མགོ་རས་བཀབ་པའི་མི་དག།
གཞུང་ལ་ངོ་རྒོལ་ཡོང་དུས།།
ཁ་ཆེ་ཡུལ་གྱི་ཇག་པ།།
ཨ་ན་མ་ན་རེད་ཞག།
སྲིད་སྐྱོང་ཕྱི་རྫིག་ནང་རྫིག།
རྒྱལ་བའི་ཐུགས་ཀྱི་སྲས་རེད།།
མགོ་ནག་བོད་མིའི་རྗེ་རེད།།
འགྲན་ཡ་ཁྱོག་ས་མ་རེད།།
སྐད་གྲགས་ཆོད་པའི་དམངས་གཞས་འདི་རྡ་སའི་མི་དམངས་ཀྱི་ངག་ཐོག་ལ་གོམས་ནས་ཡོད།
ཁ་བརྡ་དྲ་བས་སྲིད་སྐྱོང་ལ་སྐྱོན་བརྗོད་དག་དག་བཀོད་མ་འདུག བསྟོད་པ་དེ་མདུན་དུ་གཅིག་བཀོད་དང་།
ཝ་མོ་བློབ་བཟང་སངས་རྒྱས།།
གཉིད་གཏམ་བཤད་ཡ་མང་ནས།།
གཞིས་ཆགས་སྤོ་སྨོ་ཚང་མ།།
སྐྱིད་པའི་གཉིད་ལ་ཤོར་སོང་།།
ད་དུང་སད་ཡ་མི་འདུག།
ཁྲམ་རྒན་བློབ་བཟང་སངས་རྒྱས།།
རྫུན་ཁྲམ་བཤད་ཡ་མང་ནས།།
ཆོལ་ཞེན་ཅན་གྱི་གླང་རྒན།།
ཕྱུགས་རྫི་བླུན་པོ་ཁ་ནག།
ཀི་ཅོ་གང་སར་བརྒྱབ་སོང་།།
བདེན་པ་འགྲོ་ས་མི་འདུག།
ཧམ་ཆེན་བློབ་བཟང་སངས་རྒྱས།།
ཧམ་པ་བཤད་ཡ་མང་ནས།།
བཀའ་བཀྱོན་དྲག་པོ་གནང་སོང་།།
གཟི་བརྗིད་ཁོག་སྟོང་མཚན་སྙན།།
གཞིས་བྱེས་གཉིས་ལ་ཁྱབ་སོང་།།
༄། ཧ་ལོ་་་་དྲ་གྲོགས་ཚོ། མི་ཚེ་ཐུང་ཐུང་རེ། ནམ་འཆི་ཆ་མེད་རེད།
ཞེ་སྡང་ལྟ་བུའི་སྡིག་པ་མེད། བཟོད་པ་ལྟ་བུའི་དཀའ་ཐུབ་མེད།
དེ་བས་བཟོད་ལ་ནན་ཏན་དུ། སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ།
ཞེས་གསུངས་སོ། དེ་བས་ན་གཞན་སྡུག་བསྔལ་ལ་བ་མ་བཟོ། རང་གཅེས་པར་མ་འཛིན་།