རྨ་མགུར་སངས་རྒྱམ་གྱིས་བསྒྱུར།
ད་ལོའི་སྤྱི་ཟླ་༣་པ་ནས་བཟུང་བོད་ཀྱི་ཤར་ཕྱོགས་ས་ཁུལ་དུ་བོད་རིགས་བཅུ་གཅིག་གིས་རང་ལུས་མེ་རུ་བསྲེགས་ཡོད་པ་དང་དེའི་ནང་གི་དྲུག་ནི་འདས་གྲོངས་སུ་ཕྱིན་པ་རེད། རྒྱ་ནག་སྲིད་གཞུང་གིས་ཁོ་ཚོ་ནི་རྫུ་བག་གྱོན་པའི་དྲག་སྤྱོད་རིང་ལུགས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད།
དོན་དངོས་ཀྱི་གནད་དོན་ནི་ཁོ་ཚོའི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་རྣམས་བཙན་བཟུང་བྱས་པའི་བོད་ནང་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་ལ་སྐྱོན་བརྗོད་བྱེད་པའི་རྟགས་མཚན་ངོ་མ་དེ་ཡིན། ཁོ་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་མི་དམངས་ཤིག་འཚོ་གནས་ལྡན་པའི་ཆེད་དུ་རླབས་ཆེན་གྱི་ལས་འགུལ་འདི་མངོན་གསལ་དུ་བསྟན་པ་རེད།
བཙན་བྱོལ་དུ་བཞུགས་པའི་བོད་རིགས་ཚོས་བོད་ནང་གི་རང་རེའི་མི་རིགས་ཀྱི་སྙིང་གི་ན་ཚ་དང་དཀའ་སྡུག་ལ་རྒྱུན་དུ་སེམས་ཁུར་ཟབ་མོ་མཛད་ཅིང་། ལྷག་པར་དུ་རྔ་བ་དང་དཀར་མཛེས་ས་ཁུལ་དུ་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་ལ་བློ་འཚབ་དང་སེམས་སྡུག་ཆེན་པོས་གདུང་སེམས་མཉམ་སྐྱེད་གནང་བ་ཡིན། རང་ལུས་མེར་བསྲེག་ཏུ་བཏང་བའི་གྲྭ་བ་དང་ཨ་ནེ་དེ་ཚོས་བོད་ནང་དུ་རྒྱ་ནག་གི་དྲག་གནོན་ལ་འཛམ་གླིང་མི་དམངས་ཀྱིས་དོ་སྣང་མཛད་པའི་ཆེད་དུ་རང་སྲོག་བློས་བཏང་གི་ལས་འགུལ་དེ་བརྩམས་པ་རེད།
རང་སྲོག་བློས་བཏང་གནང་མཁན་ཚོས་བོད་དང་བོད་མི་དམངས་ཡོངས་ཀྱི་སྐུ་ཚབ་ཀྱི་ཐོག་ནས་ལས་འགུལ་འདི་སྤེལ་བ་དང་ཁོ་ཚོའི་ཐུགས་དགོངས་ནི་མི་གཞན་སུ་ཞིག་ལའང་གནོད་སྐྱོན་མི་གཏོང་བ་དེ་རེད། དཀའ་སྡུག་དང་སྐྱོ་གདུང་གི་ལས་འགུལ་འདི་ནི་ཁོ་ཚོའི་སེམས་ཀྱི་ན་ཟུག་དྲག་པོ་ལས་ཕྱིར་མངོན་པ་དང་། ཁོ་ཚོ་ནི་འཇིགས་སྣང་གི་བསམ་བློའི་འོག་ཏུ་གནས་ཡོད་པར་མ་ཟད། ཁོ་ཚོ་ལ་བསམ་སྤྱོད་ཀྱི་རང་དབང་གང་ཡང་ཡོད་པ་མ་རེད།
བཙན་བྱོལ་དུ་བཞུགས་པའི་དབུ་ཁྲིད་ཚོས་བོད་ནང་གི་རང་ལུས་མེར་བསྲེག་དང་ངོ་རྒོལ་གྱི་ལས་འགུལ་ལ་སྐུལ་སློང་རྩ་བ་ནས་བྱེད་ཀྱི་མེད་པའི་རྒྱུ་མཚན་ནི་རྒྱ་ནག་གིས་ཁོ་ཚོ་ལ་དྲག་གནོན་ཁོ་ནའི་སྟེང་ནས་བྱ་སྤྱོད་སྤེལ་གྱི་ཡོད་པ་དེ་ཡིན། ད་དུང་རྒྱ་ནག་གིས་ཞི་བའི་ངོ་རྒོལ་བ་རྣམས་ལ་དོན་མེད་ཀྱི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད། བོད་མིའི་རང་ལུས་མེར་སྲེག་གི་སྐབས་སུ་མེ་ལྕེ་གསོད་པའི་ཚབ་དུ་རྒྱ་ནག་གི་དཔོན་རིགས་ཚོས་ཐེངས་དང་བོར་གཅར་རྡུང་བྱེད་ཀྱི་ཡོད་པ་དང་རྨས་སྐྱོན་དེའི་རྐྱེན་གྱིས་ཁོ་ཚོ་འདས་གྲོངས་སུ་ཕྱིན་པ་རེད།
གོང་ས་༸སྐྱབས་མགོན་མཆོག་གིས་བོད་རིགས་མི་དམངས་ལ་དེ་འདྲའི་འུ་ཐུག་གི་བྱ་སྤྱོད་ལ་མི་འགྲོ་བར་ཚིག་ཐག་ཆོད་པའི་སྒོ་ནས་རེ་སྐུལ་ནན་མོ་གནང་བ་རེད། དཔེར་མཚོན་ན། སྤྱི་ལོ་༢༠༠༨་ལོར། གོང་ས་༸མཆོག་གིས་བོད་རིགས་ཚོ་ལ་ནན་སྐུལ་མཛད་པ་ལ་བརྟེན་ནས་ཁོ་ཚོས་རྒྱ་ནག་གི་དྲག་གནོན་སྲིད་ཇུས་ལ་དགག་ལན་སྤྲད་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་གནང་བ་རེད།
བོད་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་བདག་གིས་ཀྱང་བཙན་བྱོལ་དུ་བཞུགས་པའི་བོད་རིགས་ཚོ་ལ་འབོད་སྐུལ་མཛད་ནས་ཁོ་ཚོའི་མ་ཤིའི་བར་དུ་ཟས་བཅད་ཀྱི་ངོ་རྒོལ་ཁག་མཇུག་སྒྲིལ་དགོས་པར་བཤད་ཡོད། རྒྱུ་མཚན་ནི། ཁོ་ཚོས་རང་རེའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཅིང་། རང་རེའི་ལས་འགུལ་གྱི་སྟོབས་ཤུགས་འཛམ་གླིང་ཁྱོན་ཡོངས་སུ་སྲ་བརྟན་དུ་ཡོང་བར་ང་ཚོ་ཚང་མས་མཉམ་རུབ་ཀྱི་སྟོབས་ཤུགས་དགོས་ངེས་ཡིན།
བོད་ཕྱི་ནང་གཉིས་ཀའི་མི་དམངས་ཀྱིས་རང་རེའི་སྤྱི་ཚོགས་དང་དགོན་པའི་སློབ་གསོའི་ཤེས་ཡོན་གཉིས་ལ་དོ་སྣང་ཆེན་པོའི་སྒོ་ནས་ཧུར་བརྩོན་གནང་དགོས་པར་ང་ཚོས་འབོད་སྐུལ་ནན་མོ་བྱེད་ཀྱི་ཡོད། མཐོ་རིམ་གྱི་ཤེས་ཡོན་ལྡན་པའི་ཆེད་ལས་མཁས་པ་དང་ཤེས་རིག་ལྡན་པའི་གྲྭ་བ་རྣམས་ཀྱིས་ང་ཚོའི་ལས་འགུལ་འདི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པར་མིའི་རིགས་ཀྱི་གསར་བཏོད་ཀྱི་ནུས་པ་དང་ཡང་དག་པའི་ཐབས་ཇུས་ཀྱི་མཐུན་རྐྱེན་རྣམས་ངེས་པར་དུ་འདོན་ངེས་ཡིན།
ང་ཚོས་ཉེ་ཆར་གྱི་ཡིད་སྐྱོ་བའི་ལས་འགུལ་གྱི་འབྱུང་རྐྱེན་ཏེ་བོད་ལ་མུ་མཐུད་དུ་བཙན་འཛུལ་བྱེད་པ་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་དྲག་གནོན་སྲིད་ཇུས། རིག་གཞུང་གཅིག་གྱུར། དཔལ་འབྱོར་དོ་མི་མཉམ་པ། ཁོར་ཡུག་གཏོར་བཤིག་གི་གནད་དོན་བཅས་ལ་ངེས་པར་དུ་དོ་སྣང་ཆེན་པོས་བསམ་གཞིགས་བྱེད་དགོས།
བོད་མི་ཚོའི་ངོ་རྒོལ་གྱི་རྣམ་པ་ལ་རྒྱ་ནག་གིས་དྲག་གནོན་གྱི་བྱ་སྤྱོད་དམ་དུ་བཏང་བ་ལ་བརྟེན་ནས་གཏིང་ཟབ་པའི་ཉེན་ཚབས་ཆེན་པོ་བཟོ་ཡི་ཡོད། སྤྱི་ལོ་༢༠༠༨་ལོའི་ཞི་རྒོལ་ཆེན་མོའི་རིང་དང་དེའི་རྗེས་སུ་རྒྱ་ནག་སྲིད་གཞུང་གིས་བོད་ནང་དུ་ཁྱབ་བསྒྲགས་མ་བྱས་པའི་དྲག་པོའི་སྒྲིག་ཁྲིམས་བཙན་བཀའ་བཏང་བ་དང་། གདུག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱས་པ། ལྷག་པར་དུ་དགོན་པ་ཁག་གི་ནང་དུ་དེ་དག་ལག་བསྟར་བྱས་ཡོད། ད་ལོའི་སྤྱི་ཟླ་༣་པའི་ནང་དུ་དགུང་ལོ་ཉི་ཤུ་ཡིན་པའི་ཀིརྟི་དགོན་པའི་གྲྭ་བ་བློ་བཟང་ཕུན་ཚོགས་འདས་གྲོངས་སུ་ཕྱིན་པའི་རྐྱེན་ཀྱིས་ས་གནས་དཔོན་རིགས་ཚོས་རྔ་བའི་ནང་དུ་ཤུགས་ཆེན་པོས་དྲག་གནོན་བྱས་པ་དང་། ཀིརྟི་དགོན་པ་ལ་དངོས་སུ་བཙན་འཛུལ་བྱས་པ། ཆོས་ལུགས་ཀྱི་མཛད་སྒོ་ཁག་བཀག་སྡོམ་བྱས་པ། ཁ་གསལ་མེད་པའི་གྲྭ་བའི་གྲངས་འབོར་མི་ཉུང་བ་ཞིག་བཙོན་དུ་བཅུག་པ་དང་ཉེས་རྡུང་བཏང་བ་རེད། མདོར་ན་ཁོ་ཚོས་གོང་ས་༸སྐྱབས་མགོན་མཆོག་གི་སྐུ་པར་ཞིག་ཉར་འཇོག་བྱེད་པ་ཡང་བཀག་འགོག་བྱེད་ཀྱི་ཡོད།
བཙན་བྱོལ་གྱི་ནང་དུ་ང་ཚོས་བོད་ནང་དུ་རང་རེའི་ཆོས་ལུགས་དང་རིག་གཞུང་གི་ལས་དོན་ཆ་ཚང་སྲུང་སྐྱོབ་བྱེད་པའི་མདུན་སྐྱོད་ཀྱི་ཐབས་ལམ་ལ་ཧུར་བརྩོན་བྱེད་པའི་མི་སྣ་ཡོངས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། འཛམ་གླིང་མི་དམངས་ཀྱིས་ཐོས་པའི་ཁོ་ཚོའི་འབོད་སྒྲ་དེ་ང་ཚོས་གྲུབ་འབྲས་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱེད་ངེས་ཡིན། སྤྱི་ཟླ་༡༠་བའི་ཚེས་༡༩་ཉིན་དུ་ང་ཚོས་རང་ལུས་མེར་བསྲེག་བཏང་བའི་མི་སྣ་རྣམས་ལ་ཆིག་སྒྲིལ་གྱི་གདུང་སེམས་མཉམ་སྐྱེད་བྱེད་པའི་ཆེད་དུ་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་མཉམ་དུ་ཉིན་གང་གི་གསོལ་འདེབས་སྨོན་ལམ་དང་ཟས་བཅད་ཀྱི་སྨྱུང་གནས་ལ་བཞུགས་པའི་ལས་རིམ་ཞིག་གོ་སྒྲིག་མཛད་པ་ཡིན། འདི་ནི་རང་རེའི་རང་དབང་སླར་གསོ་བྱེད་པའི་ཆེད་དུ་བོད་རིགས་འདི་དག་གི་འབོད་སྒྲ་དེ་ང་ཚོ་ཚང་མས་མཐོང་ཐོས་སུ་འགྱུར་དགོས་པར་བྱེད་པའི་ལས་འགན་ཡིན་པ་དང་། ཁོ་ཚོའི་རང་སྲོག་བློས་བཏང་གི་མཛད་རྗེས་རྣམས་དོན་མེད་དུ་སོང་མེད་པ་ཞིག་མཚོན་པར་བྱས་ཡོད།
རང་སྲོག་བློས་བཏང་གི་འབྱུང་རྩ་ནི་རྒྱ་ནག་གིས་བོད་ལ་མུ་མཐུད་དུ་དྲག་གནོན་བྱས་པ་དེ་ཡིན་པ་ནི་གསལ་བོ་རེད། གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་འཛིན་སྐྱོང་བཀའ་ཤག་གིས་བོད་ནང་གི་དཀའ་ངལ་དེ་སེལ་ཐབས་བྱེད་པ་ལས་བོད་རྒྱའི་བར་ལ་དཀའ་ངལ་མུ་མཐུད་དུ་གནས་འདོད་མེད་པ་ཡིན།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་དུ་དངོས་དོན་རྟོག་ཞིབ་བྱེད་པའི་སྐུ་ཚབ་ཚོགས་པ་བཏང་ནས་དངོས་ཡོད་ཀྱི་གནས་སྟངས་ལ་རྟོག་ཞིབ་བྱེད་པར་ང་ཚོས་འབོད་སྐུལ་བྱེད་ཀྱི་ཡོད། ད་དུང་རང་དབང་གི་གསར་འགོད་པའི་ཚོགས་པ་དང་བསམ་བློ་གུ་ཡངས་ལྡན་པའི་རྒྱ་ནག་གི་ཤེས་ཡོན་ཅན་ཚང་མ་བོད་ནང་ལ་བསྐྱོད་པར་ཆོག་མཆན་སྤྲོད་དགོས་ངེས་ཡིན། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཚང་མས་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ངེས་པར་དུ་གནོན་ཤུགས་སྤྲད་ནས་བོད་དང་རྒྱ་ནག་ཕན་ཚུན་གཉིས་ཀྱི་རྩ་བའི་བདེ་དོན་གྱི་ཆེད་དུ་ཞི་བའི་གྲོས་མོལ་བརྒྱུད་ནས་བོད་མིའི་རང་དབང་སླར་གསོ་དང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དུ་འཇུག་དགོས།
སྤྱི་ཡོངས་ནས་བསྒྱུར་ཡག་པོ་འདུག འོན་ཀྱང་ཨིན་ཡིག་གི་དཔྱད་རྩོམ་ངོ་མའི་འགོ་བརྗོད་ནང་དུ་དེ་འདྲ་འཁོད་འདུག བོད་ནང་གི་མེར་བསྲེག་གི་འབྱུང་རྐྱེན་ནི་རྒྱ་ནག་གི་གཉའ་གནོན་དེ་ཡིན། ཞེས་པ་དེ་རེད། དཔེར་ན། ཨིན་ཡིག་གི་ནང་དུ། China’s repression to blame for inflamations in Tibet.
སྲིད་སྐྱོང་གི་བཀའ་སློབ་ལ་རིན་ཐང་འདུག རྩོམ་ཡིག་ཡག་པོར་བསྒྱུར་འདུག
བློ་སེང་འདིས་ཡང་གནད་དུ་ཁེལ་བའི་རྩོམ་ཡིག་ཅིག་སྤེལ་འདུག བཙན་བྱོལ་བོད་མི་རྣམས་ཀྱིས་ཁྱོད་བཀའ་ཁྲིར་བདམས་པ་དེ་ནོར་ག་ལ་སྲིད།
སྒྱུར་སྟངས་ཀྱི་ཐད་དུ་ཧ་ཅང་ལེགས་པོར་འཁྱོངས་འདུག་པས་དགའ་བསུ་ཡོད།
སྲིད་སྐྱོངས་བློ་སེང་ཁ་བདེ་བོ་མེད་པར་མ་ཟད། མགོ་མཇུག་མཚུངས་པའི་གཏམ་བཤད་ཞིག་སྤེལ་ཐུབ་མི་འདུག
”གོང་ས་༸སྐྱབས་མགོན་མཆོག་གིས་བོད་རིགས་མི་དམངས་ལ་དེ་འདྲའི་འུ་ཐུག་གི་བྱ་སྤྱོད་ལ་མི་འགྲོ་བར་ཚིག་ཐག་ཆོད་པའི་སྒོ་ནས་རེ་སྐུལ་ནན་མོ་གནང་བ་རེད།” སྐད་ཆ་་འདིའི་བོད་ནང་དུ་བཞུགས་པའི་བོད་མི་ཚོར་ཤུགས་རྐྱེན་མི་ཐེབས་པར་ཤོག བཀའ་ཁྲི་མཆོག་གི་གཏམ་བཤད་སྤེལ་དུས་ངེས་པར་དུ་གཟབ་གཟབ་མ་བྱས་ན་ཉེན་ཁ་ཆེན་པོ་འདུག་དྭ།
འཇོན་ཐང་ཅན་གྱི་སྲིད་སྐྱོང་བ་བློ་བཟང་སང་གེ་མཆོག་གིས་ད་ཐེངས་འཛམ་གླིང་ལ་དྲིལ་བསྒྲགས་ཡག་པོ་བྱུང་། བོད་ཡིག་ཁོ་ན་ལས་མི་ཤེས་པའི་མི་རེ་འགས་བར་ཆད་ཀྱི་ལས་བྱ་ནའང་། སྲིད་སྐྱོང་བ་མཆོག་ཆེད་བསྐྱོད་ཀྱིས་བོད་ནང་གི་ཛ་དྲག་གནས་ཚུལ་དྲིལ་བསྒྲགས་བྱས་པར་ཡིད་དགའ་སོང་། ཨ་མའི་བུ་ཟེར་རྒྱུ་ཡིན། ང་ཚོའི་རྩོམ་པ་པོ་ཟེར་མཁན་ཚོས་ནང་ཁུལ་དཀྲུག་རྒྱུ་ལས་འཛམ་གླིང་ལ་ཕ་ཡུལ་གྱི་གནས་སྟངས་སྐོར་བཤད་པ་ལ་ངག་མི་འཁྲོལ་བ་དག་དག་ཡིན་པ་རེད།
ཡག་པོ་བྱུང་འདུག་སྲིད་སྐྱོང་ལགས། བཀའ་དྲིན་ཆེ།
རྨ་འགུར་སངས་རྒྱམ་ལགས་ལ།བཀྲ་ཤིས་བདེ་ལེགས་ཞུ།བཀའ་ཁྲིའི་གསུངས་བཤད་ཡག་པོ་བསྒྱུར་ཡོད་ཚོད་ལ།བཀའ་ཁྲིའི་ཕྱག་ལས་གནང་འགོ་འཚུགས་ནས་ཟླ་གསུམ་ཙམ་ལས་མ་སོང་བའི་དེ་རིང་ཨ་རིའི་གྲོས་ཚོགས་ནང་འདི་ལྟར་བོད་ནང་གི་གནས་བབ་ངོ་སྤྲོད་གནང་བས་ཀྱང་ཁོང་གིས་བོད་དོན་ཐད་མཛད་རྗེས་འཇོག་ཐུབ་པར་ཡིད་ཆེ་ཡོད།འོན་ཀྱང་ཆོས་ཟབ་སར་བདུད་ཟབ་ཟེར་བ་བཞིན་ཡིན་པས་ཉིན་མོའི་འུག་པ་དག་ལ་ཅིར་འགྱུར་ན་འགྱུར།གཙོ་བོ་བོད་དོན་ཐད་ཕན་ནུས་རེ་མ་བྱུང་རུང་ལུང་ཞེན་གྱིས་གནོད་གཞིར་མི་འགྱུར་བའི་དམ་བཅའ་དགོས།རྨ་འགུར་སངས་རྒྱམ་ལགས་ལ་བསྐྱར་དུ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།བསྐྱར་དུ་ཞུ་དགོས་དོན་ནི་མིང་གྲགས་གཉེར་ནས་བོད་དོན་སྒྲུབ་ཁུལ་དང་བརྗོད་མདོག་བསྟན་པ་དང་མ་འདྲ་བར་ཡུན་རིང་བོད་ཀྱི་གནས་བབ་འཛམ་གླིང་དུ་དྲིལ་བསྒྲགས་གནང་བ་ལྟར་མུ་མཐུད་དུ་གནང་རྒྱུར་རྒྱབ་སྐྱོར་སྟོན་ཆེད་དུ་ཡིན།
འདི་འདྲས་བོད་དོན་ཁྱབ་བསྒྲགས་དཔེ་མེད་འགྲོ་གི་རེད། བོད་མི་སུས་ཀྱང་རྒྱལ་སྤྱིའི་དྲིལ་བསྒྲགས་བརྒྱུད་ལམ་དེ་རིགས་སྤྱོད་ཨེ་ཐུབ་བལྟ་དགོས། དབྱིན་ཡིག་འདིས་རྒྱ་སྤྱི་བསྐོར་གྱི་རེད། བོད་ཡིག་གིས་རྡ་རམ་ས་ལ་བསྐོར་སྡོད་ཀྱི་རེད།
ནགས་ཤོད་ཟེར་ཁྱི་ཕྲུག་འདིར། བོད་མི་རིགས་ཀྱི་སྲོག་རྩ་གཅིག་བུ་དང་བོད་ཀྱི་རིག་གཞུང་གི་རྨང་གཞི་ཡིན་པའི་བོད་ཡིག་་ལ་མཐོང་ཆུང་བྱས་ཤིང་། དབྱིན་ཡིག་ལ་བསྟོད་ཁུལ་བྱས་པ་རེད་མོད། ཁོ་རང་གིས་བོད་ཡིག་དང་དབྱིན་ཡིག་གང་ཡིན་ཀྱང་རང་མགོ་ཐོན་པ་ཞིག་མི་ཤེས། ཆབ་་སྲིད་ཀྱི་བསམ་བློ་ཟེར་བ་དེ་ཁོ་དང་ཁོའི་རིགས་ཀྱིས་མི་ཚེ་འདིར་ཤེས་མི་སྲིད་པ་ཞིག་རེད། ཕྱོགས་ཞེན་ཐེབས་ཅག་དང་སྐྱག་པ་ལས་ཁོའི་ཁོག་ན་ཅི་ཡང་མེད། ད་དུང་ཁ་མ་བཙུམ་ན་ངས་ཁྱེད་ཅི་འདྲ་ཞིག་ཡིན་པ་མི་མང་ལ་གསལ་སྟོན་བྱེད་ཀི་ཡིན་ཏ། ཁར་གོག་བཙུམས་ལོ། ངའི་མིག་མདུན་ནས་བོད་ཡིག་ལ་མཐོང་ཆུང་བྱེད་མི་ཆོག
རྩོམ་ཡིག་ལ་རྩོམ་ཡིག་དང་དཔག་པའི་གནས་ཚད་ཅིག་དགོས་པ་ལྟར། བཀའ་ཁྲི་མཆོག་ལའང་བཀའ་ཁྲི་མཆཽག་དང་མཐུན་པའི་རྩོམ་གྱི་གནས་ཚད་ཅིག་དགོས་ངེས་རེད། ཁོང་གི་བསྒྲགས་གཏམ་འདི་བཀའ་ཁྲིའི་མིང་གི་རྒྱབ་སྐྱོར་མེད་ཚེ། དྲ་ངོས་འདི་དག་ན་འདི་འདྲ་བ་ཁེངས་ནས་བསྡད་འདུག་པས། དངོས་གནས་ངོ་ཚ་བ་ཞིག་རེད།
རྩོམ་ཡིག་ལ་རྩོམ་ཡིག་དང་དཔག་པའི་གནས་ཚད་ཅིག་དགོས་པ་ལྟར། བཀའ་ཁྲི་མཆོག་ལའང་བཀའ་ཁྲི་མཆཽག་དང་མཐུན་པའི་རྩོམ་གྱི་གནས་ཚད་ཅིག་དགོས་ངེས་རེད། ཁོང་གི་བསྒྲགས་གཏམ་འདི་བཀའ་ཁྲིའི་མིང་གི་རྒྱབ་སྐྱོར་མེད་ཚེ། དྲ་ངོས་འདི་དག་ན་འདི་འདྲ་བ་ཁེངས་ནས་བསྡད་འདུག་པས། དངོས་གནས་ངོ་ཚ་བ་ཞིག་རེད།
ནང་དོན་ཞིབ་ཕྲ་ཞིང་། གོ་རིམ་ལྡན་པའི་ཡིག་ཆ་ཞིག་ཏུ་མཐོང་། བསྒྱུར་མཁན་གྱིས་ཚིག་སྦྱོར་གང་ལེགས་སུ་བསྒྱུར་འདུག་པར་བསྔགས་བརྗོད་ཞུ། སླད་ཕྱིན་དེ་དང་འབྲེལ་བའི་རྩོམ་ཡིག་གང་མང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟ་བུ་ཡོང་བའི་རེ་སྨོན་ཞུ།
བཟང་ལ་བཟང་ལན་དང་ངན་ལ་ངན་ལན་ཡོད་དགོས། བཟང་ངན་གང་ཡང་མི་ཤེས་བར་ཕྱོགས་གཅིག་ལ་འཐོམས་ནས་སྡོད་མཁན་དཔེ་ཆའི་ནང་གི་འབུ་དེ་ཚོས་ཅི་ཤེས། ཡི་གེའི་གསེབ་ན་ཉལ་བསྡད་ཡོད་པ་རེད། ཡོད་ཚད་གཅིག་ལ་སྤུངས་ནས་མ་ཡོང་རོགས། ཨ་རི་བ་ལྟར་སྲིད་དོན་པས་སྲིད་ཀྱི་ལས་ཀ་བྱེད། ཤེས་ཡོན་པས་ཤེས་ཡོན་གྱི་ལས་ཀ་བྱེད་ན་ཉ་བདེ་ཆུ་བདེ་ཚང་མ་བདེའོ། །
ངོ་ཚ་མེད་པའི་མི་སྣ་འགའ་ཞིག་གིས་བཀའ་ཁྲི་མཆོག་ལ་བསྟོད་ཁུལ་གྱི། རང་རེའི་ཐུན་མོང་མ་ཡིན་པའི་རིགས་གཞུང་གི་མཆོག་ཏུ་གྱུར་པ་བོད་ཡིག་ལ་མཐོང་ཆུང་བྱེད་པ་ནི། རང་གི་ཕ་མའི་ཁ་ཕོར་ནང་སྐྱག་པ་བླུགས་ཏེ་ངས་སྐྱག་པ་བླུགས་པའི་ཁ་ཕོར་འདི་ངའི་ཕ་མའི་ཁ་ཕོར་རེད་ཅེས་གཞན་ལ་བསྒྲགས་པ་དང་གཅིག་མཚུངས་མ་ཡིན་ནམ།། །།
ཁྲི་གསར་ཚང་འདི་པ་འདྲ་ས་མེད་ཀི། རྒྱལ་སྤྱིའི་རྒྱུད་ལམ་འདི་བེད་སྤྱད་དེ་བོད་ཀྱི་གནས་ཚུལ་དམར་རྗེན་དེ་ཚོ་བཏོན་ནས་བཤད་ཐུབ་ན་དགེ་མཚན་ཆེན་པོ་ལྡན་ཡོད། དེ་མིན་རྡ་སའི་རི་ཁུག་དུ་འཛུལ་སྡད་ན་འཕན་གནོད་མི་ཤེས།
སྲིད་བློན་མཆོག་གིས་དགོས་དོན་ལེགས་པར་བཏོན་པ་དང་། ཡི་གེའི་བརྗོད་བྱ་རྗོད་བྱེད་ཚང་མ་ཡིན་བསམ་པ་ཞིག་འདུག
གོང་ས་སྐྱམས་མགོན་ཆེན་པོའི་ཐགས་བསྐྱེད་བྱིན་རླབས་འོག་བོད་གཞི་བྱེས་སྐྱེ་བོ་ཀུན་གྱིས་རང་ཡུལ་ཞི་བདེའི་དཔལ་ལ་སྤྱོད་ཅིང་། བོད་ལ་གཅེས་སེམས་ཅན་གྱི་རྒྱ་ནག་སྐྱེ་བོ་ཀུན་དང་མཛའ་བརྩེ་དམ་པོ་རྒྱ་གར་གྱི་མི་མངས་རིགས་ཀུན་གཅིག་ཏུ་མཐུན་འབྲེལ་བཟང་པོས་གནས་པ་བཞིན་དུ་བོད་ཡུལ་གྱི་སྐྱེ་བོ་མི་རིགས་དང་། སྐད་རིགས། རིག་གཞུང་སྲོལ་བཟང་པོ་རྟག་ཏུ་བསྐལ་པ་ནས་བསྐལ་པའི་བར་དུ་བརྟན་པར་གྱུར་ཅིག་ཅེས་ཡིད་ཀྱིས་སྨོན་ནོ།།
ད་ག་རང་རེད། དུང་ཕྲུག་འོ་མས་གསོས་པ་དེ་དགྲ་ཆུ་སྲིན་ཁ་ལ་ཨེ་རྒྱག་ལྟོས་ཟེར་བ་ལྟ་བུ་བྱུང་འདུག
བློ་སེང་བཀའ་ཁྲིར་བདམས་པ་དེ་བཙན་བྱོལ་བོད་མིའི་ལོ་རྒྱུས་ཐོག་ལ་བཙལ་བྱོལ་བ་ཚོས་བསྒྲུབས་པའི་བྱ་བ་ལེགས་ཤོས་ཤིག་སྣང་།
ད་དུང་དེ་ལས་གནད་འཁེལ་བ་དང་གཙིགས་ཆེ་བའི་བྱ་བ་མང་པོ་གྲུབ་པར་སྨོན་འདུན་ཞུ།
སྲིད་སྐྱོང་བ་འདི་འདྲ་ཞིག་སྔོན་ཕྱི་ལོ།༧༠།ནས།༩༠།ནང་བྱུང་ཡོད་ན། དེའི་སྐབས་བོད་རང་བཙན་རྩོད་ཀྱང་ཐོབ་རྒྱུ་རེད་ལ། རང་སྲིད་རང་སྐྱོང་སྤྲད་པ་དེ་ཡང་བླངས་ཤག་ཤག་རེད་འདུག་ག།
དངོས་ནས་ཡག་པོ་རེད།སྲིད་སྐྱོང་མཆོག་སྐུ་ཚེ་རིང་།
དངོས་ནས་ཡག་པོ་རེད།སྲིད་སྐྱོང་མཆོག་སྐུ་ཚེ་རིང་།
ད་ཐེངས་ཀྱི་བཀའ་ཁྲི་ཨ་རིར་བསྐྱོད་པའི་འཚམས་གཟིགས་འདིར་ལོ་རྒྱུས་རང་བཞིན་གྱི་རིན་ཐང་ལྡན་པ་ཞིག་ཡིན། དོན་དངོས་སུ་ཐད་འདེམས་བཀའ་ཁྲིའི་རྒྱལ་སྤྱིའི་གནས་བབ་ཐག་བཅད་ཡོད་ལ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཁག་ལ་མཇལ་འཕྲད་གནང་བ། ཨ་རིའི་གཞུང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་ཁུར་གསལ་བསྒྲགས་གནང་བ་ཙམ་གྱིས་མ་འོངས་ཐད་འདེམས་བཀའ་ཁྲི་རིམ་བྱོན་ལ་ཕྱི་འབྲེལ་གྱི་ལམ་ཁ་བཟོ་ཐུབ་ཡོད། ཡིན་ནའང་། ག་དུས་ཀྱང་བརྗེད་མི་འོས་པ་ནི་འདི་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གཉིས་ཚང་ཡོད།
༡ མང་ཚོགས་ཀྱིས་ཐད་ཀར་འདེམས་པ། ༢ བོད་ནང་ཛ་དྲག་གི་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་པ།
ཕྱོགས་འདི་ནས་ལྟ་སྐབས། བོད་ཀྱི་གནད་དོན་ལ་ཐའེ་ཝན་ལས་ཕྱི་འབྲེལ་ཐད་ནས་ལམ་ཁ་ཡངས་པོ་ཞིག་རེག་ཡོད་ཅིང་། ལམ་ཁ་འདི་བཞིན་འཆར་གཞི་ཡོད་པ་ཞིག་གི་ལམ་ནས་འཕྲོ་བརླག་ཏུ་མི་གཏོང་རྒྱུ་ནི་ཧ་ཅང་གི་གནད་འགག་ཆགས་ཡོད།
མཁས་དབང་ཁོང་བཀའ་ཁྲི་ཕེབས་པ་ནི་བོད་མིའི་བསམ་རང་རེད་། ཁོང་གསུངས་སྐད་རེ་རེ་ཨ་མདོ་རྔ་བ་དང་ཁམས་དཀར་མཛེས་། རྟ་འུ་ཁུལ་གཙོ་བོ་གྱུར་པའི་བོད་ས་ཡོངས་ལ་༧རྒྱལ་བ་རིན་བོད་གདན་དྲང་དགོས་ཅེས་འབོད་ཚིག་སྒྲིག་ཏེ་མཐའ་ན་རང་མེ་བསྲེགས་བཏང་མཁན་རེ་གཉིས་མ་རེད་
རྒྱ་གཞུང་དྲག་གནོན་ཚད་མེད་ཚོར་མེད་མཐའ་མཇུག་མེད། །
བོད་མིའི་འུ་ཐུག་ཐབས་ཟད་རང་ལུས་རང་སྲོག་ཤོར། །
བོད་མིའི་རྒྱབ་སྐྱོར་འཛམ་གླིང་ཤར་ནུབ་མི་རིགས་དང་། །
མཉམ་དུ་ཚེ་ནོར་གནོད་མེད་ཞི་རྒོལ་མཐར་ཕྱིན་དགོས། །