སྟག་སྨྱོན།
ཚང་མས་ཤེས་གསལ་ལྟར་ ༢༠༡༨ ལོའི་ཟླ་ ༡ ཚེས་ ༡༩ ནས་སྤྱི་ཟླ་ ༢ ཚེས་ ༣ བར་སྲིད་སྐྱོང་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་གི་ཡོད། སྟབས་མ་ལེགས་པར་ ༢༠༡༨།༡།༡༩ སྔ་དྲོ་ཆུ་ཚོད་ ༨ ཐོག་སྲིད་སྐྱོང་གནམ་ཐང་དུ་གོམ་པ་སྤོས་པ་དང་། དུས་རྒྱུན་ཆེས་བདེ་འཇགས་དང་ཞི་འཇམ་ཡིན་པའི་ཛུ་རིག་རྒྱལ་སྤྱིའི་གནམ་ཐང་སྐད་གྲགས་ཅན་དེ་ཟིང་ཟིང་ལོང་ལོང་དང་བྲག་ཅས་ཁེངས་ཏེ་གནམ་ཐང་ཡོམ་ཡོམ་བྱས་སོང་། གནམ་ཐང་ནང་ཡར་མར་ཕེབས་མཁན་གྱི་རྒྱལ་སྤྱིའི་མགྲོན་པོ་མང་པོ་དང་ལས་བྱེད་ཚོ། ཆེས་རྒྱུན་ལྡན་མ་ཡིན་པའི་ཟིང་ཟིང་ལོང་ལོང་གི་རྣམ་པ་དེ་ཅི་ཡིན་གང་ཡིན་མ་ཤེས་པར་སེམས་འཚབ་ལངས་མཁན་དང་ལྟད་མོ་ལྟ་མཁན་སོགས་བྱུང་ཡོད། འོན་ཀྱང་བོད་མི་ཚོར་མཚོན་ན་དེ་ནི་ཡ་མཚན་དང་གནས་ཚུལ་གསར་བ་གང་ཡང་མ་ཡིན་པར། ང་ཚོའི་མིག་དང་རྣ་ལམ་ལ་གོམས་བྱང་དུ་གྱུར་ཟིན་པའི་ཁམས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ཕྱི་རྒྱལ་གྱི་གནམ་ཐང་ཁག་ནས་ཕེབས་སྟངས་རེད།
ཁམས་པའི་སྲིད་སྐྱོང་ཟེར་བ་ཁ་ན་ཏྲའི་གནམ་ཐང་བཅས་སུ་སྲིད་སྐྱོང་ཕེབས་བསུའི་སྐབས། ཁོང་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ང་ཚོ་ཁམས་པའི་མི་ལ། སྲིད་སྐྱོང་མེད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ། སྲིད་སྐྱོང་མིན་ན་གང་རེད་ཅེས་པའི་མཉམ་གཞས་ཀྱི་ཚིག་ཡིན་པ་ལས། མི་གཞན་གྱིས་ཁམས་པའི་སྲིད་སྐྱོང་ཟེར་ནས་ཕར་མིང་བཏགས་པ་ཞིག་མ་རེད། བྱེད་སྟངས་འདི་ལ་རྟ་ལས་བབ་ཏེ་བོང་གུ་ཞོན་ཟེར་བ་མ་ཡིན་ནམ། བོད་མི་ས་ཡ་དྲུག་གི་སྲིད་སྐྱོང་གི་མཚན་གནས་གཡུག་ནས་ཁམས་པའི་སྲིད་སྐྱོང་ཟེར་ནས་རྫིག་པོ་བྱེད་པ་ནི་གཟི་བརྗིད་ཁོག་སྟོང་གི་བྱེད་སྟངས་ངོ་མ་དེ་མ་རེད་དམ།
སྟབས་ཉེས་པ་ཞིག་ལ་སྲིད་སྐྱོང་མཆོག་སྦེལ་རྗེམ་དང་ཧྥ་རིན་སི་བཅས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གྲུབ་ནས་བདུན་ཕྲག་གཅིག་གི་རྗེས། དེ་རིང་ཞོགས་པ་ (༢༠༡༨ ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ) སྲིད་སྐྱོང་ཕྱིར་སུད་སིའི་ཛུ་རིག་གནམ་ཐང་དུ་འབྱོར་སྐབས། སུད་སི་གཞུང་གིས་སྲིད་སྐྱོང་གནམ་ཐང་ནས་ཕེབས་སྟངས་ལ་སྒྲིག་གཞི་གསར་བ་བཟོས་ནས་སྤྱི་ཚོགས་ནང་བཀྲམས་ཡོད་འདུག ད་ལམ་སྲིད་སྐྱོང་ཕེབས་དུས་སྔོན་མ་དང་མི་འདྲ་བར་ཕེབས་བསུ་ཞུ་མཁན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མི་སྣ་ཁ་ཤས་མ་གཏོགས་མི་མང་པོ་གནམ་ཐང་དུ་ཕེབས་བསུར་ཡོང་རྒྱུའི་ཐོབ་ཐང་མེད་པ་བཟོས་ཡོད་འདུག མ་ཟད་སྲིད་སྐྱོང་གནམ་གྲུ་ནས་མར་བབ་པ་དང་ལམ་སང་མོ་ཏྲའི་ནང་བསྡད་ནས་ཐད་ཀར་གནམ་ཐང་ནས་ཕྱི་ལ་ཐོན་དགོས་པ་ལས། སྔོན་མ་ལྟར་གནམ་ཐང་ནས་མར་ཡོང་སྟེ་སྣེ་ལེན་ཞུ་མཁན་མང་པོར་ལག་འཇུ་བྱེད་པ་དང་ཁ་བཏགས་འཐེན་པ། བརྙན་པར་ལེན་པ་དང་གཞས་གཏོང་བཞིན་ཞབས་བྲོ་འཁྲབ་པ་དང་། ཡང་ན་འུར་བརྒྱབ་ནས་རྔམ་རྔམ་རྫིག་རྫིག་བྱེད་པའི་གོ་སྐབས་མེད་པ་ཆགས་ཡོད་ཚོད་འདུག གནམ་ཐང་ནས་དཀྲོག་དཀྲོག་དང་རྫིག་རྫིག་རྔམ་རྔམ་བྱེད་པའི་སྲིད་སྐྱོང་ཆེས་དགའ་ཤོས་ཀྱི་ཕེབས་ལུགས་དེ་ད་ནས་བཟུང་མཇུག་རྫོགས་པ་ཡིན་སྲིད།
བོད་མི་སུ་འདྲ་ཞིག་ལ་མཚོན་ནའང་བོད་མིའི་སྲིད་སྐྱོང་དམིགས་སུ་བཀར་ཏེ་གནམ་ཐང་ནས་ཕེབས་སྟངས་ལ་སྒྲིག་གཞི་གསར་བ་བཟོ་དགོས་བྱུང་བའི་གནས་ཚུལ་འདི་ངོ་ཚ་དགོས་པ་ལས་དགའ་འོས་པའི་གཏམ་བཟང་ཞིག་མ་ཡིན་མོད། ང་རྒྱལ་དང་ཁེངས་དྲེགས་རི་རྒྱལ་ལྷུན་པོ་ལས་མཐོ་བའི་སྲིད་སྐྱོང་གིས་རང་ཚོད་མ་ཟིན་པའི་མཇུག་འབྲས་རེད། ད་ལན་སྲིད་སྐྱོང་དང་ཁོའི་རྒྱབ་སྐྱོར་བ་ཚོས་བཙན་བྱོལ་བོད་མི་ཉམ་ཆུང་ཚོའི་སྟེང་ལ་གང་འགྲོ་བ་མི་རིགས་གཞན་གྱི་ས་ཐོག་ལ་མི་འགྲོ་བ་ར་འཕྲོད་ཡོད་ཤག་རེད།
གཞན་ཡང་ཕྱི་རྒྱལ་ཁག་གི་བོད་མི་སྐྱབས་བཅོལ་བ་ཚོས་ཤེས་དགོས་པ་ཞིག་ལ། རི་དིང་དིང་གླ་བ་ཉལ་ས་རེད། ཉལ་མ་ཤེས་གླ་བ་ཤི་ས་རེད་ཟེར་བ་ལྟར། བོད་མི་སྐྱབས་པ་ཚོས་རང་ཉིད་སྲིད་སྐྱོང་གི་ལག་ཆ་རུ་མ་གྱུར་བར་གཞན་གྱི་ས་ཐོག་ནས་འགྲོ་ཤེས་འདུག་མཁས་བྱེད་དགོས།
བློ་བཟང་སེང་གེ་མི་ཧ་ཅང་ངོ་ཚ་ཁྲེལ་མེད་ཅིག་མིན་ན། རང་ལ་རྒྱབ་སྐྱོར་ཞུ་མཁན་རྣམས་སྐྱབས་བཅོལ་ཞུ་ཡུལ་རྒྱལ་ཁབ་སོ་སོའི་ནང་ཁྲིམས་འགལ་དང་ནག་པོ་ཆགས་རྒྱུའི་སེམས་ཁུར་དང་སྙིང་རྗེ་མེད་པར། དཀྲོག་དཀྲོག་བྱེད་པའི་ལག་ཆ་ཙམ་དུ་རྩིས་ནས་རྒྱབ་སྐྱོར་བ་ཚོ་རྒྱལ་སྤྱིའི་གནམ་ཐང་སོགས་སུ། གཞན་གྱིས་མཐོང་ན་འཇིགས་དངངས་སྐྱེ་ཞིང་སྐྱུག་བྲོ་བོ་འདི་འདྲ་འཁྲབ་ཏུ་འཇུག་མི་སྲིད། གལ་སྲིད་ཁོང་གི་རྒྱབ་སྐྱོར་གཅིག་ཁྲིམས་འགལ་ཆགས་པ་ཡིན་ན། བློ་སེང་ལ་སྐྱོབ་པའི་ནུས་པ་མེད་པ་མ་ཟད་ཁོ་དང་འབྲེལ་བ་མེད་ཟེར་ནས་རང་ཉིད་དཀར་འདོད་བྱེད་རྒྱུ་ཉག་ཅིག་རེད།
བློ་སེང་གི་རྒྱབ་སྐྱོར་བ་ཚོ་ཧ་ལས་པའི་མི་ཆེན་རྐྱང་རྐྱང་མ་རེད། བོད་མི་སྤྱི་མཚུངས་ལྟར་ལ་ལ་ད་དུང་ཡང་ཁྲིམས་མཐུན་གྱི་སྐྱབས་བཅོལ་དང་ལས་ཀ་མེད་མཁན། ཡང་ན་བཟོ་གྲྭ་དང་ཟ་ཁང་སོགས་སུ་ལས་ཀ་ཁག་པོ་ཤ་སྟག་བྱེད་མཁན་རེད། བློ་སེང་གིས་ཁོ་ཚོའི་ལས་ཀ་དང་ངལ་གསོའི་དུས་ཚོད་ཆུད་ཟོས་སུ་བཏང་བ་མ་ཟད། ཡུལ་མི་སྤྱི་དང་ས་གནས་དཔོན་རིགས་དང་ལྷག་པར་དུའང་འབྲེལ་ཡོད་བདེ་སྲུང་མི་སྣ་ཚོའི་མིག་ནང་ལ་བོད་མིར་ཆ་འཇོག་བརླག་ཅིང་དོགས་ཟོན་བྱེད་ས་ཞིག་ཏུ་བསྒྱུར་བཞིན་ཡོད། མདོར་ན་བློ་སེང་གིས་བོད་མི་སྤྱིའི་ལ་རྒྱ་དང་ཆེ་མཐོང་མེད་བརླག་བཟོ་གི་ཡོད་པ་མ་མཟད། བོད་མི་ནང་ཁུལ་དགྲ་ཁ་གཏད་བཟོ་ཏེ་དགྲ་དགའ་གཉེན་སྡུག་གི་ལས་ངན་ཚབས་ཆེན་གསོག་བཞིན་འདུག
དོལ་ཚོགས་ལས་གཞན་སྤྱི་ཡོངས་ཀྱི་ཆ་ནས་བདེ་འཇགས་དང་ཞི་འཇམ་ཡིན་པའི་ཕྱི་རྒྱལ་ཁག་གི་བོད་མིའི་སྤྱི་ཚོགས་ལ་ཡུལ་མིས་ཆ་འཇོག་དང་རྒབ་སྐྱོར་ཡག་པོ་ཡོད་ཀྱང་། བློ་བཟང་སེང་གེ་སྲིད་སྐྱོང་ཆགས་ནས་འཆམ་མཐུན་མེད་པར་ཟིང་ཟིང་ལོང་ལོང་དུ་གྱུར་བ་མ་ཟད། ཆེ་མཐོང་དང་ལ་རྒྱ་ཤོར་བའི་སྐྱབས་བཅོལ་བ་ཆེས་ཐ་ཤལ་གྱི་གྲས་སུ་ལྷུང་བཅུག་གི་ཡོད།
སྲིད་སྐྱོང་དང་ཁོའི་ངན་གྲོགས་སྐལ་རྡོར་སོགས་མི་བཞི་ཕྱོགས་ཁག་གིས་སྲིད་དབང་སྒེར་སྤྱོད་དང་ལྐོག་འབྲེལ་ངན་ལས་བྱས་པར། ཁྲིམས་མཐུན་དང་ཉམ་ཆུང་གི་སྒོ་ནས་ཞི་བའི་ངོ་རྒོལ་གྱི་བྱེད་མཁན་རྣམས་ལ་འཇིགས་སྐུལ་དང་དྲག་པོའི་ལམ་ནས་མེད་པ་བཟོ་རྒྱུའི་སྡིགས་ར་ཚབས་ཆེན་བསྐུལ་བཞིན་པ་ནི་རྐུན་མ་ཧམ་ཆེན་གྱིས་མི་གསོད་ཟེར་བའི་དཔེ་རུ་གྱུར་ཡོད། དེ་ནི་ཡུལ་ཁྲིམས་ལའང་འགལ་ཡོད། བློ་སེང་གིས་རང་གི་རྒྱབ་སྐྱོར་བ་ཚོ་ཆེ་མཐོང་ལྡན་པའི་སྒོ་ནས་སྣེ་ཁྲིད་དང་ལམ་སྟོན་བྱེད་ཀྱི་མེད་པར། མི་གཞན་ལ་ཞེད་སྣང་སྐུལ་བྱེད་ཀྱི་ལག་ཆ་བྱེད་ཀྱི་ཡོད་པ་རྒྱབ་སྐྱོར་བ་ཚོས་མཁྱེན་དགོས། དེ་འདྲ་ཡིན་ཙང་ཁམས་པ་ལབ་ན་མི་རྣམས་ཞེད་སྣང་སྐྱེ་ས་ཞིག་ཆགས་མི་འདུག་གམ། ངའི་སྐད་ཆ་འདི་ཤ་ཚ་བའི་ཁ་ལ་གཏམ་སྙན་མེད་ཟེར་བ་དེ་ཡིན།
རྩོམ་ཐུང་འདི་འབྲི་མཚམས་མ་བཞག་གོང་དུ་བློ་སེང་ལ་སྐད་ཆ་གཅིག་བཤད་རྒྱུ་ཡོད། ཁྱེད་ཀྱིས་བོད་མི་སྤྱིའི་བདེ་སྡུག་དང་ཆེ་མཐོང་ལ་འགན་ཁུར་དང་སེམས་ཁྲལ་མི་བྱེད་ནའང་། ཁྱེད་རང་ལ་རྒྱབ་སྐྱོར་དང་ཕེབས་བསུ་ཞུ་མཁན་གྱི་བོད་རིགས་སྤུན་ཟླ་ཉམ་ཆུང་འདི་རྣམས་ཁྲིམས་མཐུན་དང་ཆེ་མཐོང་ལྡན་པའི་ངང་ནས་སྣེ་ཁྲིད་ལམ་སྟོན་བྱེད་རོགས། ཁོ་ཚོ་ཞབས་འདྲེན་དང་ཁྲིམས་འགལ་བ། མི་གསོད་མཁན་གྱི་ནག་ཆེན་པ་དང་མིང་གོ་ན་ཞེད་སྣང་ལངས་དགོས་པའི་འཇིགས་སྐུལ་བ་ཡིན་པའི་མཐོང་སྣང་མ་སླེབས་པ་བྱེད་རྒྱུའི་འགན་ཁུར་རོགས།
མཐར་ཞུ་འདོད་པ་ནི་བརྗོད་བྱ་དང་ཚིག་སྦྱོར་ལ་གོ་རིམ་ཞིབ་ཚགས་མེད་པའི་རྩོམ་ཐུང་འདི་བློ་སེང་ཕྱི་རྒྱལ་ཁག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་སྐབས། ཞི་རྒོལ་བྱེད་མཁན་གྱི་བོད་མི་ཚོར་རྫིག་རྫིག་དང་གཉའ་གནོད་གཏོང་ཆེད། རང་གི་རྒྱབ་སྐྱོར་བ་དང་བོད་མིའི་སྐུ་ཚབ་དོན་གཅོད་སོགས་ངན་སྐུལ་གྱིས་སུད་སི་དང་སྦེལ་རྗམ་དང་ཧྥ་རིན་སི་སོགས་ཀྱི་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་ཚུལ་མིན་ཐ་ཤལ་གྱི་བྱ་སྤྱོད་ཡ་ང་མེད་པར་སྤེལ་བཞིན་པ་མཐོང་མ་བཟོད་པར་བྲིས་པ་ཡིན། རྒྱབ་རྟེན་ཡིག་ཆ་ཞིག་ཀྱང་མཉམ་དུ་ཕུལ་ཡོད།
བློ་སེང་ཟེ་བའི་མི་དེ་ཐོག་མར་སྲིད་སྐྱོང་འོས་མིར་སླེབས་སྐབས་ཁོ་པའི་མིང་གོ་བ་དང་མཐོང་བ་དང་པོ་ཡིན་ཁོ་པ་སྲིད་སྐྱོང་འོས་མིའི་དྲི་གྲགས་བྱེད་སྐབས་ནས་ང་རང་མི་དེ་ལ་དགའ་ཞེན་་སླེབས་མ་སོང་གང་ཡིན་ཟེ་ན་ཁོ་པས་འུར་གཏམ་ཤ་ཏག་བཤད་ཀྱི་འདུག་ དུས་ད་ལྟ་བར་ཁོ་པ་དང་ཁོ་པའི་ཕྱོགས་གཏོག་པར་ལྟ་ནས་སྡད་པ་ཡིན་ད་དུང་ཡང་ཧམ་བཤད་ལས་བོད་མི་ས་ཡ་དྲུག་ལ་སྨན་པ་ཞིག་མཐོང་མ་སོང་ད་ཆ་ལོ་འགའ་ཞིག་ཁོ་པས་འཕྲོག་ལག་གཏང་བཟིན་པར་རྒྱ་ནག་སྲིད་གཞུང་དགའ་པོ་བྱུང་ཡོད་ན་མ་ཏོག་ངས་མཐོང་བ་ལ་ཁོ་པས་བཤད་པའི་གཅིག་སྒྲིལ་དང་རང་ཁ་རང་གསོ་གསར་གཏོད་༧གོང་ས་མཆོག་བོད་ལ་གདན་འདྲང་རྒྱུ་སོགས་སྣེ་ཁ་གཅིག་མཐོང་རྒྱུ་ལས་བོད་མི་ནང་ཁུལ་ལ་ཐུག་པ་དཀྲུག་དཀྲུག་དང་རྒྱལ་སྤྱིའི་ཐོག་ཉམ་ཆུང་བོད་མི་སྐྱབས་གཅོལ་བའི་ཆེ་ཐོང་དང་མ་འོང་པར་བོད་པར་ཡིད་ཆེས་མེད་པ་བཟོ་ཡི་འདུག་ དཀར་ཕྱོགས་བསྐྱོང་བའི་ལྷ་བླ་མ་ཆོས་སྐྱོང་སྲུང་མས་མཁྱེན།
ཁ་ཐབས་སྐྱོ་བའི་བློ་སེང་ལ་གདེན་པ་དང་བོད་མི་ས་ཡ་དྲུག་ལ་ཤ་ཚ་ཡོད་ན་དྲི་བ་ལ་་ལན་བརྒྱབ་ནས་ད་ལྟའི་བོད་མི་ནང་ཁུལ་གྱི་འགལ་ཟླ་དང་བོད་མའི་སྒྲིག་འཛུག་ལ་ཡིད་ཆེད་མཐའ་གཅིག་ཏུ་བསླེབ་ཏུ་འཇུག་ནུས་པའི་སྤོ་པ་མེད་པ་ནི་བོད་མིའི་སྲིད་གཏེག་ལ་གུས་ཞབས་མེད་པ་དང་བོད་མི་ས་ཡ་དྲུག་ལ་མཐོང་ཆུང་ཡང་དགས་པའི་སྲིད་སྐྱོང་གཞན་ཞིག་སླེབ་རྒྱུར་ས་རུ་བཀག་ནས་རྐང་གཙུག་ཏེ་བོད་མའི་ཆབས་སྲིད་ལ་རྡོག་རོལ་གཏོང་བཞིན་པར་མངོན།
བློ་སེང་འདིས་ལོ་བཅུའི་རིང་རྙོག་དྲ་བཟོས་ཏེ་བསྐྱལ་ས་རེད། ཁམས་པའི་རྩ་ཐང་ན་ལུག་རྫི་ཚོས་ཀི་འདེབས་པ་བཞིན་བློ་སེང་བསུ་མཁན་ཀི་འདེབས་སྟངས་ལ་ལྟོས་དང་ངོ་ཚ་རང་རེད།
ཅི་མ་བདེན། དོན་དངོས་རང་རེད། ད་ང་ཚོས་ཅི་བྱེད། ད་ནི་ང་ཚོ་འཐོར་སོང་། བློ་སེང་གིས་གཏོར་སོང་།
“བློ་བཟང་སེང་གེ་མི་ཧ་ཅང་ངོ་ཚ་ཁྲེལ་མེད་ཅིག་མིན་ན། རང་ལ་རྒྱབ་སྐྱོར་ཞུ་མཁན་རྣམས་སྐྱབས་བཅོལ་ཞུ་ཡུལ་རྒྱལ་ཁབ་སོ་སོའི་ནང་ཁྲིམས་འགལ་དང་ནག་པོ་ཆགས་རྒྱུའི་སེམས་ཁུར་དང་སྙིང་རྗེ་མེད་པར། དཀྲོག་དཀྲོག་བྱེད་པའི་ལག་ཆ་ཙམ་དུ་རྩིས་ནས་རྒྱབ་སྐྱོར་བ་ཚོ་རྒྱལ་སྤྱིའི་གནམ་ཐང་སོགས་སུ། གཞན་གྱིས་མཐོང་ན་འཇིགས་དངངས་སྐྱེ་ཞིང་སྐྱུག་བྲོ་བོ་འདི་འདྲ་འཁྲབ་ཏུ་འཇུག་མི་སྲིད། གལ་སྲིད་ཁོང་གི་རྒྱབ་སྐྱོར་གཅིག་ཁྲིམས་འགལ་ཆགས་པ་ཡིན་ན། བློ་སེང་ལ་སྐྱོབ་པའི་ནུས་པ་མེད་པ་མ་ཟད་ཁོ་དང་འབྲེལ་བ་མེད་ཟེར་ནས་རང་ཉིད་དཀར་འདོད་བྱེད་རྒྱུ་ཉག་ཅིག་རེད།” ཟེར། ད་ལྟ་ཡོངས་གྲགས་སུ་ཁོང་གི་མཚན་ལ་”ཁམས་པའི་སྲིད་སྐྱོང་”ངམ་”ཁམས་པའི་ཀྲུའི་ཞི་”ཞེས་འབོད་ཀྱི་གདའ།
ཧཧཧཧཧཧཧཧཧ་་་་་་སྟག་སྨྱོན་དང་མཆན་འབྲི་མཁན་ཚང་མར་ཞུ་རྒྱུ་ལ་ཆོལ་གསུམ་མ་དཀྲུགས་རོག་གནང་་་་་་བློ་བཟང་སེང་གེའི་དུས་ཡུན་རྫོགས་གྲབས་འདུག་པས་ཨ་མའི་བུ་ལ་ཤེས་འཇོན་ཡོད་ན་སྲིད་སྐྱོང་གསེར་ཁྲི་སྟོང་པ་རེད་་་་་
མི་འདིས་བཙན་བྱོལ་བོད་པ་དཀྲུཧས་སོང་།
ཚང་མས་མཁྱེན་དགོས་པ་ཞིག་ལ་སྲིད་སྐྱོང་ཕྱི་རྒྱལ་གང་དུ་ཕེབས་ན་རང་ཉིད་རང་བཙན་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་སྲིད་འཛིན་གྱི་འགྲོ་སྟངས་དང་སྐད་ཆ་ཡང་དེ་ལྟར་བཤད་ཀྱིན་ཡོད་པ་ནི་གཞན་གྱིས་མཐོང་ན་ངོ་ཚ་དགོས་པ་ཡིན་པ་མ་ཟད་་རྒྱ་ནག་ལ་གྲོས་མོད་ཀྱི་འཁོར་ཡུག་སྐྲུན་རྒྱུ་ཕར་ཟད་ད་དུང་གྲོས་མོད་ཀྱི་བར་ཆད་དུ་འགྲོ་ཉེན་ཡོད། གནམ་གྲུ་ཐང་སོགས་སུ་ཡང་ཚད་ལས་བརྒལ་བའི་འུར་ཟིང་གིས་བཀང་བཞིན་པ་འདིས་བོད་མིའི་ཆེ་མཐོང་ཡང་བརླག་བཞིན་འདུག སྲིད་སྐྱོང་ཕེབས་བསུའི་སྐབས་ཁ་བཏགས་སྒྲོན་མཁན་རྣམས་ལ་སྲིད་སྐྱོང་ངོས་ནས་མཇལ་དར་བཞིན་འབུལ་བཞེས་བྱེད་ཀྱིན་ཡོད་པ་དང་གཏམ་བཤད་ཁག་ལའང་བཀའ་སློབ་ཅེས་ཐ་སྙད་སྦྱོར་གྱིན་པ་ནི་བླུན་རྟགས་ཤིག་རེད། རྒྱལ་བ་རིན་པོའི་ཆེའི་བཀའ་སློབ་ཟེར་བ་ལས་མི་སྐྱ་གང་ཡིན་གྱི་གཏམ་བཤད་ལ་བཀའ་སློབ་ཟེར་ན་ལྐུགས་རྟགས་རེད། དཔེར་ན་སངས་རྒྱས་ཀྱི་གསུང་ལ་བཀའ་འགྱུར་ཟེར་བ་ལས་རྒྱ་གར་མཁས་པའི་གསུང་ལ་ཡང་བསྟན་འགྱུར་ལས་བཀའ་འགྱུར་མི་ཟེར་བ་བཞིན་ནོ།། འདི་དག་ཆོས་ཕྱོགས་ཀྱི་ཐ་སྙད་སྦྱོར་སྟངས་ཡིན་པས། རྒྱལ་བ་རིན་པོ་ཆེ་ཕེབས་བསུ་དང་ཆེ་བསྟོད་བྱེད་སྟངས་དེ་ཆོས་སྲིད་གཉིས་ཀྱི་ཆ་ནས་ཡིན་པས་བློ་སེང་ལའང་དེ་ལྟར་བྱེད་ན་རང་ཉིད་ལྐུགས་པ་ཡིན་པའི་རྟགས་རེད།
ཨ་མའི་བུ་ལ་ཧམ་པ་ཡོད་ན་བློ་སེང་ལྟར་དུ་ནག་པོ་ཆ་རྒྱུར་ཐེ་ཙོམ་མེད་ཧཧཧཧཧཧཧ
འདི་གནད་འགག་ཆགས་འདུག གནམ་ཐང་ལ་ཀི་ཤར་བརྒྱབ་པའི་གནས་སྟངས་སོགས་ཀྱིས་བོད་མིའི་ཆེ་མཐོང་ལ་གནོད་ཡོད་པ་མ་ཟད་ཕྱི་རྒྱལ་བ་ཚོ་བོད་མི་ལ་སྐྲག་དགོས་པའི་གནས་སྟངས་ཆགས་པ་འདིས་བོད་མིའི་འདུན་ལམ་ལ་གནོད་ཆེན་པོ་བསྐྱལ་འདུག་སྙམ།
ད་གང་ལྟར་བོད་པོ་ཚང་ལ་འགྲིག་མ་སོང་། འཐོར་སོང་། བཅད་སོང་།
སྲིད་སྐྱོང་སུ་སིར་ཆིབས་སྒྱུར་་་་་
https://www.facebook.com/CTATIBETTV/videos/10155263792190382/?hc_ref=ARS4O5z8-dAUJmwpIRNzRfkAcnqjRTLz9JjGwJmzD8Lfq1mQfquOOYa9rm2Du6_WdBc
ཀི་བསྭོ་ལྷ་བསྭོ་སྒྲོགས་པ་ཁམས་པའི་ལུགས། ཡིན་ཀྱང་གནམ་ཐང་དུ་ཀི་ཤར་གྱིས་བཀང་བ་དེ་ནི་མཐོང་ཚུལ་ལ་མི་ལེགས་སོ། སྨྲ་བརྗོད་རང་དབང་ལྡན་པ་དམངས་གཙོའི་ལུགས། ཡིན་ཀྱང་ཆོལ་ཁའི་འཐེན་འཁྱེར་གྱིས་སྲིད་སྐྱོང་ལ་འཛམ་གླིང་གང་སར་ངོ་རྒོལ་བྱས་པ་དེས་ཀྱང་མཐོང་ཚུལ་ལ་ངན་ནོ།
ཁམ་པ་ལབ་ན་ཁམ་པ་ཚང་མར་གོ་བས་དེ་རན་པོ་མི་འདུག་མི་ངན་བློ་སེང་དང་ཁོ་པའི་ཕྱོགས་གཏོག་ལབ་ན་དེ་རན་པ་རེད་དཔེར་ན་དོད་རྒྱལ་བ་ཉུང་ཤད་དེ་ཚོའང་ཁམ་པའི་ནང་གི་ཉུང་ཤས་ཞིག་དང་དེ་སྔོན་རྡ་རམ་ས་ལར་མི་གསོད་ཁན་ཁམ་པའི་ནང་གི་ཉུང་ཤས་མི་ནི་སོ་ཀྲར་གཞང་ཁང་གཙུག་ཁན་ཁམ་པའི་ནང་གི་མི་གཉིས་རང་སི་ཡ་ཀྲའོ་ལ་ཁ་བསླུས་བརྒྱབ་མཁན་ཁམ་པའི་ནང་གི་མི་གཅིག་རང་ཡིན་དུས་དེ་ཚོ་ཁམ་པའི་ནང་གི་མི་ཉུང་ཤས་ཤིག་ཡིན་པ་ལས་ཁམ་པ་ཟེ་ལབ་ནས་མི་ཚང་མ་ནག་པོ་མ་རེད།
བོད་རིགས་དང་། རེཊ་ཨིན་ཌན་ལ་འདྲ་བའི་ཆ་ཡོད་དམ། ལགས།
https://www.facebook.com/AmericanIndianTribe/videos/156104391711414/?hc_ref=ARQtq8GRkaErss9Yj6aMm0c6XRokL0GtYP17ItkUgWtUXjBCFlLWsG6x_1VZoPnoRV0
ཟང་ཟིང་ལང་ལོང་ཞེས་འབྲུ་དགོས་པ་མིན་འགྲོ
Bholta kuch Karta kuch, from Gangchen Kyishong, says:
on 29 January 2018 at 7:57 am
When Swiss youth asked about gender equality in CTA. Sikyong said that one has to stay in CTA and climb up the ladder of seniority for 20 long years to become a secretary. He also said one cannot do “parachute jump” to become a CTA secretary.
Question: Has Dhardon Sharling served CTA for 20 years to become secretary? Or has Sikyong “parachuted” her for the secretary post? ལུག་རྫི་བ་གང་ཙམ་ནས་ཀི་ཀི་བསོ་བསོ་བོད་ནང་རྒྱབས་མ་ཐུབ་རྒྱ་གར་རྡ་སར་འབྱོར་ རིམ་བཞིན་དགོན་སྡེ་ཁག་ནང་ཞུགས་ ཁུངས་མ་འཁྱོལ་ སྟབས་བདེ་ལེགས་པ་ལ་ཞིག་ལ་ཕྱི་རྒྱལ་༼བྱང་སྒྲ་མི་སྙན་༽འབྱོར་ བོད་ནང་གི་ཙ་ཐང་དང་ཕྱི་རྒྱལ་གནམ་ཐང་ཁག་ག་རེད་ རྒྱལ་ཁབ་གང་ཞིག་ལ་ཁྲིམས་ཡོད་པ་རེད་ བོད་རིགས་མཚོ་ལ་སྙིང་ཉེ་བ་དེ་ ༧རྒྱལ་དབང་༧བསྟན་འཛིན་རྒྱ་མཚོ་མཆོག་གི་བཀའ་དྲིན་རེད།
མ་གཞི་འདྲ་ལབ་འདུག་ཡིན་ན་ཡང་ད་ཕན་ཐོག་མ་སོང་དེ་ལས་ཁ་མར་བཙུམ་ནས་བསྡད་ན་ཡག་པ་་་་ད་ཡིན་ན་རེ་བ་རྩ་བ་ནས་མེད་སོང་གནས་སྟངས་འདི་འདྲ་ཞིག་ལ་སླེབས་ཚར་རེད་ད་བཅོས་ཐབས་མེད་དོ།།
མ་གཞི་འདྲ་བོ་ལབ་འདུག་ཡིན་ན་ཡང་ད་ཕན་ཐོག་མ་སོང་དེ་ལས་ཁ་མར་བཙུམ་ནས་བསྡད་ན་ཡག་པ་་་་ད་ཡིན་ན་རེ་བ་རྩ་བ་ནས་མེད་སོང་གནས་སྟངས་འདི་འདྲ་ཞིག་ལ་སླེབས་ཚར་རེད་ད་བཅོས་ཐབས་མེད་དོ།།
བློ་སེང་མི་ཁྲམ་པ་ཚ་པོ། ང་རྒྱལ་ཚ་པོ། རང་དོན་ཚ་པོ། རང་དོན་འགྲུབ་ན་ཆ་ལུགས་ངན་ན་ངན་ཟེར་མཁན་གྱི་མི་ཐ་ཤལ་ཞིག་ཡིན་པ། ཁོ་རང་ལ་རྒྱུས་མངའ་ཆེ་ཤོས་ཡོད་པའི་ Boston བོད་རིགས་མི་མང་གིས་ངོས་འཛིན་བྱེད་ཀྱི་ཡོད་འདུག བློ་སེང་མདོ་སྟོད་མི་མང་ལ་ཤུགས་ཆེ་ཤོས་ཞེད་སྣང་སྐྱེ་གི་ཡོད་པ་རེད་བསམ། དེ་ནི་མདོ་སྟོད་པ་མང་པོ་ཞིག་གིས་ཁོ་ལ་ད་དུང་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ནམ་ཞིག་མདོ་སྟོད་མི་མང་གིས་ཁོ་ཁྲམ་པ་ཚ་པོ། ང་རྒྱལ་ཚ་པོ། རང་དོན་ཚ་པོ་ཡིན་པ་ཕྱི་གསལ་ནང་གསལ་མཁྱེན་པ་ཡིན་ན། ཉི་མ་དེ་ནས་བློ་སེང་བཀབ་སའི་ཁུང་གཅིག་པོ་དེ་མེད་པ་ཆགས་ཀི་རེད། དེའི་ཕྱིར་བོད་མིའི་སྤྱི་ཚོགས་ནང་ཆོལ་ཁའི་ཞེན་ཁོག་ག་ཚོད་ཆེ་རུ་སོང་ན་བློ་སེང་གི་རྒྱལ་སྐྱོར་དེ་ཚོད་ཀྱིས་བརྟན་དུ་འགྲོ་གི་ཡོད་པ་རེད། བློ་སེང་གིས་ཆོལ་ཞེན་ཤུགས་ཆེ་རུ་སློང་དགོས་པའི་རྒྱུ་མཚན་འདི་ལ་ཐུག་ཡོད། ཆོལ་ཁའི་ཞེན་ཁོག་དེ་ཉེས་ཅན་པ་བློ་སེང་བཀབ་སའི་ཁུང་ཡག་ཤོས་སུ་མཐོང་གི་ཡོད་པ་རེད།
ད་ནང་འཁྲུག་ཤ་སྟག་བརྒྱབ་ནས་བོད་དོན་ཆུ་ལ་བསྐྱུར་བཞིན་འདུག
དེ་ལས་དགྲ་བོ་དང་ཁ་གཏད་ཚོར་སྐད་ཆ་སྡུག་པ་རེ་གཉིས་བཤད་རྒྱུ་མིན་འདུག་གམ།
བཤད་པ་མི་བདེན་སྤྱོད་པ་བདེན།།
ཆོལ་ཁའི་ཕྱོགས་ཞེན་མི་བྱེད་པར།།
གང་ལ་བདེན་པ་ཡོད་མིན་དེ།།
རང་ལུས་སྟེང་ལ་དཔེ་ཞིག་ལོངས།།