འདྲེ་མགོ་མདོ།
སྲིད་སྐྱོང་པ་སྐུ་ཞབས་བློ་སེང་གིས་ཁས་ལེན་དམ་བཅའ། སྲིད་བྱུས། ཡང་ན་ལས་འཆར། དེ་བཞིན་འཆར་སྣང་བཅས་སུ་བོས་ཆོག་པའི་སྒྲུབ་བྱའི་དོན་ཚན་འདི་བདུན་༧ པོ་འདི་དག་ཐབས་ལམ་གང་འདྲ་ཞིག་བརྒྱུད་དེ་ལེགས་སྒྲུབ་བྱས་ན་དགའ་འམ། དེ་ལ་ཤེས་ཡོན་པའི་སྡེ་དང་མི་མང་གི་ངོས་ནས་རྒྱབ་སྐྱོར་ཆིག་སྒྲིལ་གང་འདྲ་ཞིག་བྱེད་དགོས་སམ། ཁོང་གི་དོན་ཚན་བདུན་༧ གཤམ་ལ་བཀོད་ཡོད།
༡ ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་བོད་ཀྱི་རང་དབང་བསྐྱར་གསོ་བྱ་རྒྱུ།
༢ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུད་འཛིན་གྱིས། ཞི་མོལ་གྱི་ལམ་ནས་བོད་དོན་འགྲིག་ཆགས་འཚོལ་རྒྱུའི་ཡིད་ཆེས་ཀྱིས། རྒྱ་ནག་གཞུང་དང་མཉམ་དུ་ས་གནས་དང་དུས་ཚོད་ག་འདྲ་ཞིག་ཏུའང་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཡོད་པ།
༣ བཙན་བྱོལ་ནང་ཁྱད་ལས་པ་ཆིག་ཁྲི ༡༠༠༠༠ ཐོན་ཐུབ་པའི་དམིགས་ཚད་བཟུང་བ།
༤ བོད་ནང་ཁྱད་ལས་པ་ཆིག་འབུམ ༡༠༠༠༠༠ ཐོན་ཐུབ་པའི་དམིགས་ཚད་བཟུང་བ།
༥ འཛིན་སྐྱོང་ནང་ཁྱད་ལས་པ་གསོ་སྐྱོང་བྱེད་རྒྱུ་དང་། ལས་བྱེད་པའི་དགའ་ཕྱོགས་དང་འཇོན་ནུས་ལ་དཔག་པའི་ལས་རྒྱུན་བཀོད་སྒྲིག་བྱེད་པ།
༦ འཛིན་སྐྱོང་ནང་རྣམ་དཔྱོད་འདོན་སའི་སྡིངས་ཆ་བསྐྲུན་ཆེད་དང་། བོད་རིགས་མཁས་པ་དང་ཤེས་ཡོན་པས་དང་བླང་ཞབས་ཞུ་ཞུ་སའི་བོད་ཀྱི་སྲིད་བྱུས་ཁང་ཞིག་འཛུགས་རྒྱུ།
༧ གཞིས་ཆགས་རེ་དང་ཕྱི་རྒྱལ་བོད་རིགས་ཚོགས་པ་རེ་མགོ་སྦྲེལ་གྱིས་གཞིས་ཆགས་ཡར་རྒྱས་གཏོང་རྒྱུ།
འདྲེ་མགོ་རྡོ་ལགས།
གོང་འཁོད་དོན་ཚན་བདུན་པོ་དག་མི་མང་གིས་རྒྱབ་སྐྱོར་དང་ཆིག་སྒྲིལ་བྱེད་མི་འོས་ས་རྐང་གཅིག་ཡང་མེད་པ་རེད། གང་ཅིའི་ཐོག་ཧུར་ཐག་འབད་ཐག་བྱེད་དགོས་པ་ཤ་སྟག་རེད།
ཡིན་ན་ཡང་། དོན་ཚན་བདུན་པོ་འདི་ཚིག་ཐག་ཆོད་པ་ཞིག་མེད་པར་གསལ་ལ་མི་གསལ་བའི་རབ་རིབ་ཅིག་ཏུ་སྣང་།
ཁས་ལེན། དམ་བཅའ། ལས་གཞི། འཆར་སྣང་། རེ་བ། དམིགས་ཡུལ། ཚིག་འདི་དག་དོན་གཅིག་རང་གཅིག་མ་རེད། གོ་བ་ལོག་ག་ལོག་ག་ཡོད་པ་རེད།
ཁས་ལེན་ཡིན་ན་ཁ་བཤད་དོན་ལ་ཡིན་གཅིག་གནས་དགོས་གི་རེད།
དམ་བཅའ་ཡིན་ན་རང་གི་སྲོག་ལ་བབ་ཅིང་འགྱུར་མི་ཆོག
ལས་གཞི་ཡིན་ན་ངེས་པར་དུ་ལག་བསྟར་བྱེད་དགོས།
འཆར་སྣང་ཡིན་ན་ལས་འགོ་བརྩམས་པས་འཐུས།
རེ་བ་ཡིན་ན་སྨོན་འདུན་ཙམ་གྱིས་ཆོག
དམིགས་ཡུལ་ཡིན་ན་ལས་གཞི་བརྩམས་ན་འགྲིག
ལྷག་པར་དུ་དོན་ཚན་དང་པོ་དང་གསུམ་པ། བཞི་བ་བཅས་གསུམ་ནི་ལོ་ངོ་ལྔ་བཅུ་ཐམ་པའི་རིང་གྲུབ་འབྲས་སྣེ་གཅིག་མ་ཐོན་པའི་དཀའ་གནད་ཤ་སྟག་རེད་ཡ། ལོ་ལྔའི་ཡུན་ལ་་་་་་་་་་ཨ་རོགས་་་ཨ་རོགས།
ངས་ང་ཚོ་སྡེ་བའི་གཏམ་དཔེ་འདི་ཡིད་དྲན་ཡོང་གིས།
བྱ་བ་གང་ལ་ཁས་ལེན་མ་སྔ། ཚིག་ཤོར་ལ་འཛིན་ཐལ་མེད། རྟ་ཤོར་ལ་འཛིན་ཐལ་ཡོད། ཞེས་པ་དང་། ད་དུང་། རྒན་བྱིས་ཁྱད་མེད་དུ་ཧ་ཅང་གཙིགས་ཆེན་འཛིན་པའི་སྐད་ཆ་་ ཕོ་རབ་ཚིག་ཐོག་་་་ཟེར་བ་འདི།
དེ་དག་འགྲུབ་པར ་གཅོ༹་ཆེ་བ་ཆ༹ང་མའི་རོགས་འདེབས་དགོས
ཁྱད་ལས་ཆེད་ལས་ལ་ཆོས།
ལས་སླ་ཤོས་དོན་ཚན་གཉིས་འདུག རེ་བ་དང་རོགས་རམསོགས་་བྱས་ཆོག ཡིན་ན་ཡང་དམིགས་ཚད་ཙམ་རེད།
སྒྲུབ་ཐུབ་ངེས་ཀྱི་དོན་ཚན་གཉིས་འདུག འཛིན་སྐྱོང་རང་ངོས་ནས་ཐབས་ནུས་འདོན་ཆོག་པས་སོ།
ལས་སླ་མདོག་འདྲ་བོ་ཡང་དཀའ་མདོག་འདྲ་བ་གཅིག གཞིས་ཆགས་ཀྱི་སྤྱིར་བཏང་གི་འཚོ་བ་ཇེ་ལེགས་སུ་གཏོང་ཐུབ་ངེས། ཡིན་ཡང་གཞིས་ཆགས་ཀྱི་ས་ཞིང་འདེབས་ལས་ཀྱི་རྣམ་པ་སྒྱུར་དཀའ།
ད་དུང་དོན་ཚན་གཅིག་ཡང་རེ་བ་དང་གྲ་སྒྲིག་ཅིག་གི་ངོ་བོར་གནས་རྒྱུ་ཡིན་ན་ལས་སླ་ཡང་མངོན་འགྱུར་བྱ་དགོས་ན་དཀའ།
ཆེས་དཀའ་ཤོས་དང་ཆེས་མཁོ་ཤོས་ཀྱི་དོན་ཚན་གཅིག་རང་སྟེ། བོད་ཀྱི་རང་དབང་བསྐྱར་གསོ་གནང་ཐུབ་སོང་ན་དེས་ཕན་ཆད་ནས་གང་ཡང་མ་ཐུབ་ན་ཆོག
དོན་ཚན་ད་དེག་ཧ་ཅང་གལ་ཆེན་རེད་ལ་ངེས་པར་སྒྲུབ་གང་ཐུབ་གནང་དགོས་པ་ཞིག་ཀྱང་རེད། མི་མང་གི་ངོས་ནས་དེ་དག་ལ་གཞོགས་འདེགས་ག་རེ་བྱེད་ཐུབ་བམ། ངས་བལྟས་ན་ཐུབ་ས་དང་མི་ཐུབ་ས་གཉིས་ཀ་འདུག ཁྱེད་ཅག་གིས་ཐུབ་ས་དང་མི་ཐུབ་ས་གང་ཡིན་པ་ཤེས་སམ། ཡང་ན་རང་ངོས་ནས་གང་ཞིག་ཁས་ལེན་རོགས་རམ་བྱ་རྒྱུ།
ང་རང་ངོས་ནས་ཀྱང་བྱེད་ཕོད་པའི་ལས་ཀ་རེ་སྣེ་རེ་ལོས་ཡོད་མོད། འདིར་མི་འབྲི།
རྣམ་པ་ཚོ་ཕེབས་པར་དགའ་བསུ་ཞུ།
འདོད་ལྷ་ཁམས་པས་གསུངས་བ་བདེན་པར་འདུག ཡིན་ནའང་ཁོང་གི་དམ་འབུལ་གཏམ་བཤད་ལ་ལྟོས་དུས་ཀླུ་སྨྱོན་གྱིས་ཀྱང་བཤད་པ་ལྟར། བཙུན་པ་ཟམ་གདོང་ཚང་ལས་ཆེས་ཆེར་མ་འདྲ་བ་ཞིག་མེད་སྟབས། ངས་སྐུ་ཞབས་བློ་སེང་ལ་བསམ་ཤེས་བྱས་ན་ལབ་ན་འདྲ། སྤྱིར་བཏང་གི་ཆོས་ཉིད་ཐོག་ནས་ལབ་ན་འདྲ། བཙུན་པ་ཟམ་གདོང་ཚང་ལ་གོམས་སོང་ནས་ལབ་ན་འདྲ། རྡ་རམ་ས་ལའི་ཆབ་སྲིད་པ་སྐད་གྲགས་ཅན་ཚོའི་གཞའ་སྤྱད་ཀྱི་མིང་ཚིག་ལབ་ན་འདྲ། གང་ལྟར་ཕྱོགས་ངོས་མང་པོ་ཞིག་རྒྱུ་མཚན་དུ་བྱས་ནས༼ ཁས་ལེན་དམ་བཅའ། སྲིད་བྱུས། ལས་འཆར། འཆར་སྣང་། ༽ཚིག་འདི་དག་བཀོད་དེ། བུ་རྒོད་པོ་སེང་ཕྲུག་དར་མ་ཁོང་ལ་དྲན་སྐུལ་ཞིག་བྱས་པ་ཡིན། དྲན་སྐུལ་གང་ཡིན་ཞེ་ན། གོང་དུ་བཀོད་པའི་ལམ་ཁ་རྙིང་པ་དེ་དག་གི་ཁྲོད་ནས་འགྲོ་མི་དགོས་ས་ལ་མ་འགྲོ་རོགས་ཟེར་འདོད་པ་དེ། ཁོང་གིས་ཚིག་གི་ངོ་གདོང་ནས་རྟོགས་ཐུབ་ཀྱི་རེད་བསམས་ནས་དེ་ལྟར་བྲིས་པ་ཡིན་ལགས།
རྒན་ཆབ་བྲག་ཚང་ཕེབས་པ་དགའ་འོ། ཞིབ་ཏུ་སང་ཉིན་གླེང་ད་ང་ལས་དོན་ཞིག་གི་ཆེད་དུ་འགྲོ་དགོས།
མིས་བྲིས་པ་རེད་དམ། འདྲེས་བྲིས་པ་རེད། འདྲེས་བྲིས་པ་ཡིན་ན་དོ་དགོང་ནང་ལ་ང་རང་གཅིག་པུ་ཡིན་པས་གཉིད་ཇི་ལྟར་ཁུགས་སམ་ཞེད་སྣང་འདུག
འདྲེ་རང་རེད། ཡིན་ནའང་། འདྲེ་ཡི་ནང་ནས་གནའ་དེང་གཉིས་ཀའི་རྒྱུ་མཚན་ཤེས་མཁན་གྱི་འདྲེ་དེ་འདྲ་རེད། ཧཧཧཧཧ
སྟོབས་ལགས་ཀྱི་བྲིས་པ་ལྟར་ཚང་མའི་རོགས་འདེབས་དགོས་ལ་དེ་བས་ཀྱང་གལ་གནད་ཆེ་བ་ཕྱོགས་རིས་སྤང་པའི་ལྷག་བསམ་དང་༧གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཀྱིས་གུས་བརྩི་ཁ་བཤད་ལག་ལྟར་བཅས་དགོས་སོ།།
སྲིད་སྐྱོང་བློ་སེང་ཀྱིས་་་དེ་སྔོན་འོས་འདེམས་སྐབས་ཀྱི་གཏམ་བཤད་དང་དམ་འབུལ་སྐབས་ཀྱི་གཏམ་བཤད་འདི་དག་མངོན་གྱུར་ཐུབ་མིན་ནི་ང་ལ་མཚོནས་ན་ཆེས་ལྐོག་གྱུར་དང་ཆེས་བར་རུབ་སབ་སུབ་ཞིག་རེད་ལ། མདོར་བསྡུས་ན་ཐེ་ཚོམ་གྱི་གནས་ཞིག་ལས་གང་ཡང་མི་འདུག། གཏམ་བཤད་འདི་དག་གིས་ང་ལ་ཕྱིན་པའི་དགའ་འོས་པའི་ཚོར་སྣང་ཞིག་ཉེག་གཅིག་ནི། སྲིད་སྐྱོང་པ་ཁོང་་དུས་རབས་ཉེར་གཅིག་པའི་ཆབ་སྲིད་པའི་བསམ་བློ་དང་གོ་རྟོགས་ངེས་ཅན་ཡོད་པའི་མི་བུ་ཞིག་ཡིན་པ་མཐོང་ཐུབ་བྱུང། ཡོད་ཚད་སྒྲུབ་ཐུབ་མུན་དང་འགྲུབ་མིན་གནས་ཚུལ་གཞན་ཅིག་རེད་སྙམ། ངས་དེ་བྱེད་ཀྱིས་ཡིན་དང་གན་སྒྲུབ་ཀྱི་ཡིན་་་འདི་ལས་རྒྱུ་ཡིན་་བསྒྱུར་བཅོས་དང་འཕོ་འགྱུར་འདི་འདྲ་གཏོང་རྒྱུ་ཡིན་ཟེར་བ་དེས་་མི་མང་ལ་རེ་བ་གསར་བ་ཞིག་དང་སྤོབ་པ་འཕར་མ་ཞིག་བསྐྲུན་རྒྱུ་ལ་ཕན་ངེས་ཅན་ཞིག་ཡོད་པ་མ་ཟད་་དེང་དུས་ཀྱི་ཆབ་སྲིད་པའི་སྲིད་སྟེགས་ནས་སྐད་ཆ་བཤད་སྟངས་ཞིག་ཀྱང་རེད་སྙམ། དཔེར་ན་ཨོ་བྷ་མ་དང་་ཊྲེ་བེ་ཁེམ་རོན་ལྟ་བུས་གཏམ་བཤད་ལས་ཤེས་ཐུབ། དེ་སྔོན་གོང་༧་མཆོག་གིས་ཀྱང་ལོ་གཉིས་གསུམ་ནང་ང་ཚོ་ལྷན་འཛོམས་ཡོངས་ངེས་ཞེས་ཡང་དང་ཡང་ནས་གསུང་ཡོད་པ་ང་ཚོས་ཀྱང་ཤེས་གསལ་རེད། དེ་མིན་ང་ལ་སེམས་ཤུགས་ཡོད་་་ང་ལ་ལྷག་བསམ་ཡོད་ཟེར་བ་གཅིག་པོའི་ལབ་ནས་བསྡད་ན་ཁོ་ལ་འོས་ཀྱང་ཐོབ་མེད་པ་མ་ཟད་་རྒྱལ་སྤྱིའི་ཐོག་འདི་འདྲའི་དོ་སྣང་ཀྱང་ཡོངས་མི་སྲིད། ཡང་དགོད་སྤྲོ་བ་ཞིག་ལ་ཁོས་དམ་འབུལ་རྗེས་སུ་ཨེ་ཤ་ཡའི་རླུང་འཕྲིན་གྱིས་བཅར་འདྲི་ཞིག་གི་སྐབས་་་་ང་རང་གིས་ཚེ་སྔོན་མའི་ལུས་ཀྱིས་འདི་ལྟར་བསྐོས་བ་ཡིན་ས་རེད་ཟེར་་་སྐད་ཆ་འདིའི་ངའི་མགོ་ནག་འཐོམས་སེ་བཏངས་བྱུང་་་་་་དུས་རབས་འདིའི་སྲིད་སྟེགས་ན་ཡོད་ཚད་ལས་ལ་བཅོལ་མཁན་ཞིག་དུས་་་དེས་འཕག་འཚུགས་ཀྱིས་ནུས་བ་ག་ཚོད་ཞིག་ཐོན་ཐུབ་མིན་ང་ཚོས་ཚོད་དཔག་བྱེད་ཐུབ་ངེས། གང་ལྟར་བདེན་པ་ཉིད་རྣམ་པར་རྒྱལ་གྱུ་ཅིག་་་་་་་་་་་་
གང་ལྟར་ཁ་བཤད་ཆུའི་སྦུ་བ་དང་ལག་ལེན་གསེར་གྱི་ཐིགས་པ་ལྟར་མི་འགྲོ་བའི་ཐུགས་སྨོན་མཁྱེན་ནོ།།
ཤིང་གིས་ཤིང་བཀྱག་ན་ལྷ་ཁང་དང་གསེར་ཁང། མིས་མི་བཀྱག་ན་བླ་མ་དང་དཔོན་པོ། ཟེར་བ་ལྟར་་་ཚང་མས་གང་ཐུབ་ཅི་ཐུབ་ཀྱིས་ཟིང་ཞིག་བསྐོར་རྒྱུ་ཧ་ཅང་གལ་ཆེའོ། མ་ཟད་མི་རེ་ངོ་རེ་ནས་ཆ་ཤས་ངེས་བར་ཏུ་ལེན་དགོས་པའི་ཆར་གཞིག་ཀྱང་ཡིན་ནོ