—–རང་འཚོལ།
སྲིད་ཀྱིས་བོད་མིའི་བདེ་སྡུག །
སྐྱོང་ལ་མཁས་མང་འདུས་པའི།།
བློ་ལྡན་མངས་པོའི་དབུས་ནས།།
བཟང་པོའི་ཡོན་ཏན་འབུར་ཐོན།།
སེང་དཀར་འདྲ་བའི་མི་དབང་།།
གེ་སར་འདྲ་བའི་མཛངས་ལྡན།།
ལ་རྒྱབ་གངས་ལྗོངས་བོད་མིས།།
དགའ་བའི་བསྟོད་པ་འབུལ་ས།།
བསུ་བའི་དར་དཀར་འབུལ་ས།།
ཞུ་འདོད་རེ་འབོད་བཅོལ་ས།།
མང་གཙོའི་རྒྱལ་ཁབ་ཀུན་ལྟར།།
མང་གཙོའི་འོས་འགྲན་ལམ་ནས།།
མང་པོས་འོས་ཤོག་འཕངས་པས།།
མང་བཀུར་བློ་བཟང་སེང་གེར།།
མང་མོས་འོས་གྲངས་ཐོབ་རྗེས།།
མང་གཙོའི་སྲིད་སྐྱོང་འཁེལ་ཏེ།།
མང་གཙུག་སྲིད་ཁྲིར་འཁོད་ལ།།
མང་མང་དགའ་བས་བསུ་ལགས།།
གངས་བོད་ལས་དབང་སྐྱོབ་ཕྱིར།།
གངས་ཅན་སྐྱིད་གཤོང་ཡུལ་ནས།།
གངས་གཅེས་བློ་བཟང་སེང་གེ །
གངས་རིའི་སྲིད་སྐྱོང་ཕེབས་སོང་།།
གངས་ལྗོངས་བོད་མིའི་བདེ་སྡུག །
གངས་སེང་ཁྱེད་ལ་བཅོལ་ཡོད།།
གངས་ཞེན་བརྩོན་པ་བསྐྱེད་དང་།།
གངས་ཅན་རང་དབང་ཐོབ་ཡོང་།།
གངས་རིའི་འདི་ཕྱིའི་སྐྱབས་མགོན།།
གངས་ནོར་བསྟན་འཛིན་རྒྱ་མཚོ།།
གངས་ཞིང་བོད་ལྗོངས་དྲངས་ནས།།
གངས་ཅན་བདེ་སྐྱིད་འཛུཊ་རོགས།།
{རང་འཚོལ་ནས། ༢༠༡༦ ། ༤ ། ༢༧ དགོང་མོར་ཕུལ།}
སྲིད་སྐྱོང་མཆོག་ལ་སྐུ་བསྟོད་ཕུལ་བར་བཀའ་དྲིན་ཆེ།
སྲིད་སྐྱོང་བློ་སེང་ལགས་སུ་འཚམས་འདྲི་ཞུ་འདོད་བྱུང་ཀྱང་ཅུང་སྔ་དྲགས་འདུག་སྙམ། གང་ལ་ཞུས་ན་ཁོང་དང་འོས་བསྡུ་ལས་ཁང་གཉིས་ནས་འོས་བསྡུ་སྒྲིག་འགལ་བྱུང་ཡོད་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱས་ཡོད་སྟབས་ཁྲིམས་ཐག་མ་གཅོད་གོང་ཞུ་ཐུབ་པ་མིན་འདུག གང་ལྟར་ཁོང་ལ་བར་ཆད་མ་ཕོགས་པ་ཤོག
བློ་མཐུན་ཞི་ཅེན་ཕེན་གྱི་མདུན་ས་ལ།།
࿂
བཟང་ངན་བསྡུར་བའི་གངས་ཅན་ཕོ་རྒོད་པོ།།
࿂
སེང་གདོང་གཡུ་རལ་ཅན་གྱི་དཔོན་ཁྲི་ལ།།
࿂
གེ་སར་རྒྱལ་པོ་ཇི་བཞིན་བཞུགས་རོགས་གནང་།།
࿂
ཞེས་མདོ་སྨད་པ་ཆོས་འཕེལ་དར་རྒྱས་ནས་བཙན་བྱོལ་བོད་མིས་བཀའ་ཁྲི་གསར་འདེམ་ཉིན་༼༢༠༡༦/༣/༢༠༽་ལ་ས་མཐའི་གྲོང་ཁྱེར་ཞིག་ནས་བྲིས།།
བསྟོད་པས་དགའ་བ་མ་རྒྱུར་ཞིང་།
སྨད་པས་མི་དགའ་མ་རྒྱུར་ཞིང་།
རང་གི་ཡེན་ཏན་ལེགས་སྤེལ་ན་།
སྐྱེས་བུ་དམ་པའི་ཚན་ཉིད་ཡིན་།
འོས་མི་མང་ནས་འཕེན་བསྟོད་སྨད་དྲ་གྲོགས་ཚོའི་བྱས་།
ཧཧཧཧཧ
གཞུང་པ། ཚིགས་བཅད་ཐོད་བརྒལ་མང་ཙམ་འབྲི་ཡི་འདུག་ཀྱང་ཡི་གེ་མ་དག་པ་མང་། ལྷག་པར་བྱེད་འབྲེལ་གཉིས་ཀྱི་དབྱེ་བ་འབྱེད་ཤེས་ཀྱི་མི་འདུག་པས་ཡར་རྒྱས་འདྲ་གཏང་རྒྱུ་མི་འདུག་གམ། འབྲོག་པ་གཅིག་པའི་ཤ་ཞེན་གྱིས་ཡིན་ནོ། །