ནིའུ་ཡོག་དུས་བབ་ཀྱི་རྩོམ་ཡིག་དང་འབྲེལ་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་གུས་ཞབས་དང་བཅས་ཡོངས་བསྒྲགས་བསྐུར་ཡིག་ཕུལ་བ།
༄༅།།བརྩེ་བའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ།
གུས་ཞུ།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནི་ ༢༠༡༤ ལོའི་ཕྱི་ཟླ་ ༧ ཚེས་ ༡༩ ཉིན་གྱི་ནིའུ་ཡོག་དུས་བབ་(New York Times)སྟེང་འཁོད་པའི་སྐུ་ཉིད་ཀྱི་ལོ་རྒྱུས་རིང་པོ་དེ་[1]མཐོང་ནས་དགའ་བོ་བྱུང་། འཁྲུག་ཆ་ཅན་གྱི་བོད་ཀྱི་དམངས་གཙོ་ནི་མི་དམངས་ཀྱིས་རང་གིས་བདམས་པའི་འཐུས་ཚབ་རྣམས་ལ་དྲི་བ་གཏོང་བ་ལ་རག་ལས་པ་ཞིག་ཡིན་པ་ཁྱེད་ནས་མོས་མཐུན་བྱེད་རྒྱུ་ཡིན་པ་དེ་དོགས་པ་མེད་པ་ཞིག་རེད། དེར་བརྟེན་ང་ཚོས་གུས་ཞབས་དང་བཅས་གོང་གསལ་རྩོམ་ཡིག་ཏུ་འཁོད་པ་ལ་གཞི་འཛིན་གྱིས་དྲི་བ་བཞི་ཁྱེད་ལ་ཕུལ་ཡོད།
ནིའུ་ཡོག་དུས་བབ་ཀྱི་རྩོམ་ཡིག་དེས་ ༢༠༡༣ ལོར་ ཁྱེད་ཀྱིས་ “ཨ་རིའི་ཕྱི་འབྲེལ་ལྷན་ཚོགས་(the Council on Foreign Relations)ལ་ བོད་ཀྱི་དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་དང་དེ་ལས་གཞན་པའི་གལ་ཆེའི་གོ་གནས་ལ་བོད་རིགས་བསྐོ་འཇོག་བྱས་པ་ཞིག་འོང་རྒྱུ་དེ་ཡིན་ཚུལ་”བརྗོད་ལུགས་འཁོད་འདུག རྩོམ་ཡིག་དེའི་ནང་ཁྱེད་རང་གིས་གསུངས་ཚུལ་གྱི་སྐད་ཆ། “ང་ཚོས་ད་ལྟ་ཡོད་པའི་དབང་འཛིན་ཤོག་ཁག་གི་སྒྲོམ་གཞི་ལ་ཁ་གཏད་གཅོག་པའམ་དྲི་བ་གཏོང་གི་མེད་”ཅེས་པ་ལུང་འདྲེན་བྱས་འདུག
ཁྱེད་ཀྱི་དབུ་མའི་ལམ་ཆ་ཤས་ཅན་གསར་པ་ ༼དམངས་གཙོ་མིན་པ། དམར་ཤོག་པའི་དབང་འཛིན་ཅན། བཀག་འདོམས་མ་བྱས་པའི་དམག་ཤུགས་དྲག་གནོན་བཅས་ཀྱི།༽ འདི་ནི་སྐབས་གཞན་ཞིག་ཏུ་གླེང་ཟིན།[2] གང་ལྟར་ཡང་། ཁྱེད་ཀྱིས་རྒྱུ་མཚན་ཅི་ཞིག་གི་ཕྱིར་ཁྱེད་ཀྱི་དབུ་མའི་ལམ་གསར་པ་འདི་དབུ་མའི་ལམ་དང་མཐུན་ཚུལ་དང་། ཅིའི་ཕྱིར་འདི་ནི་བོད་མི་རྣམས་ལ་འོས་འཚམས་ཀྱི་འདམ་ཁ་དེ་ཡིན་ཚུལ་འགྲེལ་བརྗོད་ཁྱོན་ནས་བྱས་མ་སོང་།
༧གོང་ས་མཆོག་གིས་ད་ལྟའང་བོད་འདི་ངེས་པར་དུ་ “དམངས་གཙོའི་ལས་རིམ་བརྒྱུད་མང་མོས་འོས་འདེམས་བྱས་པའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱིས་དབང་བསྒྱུར་བྱེད་དགོས་པ་དེ་”གསུངས་བཞིན་ཡོད།[3] ༢༠༠༨ ལོའི་བསྒྲགས་ཡིག་གིས་ “བོད་མི་རྣམས་ཀྱིས་རང་རང་གི་ས་གནས་གཞུང་དང་། གཞུང་གི་སྒྲིག་འཛུགས་དང་བརྒྱུད་རིམ་ཁག་དགོས་པའི་ཐོང་ཐང་”དགོས་སྐོར་བརྗོད་ཡོད། [4]
༡༽ གལ་སྲིད་རྒྱ་ནག་དམར་ཤོག་དེ་བོད་ཀྱི་སྲིད་འཛིན་པ་མུ་མཐུད་བྱས་ཚེ། ཇི་ལྟར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཐོབ་ཐུབ།
༢༽ ཁྱེད་ཀྱིས་དབུ་མའི་ལམ་གྱི་དམིགས་ཡུལ་དུ་ཡོད་པའི་མ་འོངས་བོད་ལ་དམངས་གཙོ་དང་དེ་བཞིན་གཞུང་གི་སྡེ་ཁག་ཟུར་བཅད་དུ་དགོས་ཞེས་པའི་ཆ་རྐྱེན་འདི་མཚམས་འཇོག་བྱས་པའི་ཁྱེད་རང་གི་རྒྱུ་མཚན་རྣམས་འགྲེལ་བརྗོད་གནང་ཐུབ་བམ།
༣༽ ད་ལྟའི་རྒྱ་ནག་དམར་ཤོག་གི་སྒྲོམ་གཞི་འདིའི་ཁྲོད་དུ་བོད་རིགས་མང་དུ་འཛུལ་ཞུགས་བྱེད་ཐབས་དེ་ཁྱེད་ཀྱི་དམིགས་ཡུལ་ཞིག་ཏུ་མཐོང་གི་ཡོད་པ་ཅེས་ནིའུ་ཡོག་དུས་བབ་ཀྱིས་བཀྲལ་བ་དེ་ཏག་ཏག་རེད་དམ།
ཁྱེད་ཀྱིས་ད་དུང་ནིའུ་ཡོག་དུས་བབ་ལ་བརྗོད་དོན་ལ། “ང་ནི་མ་འོངས་པའི་མགྲིན་ཚབ་པ་ལྟེ་བ་དེ་ཆགས་རྒྱུ་ཡིན་པའི་མགྲིན་ཚབ་པ་ཨང་རིམ་གཉིས་པ་བ་དེ་ཡིན།” ཞེས་བཤད་འདུག ཁྱེད་ཀྱིས་ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁྲོད་ཀྱི་གོ་གནས་མཐོ་ཤོས་ཏེ་སྲིད་སྐྱོང་གི་ཁྲི་འཛིན་གྱིན་ཡོད། བོད་མི་དམངས་ལ་ནི་ཁྱེད་ཀྱི་མ་འོངས་པའི་རེ་འདོད་ཆེན་པོ་དེ་ཅི་ཞིག་ཡིན་མིན་ཤེས་རྒྱུའི་འདོད་པ་ཡོད་པ་ང་ཚོར་ཡིད་ཆེས་ཡོད།
༤༽ གལ་སྲིད་ཁྱེད་ཀྱིས་ད་ལྟའི་གོ་གནས་དེ་ཨང་རིམ་གཉིས་པ་ལྟ་བུར་མཐོང་གི་ཡོད་ན། ཁྱེད་ཀྱི་འཆར་གཞི་རྣམས་ཅི་ཞིག་ཡིན་ལགས།
ང་ཚོས་སླར་ཡང་ནིའུ་ཡོག་དུས་བབ་སྟེང་ཁྱེད་ཀྱི་ལོ་རྒྱུས་འཁོད་པ་དེ་ལ་དགའ་བསུའི་འཚམས་འདྲི་ཞུས་ཆོག་པ་ཞུ། ཁྱེད་ཀྱིས་དྲི་བ་འདི་དག་ལ་ལན་འདེབས་གནང་བ་རྣམས་ང་ཚོའི་དྲ་རྒྱ་(http://www.tibetnc.org)་ལ་དགོད་རྒྱུ་ནི་དགའ་བཞིན་སྤྲོ་བཞིན་ཞུ་ངེས་ཡིན། ཁྱེད་ཀྱི་ལན་འདེབས་ལ་སྔོན་ཚུད་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
བོད་རྒྱལ་ལོ།།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས་
༢༠༡༤ ལོའི་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཕུལ།
ཞོང་པ་སྟོང་པའི་ཞོང་འཛིང་རང་རེད་ རང་བཙན་ཟེར་ནའི་འདྲ་ རང་སྐྱོང་ཟེར་ནའང་འདྲ་ དབུ་མའི་ལམ་ཟེར་ནའང་འདྲ་གང་ལྟར་རྒྱ་ནག་དམར་པོའི་སྲིད་གཞུང་དེ་མེད་པ་མ་ཆག་བར་དེ་རྣམས་ཚང་མ་སྟོང་པ་དང་ སྒྲུབ་ཐབས་མེད་པ་ཞིག་རེད་
དབུ་མའི་ལམ་གྱི་སྐད་ཆ་དེ་ངཚོའི་ཉན་ན་སྙན་པ། དོན་དག་ཡོད་པ། བསམ་བློ་རྒྱ་ཆེན་པོ་དང་ཕུགས་རྒྱངས་རིང་པོ་འདྲ་ཞིག་འདུག ཡིན་ནའང་རྒྱ་མིའི་ངོས་ལ་དབུ་རང་གཉིས་ལ་ཁྱད་པར་མི་འདུག དེར་བརྟེན་དབུ་མའི་ལམ་ལ་གྲུབ་འབྲས་ཐོབ་མི་སྲིད།
དབུ་མའི་ལམ་གྱི་འགྲེལ་བཤད་ལ་བལྟས་ན་གཞུང་རྒྱ་ཆེན་པོ་ཤེས་དགོས་པ་འདྲ། མཐའ་བཞི་དང་མཐའ་གཉིས་ལས་སོགས་མང་པོ་ཞིག་དམངས་ཁྲོད་དུ་སྐད་ཆ་གསར་པ་རེད། དེ་འདྲ་ཡིན་དུས་དང་་པོ་བོད་མི་ཐམས་ཅད་ཀྱི་བསྡུས་གྲྭ་དང་ཚད་མ་གྲུབ་མཐའ་ས་ལམ་སོགས་སྦྱང་ནས་གཞི་ནས་དབུ་མའི་གཞུང་ལ་ཞིབ་འཇུག་མཐིལ་ཕྱིན་ཞིག་བྱེད་དགོས་པ་འདྲ། མ་གཞི་ནས་གོང་ས་མཆོག་གིས་སྔོན་ཚུད་ནས་བོད་མི་རྣམས་ཀྱིས་རིག་ལམ་སྦྱོང་དགོས་གསུངས་པར་མ་ཟད། སློབ་གྲྭ་ཁག་ཏུའང་སློབ་ཚན་བཞག་ཡོད་འདུག དེ་འདྲ་སྦྱོང་ཐུབ་ན་གཞི་ནས་རང་བཙན་ནམ་རང་མཚན་གྲུབ་མ་གྲུབ་ལས་སོགས་ཀྱི་རྣམ་ཤེས་ནས་དབུ་མ་ཡག་པོ་ཞིག་ཤེས་ན་རང་བཙན་ནམ་རང་མཚན་མ་གྲུབ་པར་ཤེས་ཐུབ་ཀྱི་རེད།
སྲིད་སྐྱོང་ལ་ཕུལ་རྒྱུའི་ཡི་གེ་དེ་ཁ་བརྡ་ཚང་ལ་ཕུལ་དོན་ཅི་ཡིན་ནམ། ངོ་མ་ཡ་མཚན་རེད། དེང་སང་སྐབས་འཚོལ་བ་ཚོས་འཁྲབ་མི་ཤེས་པའི་སྣ་མི་འདུག
ད་ནི་ཁ་མང་འདུག་དྲན་མཁན་དང་ལབ་མཁན་ཡོད་སྲིད་མོད་ཚིག་རེ་ཟུང་ཞིག་མི་བཤད་ཀ་མེད་འདྲ་མཐོང་སོང་།
དེང་སྐབས་སྐད་འཕྲིན་དང་། ངོ་དེབ་སོགས་བརྒྱུད་ལམ་འདྲ་མི་ནང་དུ་གོ་སྐབས་འདྲ་མིན་སྣ་ཚོགས་བརྒྱུད་ནས་སྤྱི་ཚོགས་དཀྲུགས་ཤིང་སློང་མཁན་ནི་ཉིན་རེ་བཞིན་དུ་མང་རུ་འགྲོ་བཞིན་པ་འདི་དག་ལ་གཞིགས་ཚེ། ཕྱོགས་གཅིག་ནས་དགྲ་བོས་ཇུས་འགོད་འོག་ནས་ལས་དོན་གཉེར་མཁན་ཡོད་སྲིད་ལ། ཕྱོགས་གཞན་ཞིག་ནས་བཤད་ན་བོད་མི་ནང་ཁུལ་དུའང་བསམ་མེད་བྱིས་པའི་ངང་ཚུལ་དང་ལྡན་པའི་ཐ་ཤལ་བའི་རིགས་སམ་དགོས་མེད་ཕྱོགས་ཞེན་དང་མཐེན་འཁྱེར་དགའ་བའི་མི་ངན་ཡང་མང་ཙམ་ཡོད་པ་ནི་དངོས་ཡོད་རེད།
དེ་དག་ནང་ནས་དང་པོ་ནི་དངུལ་དངོས་ཀྱི་ལག་ཆར་གྱུར་ཟིན་པའི་ཕུགས་བསམ་མེད་པའི་བོད་རིགས་ཁག་གཅིག་ཡིན་པས་ཁོང་ཚོ་ནི་མི་རིགས་ཀྱི་བདེ་སྡུག་དང་། ལ་རྒྱལ་སོགས་ཁ་ཕོར་གྱི་དོན་དུ་འདོར་ཚར་མཁན་དག་ཡིན་པས་ནམ་ཡང་བཤད་ཀྱང་ཕན་འབྲས་ཡོད་པ་ཞིག་མ་མཐོང་། ཁག་གཅིག་ནི་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་ཁྲིམས་ལུགས་ཀྱི་ཤེས་བྱ་སོགས་རྒྱུས་མངའ་གང་ཡང་མེད་མཁན་ཡིན་པས་ཁོང་ཚོ་ནི་གཞན་ཟེར་རྒྱུགས་དང་། རི་བོང་ཅལ་འདྲོགས་ལ་ཧ་ཅང་དགའ། དེ་མིན་ཆོས་ལུགས་དང་ཆོལ་ཁའི་ནད་རོ་གདོན་བརྙིང་གིས་སྦོས་ཟིན་པའི་འཁྲེགས་འཛིན་རིང་ལུགས་པ་ཚོ་ནི་ཕྱོགས་གཅིག་ཁོ་ན་ལས་མཐོང་མི་ནུས་པའི་རང་རློམ་ཅན་ཚོ་ཡིན་ལ། ཁོང་ཚོ་ལ་རྒྱུ་མཚན་དང་གནས་ལུགས་གང་ཡང་འགྲོ་ས་མེད་པའི་རྐྱེན་ངོ་མ་ནི་རང་སྣང་དག་པ་རབ་འབྱམས་འབའ་ཞིག་འཛིན་མཁན་ཡིན་པས་སོ།
གོང་གསལ་མི་ངན་འདི་ཚོའི་བྱ་སྤྱོད་ནི་དགོས་མེད་ཀྱི་འཆལ་གཏམ་དང་། གཞིར་མེད་སྐྱོན་བརྗོད། པར་རིས་དང་ཡིག་འཁྱམ་འདྲ་མིན་རྒྱུད་འགོད། བྱ་བ་ངན་པའི་རིགས་སྤེལ་མཁན་ལ་དགའ་བསུ་དང་རྒྱབ་སྐྱོར་གྱི་རྣམ་འགྱུར། ད་དུང་ངན་བསྐུལ་སོགས་ཀྱི་ལས་སུ་ཞུགས་ཀྱིན་ཡོད། མདོ་ན་རང་གི་རྣམ་དཔྱོད་བེད་སྤྱོད་གཏང་མི་ནུས་པ་དང་། དེ་ལྟར་མི་འདོད་པའི་སྐྱེ་བོ་ཐ་ཤལ་འདི་ཚོ་ནི་བོད་པའི་སྤྱི་ཚོགས་ནང་གི་མཐུར་ཤོར་ཆེས་ཆེ་ཤོས་སུ་མཐོང་གྱིན་ཡོད། སྤྱིར་འཛམ་བུ་གླིང་འདིའི་ནང་དུ་མི་བུ་འདིའི་གྲལ་གྱི་འབྱུང་རྩ་ངོ་མ་ནི་ཤེས་ཡོན་མེད་པས་རྐྱེན་ཡིན་པར་ངོས་འཛིན་གནང་སྲོལ་ཡོད་པ་ལྟར་ང་ཚོས་ཀྱང་ཞིབ་འཇུག་ཏོག་ཙམ་བྱས་པ་ཡིན་ན། མི་བུ་འདི་དག་གི་ནང་དུ་ཤེས་ཡོན་ཅན་དང་། དྲང་བདེན་ཅན། དེ་བཞིན་འགན་འཁུར་རང་བཞིན་ལྡན་པའི་སྒོ་ནས་བསམ་ཚུལ་སྤེལ་ནུས་མཁན་དང་། ཕྱི་གསལ་ནང་གསལ་གྱི་སྒོ་ནས་སྤྱི་ཚོགས་ཀྱི་མིག་སྔར་དོན་ནུས་མཁན་ཧ་ལམ་མེད་པ་ལྟ་བུར་ངོས་འཛིན་ཞུ་ཐུབ།
མདོར་བསྡུས་ནས་བཤད་ན་རང་གཤིས་བོར་ཟིན་པའི་སྐྱེ་བོ་འདི་དག་ནི་ངོ་མ་བློ་ཕམ་དགོས་པའི་གནས་སུ་གྱར་ཡོད། གུས་པའི་རྨོངས་འཆར་འདི་ནི་གཞན་ལ་ཟུར་ཟ་དང་ཕྱོགས་ཞེན་ལྟ་བུར་གཏན་ནས་མ་ཡིན་མོད། ཡི་གེ་འབྲི་སྟངས་དང་། ཚིག་སྦྱོར་བཀོལ་སྟངས་ཀྱི་ཆ་ནས་ཉེས་སྐྱོན་མང་དག་ཡོད་སྲིད་པའི་མཁྱེན་ལྡན་པ་ཚོས་དེ་ལུགས་ཐུགས་སུ་མངའ་བར་མཁྱེན་མཁྱེན་ཞུ་རྒྱུ་ཡིན་ནོ།། །
མང་གཙོའི་འགྲོ་ལུགས་ལྟར་བྱས་ན་༼ བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་༽ཟེར་པ་ལྟ་བུ་འཕྱར་ཏེ་བཙན་བྱོལ་སྤྱི་ཚོགས་ནང་རང་བཙན་ལབ་མཁན་མི་རེ་གཉིས་ཤིག་ཡོད་པ་ཁོང་རྣམས་ལ། དབུ་མའི་ལམ་དང་དེའི་ནང་དོན་ཐད། གཞིས་བྱེས་བོད་མིའི་དབུ་མའི་ལམ་གྱི་ཡིད་ཆེས་དང་རྒྱབ་སྐྱོར་གྱི་ཚད་མཐོ་དྲག་ནས་དྲི་བ་གཏོང་རྒྱུའི་འོས་བབ་དང་རྨང་གཞི་མེད་པ་དེ་གསལ་བོ་རེད་ལ། དབུ་མའི་ལམ་ལ་ཁ་ཙམ་གྱིས་ཡིད་ཆེས་བྱེད་མཁན་ཞིག་ཡིན་ནའང། ༼ བོད་རྒྱལ་ཡོངས་༽ཟེར་པ་ལྟ་བུའི་གྱ་ཚོམ་དང་གཞི་རྩ་མེད་པའི་མིང་འདི་འདྲའི་འོག་གི་༼ མི་རེ་གཉིས་ཀྱི་༽དྲི་བ་དང། ཡང་ན་དོགས་པ་དང་གུས་པའི་ཟོལ་གྱིས་མགོ་ཉོག་དཀྲུག་འདོད་ཀྱི་དམིགས་དོན་སྦས་ཏེ་ཡོད་པའི་དྲི་བའི་རྣམ་ཅན་དག་ལ་ཉན་ཞིབ་དང་དོ་སྣང་བྱེད་རྒྱུ་ལས། ལན་འདེབས་ཡ་ལན་ཚིག་གཅིག་གནང་མི་དགོས་པ་དེ་གསལ་བོ་ཡིན་སྟབས། སྲིད་སྐྱོང་གིས་ཀྱང་འདི་འདྲའི་དྲི་བར་ལན་གནང་སྟེ་ཆུ་ཚོད་འཕྲོ་བརླག་ཏུ་མ་བཏང་ན་འཐུས་བར་སེམས།
དེ་ལས་ཀྱང་གསལ་བོར་ཞུ་དགོས་པ་ཞིག་ནི། ད་ལྟའི་གཞུང་འཛིན་འདི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་ཐོབ་པ་དང། དབུ་མའི་ལམ་གྱི་འོས་ཤོག་ལས་སྲིད་སྐྱོང་གནང་གི་ཡོད་སྟབས། བཙན་བྱོལ་ནང་གི་རང་བཙན་ཟེར་མཁན་གྱི་མི་ལྔ་དྲུག་ཅིག་གི་བསམ་ཚུལ་འདི་བསམ་ཚུལ་གྱི་ངོ་བོ་ཙམ་ལས། གཞུང་གི་སྲིད་བྱུས་ཀྱི་ཁ་གཏད་དུ་ལངས་རྒྱུའི་གཞི་རྩ་དང་རྒྱབ་ལྗོངས་གང་ཡང་མེད་པ་གསལ་བོར་ངེས་དགོས་པ་དེ་ཐུགས་འཇགས་ཞུ། སླད་མར་བསམ་བཞིན་ཉོག་དྲ་མི་བཟོ་བའི་འབོད་སྐུལ་དང་བཅས།
འཇམ་པའི་བལ་གྱིས་བཟོས་པའི།
འུ་རྡོ་ཆུ་མིག་དགུ་སྒྲིག
རྒྱག་པའི་ཁ་ལ་མ་ཕོག
མ་བརྒྱབས་སྣ་ལ་ཕོག་འདུག་ཅེས་པ་ལྟར་སེང་གེ་ལ་དྲིས་པའི་དྲི་བ་འདི་ལ་ཁུག་རྟས་ལས་བརྒྱབས་པ་འདི་ནི་ཅི་འདྲའི་དགོད་མོ་ཤོར་བའི་གནད་དོན་ཞིག་རེད།་་་ཧཧཧ
དབུ་མའི་ལམ་ཟེར་བ་འདི་བཙན་བྱོལ་ནང་གི་རང་ལྟོ་དོན་གཉེར་བ་བཞི་ལྔ་ཙམ་གྱི་འདོད་ཕྱོགས་ཙམ་ཡིན་པ་ལས་བོད་མི་རྒྱ་ཆེན་མི་དམངས་ཀྱི་རེ་འདུན་དང་དམིགས་ཡུལ་མིན་སྟབས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ངོས་ནས་དྲི་བ་བཏོན་པ་འདི་ལ་དགག་བྱ་དང་དགོས་པ་དེ་ཙམ་མི་འདུག་སྙམ།
ཆིན་པའི་ནད་དེ་ བོད་རྒྱལ་ཡོངས་རང་བཙན་ཚོགས་པའི་ཚོགས་མི་ཚོར་འདུག་ཟེར་
འབྲོང་ངུར་ལགས་ཀྱི་རྩོམ་འདི་ཞན་གྱི་རྩོམ་འོག་ཏུ་མཆན་བཏབ་པ་ལས་ཁ་བརྡའི་དྲྭ་ངོས་སུ་འགོད་ན་མི་མང་བོས་ཀློག་རྒྱུ་རེད་སྙམ།།
ཧ་ཧ། ད་རེས་ཤར་གྱི་འདྲེ་བྱ་འདི་སྲིད་སྐྱོང་ལ་ཤ་ཚ་ཆེ་མདོག་ལ། དགད་མོ་མ་སློང་། ནམ་རྒྱུན་སྲིད་སྐྱོང་ལ་འདྲེ་མཐོང་མཐོང་འདྲ་ཞིག་རེད། འོ་རེད། ད་རེས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་མགོ་འབུལ་ལུས་འབུལ་གྱི་པེ་ཅིང་ལ་ཕྱག་འབུལ་ཞུ་བཞིན་པའི་ལམ་ལུགས་དབུ་མའི་ནང་སྙིང་ཕྱིར་བུད་པའི་དྲི་བ་འདིས། ལྟོ་གོས་གཏམ་གསུམ་པེ་ཅིང་སྲིད་གཞུང་ལ་གཟེད་བསྡད་པའི་འདྲེ་བྱ་ཁྱོད་ལྟ་བུ་སྙིང་རླུང་སྟོད་ལ་འཚང་བ་ཅི་ཁག། མ་གཞི་སྲིད་སྐྱོང་འདི་བོད་དང་བོད་མི་རིགས་ཀྱི་མགོ་འཁྲིད་ལ་འདེམས་པ་རེད་ཡང་ན་རྡ་སའི་དབུ་མ་སྐབས་འཚོལ་བ་གཅིག་པུའི་ཆེད་དུ་འདེམས་པ་རེད། བོད་མི་རིགས་ཀྱི་
མགོ་འཁྲིད་ལ་འདམས་ཡོད་ན་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཐད་དྲི་བ་གཏོང་མི་ཆོག་པའི་རྒྱུ་མཚན་ཅི་རེད། ལར་ནས་ཁྱོད་གང་ཟག་སྒེར་གྱི་ལྟོ་འཕོར་ཁོ་ནའི་ཆེད་སྲིད་སྐྱོང་ལ་གཞི་མེད་སྐྱོན་བརྗོད་བྱེད་ཆོག་པ་དང་རང་བཙན་ལྷན་ཚོགས་ཀྱི་མི་རིགས་ཀྱི་རྩ་དོན་ཆེད་དྲི་བ་གཏོང་མི་ཆོག་པའི་རྒྱུ་མཚན་ཅི་རེད།
མ་གཞི་པེ་ཅིང་སྲིད་གཞུང་གིས་རང་དབུ་གཉིས་ལ་རྣམ་དབྱེ་མི་འབྱེད་པར་ཁྱོད་ཅིའི་ཕྱིར་རང་དབང་དང་དམངས་གཙོ་ལོངས་སུ་སྤྱོད་བཞིན་པའི་སྐྱབས་བཅོལ་བ་ཚོའི་རང་དབང་གི་བསམ་བློ་ལ་ཚོད་འཛིན་དང་རྨེག་མེད་དུ་བཏང་ནས་གཅིག་བསྡུས་རིང་ལུགས་རྒྱ་སྐྱེད་གཏོང་ཐབས་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རྒྱུའི་བྲེལ་ཤ་ཅིའི་ཕྱིར་ལངས་སོང་ངམ། མགོ་མདོག་རིང་ལུགས་འདི་ཚོའི་བྱ་བྱེད་ལ་བརྟེན་ནས་པེ་ཅིང་སྲིད་གཞུང་གིས་མཁྲེགས་འཛིན་གྱི་སྲིད་ཇུས་འཛིན་པར་ཅི་ཁག།
བོད་ཡིག་སྟེང་བསྒྱུར་བ་དང་ཨིན་ཡིག་གི་མ་དཔེ་ཅུང་མི་འདྲ་ལེ་འདྲ་ཅིག་མཐོང་སོང་།
༼ཧཧ། ད་རེས་ཤར་གྱི་འདྲེ་བྱ་འདི་སྲིད་སྐྱོང་ལ་ཤ་ཚ་ཆེ་མདོག་ལ། དགད་མོ་མ་སློང་། ནམ་རྒྱུན་སྲིད་སྐྱོང་ལ་འདྲེ་མཐོང་མཐོང་འདྲ་ཞིག་བྱེད།༽
༼ཁྱོད་གང་ཟག་སྒེར་གྱི་ལྟོ་འཕོར་ཁོ་ནའི་ཆེད་སྲིད་སྐྱོང་ལ་གཞི་མེད་སྐྱོན་བརྗོད་བྱེད་ཆོག་པ་དང་རང་བཙན་ལྷན་ཚོགས་ཀྱི་མི་རིགས་ཀྱི་རྩ་དོན་ཆེད་དྲི་བ་གཏོང་མི་ཆོག་པའི་རྒྱུ་མཚན་ཅི་རེད།༽
བསྟོད་པ་དང་དགག་པ་མ་རྒྱབ་སྔོན་ལ་གོང་གི་སྙན་ཞུ་འདིས་ག་རེ་བཤད་ཀྱི་ཡོད་མེད་གསལ་པོ་ཞིག་གོ་ཐུབ་མ་སོང་། ཁྱེད་ཚོས་གོ་ཡོད་པ་འདྲ།
བཤད་སྟངས་འདི་བོད་སྐད་ཡིག་གི་འགྲོས་དངོས་གནས་མིན་པ་འདྲ། བཀའ་བསྟན་འགྱུར་ཅིག་རེད་ན། ཨ་ཡོ་་་ད་དངོས་གནས་ཐང་ཆད་ཀྱི་འདུག
སྲིད་སྐྱོང་བློ་བཟང་སེང་གེ་ལ་ཕུལ་བའི་ཡོངས་བསྒྲགས་བསྐུར་ཡིག
ནིའུ་ཡོག་དུས་བབ་ཀྱི་རྩོམ་ཡིག་དང་འབྲེལ་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་གུས་ཞབས་དང་བཅས་ཕུལ་བའི་ཡོངས་བསྒྲགས་བསྐུར་ཡིག།
༄༅།།དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ།
ཞུ་གསོལ།
ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༧ ཚེས་ ༡༩ ཉིན་གྱི་ནིའུ་ཡོག་དུས་བབ་(New York Times)སྟེང་འཁོད་པའི་སྐུ་ཉིད་ཀྱི་ལོ་རྒྱུས་རིང་པོ་དེ་[1]མཐོང་ནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དགའ་བོ་བྱུང་། བོད་ཀྱི་དམངས་གཙོ་ལེགས་ལམ་དུ་འགྲོ་བར་མི་དམངས་ཀྱིས་རང་གིས་བདམས་པའི་འཐུས་ཚབ་རྣམས་ལ་དྲི་བ་གཏོང་རྒྱུ་གལ་ཆེན་ཡིན་པ་ཁྱེད་ནས་མོས་མཐུན་བྱེད་རྒྱུར་དོགས་པ་མེད་པ་ཞིག་རེད། དེར་བརྟེན་ང་ཚོས་གུས་ཞབས་དང་བཅས་གོང་གསལ་རྩོམ་ཡིག་ཏུ་འཁོད་པ་གཞིར་བཟུང་ནས་སྐུ་ཉིད་ལ་དྲི་བ་བཞི་ཕུལ་ཡོད།
གོང་བརྗོད་རྩོམ་ཡིག་ནང་ཁྱེད་ཀྱིས་ཕྱི་ལོ ༢༠༡༣ ལོར་“ཨ་རིའི་ཕྱི་འབྲེལ་ལྷན་ཚོགས་(the Council on Foreign Relations)ལ་བོད་ཀྱི་དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་དང་། དེ་ལས་གཞན་པའི་གལ་ཆེའི་གོ་གནས་ལ་བོད་རིགས་བསྐོ་འཇོག་བྱེད་པ་ཞིག་འོང་རྒྱུ་དེ་ཡིན་ཚུལ་”བརྗོད་ལུགས་འཁོད་འདུག ད་དུང་སྐུ་ཉིད་ཀྱིས་བཤད་པའི་ “ང་ཚོས་ད་ལྟ་ཡོད་པའི་དབང་འཛིན་ཤོག་ཁག་གི་སྒྲོམ་གཞི་ལ་ཁ་གཏད་གཅོག་པའམ་དྲི་བ་གཏོང་གི་མེད་”ཅེས་པ་ཞིག་ལུང་འདྲེན་བྱས་འདུག
འཁྲུག་ཆ་ཅན་གྱི་བོད་ཀྱི་དམངས་གཙོ་ནི་་་རྒྱུན་ལྡན་མིན་པའི་བོད་ཀྱི་དམངས་གཙོ་ཟེར་བ་རེད། འདི་ལ་དམིགས་གསལ་གྱི་དགོས་པ་རྒྱུ་མཚན་ག་རེ་ཡོད་པ་རེད་དམ།
དབུ་མའི་ལམ་གྱི་ཆ་ཤས་གསར་པ་ཟེར་བའི་དོན་དག་གོ་ཐུབ་མ་སོང་།
རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཡིནའང་འདྲ་རྒྱལ་སྤྱི་རང་བཙན་ལྷན་ཚོགས་ཡིནའང་འདྲ་དོན་དངོས་མི་ལྔ་དྲུག་ཞིག་རེད་
འདྲ་ཤར་ལ་ཞག་ནས་ཏོར་མ་ནུབ་ལ་གཡུག་ཟེར་བའི་དཔེ་ལྟར་དུས་རྟག་ཏུ་རང་གི་བསྒྲིགས་འཛུག་དང་རང་གི་བླ་མ་རང་གི་འགོ་ཁྲིད་ལ་དེ་འདྲའི་སྡང་ཟུགས་གནང་དགོས་དོན་གང་ཡིན།
ཁྱི་ཚོགས་ཤིག་ཡིན་པ་འདྲ།
༼ཡོངས་བསྒྲགས་བསྐུར་ཡིག་༽ཟེར་བ་འདིའི་གོ་དོན་གང་ཡིན་ལ་ཚིག་འགྲེལ་ཞིག། དྲ་ཉེ་མཁྱེན་ལྡན་པ་ཞིག་གིས་ཅིག་འབྲི་རོགས་གནང་།
མི་རྗེ་སྲིད་སྐྱོང་མཆོག་གིས་འགྱངས་མིན་ལྗགས་ལན་ཕུལ་ཆོག་ཅེས་ཡ་ལན་བསྟར་འདུག་པས། སྙིང་ནས་དགའ་ཡོད།
མི་མང་གི་འབོད་སྒྲར་གསན་འཇོག་ཐུབ་པའི་དབུ་འཁྲིད་ལ་ད་གཟོད་མང་ནས་བཀུར་འོས་སོ།
མི་རྗེ་སྲིད་སྐྱོང་མཆོག་ལས་མེད་ངང་དུ་སྤྱི་ཚོགས་དྲ་འབུ་ཚོ་དང་ལྷན་དུ་ཕེབས་ཀྱིན་ཡོད་ན་མ་གཏོགས། གད་སྙིགས་ནམ་ཡང་བདག་པོ་གནང་མི་སྲིད།
གོ་བ་མེད་པའི་གཤིན་པོ་དག་ལ་ཟློ་བ། རྐུན་མ་ནང་དུ་བཅུག་ནས་སྒོ་ལྕགས་ཕྱི་རྒྱག་པའི་སྲོལ་ངན་འདི་ཅིས་ཀྱང་སྒྱུར་རན་འདུག
མཛུབ་མོ་ལྔ་བཅངས་ཁུ་ཚུར་བྱས་ཏེ་མདུང་མོ་སྐྱ་རིང་གི་ཡུ་བ་དམ་དུ་འཛིན་དགོས་པར་མ་ཟད། མདུང་ཡུ་རང་སར་སྐོར་ནས་མདུང་མགོ་དགྲ་ལ་གཏད་དགོས། ཁྱེད་ཚོས་མདུང་མགོ་རང་ཉིད་ཀྱི་བྲང་ཁར་བཙུགས་ཤིང་མདུང་ཡུ་དགྲ་དཔུང་གི་དཀྱིལ་དུ་སྐོར་འདུག་པ་ནི་བོད་མི་གསོན་པོ་ཞིག་ཕར་ཟད་དུར་ཁྲོད་དུ་ལོ་དགུ་འགོར་བའི་གཤིན་པོ་ལ་ཐོད་དམར་པོ་ཅན་ཚོས་ཀྱང་དེ་ནི་རོ་ཉལ་གྱི་ལས་ཤིག་མིན་པ་གསལ་བོར་ཤེས་ངེས་རེད། དགྲ་གཉེན་གྱི་རྒྱལ་ཕམ་ལ་དབྱེ་བ་མ་བྱེ་གོང་ཕ་རྒན་ལ་རྒྱུག་རྡུང་བྱས་ན་སྒོ་ཁྱི་ཡིན་ཡང་དགའ་ཚོད་མེད། ཁྱེད་ཚོ་ཤ་པགས་བར་གྱི་ཁབ་བྱེད་དོན་ཅི་ཡིན། བེམ་པོ་ལ་ཚོར་བ་མེད་ཀྱང་གསོན་པོ་ཚོའི་ཟུག་གཟེར་རྟོགས་དགོས་ཚོད་རེད། ན་ཟུག་འདི་སུ་ཡིས་སྲན་ནུས། ད་མི་ནུས་སོ། གཤིན་ཡུལ་ནས་སྐྱེ་བ་དྲན་ན་བོད་ཡུལ་གྱི་བུ་གུ་ཞིག་མིན་ཡང་ཁྱི་གུ་ཞིག་ཏུ་སྐྱེས་ཀྱང་དམར་རྒྱ་ཞིག་གི་བརླ་བཞག་འདྲུ་ཐུབ་པར་ཐེ་ཚོམ་མེད། ངས་ཁྱེད་ཚོར་ཞུ་བ་ཞིག་བྱེད། ད་ནང་དམེས་མ་བྱེད་རོགས།
རྒྱལ་ཁབ་མེད་པའི་རྒྱལ་ཡོངས། །
རང་དབང་མེད་པའི་རང་བཙན།
ཚོགས་མི་མེད་པའི་ལྷན་ཚོགས། །
དེ་གསུམ་གང་གི་ཆ་ལུགས། །
བོད་མི་ཉམ་ཆུང་ཚོའི་གཉའ་གནོན་དང་དྲང་བདེན་གྱི་དགྲ་བོ། མི་ཆེན་དཔོན་ཆེན་ཚོའི་རྐུབ་གཡོག་་ལུང་རྟོགས་ཟེར་བ་འདི་ལ་རྒྱུ་འབྲས་ཤིག་འཁོར་དགོས་ངེས་ཡིན། མེ་ཁར་ཕྱིན་ན་མེ་ཡིས་ཚུགས། ཆུ་ཁར་ཕྱིན་ན་ཆུ་ཡིས་འཁྱེར། རླུང་ཁར་ཕྱིན་ན་རླུང་གིས་ཁུར་དགོས་ངེས་ཡིན།
ལས་འབྲས་ཟེར་བ་ཞིག་ཡོད་ན་ཉམ་ཆུང་བོད་མིའི་གཉའ་གནོན་སྒེར་གཅོད་པའི་ལག་གཡོག་འདི་དག་ཚར་གཅོད་རོགས་ཅེས་ཆོས་སྐྱོང་སྲུང་མ་ལ་གསོལ་བ་འདེབས་བཞིན་ཡོད།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་རིགས་ཞེན་དང་ལྷག་བསམ་ལ་ཡི་རངས་ཞུ། ཡིན་ཡང་། ཁྱེད་ཅག་བོད་མི་རིགས་ལ་སེམས་ཤུགས་ཡོད་པ་དངོས་བདེན་ཡིན་ཚེ་བོད་ཡིག་བོད་སྐད་ཡག་པོ་ཞིག་སྦྱོང་རྒྱུ་གལ་ཆེན་པོ་རེད། དེ་མ་གཏོགས་སྐབས་འཚོལ་རང་ལུགས་པའི་སྐྱེ་བ་བླངས་པ་ཙམ་ལས་བོད་མི་རིགས་ལ་ཕན་རྒྱུ་ནི་ཕར་རིའི་སྤང་རྒྱན་རེད། གོང་གི་དྲི་བ་དེ་དག་ནི་བྱིས་པ་གླེན་པ་ཞིག་གི་ལབ་བརྡོལ་ཙམ་ལས་གོ་རྒྱུ་ཚོར་རྒྱུ་ཅི་ཡང་མི་འདུག དངོས་གནས་དྲང་གཏམ་བཤད་པ་ཡིན། འདི་འདྲིའི་དྲི་བ་ཐབས་ཆག་ཅིག་བོད་ཀྱི་སྲིད་སྐྱོང་ཆེན་པོ་ལ་ཕུལ་བ་ནི་སོ་སོའི་རང་མཚང་དམར་རྗེན་དུ་བསྟན་པ་ལས་མི་རིགས་ལ་སྨན་པའི་ལས་དོན་སྐྱོང་སྟངས་ཤིག་མིན། ད་དུང་བོད་རྒྱལ་ཡོངས་ཞེས་མིང་རྫིག་པོ་ཞིག་ཁུར་ནས་དོན་དངོས་སུ་རང་མི་རིགས་ཀྱི་སྐད་ཡིག་ལ་ཁྱད་གསོད་བྱས་ན་འོས་འཚམས་གཏན་ནས་མ་རེད། རྗེས་ཕྱོགས་བོད་མི་མི་རེ་ངོ་རེ་ནས་འདི་འདྲའི་ཕྱོགས་ལ་གཟབ་ནན་བྱེད་རྒྱུ་གལ་ཆེན་པོ་རེད།
སྤྱིར་སྲིད་སྐྱོང་མཆོག་ཡར་སྲིད་ཁྲིར་ལ་འཁོད་གནང་བ་ནས་བཟུང་ད་ལྟ་བར་ལ་བོད་རིགས་མི་མང་གིས་དམིགས་སིའི་ཡུལ་དང་ཧ་ཅང་གི་ཐག་རིང་ཡིན་པ་དང་དེའི་ཐོག་ལ་གོམ་བགྲོད་ཀྱང་དལ་པོ་ཞེ་པོ་རེད་འདུག་པས་དེ་དོན་ཐུགས་འཇག་གནང་ནས་དུས་ཚོད་དམ་འཛིན་གནང་རོགས་ཞུ་རྒྱུ་ཡིན་ བྱས་ན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བས་དྲི་བ་ཕར་ཞོག་ལྷན་ཚོགས་ཁོ་རང་ངོོས་ལེན་མེད་གང་ཡིན་ཟེར་ན་བོད་པའི་སྤྱི་ཚོགས་ནང་ལ་ཚོགས་པ་ཉུང་དྲག་པའི་དཀའ་ངལ་མེད་ཡིན་ན་ཡང་ལས་བསྐུལ་སྤེལ་མཁན་ཤིན་ཏུ་ནས་ཉུང་ཉུང་རེད་ དེ་ནས་ཁྱོད་ཚོས་བཏོན་པའི་དྲི་བ་དེ་ཚོས་བོད་པས་སྤྱི་ཚོགས་སམ་བདེ་དོན་ལ་ཕན་པ་ལས་གནོད་ཆེ་བ་རེད་འདུག་རྒྱུ་མཚན་ནི་དྲི་ལན་འདི་འདྲ་ཞིག་འཁྱེར་ནས་སུ་ལ་གསལ་བཤད་བྱེད་རྒྱུ་ཡིན་ནམ་རྒྱ་གཞུང་ལ་ནི་དགོས་ཕན་མེད་བོད་མི་རིགས་ལ་ནི་ཕན་ལས་གནོད་ཆེ་རྒྱལ་སྤྱིའི་ནང་ལ་ནི་གསལ་བཤད་འདི་འདྲ་ཞིག་ལ་སྙིང་རྗེ་ལབ་ནས་ལག་པ་འཆང་མཁན་རག་ནེ་མ་རེད་ དེ་ལས་ཚོགས་འདི་འདྲ་ཞིག་བཙུགས་ཡོད་དམིགས་ཡུལ་ནི་བོད་མི་རིགས་ཀྱིས་ད་ལྟ་དང་མ་འོང་པའི་ཆེད་དུ་ཐབས་ལམ་འདི་འདྲ་ཞིག་བེད་སྤྱད་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་གི་ཡིན་གསུང་ནས་དོན་ཤོག་དང་ དེ་དུས་ཁོ་བོ་ཀྱང་རྗེས་སུ་ཡིད་རང་དང་མཉམ་ཞུགས་གང་ཐུབ་ཞུས་ཆོག་ དེ་མིན་ཁ་སྟོང་པ་བཤད་ཡས་མང་དྲག་ན་མི་གཞན་གྱིས་རྒྱུག་ཁྱི་མིན་ཡང་ལག་ཆ་ཆག་མི་སྲིད་པ་མིན་
དྲ་གྲོགས་གེ་སར་ལགས། ལུང་རྟོགས་དེ་རྦད་དེ་སྒོ་ཁྱི་དེ་འདྲ་རེད་མི་འདུག ཁོ་ལ་བཤད་ན་ཏོག་ཙམ་ཉན་མཁན་འདྲ་ཞིག་མཐོང་སོང་། སྤྱིར་བཏང་སྤྲོ་ཐུང་ཐུང་དེ་འདྲ་ཡིན་ས་རེད། སྔོན་ཆད་སྐྲ་རིང་བློ་ཐུང་དེ་བུད་མེད་ལ་དཔེ་འཇོག་བྱེད་རུང་ད་ཆ་ཕལ་ཆེར་དེ་བློ་བཟང་དབང་རྒྱལ་དང་ལུང་རྟོགས་ལྟ་བུར་དཔེ་འཇོག་གིན་འདུག ཧ་ཧ་ཧ།
གང་ལྟར་ཡང་བོད་རྒྱལ་ཡོངས་རང་བཙན་ལྷ་ཚོགས་ཚོགས་ཀྱི་མིང་དེ་རྟེན་འབྲེལ་བཟང་པོ་འདྲ་ཞིག་མཐོང་སོང་། ཁྱི་ཚོགས་ཡིན་ནའང་འདྲ། ཕག་ཚོགས་ཡིན་འདྲ། ལྷ་ཚོགས་ཡིན་ནའང་འདྲ། རུ་ཚོགས་ཡིན་ནའང་འདྲ་གང་ལྟར་དེ་ཚོས་སྐད་ཅིག་རྒྱག་དུས་ཀྲུང་ནན་ཧའེ་ནས་རྣ་བ་ཀྲོང་ཀྲོང་བྱེད་ཀྱི་འདུག་ཟེར།
མི་ཞིག་ཡིན་ན་དཀར་ནག་གང་རུང་ཞིག་ངེས་པར་ཡིན་དགོས་པའི་ངེས་པ་མེད། མི་ཞིག་གི་སྐད་ཆ་གཅིག་གིས་མི་དེ་ནག་པོ་ཆགས་པའི་ངེས་པ་མེད་དོ།། ཡིག་གེ་འདི་ན་གུས་ཞབས་དང་བཅས་ཞེས་བྲི་འདུག་ན་དེ་ལ་ཆ་འཇོག་བྱེད་འོས་སོ།།
དོན་མེད་འུར་ཟིང་མ་སློང་༧བཀུར་འོས་སྲིད་སྐྱོང་ལགས་ཤེས་འཇན་གཉིས་ལྡན་ཡིན་པས་དྲ་འབུ་རྣམ་པས་ལམ་སྟོན་དགོས་ཡ་ཡོད་མ་རེད། རང་ས་ནས་ཁ་བཙུམ་ནས་སྡོད། གཙོ་བོ་ཤར་ཀྱི་ཁྭ་ཏ་སོགས་ལ་ལབ་ཡིན། ཁ་ཡག་ཁོག་ནག་་་་་་་་་་་་་་་་་་་་་་་་་་
སྐབས་འདིར་དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་མེད་པར། སྲིད་སྐྱོང་གིས་གང་བྱུང་བཤད་དེ་དབུ་མའི་ལམ་ཡིན་ཚུལ་བཤད་པར་སྐྱོན་བརྗོད་བྱས་པ་དེ་དྲ་བུས་ཤེས་པར་གྱིས་ཤིག
ཁྱད་མཚར།
དྲི་བ་དང་བསམ་ཚུལ་གང་ཡིན་གཅིག་ཀྱང་མ་གོ་བས་དཔྱད་པ་གཏོང་ཐུབ་ཀྱི་མི་འདུག མ་རྩོམ་དང་བསྒྱུར་རྩོམ་གང་ལ་སྐྱོན་ཡོད་མེད་མི་ཤེས་པས་བཤད་དཀའ་སོང་།གང་ལྟར་གོ་རྒྱུ་མེད་པ་གཅིག་རེད་འདུག
ཁོག་ན་སྙིང་དང་སྙིང་ན་དྲོད་ཡོད་པའི་བོད་མི་རྣམས་ཀྱིས་ཤེས་དགོས་པ་ནི་་་་བོད་རང་བཙན་དང་བོད་རྒྱལ་ཡོངས་་་ཅེས་པའི་མིང་ཚིག་འདི་གཉིས་ལ་དགྲ་མཐོང་མཐོང་བཟོ་མཁན་སུ་ཡིན་ནའང་བོད་མི་རིགས་ཀྱི་དགྲ་བོ་ངོ་མ་རེད། དེར་ཤེས་བྱོས།
བོད་རྒྱལ་ཡོང་དང་རང་བཙན་ཞེས་མིང་ཆེན་པོ་ཞིག་ཁྱེར་ནས་རྟག་པར་ནང་རྒོལ་ནང་རྡུང་བྱེ་དམཁན་འདི་ཚོ་ཁྱི་ཚོགས་མིན་ན་གང་ཡིན། བོད་ལ་གལ་སྲིད་ཆོས་སྐྱོང་སྲུང་མ་ཟེར་བ་ཞིག་ཡོད་ན་ནང་རུལ་བ་འདི་ཚོ་ཕྱོགས་རྟོག་དང་བཅས་པ་འགྱོག་ནས་མྱུར་དུ་ཚར་གཅོད་དགོས་ངེས་རེད།
ལུང་རྟོགས་ཟེར་བའི་མི་ཁྱོད་ཉོན་བྱོས།
༡་་་་་ཁྱོད་ཀྱིས་་་་་་་་་་བོད་ཡོངས་རང་བཙན་ལྷན་ཚོགས་ལ་ཁྱི་ཚོགས་རེད་ཅེས་དགྲ་མཐོང་མཐོང་བྱེད་བཞིན་པ་རེད། འདི་ནང་རྡུང་རེད་དམ་ཕྱི་རྡུང་རེད་་་་ཨ སྐྲ་རིང་མ།
༢་་་་་ཁྱོད་ཀྱིས་་་་་་་་༧ཀུན་གཟིགས་ཞྭ་དམར་པ་མཆོག་ཕྲག་དོག་གྱིས་སྙིང་རྩ་གད་ནས་ཤི་སོང་ཅེས་ཁ་བརྡའི་ཐོག་ཏུ་བཤད་སོང་། སྐད་ཆ་འདི་དག་ལ་ཁྲིམས་ཀྱི་མདུན་སར་འགན་ཁུར་དང་། སྙིང་རྩ་གད་ནས་ཤི་སོང་བའི་སྨན་ཁང་གི་དཔང་རྟགས་ཚོད་ལྡན་ཡོད་དམ།
འདི་ནས་ཡར་བརྩིས་པའི་མི་ལོ་བཞི་ལྔ་ཞིག་རིང་དུ་་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དགྲ་བོ་ལུང་རྟོགས་ཟེར་བ་འདིས་དཀྲུགས་ཤིང་དང་ནང་རྒོལ། ཆོས་ལུགས་བར་དུ་དཀྲུགས་ཤིང་། བོད་མི་རྒྱལ་གཅེས་ལྷག་བསམ་ཅན་རྣམས་ལ་ངན་སྨྲ་དང་མཐོང་ཆུང་། མི་བྱས་དགུ་བྱས་བྱས་ཡོད་ལ་མི་འབོད་དགུ་འབོད་བོས་ཡོད།
ཨ་ཙི་གངས་རིའི་རྒྱལ་གཅེས་བོད་མི་ཚོས།
རང་ལུས་མེ་སྲེག་བྱེད་ནས་ཤི་བ་ལས།
རྒྱལ་བཙོང་རེ་རེའི་སྲོག་རྒོལ་ཐུབ་ན།
གངས་ཅན་བོད་ལ་ཕན་པའི་བྱ་བཞག་རེད། ཐུགས་ལ་བཞག་བྱོས།
ནང་རྒོལ་དང་ཕྱིར་རྒོལ་ཞེས་བཤད་རུང་མ་བཤད་རུང་ཐམས་ཅད་ནང་རྒོལ་རེད་འདུག ཕྱིར་རྒོལ་བའི་བློ་སྟོབས་ཡོད་ན་རྒྱ་དམར་ལ་རྒོལ་དང་དེ་གས་ཆོག་ངའི་རྒྱབ་བསྐྱོར་བྱེད། འོན་ཀྱང་དེང་རྒྱ་དམར་ལ་རྒོལ་ན་ནང་རྒོལ་རེད་ཟེར་དེ་ནི་ནམ་ཡང་མཁས་ལེན་བྱེད་ཐུབ་ས་མ་རེད་ཞུ་རྒྱུ་ཡིན་ནོ།
བཅུ་གཉིས་ཡན་ལ་ཤོ་མེད།། གེ་སར་ཡན་ལ་དཔོན་མེད་ཅེས་ཤོད་སྲོལ་ཡོད་པ་ལྟར། ད་ནི་ལུང་རྟོགས་ནས་གེ་སར་ལ་ཕྱག་འཚལ་བའི་དུས་ལ་སླེབས་འདུག
གེ་སར་ཟེར་བའི་མིང་རྫིག་དོན་སྟོང་ཁོ་རེ། ཁོང་ཚོས་ནང་རྒོལ་མ་བྱས་སྔོན་ལ་ངས་ཁོང་ཚོར་རྒོལ་མྱོང་མེད་ད། ནང་རྒོལ་བ་ལ་རྒོལ་བ་ནི་ཕྱི་རྒོལ་ལས་ནང་རྒོལ་མ་རེད། ཤེས་ཨེ་སོང་། ཞྭ་དམར་སྙིང་རྩ་འགའ་ནས་གྲོང་སོང་བ་གསར་འགྱུར་རྒྱུད་ལམ་ནས་ཡོངས་བསྒྲག་བྱས་སོང་། དེབདེན་པ་མིན་པའི་ཁུང་སྐྱེལ་ཁྱོད་ལ་ཨེ་ཡོད་། དྲང་པོ་བཤད་ན་མི་ཁྱོད་ཚོའི་གྲལ་ནི་ནང་རུལ་བ་དང་སྒེར་དོན་གཙོ་འཛིན་པ་ཡིན་པ་ལས་སྤྱི་སེམས་ཅན་མིན་པ་དྲ་གྲོགས་ཚང་མས་ཤེས་ལེ་རེད། ཁ་བདེ་པོ་མ་བཤད་ཨ།
དཀྲུག་ཤིང་དང་ནང་རྒོལ་རྒྱལ་གཅེས་ལྷག་བསམ་ཅན་ཚོར་ངན་སྨྲས་དང་མཐོང་ཆུང་བྱེད་མཁན་སུ་ཡིན་མིན་ཁ་བརྡའི་ནང་ལ་བཤམ་ནས་བཞག་ཡོད་པས། ཁྱོད་རས་ཧམ་པ་རི་ཙམ་བཤད་ནས་བདན་པ་གཡག་ཙམ་ཐོབ་མི་སྲིད་དོ།
དྲ་ཐོག་འདིར་ནང་རྒོལ་ལས་ཕྱིར་རྒོལ་མཁན་གཅིག་ཀྱང་མི་འདུག། གཅིག་གིས་གཅིག་ལ་ཁྱེད་ནང་རྒོལ་དང་ང་ཕྱིར་རྒོལ་ཞེས་རྩོད་སྡོད་པ་ནི་རང་ངོ་མི་ཤེས་པས་གཞན་ལ་སྐྱོན་བརྗོད་ལས་མ་འདས། མདོར་ན། དབུ་ལམ་པ་ནི་རྒྱ་ལ་ངོ་སྟོད་དང་རང་བཙན་པ་ནི་བོད་ལ་ངོ་སྟོད་རེད་ཙམ་རེད།
ཨིན་བོད་ཤན་སྦྱར་མ།
AN OPEN LETTER ABOUT THE NEW YORK TIMES ARTICLE, RESPECTFULLY ADDRESSED TO SIKYONG LOBSANG SANGAY
ནིའུ་ཡོག་དུས་བབ་ཀྱི་རྩོམ་ཡིག་དང་འབྲེལ་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་གུས་ཞབས་དང་བཅས་ཡོངས་བསྒྲགས་བསྐུར་ཡིག་ཕུལ་བ།
Dear Sikyong Sangay la:
The Tibetan National Congress was happy to see your lengthy profile in the July 19, 2014 New York Times. No doubt you agree that a vibrant Tibetan democracy depends upon the people asking questions of their elected representatives. As a result, we had four questions based on this article that we would like to respectfully pose to you.
༄༅།།བརྩེ་བའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ།
གུས་ཞུ།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནི་ ༢༠༡༤ ལོའི་ཕྱི་ཟླ་ ༧ ཚེས་ ༡༩ ཉིན་གྱི་ནིའུ་ཡོག་དུས་བབ་(New York Times)སྟེང་འཁོད་པའི་སྐུ་ཉིད་ཀྱི་ལོ་རྒྱུས་རིང་པོ་དེ་[1]མཐོང་ནས་དགའ་བོ་བྱུང་། འཁྲུག་ཆ་ཅན་གྱི་བོད་ཀྱི་དམངས་གཙོ་ནི་མི་དམངས་ཀྱིས་རང་གིས་བདམས་པའི་འཐུས་ཚབ་རྣམས་ལ་དྲི་བ་གཏོང་བ་ལ་རག་ལས་པ་ཞིག་ཡིན་པ་ཁྱེད་ནས་མོས་མཐུན་བྱེད་རྒྱུ་ཡིན་པ་དེ་དོགས་པ་མེད་པ་ཞིག་རེད། དེར་བརྟེན་ང་ཚོས་གུས་ཞབས་དང་བཅས་གོང་གསལ་རྩོམ་ཡིག་ཏུ་འཁོད་པ་ལ་གཞི་འཛིན་གྱིས་དྲི་བ་བཞི་ཁྱེད་ལ་ཕུལ་ཡོད།
The New York Times article discussed how, in 2013, you “told the Council on Foreign Relations that the goal was to see ethnic Tibetans installed as party secretary and in other important posts in the Tibetan autonomous region.” You were quoted in the article as saying, “We don’t question or challenge the present structure of the ruling party.”
ནིའུ་ཡོག་དུས་བབ་ཀྱི་རྩོམ་ཡིག་དེས་ ༢༠༡༣ ལོར་ ཁྱེད་ཀྱིས་ “ཨ་རིའི་ཕྱི་འབྲེལ་ལྷན་ཚོགས་(the Council on Foreign Relations)ལ་ བོད་ཀྱི་དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་དང་དེ་ལས་གཞན་པའི་གལ་ཆེའི་གོ་གནས་ལ་བོད་རིགས་བསྐོ་འཇོག་བྱས་པ་ཞིག་འོང་རྒྱུ་དེ་ཡིན་ཚུལ་”བརྗོད་ལུགས་འཁོད་འདུག རྩོམ་ཡིག་དེའི་ནང་ཁྱེད་རང་གིས་གསུངས་ཚུལ་གྱི་སྐད་ཆ། “ང་ཚོས་ད་ལྟ་ཡོད་པའི་དབང་འཛིན་ཤོག་ཁག་གི་སྒྲོམ་གཞི་ལ་ཁ་གཏད་གཅོག་པའམ་དྲི་བ་གཏོང་གི་མེད་”ཅེས་པ་ལུང་འདྲེན་བྱས་འདུག
Your new Partial Middle Way (no democracy, communist rule, unconstrained militarization) has been discussed elsewhere. However, you have never explained why your Partial Middle Way is compatible with the Middle Way, or why it is the right choice for the Tibetan people.
ཁྱེད་ཀྱི་དབུ་མའི་ལམ་ཆ་ཤས་ཅན་གསར་པ་ ༼དམངས་གཙོ་མིན་པ། དམར་ཤོག་པའི་དབང་འཛིན་ཅན། བཀག་འདོམས་མ་བྱས་པའི་དམག་ཤུགས་དྲག་གནོན་བཅས་ཀྱི།༽ འདི་ནི་སྐབས་གཞན་ཞིག་ཏུ་གླེང་ཟིན།[2] གང་ལྟར་ཡང་། ཁྱེད་ཀྱིས་རྒྱུ་མཚན་ཅི་ཞིག་གི་ཕྱིར་ཁྱེད་ཀྱི་དབུ་མའི་ལམ་གསར་པ་འདི་དབུ་མའི་ལམ་དང་མཐུན་ཚུལ་དང་། ཅིའི་ཕྱིར་འདི་ནི་བོད་མི་རྣམས་ལ་འོས་འཚམས་ཀྱི་འདམ་ཁ་དེ་ཡིན་ཚུལ་འགྲེལ་བརྗོད་ཁྱོན་ནས་བྱས་མ་སོང་།
His Holiness still says that Tibet must be “governed by the popularly-elected legislature and executive through a democratic process”. The 2008 Memorandum calls for “the right of Tibetans to create their own regional government and government institutions and processes.”
༧གོང་ས་མཆོག་གིས་ད་ལྟའང་བོད་འདི་ངེས་པར་དུ་ “དམངས་གཙོའི་ལས་རིམ་བརྒྱུད་མང་མོས་འོས་འདེམས་བྱས་པའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱིས་དབང་བསྒྱུར་བྱེད་དགོས་པ་དེ་”གསུངས་བཞིན་ཡོད།[3] ༢༠༠༨ ལོའི་བསྒྲགས་ཡིག་གིས་ “བོད་མི་རྣམས་ཀྱིས་རང་རང་གི་ས་གནས་གཞུང་དང་། གཞུང་གི་སྒྲིག་འཛུགས་དང་བརྒྱུད་རིམ་ཁག་དགོས་པའི་ཐོང་ཐང་”དགོས་སྐོར་བརྗོད་ཡོད། [4]
1. How can genuine autonomy be achieved if the Chinese communist party stays in charge in Tibet?
2. Could you please explain your reasoning for abandoning the Middle Way’s goals of democracy and separate government institutions for Tibet?
3. Is the New York Times correct that you see the goal as installing more ethnic Tibetans in the current Chinese communist system?
༡༽ གལ་སྲིད་རྒྱ་ནག་དམར་ཤོག་དེ་བོད་ཀྱི་སྲིད་འཛིན་པ་མུ་མཐུད་བྱས་ཚེ། ཇི་ལྟར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཐོབ་ཐུབ།
༢༽ ཁྱེད་ཀྱིས་དབུ་མའི་ལམ་གྱི་དམིགས་ཡུལ་དུ་ཡོད་པའི་མ་འོངས་བོད་ལ་དམངས་གཙོ་དང་དེ་བཞིན་གཞུང་གི་སྡེ་ཁག་ཟུར་བཅད་དུ་དགོས་ཞེས་པའི་ཆ་རྐྱེན་འདི་མཚམས་འཇོག་བྱས་པའི་ཁྱེད་རང་གི་རྒྱུ་མཚན་རྣམས་འགྲེལ་བརྗོད་གནང་ཐུབ་བམ།
༣༽ ད་ལྟའི་རྒྱ་ནག་དམར་ཤོག་གི་སྒྲོམ་གཞི་འདིའི་ཁྲོད་དུ་བོད་རིགས་མང་དུ་འཛུལ་ཞུགས་བྱེད་ཐབས་དེ་ཁྱེད་ཀྱི་དམིགས་ཡུལ་ཞིག་ཏུ་མཐོང་གི་ཡོད་པ་ཅེས་ནིའུ་ཡོག་དུས་བབ་ཀྱིས་བཀྲལ་བ་དེ་ཏག་ཏག་རེད་དམ།
You also told the New York Times, “I am a secondary voice, who will someday be a primary voice”. You currently hold the position of Sikyong, the highest position in the Tibetan exiled political leadership. We believe the Tibetan people would be interested in your future ambitions.
4. What are your plans, if you see your current position as only a secondary one?
ཁྱེད་ཀྱིས་ད་དུང་ནིའུ་ཡོག་དུས་བབ་ལ་བརྗོད་དོན་ལ། “ང་ནི་མ་འོངས་པའི་མགྲིན་ཚབ་པ་ལྟེ་བ་དེ་ཆགས་རྒྱུ་ཡིན་པའི་མགྲིན་ཚབ་པ་ཨང་རིམ་གཉིས་པ་བ་དེ་ཡིན།” ཞེས་བཤད་འདུག ཁྱེད་ཀྱིས་ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁྲོད་ཀྱི་གོ་གནས་མཐོ་ཤོས་ཏེ་སྲིད་སྐྱོང་གི་ཁྲི་འཛིན་གྱིན་ཡོད། བོད་མི་དམངས་ལ་ནི་ཁྱེད་ཀྱི་མ་འོངས་པའི་རེ་འདོད་ཆེན་པོ་དེ་ཅི་ཞིག་ཡིན་མིན་ཤེས་རྒྱུའི་འདོད་པ་ཡོད་པ་ང་ཚོར་ཡིད་ཆེས་ཡོད།
༤༽ གལ་སྲིད་ཁྱེད་ཀྱིས་ད་ལྟའི་གོ་གནས་དེ་ཨང་རིམ་གཉིས་པ་ལྟ་བུར་མཐོང་གི་ཡོད་ན། ཁྱེད་ཀྱི་འཆར་གཞི་རྣམས་ཅི་ཞིག་ཡིན་ལགས།
May we again respectfully congratulate you on your profile in the New York Times. We would be honored to post your response to these questions on our website. Thank you in advance for your response.
In solidarity for the Tibetan nation,
The Executive Committee of The Tibetan National Congress
ང་ཚོས་སླར་ཡང་ནིའུ་ཡོག་དུས་བབ་སྟེང་ཁྱེད་ཀྱི་ལོ་རྒྱུས་འཁོད་པ་དེ་ལ་དགའ་བསུའི་འཚམས་འདྲི་ཞུས་ཆོག་པ་ཞུ། ཁྱེད་ཀྱིས་དྲི་བ་འདི་དག་ལ་ལན་འདེབས་གནང་བ་རྣམས་ང་ཚོའི་དྲ་རྒྱ་(http://www.tibetnc.org)་ལ་དགོད་རྒྱུ་ནི་དགའ་བཞིན་སྤྲོ་བཞིན་ཞུ་ངེས་ཡིན། ཁྱེད་ཀྱི་ལན་འདེབས་ལ་སྔོན་ཚུད་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
བོད་རྒྱལ་ལོ།།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས་
༢༠༡༤ ལོའི་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཕུལ།
བཀུར་འོས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་དྲུང་དུ། གུས་ཕུལ།
དེ་ཡང་གུས་པ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་བདེ་སྐྱེལ་ཡོད་མཁན་ཞིག་མིན་ཀྱང་རང་བཙན་ལྷན་ཚོགས་ནང་དུ་འཛུལ་བྱ་ངེས་ཡིན། ངའི་ལྷག་མཇུག་གི་མི་ཚེ་ལྷག་མ་དེའི་ནང་བོད་རང་བཙན་རང་གི་མིག་འབྲས་བཞིན་བརྩི་སྲུང་བྱེད་ཀྱི་ཡིན།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་ཁྱི་ཚོགས་ཅེས་དམའ་འབོད་དང་ཟུར་ཟ་བྱེད་བཞིན་པ་རེད། དངོས་ཡོད་གནས་སྟངས་ཀྱི་ཐོག་ཏུའང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནི་ཁྱི་ཚོགས་ཤིག་དང་། བོད་མི་རྒྱལ་གཅེས་ལྷག་བསམ་ཅན་རྣམས་ནི་བདག་པོ་མེད་པའི་སྒོ་ཁྱི་ཉམ་ཐག་ཞིག་ཆགས་བསྡད་ཡོད་པ་ཡང་མིག་མདུན་དུ་ཡོད་པའི་དངོས་ཡོད་གནས་ཚུལ་རེད།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཁ་གཏོད་པ་ཚོས་ཁྱི་འབོད་འཐེན་བཞིན་ཡོད་པ་ལྟར་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པ་གསར་བཙུགས་བྱས་སྐབས་སུ་ཁ་གཏོད་པ་ཚོས་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པ་གསར་བཙུགས་གནང་མཁན་སྲིད་འཛིན་ལ་བོང་བུ་དང་། ཨ་རྒྱལ་ཡོངས་དམངས་གཙོ་ཚོགས་པ་ལ་བོང་ཚོགས་རེད་ཅེས་སྐྱོན་བརྗོད་དང་དགག་པ་རྒྱག་མྱངས་ཡོད་པ་རེད།
སྐབས་དེར་དུས་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་ངོས་ནས་ཁ་གཏོད་ཚོའི་བརྗོད་པ་ལྟར་སྲིད་འཛིན་བོང་གུ་དང་ཚོགས་པ་ནི་བོང་ཚོགས་ཡིན་པ་ངེས་ལེན་བྱས་པ་མ་ཚད་བོང་བུ་ནི་ཨ་རི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་རྟགས་བཀོད་ཡོད་པ་རེད།
ང་རང་ཚོའི་བོད་མི་རྒྱལ་གཅེས་ལྷག་བསམ་ཅན་རྣམས་ཁྱི་རེད་ཟེར་བ་དང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་ཁྱི་ཚོགས་རེད་ཅེས་ཁ་གཏོད་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ལྟར་ངེས་ལེན་བྱེད། བོད་གངས་ཅན་པའི་གངས་ཁྱི་ངར་མ་འདི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་རྟགས་བཀོད་ན་ཡག་་པོ་འདུག་བསམས་ཀྱི་ཡོད།
གཅིག་ནས་བོད་གངས་ཅན་པའི་ཁྱི་ནི་བོད་མི་རིགས་སྲུང་སྐྱོབ་བྱེད་མཁན་ཨང་དང་པོར་དེ་ཡིན། དགྲ་རྐུ་ཇག་གྱི་ཁ་གཏོད། སྤྱང་དང་འཕར་བའི་ཁ་གཏོད། བོད་མི་རིགས་ཀྱི་འཚོ་རྟེན་རྟ་ནོར་ལུག་གསུམ་སྲུང་སྐྱོབ་བྱེད་མཁན་གྱི་དམག་དཔོན་ལྟ་བུ་ཡིན། ད་དུང་་་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་ཞིབ་ཏུ་དཔྱོད་ན་བོད་ཀྱི་གངས་ཁྱི་དམག་སར་ཕྱིན་པའི་ལོ་རྒྱུས་ཡོད་པ་ཡང་རིགས་པས་གྲུབ།
ལས་དང་སྨོན་ལམ། རྟགས་དང་རྟེན་འབྲེལ། དངོས་ཡོད་གནས་སྟངས་སོགས་ཕྱོགས་གང་ལ་བལྟས་ཀྱང་བོད་ཀྱི་གངས་ཁྱི་ནི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་རྟགས་བྱེད་ན་འོས་ཤིང་འཚམས་པ་རེད་བསམས་ཀྱི་འདུག
གཉིས་ནས་་བོད་ཀྱི་གངས་ཁྱིའི་རིན་གོང་ནི་རྒྱ་ནག་པོའི་དལ་འབྱོར་མི་ལུས་ལེན་པའི་མི་ལས་རིན་གོང་མཐོ་བ་ཡོད། གོང་ཚོད་དེ་ཡང་རྒྱ་མི་ཚོས་ངོས་ནས་ཚར་སྤྲད་པ་ཞིག་རེད། རྒྱ་གཞུང་གི་གསར་འགྱུར་དང་བརྙན་འཕྲིན་ཁག་གི་ནང་དུ་བོད་ཀྱི་ཁྱི་ཁྱབ་བསྒྲགས་ཚོད་མཐོ་པོ་བྱས་དང་བྱེད་པ་རེད།
དེ་འདྲ་བའི་འཛམ་གླིང་ན་རིན་གང་མཐོ་བའི་བོད་མི་རིགས་ཀྱི་སྒོ་ཁྱི་འདི་ནི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་རྟགས་འོས་ངེས་རེད་བསམས་ཀྱི་འདུག རྒྱ་གཞུང་ལ་ཡང་བརྡ་ལན་དང་བོད་ཁྱི་ཁྱབ་བསྒྲགས་བྱེད་དུས་བོད་རང་བཙན་ཁྱབ་བསྒྲགས་ཤུགས་ཀྱི་སླེབས་ཡོང་བ་འདི་ཡང་གནད་དོན་ཆུང་ཆུང་ཞིག་མ་རེད།
སྲོང་བཙན་བོད་ལ་རང་སྐྱེས་རེད།
ཞིང་འབྲོག་འཚོ་བ་རང་སྐྱོང་རེད།
བོད་ཁམས་རང་དབང་རང་བཙན་རེད།
བོད་ཁྱི་རིན་གོང་རང་མཐོ་རེད།་་་་ཧཧཧ
དྲ་གྲོགས་རབ་གསལ་ལགས་ཀྱིས་་་སྐད་ཆ་འདི་བོད་ཡོངས་རང་བཙན་ལྷན་ཚོགས་དང་བོད་ཡིག་མི་ཤེས་པའི་མཁས་དབང་འཇམ་དབྱངས་ནོར་བུ་རྣ་བས་གོ་ཙམ་བཟོ་རོགས་ཅེས་རེ་བ་ཡིན་ཞུ་རྒྱུ་ཡིན།
འོ་རེད། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཁྱི་ཚོགས་ཡིན་ན། རྡ་སའི་དབུ་མ་སྐབས་མགོ་སྟོང་དེ་ཚོ་འཕར་ཚོགས་ཅིས་མིན། པེ་ཅིང་གི་སྤྱང་ཚོགས་དང་རྡ་སའི་འཕར་ཚོགས་རྐུབ་འབྲེལ་ལ་བལྟད་མོ་ཇེ་ཆེ་ནས་ཇེ་ཆེ་རེད།
དབུ་སྐབས་འཚོལ་ལ་བཅོས་རོགས།
ཨོ་རེད་་ད་དུང་དྲི་བ་ལྷག་ཤག བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་། མཁས་དབང་འཇམ་ནོར་གཉིས་ཀྱིས་དོལ་རྒྱལ་ཚོགས་པའི་ཐོག་ཏུ་བསྒྲགས་གཏམ་སྤེལ་སོང་། བོད་མི་རིགས་ཀྱི་ཆིག་སྒྲིལ་དང་དམངས་གཙོ་ལ་ཕན་པའི་སྐད་ཆ་ལས་ལྡོག་ཏེ་འགོག་རྐྱེན་བཟོ་བཞིན་འདུག
ཁྱེད་ཚོས་བོད་མི་རིགས་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་མེད་པར་བོད་རང་བཙན་ལེན་ཐུབ་ཐབས་ཤིག་ཡོད་དམ། དྲི་བ་ཡིན། ཐུགས་བསམ་ཡག་པོ་བཞེས་ནས་ཕྱག་ལས་གནང་རོགས་བྱོས། ཐབས་ཇུས་ཤེས་པའི་ཐོག་ནས་བསྒྲུབ་རོགས་བྱོས་་་་་ཅེས་རེ་བཀུར་ཞུ་བཞིན་ཡོད། ལྷག་པ་ཏུ་འཇམ་ནོར་ཁྱོད་ཀྱིས་སྐུ་དྲགས་མགོ་བདེ་པ་ཚོའི་བྱེད་སྟངས་བྱ་དགོས་ན་ཁས་ལེན་གྱི་མིན་ནོ་་་་་་ཟེར་གྱི་ཡིན།
ལྷ་འདྲེ་གདོན་བགེགས་ཚོགས་པ་དེེ་ཆོས་དད་རང་དབང་རྩོད་ལེན་པ་ཞིག་ནམ་ཡང་མ་རེད་ལ་ཆོས་དད་རང་དབང་རྩོད་ལེན་གྱིས་གདོང་འབག་གྱོན་པའི་ཆབ་སྲིད་གཡོ་སྒྱུ་ཅན་ཤ་སྟག་རེད། ལྷག་པར་དུ་ཁོ་ཚོའི་བྱ་བྱེད་ལས་གསུམ་གང་ལ་བལྟས་ཀྱང་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་ཧུར་རྩོན་བྱེད་ཀྱི་ཡོད་པ་མངོན་གསལ་ཇེ་ཆེ་རེད། བྱས་ཙང་བོད་ཀྱི་ལོ་སྒྱུས་ལ་ཕྱིར་བལྟས་སློག་ན་སྐབས་འཚོལ་རིང་ལུགས་པ་འདི་རིགས་ལ་གདོང་ལེན་མ་བྱས་པར་མཐུས་ཤོར་བཏང་དྲག་ནས་ད་ལྟའི་ཆག་ཆེ་ཉམས་ངའི་གནས་སྟངས་འདིར་ལྷུངས་པ་རེད། མ་གཞི་བཙན་པོའི་དབང་བསྒྱུར་དུས་རབས་ཀྱི་ཆིག་སྒྲིལ་ལྟ་བུ་ཞིག་བཙན་པོའི་དབང་བསྒྱུར་མཇུག་བསྒྲིལ་ནས་བཟུངས་དུས་ད་ལྟ་བར་དུ་བྱུང་མྱོང་མེད་པ་རེད། དེ་ནི་གཞན་གང་ཡང་མིན་པར་བོད་མི་རིགས་འདི་ཆོས་ལུགས་འཐེན་འཁྱེར་དང་ཆོལ་ཁ་འཐེན་འཁྱེར་། མདོར་ན་ཆོས་ལུགས་རྨོངས་དད་རིང་ལུགས་ཀྱི་ལྟ་བ་དང་བསམ་བློ་ནི་མི་རིགས་ཀྱི་ལྟ་བ་དང་ལ་རྒྱ། མི་རིགས་ཀྱི་འདུ་ཤེས། མི་རིགས་ཀྱི་བསམ་བློ་ལས་གལ་ཆེན་ལ་རྩིས་ནས་བྱ་བ་ཐམས་ཅད་མགོ་མཇུག་གཙང་གཙང་ལོག་ཙང་འབྲས་བུ་གོ་ལྡོག་ཏག་ཏག་འབྱུང་བ་ནི་རྟེན་འབྲེལ་རང་གྲུབ་རེད་དོ།
དོལ་རྒྱལ་ཚོགས་པའི་བྱ་བྱེད་གང་དང་གང་འཐབ་ཕྱོགས་གྱུར་པུའིོ་ལས་དོན་རེད་དམ། ཁ་གསལ་པོའི་ཐོག་ནས་འདི་དང་དེ་ཟེར་ནས་གཅིག་གསུང་རོགས་གནང་། ཤེས་འདོད་ཡོད།
ཁྱོད་ཚོས་ང་ལ་དོལ་རྒྱལ་ཚོགས་པས་འཐབ་ཕྱོགས་གཅིག་གྱུར་པུའི་ལས་སྒྲུབ་བཞིན་ཡོད་པ་གཅིག་བཤད་ཀྱི་ཡོད་ན་་་་་ངས་ཁྱོད་ཚོ་ལ་དབུ་མའི་ལམ་པ་བ་ཚོས་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་སྒྲུབ་བཞིན་ཡོད་པ་བཅུ་བཤད་ཆོག རྒྱུ་འབྲས་དྲང་བདེན་རྩ་བའི་རྩེ་ལ་བཞག་ནས་བཤད་ཆོག
དྲ་གྲོགས་ཚོར་ཞུ་རྒྱུ། གནད་དོན་ཐོག་བོད་སྤྱི་ལ་སྨན་པའི་དགོངས་འཆར་གནང་དགོས་པ་ལས། དོན་མེད་རང་བཙན་དང་དབུ་ལམ་ལ་རྒྱབ་བསྐྱོར་གནང་མཁན་ཕན་ཚུན་བསྐྱོན་བརྗོད་དམ་དམའ་འབེབས་གནང་རེ་གནང་བ་ནི་རང་གི་རྐང་པར་རང་གི་གདུང་བ་ལྟ་བུ་ཡིན་པས་དེ་དོན་མི་གནང་རོགས་ཞུ། དམངས་གཙོ་ལམ་ལུགས་ནང་བསྐྱོད་བརྗོད་ཞུ་ཆོག་ དེའང་ཡ་རབས་བཟང་སྤྱོད་ཐོག་ཁུངས་འཕེར་རྒྱུ་མཚན་བཀོད་ནས་སྨྲ་དགོས་པ་གལ་ཆེ་ཡིན། སྐབས་དེར་གླེང་འདོད་པ་ནི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་དྲི་བ་ཁག་ ༤ གནང་འདུག་པས་རང་ཉིད་ནས་རྒྱུ་མཚན་མཐོང་། སྲིད་སྐྱོང་མཆོག་ནས་དེ་སྔོན་རྩ་དོན་འབྲེལ་བའི་བཀའ་མོལ་ཐལ་ཆ་སོང་བ་འགའ་རེ་གནང་ཡོད་པས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ལྷག་བསམ་ཅན་གྱི་བཀུར་འོས་སྤྱི་འཐུས་ཐུབ་བསྟན་ལུགས་རིགས་ལགས་ནས་སྲིང་སྐྱོང་མཆོག་ལ་མ་འོངས་པར་བཀའ་མོལ་གནང་སྐབས་ཡིད་ཟབ་གནང་དགོས་པ་གསུང་ཡོད། ཆབ་སྲིད་འགོ་འཁྲིད་པ་ནས་བཀའ་མོལ་གང་གནང་རྩ་དོན་ལ་ཐུག་ཡོད་པས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནས་བོད་མི་མང་དང་རྒྱལ་ཁབ་ཀྱི་དོན་དུ་འགན་འཁུར་ནས་འདྲི་བ་འདི་ལྟར་གནང་དགོས་ཆག་པར་ངོས་འཛིན་ཞུ་ཆོག་པ་ཡིན། བོད་ཀྱི་ཆབ་སྲིད་འགོ་འཁྲིད་སྲིད་སྐྱོང་བློ་སེང་མཆོག་ནས་གང་མགྱོགས་གསལ་བཤད་ལེན་འདེབས་གནང་བའི་རེ་་བ་ཞུ་བཞིན་ལགས།