——-ཨ་ནུ་ཐང་བསོད་ནམས།
བྷན་མཇའ་མན་ཝེས་ Banjamin Wey ནི་རྒྱ་ནག་ནས་སྐྱེས་ཤིང་ཨ་རི་ནས་སློབ་མཐར་ཕྱིན་ཁར། ཨ་རིའི་མི་སེར་གྱི་ལག་འཁྱེར་ཡོད་པའི་ཨ་སྒོར་ས་ཡ་མང་པོའི་དོ་བདག་གི་ཚོང་བ་ཞིག་དང་། རྒྱ་ནག་དང་ཨ་རིའི་དཔལ་འབྱོར་དང་སྤྱི་ཚོགས་ཉམས་ཞིབ་པ་ཞིག་ཡིན་ཚུལ་ཁོང་རང་ཉིད་ཀྱིས་སྒྲོག་མཁན་ཞིག་རེད།
ཁོས་སྲིད་སྐྱོང་ལ་ཁང་བའི་བུ་ལོན་འཇལ་བྱེད་དུ་ཨ་སྒོར་འབུམ་གཉིས་དང་། ཁྲི་གཉིས་ལྷག་སྤྲད་ཚུལ་གྱི་དོགས་གཞི་འདུག་ཅིང་། ཡོད་དགོས་དོན་ཡང་ཨ་རིའི་བོད་ཀྱི་དོན་གཅོད་ཁང་གིས་ཁོང་དང་འབྲེལ་འདྲིས་ཟབ་ཅིང་ཁོས་མང་དུ་གླས་པའི་ sconset strategies ཞེས་པའི་ཞུ་གཏུག་གི་ཚོགས་པ་དེ་གླས་པ་མ་ཟད། ཚོགས་པ་དེ་ཨ་རིའི་སྤྱི་མཐུན་ཚོགས་པའི་གནད་ཡོད་མི་སྣ་ཚོ་ལ་འབྲེལ་བ་ཟབ་ཅིང་། རྒྱ་ནག་གི་འདོད་དོན་སྒྲུབ་ཆེད་དུ་ཨ་རིའི་གཞུང་ཞབས་ལ་ཞུ་གཏུག་བྱས་ཤིང་། ཨ་རིའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཤུགས་རྐྱེན་སྤྲད་མཁན་ཞིག་ཡིན་པས། རྒྱ་ནག་དང་འབྲེལ་བ་ཟབ་པའི་ཞུ་གཏུག་གི་ཁེ་གཉེར་ལས་ཁུངས་འདི་ག་རེ་བྱས་ནས་བོད་ཀྱི་དོན་གཅོད་ཁང་གིས་གླས་པ་ཡིན་ནམ། མ་ཟད་དོན་གཅོད་ཁང་ནེའུ་ཡོག་ནས་ཨ་རིའི་རྒྱལ་ས་ལ་གནས་སྤོ་བྱས་ཡོད་ཀྱང་། ཞུ་གཏུག་ཡག་པོ་ཞིག་བྱས་མེད་ཁར། རྒྱ་ནག་སྲིད་འཛིན་ཨ་རི་ལ་ད་ལོའི་སྟོན་ཀ་འབྱོར་སྐབས་ཨ་རིའི་སྲིད་དོན་པ་མང་པོས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་ལ་སྐྱར་ཞིབ་བྱ་རྒྱུ་འདོད་མོས་འདོན་བཞིན་ཡོད་ཀྱང་། དོན་གཅོད་ཁང་གིས་ཞུ་གཏུག་ཡག་པོ་ཞིག་གནང་གི་མེད་པ་སོགས་ཀྱིས་རེད། འོན་ཀྱང་། དོན་གཅོད་པ་དབུ་དཀར་ཚང་གིས་དེ་ལྟར་བྱེད་མི་ཐུབ་དགོས་དོན་ཡང་ཁོང་ཚོ་ལ་མཐུན་རྐྱེན་གྱི་དཀའ་ངལ་འཕྲད་པས་ཡིན་ཟེར། ཕྲན་གྱིས་ sconset strategies ལས་སྡོམ་ལ་བལྟས་སྐབས་ ༢༠༡༢ ལོར་ཞུ་གཏུག་གི་ཚོགས་པ་དེ་ལ་ཨ་སྒོར་གཉིས་ཁྲི་སྤྲད་ནས་ཞུ་གཏུག་བྱས་པ་ལས་ ༢༠༡༣ དང་ ༢༠༡༤ གཉིས་ལ་བོད་ཀྱི་དོན་གཅོད་ཁང་གིས་ཞུ་གཏུག་བྱས་མི་འདུག་པ་བདེན་པ་རེད་འདུག
Banjamin Wey ཡི་ཨ་ཕ་རྒྱ་ནག་གཞུང་གི་ཕྱི་འབྲེལ་བདེ་སྲུང་གི་ལས་བྱེད་ཅིག་ཡིན་ཞིང་། ཁོས་རྒྱ་ནག་གི་ཚོང་པ་ཨ་རིའི་ནང་ཡོང་འདོད་ཡོད་མཁན་དང་། ཕྱི་མི་རྒྱ་ནག་ལ་དོ་སྣང་ཡོད་མཁན་ཚོར་ཅི་ལྟར་བྱེད་དགོས་མིན་སོགས་ཀྱི་ལམ་སྟོན་བྱེད་མཁན་གྱི་ཚོང་དོན་སོགས་གཉེར་མཁན་ཞིག་ཡིན་འདུག་ཁར། ཁྲིམས་འགལ་གྱི་ལས་དོན་གཉེར་བའི་ཉེས་ཆད་ཕོག་མཁན་ཞིག་ཀྱང་རེད།
ཨ་རིའི་དོན་གཅོད་ཁང་ནེའུ་ཡོག་ནས་ཨ་རིའི་རྒྱལ་ས་ལ་སྤོ་དགོས་དོན་ཞུ་གཏུག་སོགས་ཡག་པོ་རུ་ཡོང་ཆེད་དུ་ཡིན་ཚུལ་སོགས་འགྲེལ་བཞིན་ཡོད་ཀྱང་། དོན་དངོས་རྒྱ་རི་ལ་སྐུ་ཚབ་ཀྱི་ལས་གནས་ནས་དགོངས་པ་སྤྲད་རྗེས་སུ་རྒྱ་རི་ཡང་སྐྱར་བོད་དོན་འབྲེལ་བའི་ལས་དོན་གལ་ཆེན་དག་ལ་ཤུགས་རྐྱེན་ཐེབས་སུ་མི་བཅུག་བྱེད་ཅིག་དང་། ཨ་རིའི་རྒྱལ་སའི་བོད་དོན་དང་འབྲེལ་བའི་ལས་འགུལ་གལ་ཆེན་ཀུན་བློ་སེང་མཐུན་ཚོགས་ཀྱི་བཏང་འཛིན་འོག་ཏུ་ཡོང་ཐབས་ཀྱི་ཐབས་ཇུས་ཤིག་ཏུ་འཁུམས།
མོ་ནེའུ་ཧན་ Moynihan གྱི་ཨ་ཕ་ཨ་རིའི་སྤྱི་འཐུས་རྒན་པ་ཡིན་ཞིག་ཁར། མོས་ལོ་མང་རིང་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནང་ལས་དོན་བསྒྲུབས་ཤིང་། ད་ལྟ་དེའི་སློབ་སྟོན་པ་ཞིག་ཡིན་པ་མ་ཟད། བོད་དོན་ལ་ལོ་མང་རིང་རྒྱབ་སྐྱོར་བྱེད་མཁན་ཞིག་དང་། ཉམས་ཞིབ་བྱེད་མཁན་ཞིག་ཡིན་འདུག མོས་སྲིད་སྐྱོང་དང་རྒྱ་རིགས་ཚོང་པ་དང་ཉམས་ཞིབ་པ་ Banjaman Wey གཉིས་འབྲེལ་བ་ཡོད་ཚུལ་གྱི་དོགས་སློང་གནང་ཁར། བོད་ཀྱི་དོན་གཅོད་ཁང་ནེའུ་ཡོག་ནས་རྒྱལ་ས་ཝ་ཤིན་ཀྲོན་དུ་སྤོས་ཡོད་ཀྱང་། བོད་དོན་ཆེད་དུ་ཨ་རིའི་གཞུང་ལ་ཞུ་གཏུག་ཡག་པོ་ཞིག་བྱས་མེད་ཚུལ། ལྷག་པར་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ལོ་རེ་ཨ་སྒོར་ས་ཡ་གསུམ་དང་འབུམ་དྲུག་གི་ཞབས་འདེབས་འབྱོར་གྱིན་ཡོད་ཀྱང་། དེ་དག་འགྲོ་སོང་གང་དུ་བཏང་གི་ཡོད་མེད་ཀྱི་རྩིས་ཁྲ་ཡག་པོ་མེད་ཚུལ་གྱི་སྐྱོན་བརྗོད་བྱས་འདུག མ་ཟད་བློ་སེང་གི་ཁང་བའི་བུ་ལོན་ཨ་སྒོར་ ༢༢༧ ༠༠༠ ཁང་པ་ཉོས་ནས་ལོ་བཞི་སྟེ། སྲིད་སྐྱོང་ལ་བསྡད་ནས་བདུན་གཅིག་གི་རྗེས་སུ་སྤྲད་ཐུབ་པ་ཡ་མཚན་ཡིན་ཚུལ་བརྗོད་འདུག འོན་ཀྱང་། སྲིད་སྐྱོང་གིས་ ༢༠༡༤ ལོ་གྲོས་ཚོགས་དང་གནད་དོན་དེ་ལ་དོན་གཅོད་པ་དབུ་དཀར་ཚང་གི་འགྲེལ་དོན་དང་གཅིག་མཚུངས་ཙམ་ལས་ལན་ཁ་གསལ་གནང་མི་འདུག
དབུ་དཀར་ཚང་སྐལ་རྡོར་ནི་བློ་སེང་གིས་གསར་དུ་བསྐོས་པའི་ཨ་རིའི་བོད་ཀྱི་དོན་གཅོད་ཁང་གི་འགན་འཛིན་ཡིན་ཞིང་། ཁོས་བློ་སེང་བཟའ་ཟླ་གཉིས་ཀྱིས་ཨ་རིའི་ནང་ལས་ཀ་བྱས་ནས་ལོ་བཅུ་དྲུག་ཙམ་ཕྱིན་ཀྱིན་ཡོད་པས། ཁང་རིན་ལ་ཨ་སྒོར་འབུམ་ $365,000 ཡི་བུ་ལོན་སྤྲོད་ཐུབ་པའི་ནུས་པ་ཡོད་ཚུལ་དང་། སྒྲུབ་བྱེད་དུ་ལོ་ངོ་དེ་དང་འདྲ་མཚུངས་ནང་བོད་པ་མང་པོ་ཞིག་གིས་སྲིད་སྐྱོང་གི་ཁང་པ་ལས་ལྷག་གི་གོང་ཆེན་ཉོས་ཡོད་ཀྱང་། བུ་ལོན་འཇལ་ཐུབ་ཡོད་ཚུལ་བརྗོད་འདུག
མེ་མཁའ་གསིས་ Meccaci ནི་ཕ་ཡུལ་ཨེ་ཏྲ་ལེ་ནས་ཡིན། Moynihan ཡིས་ Meccaci ནི་ཡོ་རོབ་ལས་ཨེ་ཤ་ཡ་ལ་ཆ་རྒྱུས་མེད་ཀྱང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནད་ཡོད་ལས་བྱེད་དུ་བསྐོས་པས། ཁོས་ད་ལྟའི་ལས་དོན་ཡག་པོ་ཞིག་སྒྲུབ་ཐུབ་མེད་ཚུལ་དང་། ༢༠༡༤ ལོའི་རྩིས་ཁྲ་ད་དུང་ཕྱི་རུ་བཏོན་མེད་ཁར། ཁོས་༢༠༡༣ ཟླ ༡༢ ནང་ཟླ་གཅིག་མ་ཟིན་གྱི་གླ་ཆ་ལ་ཨ་སྒོར་ ༡༦ ༨༠༠ བླངས་ཡོད་ཚུལ། ཁོའི་ལོ་གཅིག་གི་གླ་ཆ་ལ་ཨ་སྒོར་གཅིག་འབུམ་ལྔ་ཁྲི་ཡིན་ཞིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གློག་འཕྲིན་གྱི་ལས་འགུལ་གཅིག་བུ་ལ་ཨ་སྒོར་ ༦༤༠ ༠༠༠ བཏང་ཡོད་ཚུལ་བརྗོད་འདུག
2014 financial statements have not been released, Mr. Mecacci’s annual salary is alleged to be $150,000. Based on ICT’s 2013 tax filing, Mr. Mecacci earned $16,800 for less than one month’s work in December 2013, and ICT spent $640,000 on just one direct mail company
སྐྱོན་བརྗོད་འདི་དག་བྱེད་མཁན་ནི་གོང་དུ་སྨོས་པ་ལྟར་ Moynihan ཡིན་ཞིང་། མོས་རྒྱ་རི་ལ་བློ་ཐག་ཉེ་བོ་བྱེད་ཀྱིན་འདུག་པས། གཅིག་བྱས་ན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་ཁག་ཅིག་རྒྱ་རིའི་ཕྱོགས་གཏོགས་ཀྱི་ལག་ནས་རྙེད་པ་ཡིན་སྲིད། ལྷག་པར་དུ་མོས་སྐྱོན་བརྗོད་བྱེད་པ་དེ་དག་བདེན་རྫུན་གང་ཞིག་ཡིན་མིན་ད་དུང་བཤད་དཀའ་བས། བོད་མིའི་སྒྲིག་འཛུགས་སམ། གནད་ཡོད་གསར་འགོད་པ་ཚོའི་ཞིབ་འཇུག་གི་གནས་སུ་འཁུམས།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ཆེད་དུ་ ༡༩༨༨ ལོར་བཙུགས་ཤིང་། ཨ་རིའི་ནང་བོད་དོན་ཆེད་དུ་དཔལ་འབྱོར་འདུ་སྒོ་ཆེ་ཤོས་ཡོད་མཁན་གྱི་ཚོགས་པ་ཤིག་ཡིན་ཞིང་། ཡིན་དགོས་དོན་ཡང་། ཨ་རིའི་ནང་གི་མི་མང་པོ་ཞིག་གིས་ཚོགས་པ་དེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ་སྲུང་སྐྱོབ་ཀྱི་ཆེད་དུ་ལས་དོན་ཡག་པོ་སྒྲུབ་མཁན་ཞིག་ལ་ངོས་འཛིན་བྱས་པས་རེད། འོན་ཀྱང་། སྟབས་མ་ལེགས་པ་ལ་སྲིད་སྐྱོང་བློ་སེང་གིས་ལོ་ཁ་ཤས་ཀྱི་སྔོན་ལ་ཨ་རིའི་རྒྱལ་ས་རུ་ང་ཚོས་མང་གཙོ་རྩོད་ཀྱིན་མེད་གསུངས་པས། ཁོས་རླུང་རྟ་ཨ་རིའི་ནང་དར་བར་འགོག་རྐྱེན་མང་དུ་བཟོས་ཡོད། རྒྱུ་མཚན་ནི། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་མི་རྩོད་མཁན་གྱི་ཚོགས་པ་དང་། མི་དཔོན་ཞིག་ལ་ཆབ་སྲིད་ཀྱི་ཐོག་ཏུ་ནུབ་ཕྱོགས་ཀྱི་མང་གཙོའི་སྲིད་གཞུང་ཚོའི་ཁྲིམས་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྩ་བའི་ལམ་ཁ་ཞིག་འགག་པས་རེད། མ་ཟད་ཆབ་སྲིད་དང་འབྲེལ་བའི་སྤྱི་ཚོགས་ཁྲོད་སློང་མོ་བྱེད་མཁན་གྱི་ཚོགས་པ་ཞིག་དང་། གང་ཟག་སྒེར་བ་ཞིག་ཡིན་ཡང་སློང་སྟངས་ཀྱི་ལམ་ཁ་ཡག་ཤོས་ཤིག་འགག་པས་རེད། དེར་བརྟེན། བོད་ཀྱི་ཆབ་སྲིད་ཚོགས་པ་ཚང་མས་ཀྱང་ནུབ་ཕྱོགས་སུ་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་སྨྲས་ནས་སློང་བཞིན་ཡོད།
གང་ལྟར་སྲིད་སྐྱོང་ནི་ཕོ་སར་རྫིག་པོ་དང་སྨྲ་བ་མཁས་པ། ཕྱི་མིའི་འགྲོ་སྟངས་དང་། སྤྱི་ཚོགས་སོགས་ཀྱི་གནས་སྟངས་མང་པོ་ཞིག་དང་། གནས་ཚུལ་མང་པོ་ཞིག་ལ་རྒྱུས་མངའ་ཆེ་བས་ཟམ་གདོང་ལྟར་ལྐུགས་པ་ཨུ་ཚུགས་ཀྱིས་ཉམ་ཆུང་བྱས་ནས་རྒྱ་ནག་གི་བཏང་འཛིན་འོག་ཏུ་ཚུད་ནས་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མི་ཕོད་མཁན་དང་། མགོ་འདོགས་བྱེད་མཁན། ངོ་རྒོལ་བྱེད་མི་ཕོད་མཁན་ཞིག་མིན་ཁར། ཟམ་གདོང་ལྟར་སྲུང་མིའི་རྙོག་གླེང་ནང་ཚུད་ཅིང་། བོད་མིའི་སྒང་ལ་དཔའ་གཏམ་བསྒྲགས་ཤིང་ནང་དཀྲུགས་བྱེད་མཁན་དང་། མཐོ་ས་ལ་སྤྲེའུ་ལད་བྱེད་མཁན་ཞིག་དེ་བས་ཀྱང་མ་རེད། དེ་ལས་ལྡོག་སྟེ་བཀའ་ཤག་རྙིང་བའི་སྐབས་ཀྱི་གྲོས་མོལ་གྱི་ཁོར་ཡུག་ལ་རྫོགས་ཚིག་བྲིས་ཤིང་། དུས་དང་བསྟུན་ནས་བོད་མིའི་བདེ་སྡུག་གི་ཆེད་དུ་རྒྱ་ནག་ལ་སྐྱོན་བརྗོད་མང་དུ་གནང་བ་སོགས་ནི་གཟི་བརྗིད་དང་། མི་སྡེའི་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་སྟངས་ཤིག་ཏུ་མཐོང་། འོན་ཀྱང་། ༢༠༡༣ ལོར་གསར་འགོད་སར་ཨ་རི་རུ་ཁ་གསལ་ངང་མང་གཙོ་མི་དགོས་ཞེས་པ་དང་། དབྱིན་ཡིག་ལས་བོད་ཡིག་ལ་སྣང་ཆུང་མཛད་པ་ནི་ཧ་ཅང་གི་ནོར་འཁྲུལ་ཉིད་དུ་ཟད། འོན་ཀྱང་། སྔ་ལོ་ཕཱ་རལ་རྒི་ཕེབས་སྐབས་མང་གཙོ་ནི་ཧ་ཅང་གི་གལ་ཆེ་ཚུལ་གསུངས་ཀྱིན་འདུག་པ་མ་ཟད། ཁོང་ཉིད་ཀྱང་རྣམ་དག་གིས་མང་གཙོ་རྩོད་མཁན་ཞིག་ཡིན་པའི་གཏམ་བཤད་གནང་བ་མ་ཟད། ངོ་སྤྲོད་བྱེད་མཁན་གྱིིས་ཀྱང་བློ་སེང་རླབས་ཆེན་གྱི་བོད་ཀྱི་རང་དབང་དང་། མང་གཙོ་རྩོད་མཁན་ཞིག་ཡིན་པའི་ངོ་སྤྲོད་གནང་སོང་།
ཆོས་དང་ རིགས་གཞུང་ སྐད་ཡིག་ བསམ་བློ་ བློ་སྤོབས་ སོགས་ནི་
བློ་སེང་ལ་4 G B ལས་མེད་ཅིང་ཟམ་གདོང་བླ་མར་16 GB ཡོད་
པས་གནམ་ས་ཡི་ཁྱད་པར་ཡོད་
ཨ་ནུ་ལགས་ཟམ་གདོང་རིན་པོ་ཆེར་དེ་འདྲའི་ཁོང་ཁྲོ་སྟོན་དགོས་དོན་གང་ཡིན་་་་་་་ཁྱོད་རང་ལ་ཤེས་འཇོན་དང་བོད་རྒྱལ་ཁབ་དང་མི་རིགས་ལ་ལྷག་བསམ་ཞབས་ཞུ་སོགས་བློ་གསེང་དང་ཟམ་གདོང་རིན་པོ་ཆེ་གཉིས་ལས་ལྷག་ཙམ་གནང་རྒྱུ་ཡོད་ན་ཀླུ་མགར་དང་བཀྲ་དབང་ལྟར་ལོང་ཤོག་་་་་་་གོ་སྐབས་ཡོད་པ་རེད་གལ་ཏེ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་སྐྱོན་དང་་་་་་་་དེ་མིན་ཟངས་པོ་ཡོད་མདོག་གི་དཀྲུག་ཤིང་དང་ཁུང་ལུང་མེད་པའི་སྐད་ཆ་མང་པོ་ཞིག་གསུངས་ན་ང་ཚོའི་སྤྱི་ཚོགས་དེར་ཕན་ཐོག་ཆེ།
ག་པ་ག་པ། ཟམ་གདོང་ལ་ཅིག་ལབ་ཁུལ་བྱེད་པ་ནི་ལྐུགས་རྟགས་ཁོ་ནའོ།། ཟམ་གདོང་གིས་གྲུབ་འབྲས་ལྟ་བུ་ཞིག་བློ་སེང་ལ་ན་གཅིག་སྟོན་རྒྱུ་མེད། ཐ་ན་སྒོར་མོ་ཁོ་ནའི་སྟེང་ནས་ཀྱང་ཟམ་གདོང་གིས་བོད་གཞུང་གི་མ་དངུལ་བརྟན་པོ་ཡར་རྒྱས་སུ་ཧ་ལས་པ་བཏང་ཡོད། རྒྱུན་གྲོན་ཁོ་ནས་འདང་ཐུབ་པ་ཅིག་བཟོས་ཡོད། བློ་སེང་གིས་སྒོར་མོ་ཇི་ཙམ་འཕྲོ་བརླག་བཏང་བ་སྔོན་རྩིས་ལ་ལྟོས་དང་ཤེས་ཡོང་། རྒྱུན་གྲོན་དང་ཟུར་བཀོལ་སོགས་ཀྱིས་མ་འདང་བར་གྲོས་ཚོགས་ནང་རྙོག་བྲ་ག་ཚོད་བྱུང་སོང་།
ཡི་གེ་འདི་དག་གི་ནང་ལ་དོག་པ་དང་རྣམ་རྟོག་ཙམ་ལས་སྲིད་སྐྱོང་གིས་ལྐོག་ཟ་བྱས་ཡོད་པའི་དཔང་རྟགས་ཆོག་པའི་ཚིག་གཅིག་ཀྱང་མི་འདུག་ལ། ད་དུང་རྩོམ་ཡིག་འདིའི་མཇུག་གི་ཚིག་རྗོད་དེ་ཚོ་ལ་ལྟས་ན་འདི་འབྲི་མཁན་གྱི་མི་དེ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་གོང་ས་མཆོག་ལ་ཡང་མི་དགའ་མཁན་ཞིག་ཡིན་པ་གསལ་པོ་འདུག། ཁོས་ཟམ་གདོང་བླ་མ་རྒྱ་ནག་ལ་མགོ་སྒུར་སྐྱབས་ཞུ་བྱེད་མཁན་ཞིག་ཡིན་པ་བརྗོད་འདུག་ལ། སྲུང་མའི་རྙོག་གླེང་ནང་ཚུད་པ་ཞེས་དང་། མཐོ་ལ་ངོ་རྒ་སྤྲེལ་ལད་འཁྲབ་མཁན་ཞེས་པའི་ཚིག་འདི་ཚོ་ལ་ལྟས་ན་ཟམ་གདོང་རིན་པོ་ཆེས་མཐའ་གཅིག་ཏུ་གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ནས་དོལ་རྒྱལ་བ་ལ་གདོང་ལེན་ཚ་ནན་གནང་པ་དེ་ལ་མ་རང་བ་ཡིན་པ་གསལ་པོ་སྟན་འདུག
སྲིད་སྐྱོང་གི་འོས་བསྡུ་སླེབས་ལ་ཡོད་པས་དྲ་འབུ་དཀྲུག་
མཁན་ཚོའི་གང་ཐུབ་ཐུབ་དཀྲུགས་ཤིང་རྒྱབ་ཀྱང་མི་
མང་ལྐུག་པ་མ་རེད་དོ་འོས་ཤོག་སུ་ལ་ཐོབ་མ་ཐོབ་དེ་མི་
མང་གི་ལག་ཏུ་ཡོད་པ་ལས་ཆོལ་ཁའི་ཚོགས་པ་དང་
ལུང་ཚན་ཕྱོགས་གཏོགས་མགོ་གཉིས་དྲ་འབུའི་ལག་
ཏུ་དུས་ནམ་ཡང་མེད་པ་དེ་ཡང་མཁྱེན་པ་གནང་རོགས་།
ཟམ་གདོང་གི་བྱས་རྗེས་ནི། བོད་གཞུང་སྒོ་རྒྱག་པ། གསར་འབྱོར་རྣམས་ལ་R.C བཟོ་བར་བཀག་འགོག་བྱས་ཏེ་གསར་འབྱོར་རྣམས་ཀྱིས་སྒོར་མོ་ཁྲི་སྟོང་མང་པོ་འགྲོ་སོང་བཏང་སྟེ་ས་གནས་གཞན་ནས་བཟོ་དགོས་བྱུང་ཡོད། ཁ་ཤས་འུ་ཐུག་སྟེ་བོད་དུ་ཕྱིར་ལོག་བྱེད་དགོས་བྱུང་ཡོད། དེ་སྔོན་བོད་གཞུང་གི་མགྲོན་ཁང་ཁག་དང་། ས་གཞི་མང་པོ་རྒྱ་གར་གྱི་ཡུལ་མི་ཕར་བཙོང་སྟེ་མ་འོངས་པར་བོད་མིའི་སོན་རྩ་ཕྲུ་གུ་རྣམས་ལ་རེ་ལྟོས་བྱེད་ས་གང་ཡང་མེད་པར་བཟོས་ཡོད། བོད་པ་ཕྱི་རྒྱལ་དུ་སྐྱབས་བཅོལ་འགྲོ་མཁན་རྣམས་ལ་བཀག་འགོག་གིས་བོད་མི་དེ་རྣམས་ཀྱིས་སྒོར་འབུམ་མང་པོ་འགྲོ་སོང་བཏང་སྟེ་ཁྲིམས་འགལ་ཐོག་ཏུ་འགྲོ་དགོས་ཐུག་ཡོད། ད་དུང་ཁོང་གིས་བོད་པའི་ཆོས་དེ་ཡོད་ན་མི་རིགས་རྩ་མེད་འགྲོ་ཡང་སྐྱོན་ཡོད་པ་མ་རེད་གསུང་ཡོད། ད་དུང་ཁོང་གིས་ངས་རྩ་བའི་བླ་མའི་བཀའ་ལྟར་བླ་མའི་ཞབས་ཕྱི་སྒྲུབ་པ་ལས། བོད་མི་རིགས་ཀྱི་ལས་ཀ་བྱས་མེད་གསུང་། ཡང་ཁོང་གིས་བོད་ནི་ལོ་རྒྱས་ཐོག་ཏུ་རང་བཙན་མ་ཡིན་པར་བཤད་ཡོད། ད་རིང་དེ་ཙམ་གྱིས་ཆོག་པར་བྱས
ཡ་ད་ཡང་མ་བ་ཐ་དཀྲུགས་ཞིང་ཞིག་གི་འགོ་བརྩམས་ངོ་མ་ཐབས་སྐྱོ་བ་ལ་
བློ་སེང་གིས་ལྐོག་ཟ་རུལ་སུངས་བྱས་སོང་ཟེར་མཁན་མོ་ནེའུ་ཧན་ Moynihan་ལགས་རེད་འདུག མོ་བཙེར་དགོས་རེད། སྐད་ཆ་བདེན་པ་ཡིན་མིན་གསལ་པོ་བཟོ་དགོས་རེད། བློ་སེང་རང་ངོས་ནས་གསལ་པོ་བཟོ་དགོས་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ནང་དུ་ལྐོག་ཟ་རུལ་སུངས་ཡོད་པའི་སྐད་ཆ་འདི་དག་ལ་བདེན་མིན་བལྟ་དགོས་ཀྱི་གལ་ཆེན་རེད། བོད་མི་དམངས་ཀྱིས་སོ་སོ་བཙོང་ནས་གཞན་གྱིས་ཟ་ཚར་ནའང་ཧ་གོ་ཡི་མ་རེད།
ཨ་ནུ་ལགས་ཀྱིས་གནས་ཚུལ་མཁོ་སྤྲད་བྱས་པར་ཐུགས་རྗེ་ཆེ།
ལྐོག་ཟ་རུལ་ཟུངས་དང་འབྲེལ་བའི་གནས་ཚུལ་འདི་འདྲ་བཤད་མཁན་དངོས་གནས་ཡོད་ཚེ་བློ་སེང་ལགས་སླར་ཡང་སྲིད་སྐྱོངས་མི་ཐོབ་བའི་ཆེད་སྟོབས་ཆེན་གུང་བྲན་གྱིས་ས་འོག་དར་ཐག་གི་གཡོ་འཕྲུལ་ཞིག་གཤམས་ཀྱིན་ཡོད་པ་ཧ་ཅང་གསལ་པོ་རེད། དེས་རྒྱལ་སྤྱིའི་ཐོག་ཏུ་བློ་སེང་གི་ནུས་པ་དང་འབྱོན་ཐང་སྟོབས་ཆེན་ཚང་ཞེད་སྣང་སྐྱེ་ས་ཆགས་ཡོད་པ་གསལ་སྟོན་བྱས་པ་རེད། གུང་བྲན་ལ་གུང་ཏང་གཉིས་ཀྱི་ཉམས་མྱོང་གི་གསང་བའི་གཡོ་ཇུས་ནི་སུ་གང་གི་དྲན་མི་ཤེས་པའི་ཚབས་ཆེན་གྱི་རྫུན་འཕྲུལ་ངོ་མ་་ཡོད་རེད།
བདེན་རྫུན་ཁྲིམས་ཞིབ་པར་ཐག་གཅོད་བྱེད་འཇུག་དགོས། །གསལ་བཤད་ཞིབ་མོ་ཞིག་མེད་ཚེ་དོན་གྱིས་ཁ་བཙུམ་ནས་སྐྱོན་ཆ་ཁས་བླང་པ་རེད། དེ་ལྟ་ནའང་རྒྱ་གར་དང་ཨ་རིའི་གསང་ཉུལ་པ་སྲིད་སྐྱོང་གི་རྒྱབ་ཏུ་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ཡོད་ཐག་ཆོད། འཆོར་ས་ཞིག་མེད་ངེས་པས། དྲ་གྲོགས་རྣམས་གསང་ཉུལ་དང་འབྲེལ་བ་མེད་ཚེ་ཚོད་དཔག་ལ་ས་ཆོད་ཆེར་མེད་སྙམ། །མི་བཟང་ངན་གཉིས་ཀ་འགྱུར་བའི་བདག་ཉིད་ཅན་ཡིན་མོད། དྲང་བདེན་གྱི་རང་གཤིས་ཁོ་ནས་མི་ཚེ་འཁྱོལ་བ་རང་གི་གཟི་བརྗིད་དང་མདུན་ལམ་དུ་བརྩི་དགོས་རྒྱུ་གལ་ཆེན་པོ་རེད། མི་ཚེའི་རིན་ཐང་དྲང་བདེན་ལ་བཅོལ་ཚེ་ཁེར་འདུག་དང་། གྲོགས་མེད། མགོན་མེད་ལྟ་བུར་འགྱུར་བའི་གནས་སྐབས་ཡོད་མོད། ཞིབ་ཏུ་བསམ་ན་རང་ཉིད་འོད་སྟོང་འཕྲོ་བའི་ལམ་དུ་འགྲོ་མཁན་ཡིན་པས་ཚེ་མཇུག་ལས་འབྲས་ཀྱིས་ཐག་གཅོད་དུ་འཇུག་པ་འདི་ཡང་རིན་ཐང་ལྡན་པའི་འདམས་ཀ་ཞིག་ཡིན། །
གནས་ཚུལ་འདི་ཚོ་གསལ་པོ་བཟོ་བར་གསར་འགོད་པར་འགན་ཆེན་པོ་ཡོད། གསར་འགོད་པ་ཚོས་སྤྱི་ཚོགས་ཀྱི་བདེ་དོན་ཆེད་འགན་འཁུར་གྱི་ཡོད་ན། འབྲེལ་ཡོད་དོ་བདག་ལ་འབྲི་རྩད་ཞིབ་ཕྲ་བྱས་ཏེ་སྤྱི་ཚོགས་ཀྱི་དཀྲོག་གཏམ་དང་དོན་མེད་ཀྱི་གླེང་གཞི་ཉུང་དུ་གཏོང་བ་དང་། བདེན་དོན་གསལ་པོ་བཟོ་བའི་འགན་འཁུར་དགོས་པ་གལ་ཆེན་པོ་རེད།
བུད་མེད་དེས་སྙན་གྲགས་ཆེ་བའི་ཚགས་པར་Washington Post ལྟ་བུའི་སྟེང་སྲིད་སྐྱོང་གི་རྙོག་གླེང་སྐོར་བྲིས་ནས་དུས་ཡུན་རིང་པོ་ཕྱིན་ཟིན་ནའང་། བོད་པའི་གསར་འགོད་པ་ཚོས་གནས་ཚུལ་འདིའི་སྐོར་མ་མཐོང་བ་ལྟ་བུ་བྱས་ནས་སྡོད་པ་དེ་གསར་འགོད་པའི་འགན་མ་འཁུར་བའི་རྟགས་རེད།
རང་རེ་བོད་པའི་གསར་འགོད་པ་ཚོས་གཞུང་དང་འབྲེལ་བའི་རྙོག་གླེང་གི་རིགས་འཕྲད་སྐབས་འཛེམས་གཟོན་དང་འཇིགས་སྣང་བྱས་ནས་མི་སྡོད་པར་གླེང་གཞི་དེ་ཚོ་བདེན་རྫུན་འཁྲུན་ཐག་བཅད་དེ་སྤྱི་ཚོགས་ནང་མགོ་བོ་རྨོངས་གཞིའི་ནོར་འཁྲུལ་དང་རྙོག་གླེང་གང་ཐུབ་ཀྱིས་ཉུང་དུ་གཏོང་ཐབས་ལ་འབད་བརྩོན་བྱེད་རོགས།
གོང་བཤད་གནད་དོན་ཚང་མ་རྒྱ་རིའི་སྔོན་ནས་སླེབ་ཚར་རེད་་་་ད་དེ་བརྗོད་པ་ནི་རང་ག་བ་ཞིག་རེད་་་་་་་ཡིན་ཡང་རྒྱ་ནག་གི་གཡོ་འཕྲུལ་འོག་ནས་བོད་པ་རང་གིས་གཡོང་ཁ་ཉོ་བཞིན་པ་ནི་སེམས་ཕམ་རང་རེད་་་་་་་་ཨ་ནི་ཚང་གིས་འདི་ལྟར་བཤད་པ་ནི་བློ་སེང་ཟམ་གདོང་བར་ལ་འཁོན་ལན་རློག་ཆེད་དང་་ བལོ་སེང་གིས་འོས་ལ་གནོད་པ་བཟོ་ཆེད་ཙམ་རེད་མོད་་་་བློ་སེང་གིས་ཟམ་གདོང་བླ་མ་སློབ་སྟོན་པར་བཟུང་ནས་ཐུགས་ཡིད་གཅིག་འདྲིས་ཡིན་ཙང་གནོད་གང་ཡང་ཐུབ་པ་མ་རེད་ལོ་་་་་་
རྩོམ་ཡིག་ནང་དོན་དེ་ཚོ་མང་ཆེ་རྙིང་པ་རེད་ལ་སྤྱི་ཚོགས་དྲ་ལམ་ནང་སྤེལ་སྤེལ་བ་རེད། ཡིན་ནས་ཡ་མཚན་པ་ཞིག་ལ་ང་ཚོའི་བོད་གནས་གསར་ཁང་ཆེ་བ་དེ་ཚོའི་གནས་ཚུལ་དེ་ཚོ་ཁྱོད་ནས་ཤེས་ཀྱི་མེད་པ་ཡིན་ནམ་ཡང་ན་ཤོད་མི་ཕོད་པ་རེད་དམ། ཨ་རི་རྨོ་དེས་ཆེད་རྩོམ་དང་དེ་ལ་དོན་གཅོད་ནས་ལན་འདེབས། ཡང་དེ་ལ་རྨོས་ལན་འདེབས་ཁུངས་སྐྱེལ་ལྡན་པ་ཞིག་འགྲེལ་སྤེལ་བྱས་ཡོད་པ་དེ་ཚོ་ང་ཚོའི་གསར་ཁང་ཆེ་བ་ཨེ་རླུང་དེ་ཚོས་ཁྱོན་ནས་ཡོངས་གྲགས་མ་བྱས་དེ་ཡང་སྙིང་བོད་མིའི་གཅིག་བསྒྲིལ་ལ་བསམ་དྲག་པས་རེད། ཡང་ན། ཁོང་ཚོའི་ཆབ་སྲིད་ཀྱི་ཕྱོགས་ལྟོགས་བྱེད་ཀྱི་ཡོད་རེད། དངོས་གནས་དྲི་བ་ཞིག་རེད།
ང་ཚོའི་གསར་འགོད་པ་ཕལ་ཆེ་བར་གསར་འགྱུར་ལས་རིགས་ཀྱི་ཆེད་སྦྱོངས་མེད་པ་མ་ཟད་ཐ་ན་བོད་ཡིག་གི་དག་སྡེབ་ཀྱང་སྐྱོ་ཙམ་རེད། དགོས་ས་དེ་ལ་ཆད་མི་དགོས་ས་དེ་ལ་ཐོལ་པ་རང་རེད། ད་རེས་ཀྱི་གནས་ཚུལ་ལྟ་བུར་མཚོན་ན་སྲིད་སྐྱོང་གི་མདུན་ནས་ཀྱང་བཅར་འདྲི་ཞིག་ངེས་པར་དུ་དགོས་ངེས་རེད། དེ་སྲིད་སྐྱོང་གང་ཟག་སྒེར་གྱི་གནད་དོན་ཙམ་མིན་པར་བཙན་བྱོལ་བོད་མི་སྤྱིའི་ངོ་གདོང་རེད་རྒྱུ་མཚན་ནི་ཁོང་མང་ཚོགས་ཀྱིས་འོས་འངེམས་བྱས་པའི་སྲིད་སྐྱོང་ཡིན་པས་རེད། ད་དུང་རྒྱུན་གཏན་དྲྭ་རྒྱ་དང་ཚགས་པར་ཁག་ཏུ་སྲིད་སྐྱོང་འོས་འདེམས་སྐོར་དཔྱད་དཔྱོད་སྤེན་མཁན་ལ་མཚོན་ན་གཅིག་ལས་གཅིག་ཐབ་སྐྱོ་བ་ཞེ་གཅིག་རེད། རང་ཕྱོགས་ཀྱི་འདོད་པ་གཙོ་འདོན་གྱིས་བསྟོད་ན་ཧ་ཅང་གི་ཧར་སོང་དང་སྨད་ན་འགན་ཁུར་གྱི་བསམ་བློ་རྡོག་གཅིག་མེད་པར་ཚད་ལས་བརྒལ་བའི་སྒྲོ་བཀུར་བྱེད་རྐྱང་རེད། རྒྱུ་འབྲས་དཔང་བཙུགས་ཀྱིས་བདེན་དོན་བརྡར་ནས་འདི་ཡིན་བསམ་པའི་དཔྱད་དཔྱོད་སྤེལ་མཁན་རེ་ཟུང་ཡང་མེད་པ་དེས་ང་ཚོའི་སྲིད་དོན་པའམ་ན་གཞོན་ཤེས་ལྡན་པར་ཁས་ཆེ་བའི་མདོག་སྐྱ་དངོས་གནས་དེ་རེད། སྲིད་སྐྱོང་འོས་འཕེན་ཆེད་ཡང་དག་པའི་བློ་བསྐྱེད་སྟེར་བའི་རྩོམ་ཡིག་གཅིག་ཀྱང་མཐོང་རྒྱུ་མེད་པ་ནི་དྲྭ་རྒྱ་དང་། ཚགས་པར་ཁང་།
ཁང་རླུང་འཕྲིན་ཁང་སོགས་ཀྱིས་ཉོས་པའི་ངོ་ཚ་རང་རེད།
འཇིགས་མེད་བློ་གྲོས་ལགས། ཁྱེད་རང་གསུང་པར་རྒྱབ་སྐྱོར་ཡོད། བོད་པའི་ཚགས་ཤོག་དང་བོད་སྐད་རླུང་འཕྲིན་ནང་གསར་འགོད་པའི་འགན་འཁུར་ཐོག་ནས་སྲིད་སྐྱོང་མཆོག་ལ་བཅར་འདྲི་གནང་ནས་དག་སེལ་བཟོ་ཐབས་བྱ་དགོས། གང་ལ་ཞེ་ན་གནས་སྲིད་སྐྱོང་མཆོག་ལ་སྐྱོན་བརྗོད་རྩོམ་ཡིག་དེ་དག་རྒྱལ་སྤྱི་ཚགས་པར་ཆུང་ཆུང་དེ་འདྲ་མ་རེད། འཛམ་གླིང་ནང་སྐད་བསྒྲགས་ཅན་གྱི་ཚགས་ཤོག་ནང་བཏོན་ཡོད་རེད་ད། གནས་ཚུལ་དེ་ཆུང་ཆུང་རྩ་བ་ནས་མིན་སྟབས་གསར་འགོད་པ་ཚོས་དོ་སྣང་དང་འགན་བཞེས་ཆེ་ཙམ་གནང་ནས་སྲིད་སྐྱོང་མཆོག་གི་ལན་འདེབས་ཁ་གསལ་ཡོང་བར་གནང་རོགས། རྩོམ་ཡིག་དེར་སྲིད་སྐྱོང་རང་ཉིད་ནས་མ་གནང་བར་ཨ་རི་དོན་གཅོད་ལ་དགག་ལན་སྦ་རེ་སྦོ་རེ་ཞིག་གནང་བཅུག་འདུག་པས་ཨ་རི་མོ་ལ་འདི་ནས་པང་རྟགས་ཡིག་ཆ་བཏོན་ནས་ཁུངས་འཕེར་ལན་འདེབས་རྩ་ནན་གནང་འདུག སྲིད་སྐྱོང་མཆོག་འོས་ཤོག་གི་འགྲན་རྩོད་དུས་སྐབས་འདིར་མཚན་མཐོང་ལ་གནོད་ཡོང་བསམ་ནས་ལན་འདེབས་མ་གནང་ནས་མ་བཞུགས། མགྱོགས་པོ་གསུང་བསྒྲགས་ན་ཕན་ལེ་རེད།
གནའ་མིའི་གཏམ་དཔེར། ཁ་མི་གྲགས་པ་དེ་སྐྱོན་ཅིག་ཡིན། འགུལ་མི་ཐུབ་པ་དེ་ནད་ཅིག་ཡིན། ། འདི་འདྲའི་གལ་ཆེན་རིགས་ལ་བདེན་རྫུན་ཐག་མི་གཅོད་པ་གུ་ཡངས་གཏོང་པ་དེ་བོད་གཞུང་ལ་ཡིད་ཆེས་བརླག་པའི་ཉེན་ཚབ་ཆེན་པོ་ཡིན། ། དཀར་ནག་གི་དབྱེ་བ་ཕྱེས། བདེན་རྫུན་གྱི་ཕུ་ཐག་གཅོད་པ་ནི་ཁྲིམས་ཞིབ་པའི་ལས་འགན་ཆེ་ཤོས་ཡིན། །
དེང་སང་སྲིད་སྐྱོང་ལ་གཞི་མེད་སྐྱོན་འཛུག་བྱེད་མཁན་དེ་ཚོའི་ཁྲོད་ན་ནམ་རྒྱུན་བོད་གཞུང་དང་གོང་ས་མཆོག་ལ་ཁ་གཏོང་མཁན་མང་པོ་ཞིག་འདུག འདིས་རྒྱབ་ལ་གྲིབ་གཟུགས་ནག་པོ་འཇིགས་སུ་རུང་བ་ཞིག་མེད་པའི་ངེས་པ་གཏན་ནས་མི་འདུག བོད་ལ་བསམ་པ་དཀར་བའི་མི་བུ་ཚང་མས་འདི་ཤེས་དགོས་ནམ་ཡང་ཧོལ་རྒྱུག་བྱེད་མི་ཉེན། ཨ་ཞང་ཚང་དང་དེའི་གསོ་ཕྲུག་ཚོས་བོད་ལ་ཕན་ཐོག་པའི་མི་བུ་རེ་རེ་བྱུང་ན་དེའི་མགོ་ནས་རྡུང་ཐབས་དང་རྐང་པ་ནས་མཐེན་ཐབས་བྱེད་བཞིན་ཡོད་པ་ཡང་ཤེས་དགོས།
ཁ་མ་གྲགས་པ་དེ་ལ་སྐྱོན་ཞིག་ཡོད་ལ་ འགུལ་མཐུབ་པ་དེ་ལ་ནད་ཞིག་ཡོད་ཞེས་པ་ལྟར་ རྒྱ་རི་བློ་གྲོས་ཀྱིས་ནོར་ཝའི་སྲིད་འཛིན་ཟར་པའི་ལག་ནས་ལེན་པའི་ཨ་སྒོར་ས་ཡ་གསུམ་ལྷག་རྩམ་དེ༧གོངས་ས་མཆོག་དང་བོད་གཞུང་ནས་གར་སོང་རྩད་བཅོད་རྩ་བ་ནས་མེད་པ་དེ་ཡ་མཚན་ཆེན་པོ་རེད།??????????????
༄། །འཇིགས་མེད་བློ་གྲོས་ཀྱིས་བཏབས་པའི་མཆན་ཐུང་དེ་སྡང་ཞེན་དང་མ་འདྲེས་པའི་བསམ་ཚུལ་ཡང་དག་ཅིག་རེད། ཕྲན་ངོས་ནས་བོད་ཡིག་གི་གསར་ལམ་ཞིག་ལ་ཨེ་ཡོད་ནང་གི་ད་ཡོད་དེ་༼བོད་ཀྱི་དུས་བབ༽ ལ་ངོས་འཛིན་མོད། དེར་མཚམས་ལན་རེར་གསར་འགྱུར་ཡིག་འབྲུ་ན་གཅིག་ཀྱང་མི་སྤེལ་བར་ཉིན་གཉིས་གསུམ་རེ་བུད་འགྲོ ཅིས་ཡིན་ནམ། བོད་དོན་དང་འབྲེལ་བའི་གསར་འགྱུར་ཚད་ལྡན་རེ་ལ་སྒུག་ནས་དེ་ལྟར་ལྷག་པ་རེད་དམ། ཡང་ན་གསར་འགྱུར་ཁྱོན་ནས་མ་རྙེད་པ་རེད་དམ། བོད་པ་ལ་བོད་དོན་མ་གཏོགས་མི་དགོས་པ་རེད་དམ། བོད་པའི་རྩ་དོན་བསྒྲུབ་པ་ལ་བོད་དོན་མ་གཏོགས་ཤེས་མི་དགོས་པ་རེད་དམ། མིན་ན་ནི་གསར་འགྱུར་འགོད་མཁན་མ་མདང་པས་ཡིན་སྲིད།
བོད་པའི་ལེ་ལོ་དང་རྒྱ་ཡི་ཧུར་ཐག་གཉིས་ཀྱི་ཧེ་བག་ལ་ཕྱི་རྒྱལ་བ་ཡང་དོ་སྣང་བྱུང་སྟེ་གཏམ་མགོ་གཡས་འབུར་གཡོན་འབུར་རེད། ཅིས་མ་བདེན། ད་ཐེངས་སྲིད་སྐྱོང་གི་ཁང་དངུལ་སོགས་ཀྱི་རྙོག་གླེང་དེ་ནི་དེ་འདྲའི་ཆེན་པོ་ཞིག་རེད་འདུག་ཀྱང་། བོད་ཀྱི་གསར་ལམ་ཁག་ལ་གྲག་འགུལ་ཅི་ཡང་མི་འདུག འདི་ནི་ངོ་ཚ་གཞི་ཞིག་རེད་དམ་མ་རེད།
གནས་ཚུལ་འདི་བདེན་མིན་མ་འཚལ། གལ་སྲིད་བདེན་པ་ཡིན་ཚེ་བཙན་བྱོལ་བོད་མིའི་དབུ་རྒྱ་ནག་ལ་གཏད་ཚར་བ་རེད། Banjamin Wey ཁའི་དཔལ་འབྱོར་ཡོང་ཁུངས་ཡང་ཅི་ཡིན་བཤད་དཀའ། ༧གོང་ས་མཆོག་ལ་མཇལ་ཡོད་དམ། བོན་དོན་ལ་བློ་བཏོན་ཡོད་དམ། མི་འདི་རིགས་སྐུ་མདུན་དུ་གཅར་སྐབས་ངེས་པར་གཟབ་དགོས། ། རྒྱ་མི་རིགས་ལྷོ་ཕྱོགས་པ་རྣམས་དམངས་གཙོ་ལ་དགའ་མོས་ཆེ། འོན་ཀྱང་བོད་ཀྱི་དོན་བཤད་དུས་ཕལ་ཆེ་བར་རྒྱ་ནག་ཆེན་པོའི་ལྟ་བ་དང་། མི་རིགས་ཡར་ཐོན་ཡོད་མེད་ཀྱི་བཟང་ངན་གྱི་ལྟ་བ་ཞིག་གི་འོག་ནས་བོད་པ་རྣམས་ལ་མཐོང་ཆེན་བྱེད་མཁན་ཞིག་འཕྲད་མ་མྱོང་། བོན་དང་། ནང་ཆོས་ལ་དགའ་མོས་རྒྱབ་སྐྱོར་བྱེད་མཁན་ནི་ཤིན་ཏུ་མང་།
ད་ཡིན་ན་བལྟད་མོ་ཡོད་ཀི ཨ་ནི་ཐང་གིས་གསར་འགྱུར་མགོ་སྔ་ཚང་མོ་ཞིག་བཀོད་འདུག གསར་འགྱུར་བཀོད་པ་ལ་མི་མང་པོས་ཨ་ནི་ཐང་གི་བསམ་བློའི་ཀུན་སློང་རྩད་གཅོད་བཞིན་འདུག འདི་ཀུན་སློང་གི་གནད་དོན་མ་རེད། འདི་དོན་རྐྱེན་གྱི་གནད་དོན་རེད། དོན་རྐྱེན་གང་ནས་བྱུང་བའི་གཞི་དང་། ཇི་ལྟར་བྱུང་བའི་ཚུལ་སོགས་གསལ་བྱེད་བྱེད་དགོས་ངེས་རེད། ད་ཐེངས་ཀྱི་རྙོག་དྲ་འདི་ལས་སླ་བོ་སེལ་ཐུབ་རྒྱུ་མ་རེད། ཨ་རིའི་སྐུ་ངོ་སྐལ་རྡོར་གྱིས་ལན་མ་བཏབ་སྔོན་ལ་བུ་མོ་དེས་དཔང་རྟགས་ཕྱི་ལ་བཏོན་མེད། སྐུ་ངོ་སྐལ་རྡོར་གྱིས་ལན་བཏབ་པའི་རྗེས་ལ་བུ་མོ་དེས་དཔང་རྟགས་ཚང་མ་ཕྱི་ལ་བཏོན། ད་དཔང་རྟགས་ཡི་གེ་དེ་ཚོ་ཅི་བྱ། ང་ཚོ་བོད་པ་ཚོ་མིག་བཙུམས་ནས་མ་མཐོང་བ་ལྟར་བྱས་ན་ཡང་། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མ་མཐོང་མདོག་མདོག་མི་བྱེད་ཐག་གིས་ཆོད།
ཡང་བསམ་བློ་གཞན་ཞིག་བཏང་ན་བློ་སེང་འཇོན་པོ་རེད་བསམ་གི འཛམ་གླིང་གི་སྟོབས་ཆེན་ཨ་རི་དང་རྒྱ་ནག་གཉིས་ཀས་དོན་སྣང་བྱེད་བཞིན་པ་ཞིག་བཟོས་པ་རེད། བོད་དོན་ལ་དོ་སྣང་སླེབས་ཐུབ་པ་ཞིག་བཟོ་མ་ཐུབ་ན་ཡང་། ཁོ་རང་སྒེར་གྱིས་ཁང་བ་ཆུང་ཆུང་ཞིག་ཉོས་པ་སུས་ཀྱང་དོ་སྣང་སླེབས་ཐུབ་པ་ཞིག་བཟོས་ཡོད།
ད་དུང་དེས་ག་ལ་ཚད། ནེའུ་ཡོག་ནས་བོད་ཀྱི་དོན་སྤྱོད་སྒོ་བརྒྱབ་པ་དང་། ཝ་ཤིན་ཀྲོན་ནས་བོད་པའི་དོན་སྤྱོད་སྒོ་འབྱེད་བྱས་པ། ཡང་དེའི་ཁང་གླ་སོགས་ཀྱི་རྙོག་དྲ་རྒྱ་ལ་ཐུག་པ། ངོ་མ་ཐུག་པ་དཀྲུགས་ཡོད་ཀི སྲིད་དོན་ཟེར་བ་འདི་འདྲ་ཞིག་ཡིན་ན་འཁྲུགས་པོ་འདུག་ཀ ང་ཡིན་ན་བློ་སེང་ཡང་བསྐྱར་བཀའ་བློན་ལ་འདེམས་གི་ཡིན། བོད་གཞུང་ལ་ཁེ་སང་ཡོད་མེད་མི་ཤེས་མོད། བོད་འབངས་ཡོངས་ལ་ཁེ་སང་ཡོད་མེད་ཡང་མི་ཤེས་མོད། ཁོ་རང་ལ་ཁེ་སང་ཡོད་ན་འགྲིག་གི་བསམ། ལོ་ལྔ་ལ་བཀའ་བློན་ལ་བསྡད་ནས་རང་གིས་ཁང་པ་ཆུང་ཆུང་ཞིག་ཉོ་ཐུབ་སོང་བ་རེད། ལོ་བཅུ་ལ་བཀའ་བློན་ལ་བསྡད་ན་ཡང་བསྐྱར་ཁང་པ་ཡག་པོ་ཞིག་ལ་རེ་བ་ཡོད། འབུམ་གཉིས་ཅན་གྱི་ཁང་བ་ཞིག་ད་ངས་ཀྱང་ཉོ་ཐུབ་ནི་རེད། རྒྱ་ཡི་དངུལ་ལ་བལྟ་དགོས་ས་མ་རེད། ཧཧཧ།
ཟམ་གདོང་བླ་མས་ལོ་བཅུ་ལ་བོད་གཞུང་གི་བཀའ་བློན་བྱས་ན་ཡང་ཁང་པ་ཁང་ཆུང་ཞིག་ཀྱང་ལས་མ་ཐུབ་པར། མཐའ་མ་རྒྱ་གར་ཞིག་གིས་སྦྱིན་བདག་བྱས་ནས་འཚམ་ཁང་ཆུང་ཆུང་ཞིག་བརྒྱབ་པའི་ལོ་རྒྱུས་འདུག གྲྭ་བ་གྲྭ་རྐྱང་ནི་གྲྭ་བ་གྲྭ་རྐྱང་རང་རེད། ཡིན་ན་ཡང་རྡ་སའི་གཞུང་ཞབས་ཁྲོད་ཀྱི་རྐུ་མ་ཆ་ང་ཆུང་ངེ་ཚོ་བཟུང་ནས་སྐྱག་པ་ཤོར་བཅུག་སོང་། སྐུ་སྒེར་ཡིག་ཚང་ནས་བཟུང་སྟེ། སྨན་རྩིས་ཁང་བར་དུ་ཡིན་མིན་ཟེར་ས་མེད་པར་རྐུ་མ་ཡིན་ཕྱིན་ཀ་ཀོར་བཤད་ས་མེད་པར་གཙང་མ་འདྲ་ཞིག་བཟོས་སོང་། བློ་སེང་འདིས་ཁ་སྔོན་སྨན་རྩིས་ཁང་གི་ཁུངས་རེད་དམ་ག་རེ་རེད་ལྷོ་ཕྱོགས་ཀྱི་ཕོ་གསར་ཞིག་གིས་འབུམ་ཁ་ཤས་ཟོས་པ་དེ་ཡང་གཙང་མ་བཟོ་མ་ཐུབ་པར་ཚགས་པར་དང་སྤྱི་འཐུས་ནང་ཕར་བཤད་ཚུར་བཤད་བྱས་ནས་ཡང་ཐུག་པ་དཀྲུགས་ནས་བསྡད་ཡོད་ཀ མ་གཞི་ནས་བོད་ཀྱི་གཏམ་དཔེ་ལ་ཇག་པས་རྐུ་མ་འཕྲོག་ཟེར་ནི་རེད་ཡ།
སྔོན་མ་ཐེ་ཝན་གྱི་ཕོག་ཟེར་ནས་རྙོག་དྲ་ཡོད་པ་མ་གཏོགས་རྒྱ་ཕོག་ཟེར་ནས་རྙོག་དྲ་མེད་བསམ་སོང་མོད། དུས་རབས་ཉེར་གཅིག་པའི་ནང་དུ་རྒྱ་ཕོག་ཟེར་ནས་རྙོག་དྲ་ཡོང་གི་འདུག་ཀ དེ་ཡང་བོད་གཞུང་གི་ཡོད་ན་མེད་ན་དེ་ཚོ་ལ། ད་བཤད་ཡ། གོང་གི་ཨ་རིའི་རྒྱ་མོ་དེས་བློ་སེང་ལ་བཤད་ཡོད་ཀི དཔང་རྟགས་བསྟན་ནས་བཤད་ཡོད་ཀི བློ་སེང་གིས་ལན་བརྒྱབ་ན་ཡག་པོ་འདུག དཔང་རྟགས་བསྟན་ནས་ལན་བཏབ་ན་ཡག་པོ་འདུག དེ་མིན་མཁན་ཚོས་ཀུན་སློང་ལ་བརྟག་ནས་ལན་བཏབ་ན་ཡང་ལན་ཐེབ་མི་སྲིད། སྡིག་དམོད་བྱས་ན་ཡང་ལན་ཐེབ་མི་སྲིད། འེ་གོ་ཐ།
གཟུར་གནས་གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་མད། བོད་སྤྱིའི་དོན་ཡིན་པས་ཚོད་དཔག་གིས་སྒོ་ནས་ནག་འགེལ་མི་རུང་། སྔ་མས་འདི་བྱས་པས་ངས་འདི་རུང་ཞེས་སྐྱོན་ཆ་འགྲན་བསྡུར་བྱེད་ག་ལ་འོས། ཀུན་སློང་གི་སྒོ་ནས་མ་ཡིན་པར། བདེན་དཔང་གི་སྒོ་ནས་ཐག་གཅོད་དགོས། དེའང་ཨ་རི་དང་རྒྱ་གར་གྱི་གསང་བའི་ལས་ཁུངས་བརྒྱུད་ནས་ཞིབ་བརྩད་བྱས་ན་སུ་ཞིག་བདེན་པ་དང་། སུ་ཞིག་དྲང་མོ་ཡིན་ཐག་གཅོད་ཐུབ་པར་ངེས། སྐད་གྲགས་ཆེ་བའི་ཚག་པར་འདི་ལྟ་བུའི་སྟེང་དུ་ཐོན་པ་ལས་བརྙས་བཅོས་དང་ངོ་ཚ་ཆེ་བ་ཞིག་ག་ལ་ཡོད། ལ་རྒྱ་ཅན་ཞིག་ཡིན་ན་འདིའི་དོན་དུ་ཤི་ཐུབ་པར་ངེས། སྲིད་སྐྱོང་དཀར་ན་དུང་དང་། ནག་ན་སོལ་བ་བྱེད་པའི་དུས་ལ་སླེབས་པ་རེད། མི་སྨྲའི་བརྟུལ་ཞུགས་ལེན་པ་ནི་དོན་གྱིས་ཁས་བླངས་པ་ལས་གཞན་དུ་མེད། ཁྲིམས་ཀྱི་བརྡ་ཆད་དུ་(默认)ཞེས་ཁ་མི་གྲགས་པར་ཁས་བླང་བ་ཞེས་པ་དེར་འགྱུར་རོ།།
འུར་མ་རྒྱབ་དང་འདིས་བློ་སེང་ནག་པོ་བཟོ་རྒྱུ་ལས་དབུ་ལམ་གཙོག་པ་བཟོ་བྱེད་ཡིན་པར་ཤེས་དགོས།
དེ་ཚོ་མི་དགའམཚིག་རྐྱང་རྐྱང་ཡིན་པས་རྟགསམརེད། ནོར་འཁྲུལ་བྱས་པའི་དཔང་རྟགས་ག་ལ་ཡོད། བོད་མིའི་ནང་ཁུལ་ལ་་ལྐུགས་རྟགས་བཟོ་བའི་ཐབས་ཚུལ་རེད། གང་ལྟར་བློ་བཟང་སེགཔང་གེ་ལ་ཡང་སྐྱར་འོས་བླུག་ཡག་ཡིན། དེ་རྗེས་སྤེན་པ་ཚེ་རིང་ལ་བླཡག་ཆོག